རྟུལ་ཕོད་ཀྱིས།
“གསལ་བཤད་ཞུ་རྒྱུ་ས་གནས་འོས་བསྡུ་ལས་ཁུངས་ནས་སྲིད་སྐྱོང་གི་འོས་ཤོག་གྲངས་བཤེར་གྲུབ་འབྲས་པར་སྐྲུན་བྱེད་སྐབས། ཤོག་ངོས་གཉིས་པ་ལྷག་འདུག་པར་རྒྱ་ཆེ་མང་ཚོགས་ལ་དགོངས་དག་ཞུ་རྒྱུ་ཡིན།”
རྡ་སའི་འོས་བསྡུ་གྲངས་བཤེར་བྱེད་མཁན་ཚོས་འཇལ་དབྱངས་ནོར་བུ་ལ་འོས་ཤོག་གཅིག་ཡོད་པ་དེའང་མེད་པ་བཟོ་འདོད་ཀྱིས་བླངས་འདུག་ཀྱང་། ཀླུ་མཁར་བྱམས་ཀྱིས་གོང་གི་གསལ་བསྒྲགས་དེ་གནང་རྗེས་རྐུབ་བརྡོལ་ནས་ལྷང་ལ་བུད་དུས། གོང་གི་སྨྱོ་གཏམ་འདྲ་བའི་གསལ་བཤད་དང་མང་ཚོགས་ལ་དགོངས་སེལ་འདྲ་ཞུས་འདུག་ཀྱང་། རང་གི་རྐུབ་འགེབས་བྱེད་དང་མང་ཚོགས་མགོ་སྐོར་བྱེད་ཙམ་ལས་ཅི་ཡང་རེད་མི་འདུག
རྒྱུ་མཚན། ཤོག་ངོས་གཉིས་ཡོད་དགོས་དོན་ཅི་ཡང་མི་འདུག་སྟེ། ཤོག་ངོས་དང་པོར་ཤོག་ངོས་གཉིས་པ་ན་ཡོད་པའི་མི་བཞི་ཡོད་པའི་དབང་དུ་བཏང་ཡང་། [མི་བཞི་ལྷག་ཡོད་མེད་ཀྱང་དོགས་པ་ཡིན།]
ཤོག་ངོས་དང་པོར་ཤོག་སྟོང་ཆེ་ཐག་ཆོད་ཅིག་ཡོད་པས་དེ་ལ་ཤོག་ངོས་གཉིས་པའི་ཐིག་ཕྲེང་བཞི་པོ་ཤོང་བར་མ་ཟད། ད་དུང་ཤོག་སྟོང་ཡང་ལྷག་ངེས་རེད།
དེའི་ཕྱིར་ཤོག་ངོས་གཉིས་པ་ཞིག་ཅི་ལ་དགོས་སམ། རྒྱ་ལ་གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ཡང་། གསལ་བསྒྲགས་གལ་ཆེན་འདི་འདྲ་ཞིག་བྱེད་དུས་ཀྱང་། ཤོག་ངོས་གཅིག་སྔོན་ལ་གསལ་བསྒྲགས་བྱས། གཅིག་བརྗེད་སོང་ཟེར་ནས་རྗེས་ལ་གསལ་བསྒྲགས་འདྲ་བྱས་ན། ཁྱེད་ཅག་གི་ནམ་རྒྱུན་ལས་ཀ་བྱེད་སྟངས་འདི་འདྲ་ཞིག་ཡིན་ནམ། དམངས་ལ་འགན་ཁུར་སྟངས་འདི་འདྲ་ཞིག་ཡིན་ནམ།
ད་དུང་ས་གནས་ཁ་ཤས་ནང་ཀླུ་མཁར་དང་སྤེན་པ་ཚེ་རིང་གཉིས་འོས་གྲངས་ཀླུ་མཁར་བྱམས་མང་བས། མང་བ་སྤེན་ཚེ་ལ་སྤྲད། ཉུང་བ་ཀླུ་མཁར་ལ་སྤྲད་ནས་གོང་འོག་གོ་ལྡོག་པའི་སྣོག་ལས་ཀྱང་བྱས་འདུག
ཁྱེད་ཅག་གིས་བོད་གཞུང་ཟེར་བའི་མིང་ཚིག་འདི་ཚོ་ཡང་བླངས་ནས་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ལས་རྟགས་ཀྱི་ངོས་སུ་འདི་བྲིས་ཡོད་པ་མིན་ནམ། མངོན་སུམ་འཛེམ་མེད་དུ་སྣོག་ལས་འདི་ལྟར་བྱེད་དུས་ཁ་ནས་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་རྒྱུའི་སྟོབས་པ་ཡོད་དམ།
ལག་ནས་རྫུན་པ་རྒྱལ་བྱེད་ཀྱི་ལས་སྒྲུབ་ཀྱིན་མི་འདུག་གམ། རང་གིས་རང་ལ་འདི་ལྟར་སྣོག་ལས་བྱས་ན་གཞན་གྱིས་སྣོག་ལས་བྱེད་པ་ལས་རྒྱལ་སྟངས་ཤིག་ཡོད་དམ། ཡང་ན་ངས་སྣོག་ལས་བྱས་པ་དཀར་པོ་ཡིན། གཞན་གྱིས་སྣོག་བྱས་ན་ནག་པོ་ཡིན་ཟེར་རྒྱུ་ཡིན་ནམ།
འཕྲོས་དོན།
མ་ཟད་ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་སྐབས་དམངས་གཙོ་དང་རང་དབང་ལ་ཆེས་རྡོལ་རོལ་ཅིག་བཏང་བ་ནི།
གཅིག༽ ས་གནས་ཁ་ཤས་ཀྱིས་སྲིད་སྐྱོང་འོས་མི་ལ་འོས་བསྡུ་དྲིལ་བསྒྲགས་ཀྱི་གཏམ་བཤད་འདྲ་མཉམ་དུ་མ་སྤྲད་པ་དང་དེ་ལ་མི་ཆེན་དཔོན་ཆེན་དག་གིས་རྒྱབ་གནོན་བྱས་པ་དེ་རེད།
གཉིས།༽ སྤེན་པ་ཚེ་རིང་གིས་རང་དང་འོས་འགྲན་གྱི་འོས་མི་ཀླུ་མཁར་བྱམས་དང་མཉམ་དུ་སྐད་ཆ་བཤད་རྒྱུ་མིན་ཟེར་བ་ནི་ངོ་མ་ཡ་མཚན་རེད། རྒྱུ་མཚན། འཛམ་གླིང་འདིར་ཆོས་ལུགས་ཀྱི་གྲུབ་མཐའ་དང་། ཆབ་སྲིད་ཀྱི་ལྟ་བ་སོགས་ཅི་ཞིག་འཛིན་མཁན་ཡིན་ཡང་། དེ་དག་ལ་ཐུག་ནས་སྐད་ཆ་བཤད་ཆོག་ས་ཞིག་ནས། ཀླུ་མཁར་བྱམས་ཀྱིས་ཅི་ཞིག་ཉེས་སོང་བ་ཡིན་ནམ། མི་འདི་དག་དོན་དམ་གྱི་བོད་ཀྱི་རང་དབང་དང་དམངས་གཙོ་ལ་མོས་མཁན་ཞིག་ཡིན་པས་ཡིན་ནམ། ཁ་ཞེ་གཉིས་མེད་ཀྱིས་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས་ཡིན་ནམ།
ནམ་རྒྱུན་གུང་ཁྲན་ཏང་གི་ལངས་ཕྱོགས་དང་མི་མཐུན་པའི་རྒྱ་རིགས་རྩོམ་པ་པོ་དང་རང་དབང་དོན་གཉེར་མཁན་ཚོར་རེ་བ་དང་མིག་ལྟོས་ཆེན་པོ་བྱེད་ཀྱིན་མེད་དམ། བསྟོད་བསྔགས་གནམ་ལ་མི་ཤོང་བ་རེ་བྱེད་ཀྱིན་མེད་དམ། རང་གི་རྩིབ་ནས་ཁ་ཞེ་གཉིས་མེད་ཀྱི་རང་དབང་དང་དམངས་གཙོ་དོན་གཉེར་མཁན་རེ་བྱུང་དུས་དང་ལེན་བྱེད་མི་ཐུབ་པ་ཅི་ཞིག་ཡིན་ནམ། ཁྱེད་ཅག་གིས་བཤད་པའི་དམངས་གཙོ་དང་རང་དབང་སོགས་ནི་པེ་ཅན་ལ་ཕྱིར་ཁ་གཏོང་བྱེད་ཙམ་ལས་ཅི་ཡང་རེད་མེད་པ། འདི་དག་གིས་གསལ་བཤད་ཆེན་པོ་བྱེད་ཀྱིན་མེད་དམ།
ཡང་ཅིག་བཤད་ན། ས་ལྒང་འདིར་རང་དང་འོས་འགྲན་གྱི་འོས་མི་དང་ལྷན་དུ་སྐད་ཆ་བཤད་རྒྱུ་མིན་ཟེར་མཁན་ནི་སྤེན་པ་ཚེ་རིང་ལས་གཞན་བྱུང་མྱོང་མེད་ངེས་པས། དམངས་གཙོ་ལ་རྡོག་རོལ་གྱིས་འགྲོ་བ་མིའི་རིགས་ལ་ཟིན་ཐོ་ཞིག་བཀོད་པ་མིན་ནམ།
གསུམ།༽ དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུ་གྲུབ་མ་ཐག་ཏུ་ཐེངས་འདིའི་སྲིད་སྐྱོང་འོས་མི་རྩེ་ཕུད་གཉིས་ལས་དངོས་གཞིའི་འོས་མིར་མི་ལེན་ཚུལ་གསལ་བསྒྲགས་བསྐྱངས་བ་ནི་ཀླུ་མཁར་བྱམས་འགོག་བྱེད་ཁོ་ན་ཙམ་ལས་གཞན་རྒྱུ་མཚན་ཅི་ཡང་མི་འདུག
སྐབས་སྔོན་མའི་ལམ་ལུགས་ལྟར་ན་འོས་མི་རྩེ་ཕུད་གསུམ་དངོས་གཞིར་བཞེངས་ཡོད་ཀྱང་། ཐེངས་འདིར་ལམ་ལུགས་དེ་དང་མི་བསྟུན་པ་ཀླུ་མཁར་བྱམས་རྩེ་ཕུད་གསུམ་གྱི་ནང་དུ་ཡོང་རྒྱུ་ཡིན་པར་ཤེས་ནས། ཁྲིམས་ཀྱིས་དབང་མི་བསྒྱུར་པར་གང་ཟག་ལ་བལྟས་ནས་འགྲོ་སྟངས་བཟོ་བ་ནི། ཕྱིར་པེ་ཅན་ལ་ཁྲིགས་ཀྱིས་དབང་མི་བསྒྱུར་པར་གང་ཟག་གིས་དབང་བསྒྱུར་གྱིན་ཡོད་པའི་སྐྱོན་བརྗོད་འདི་ཚོས་རང་གི་མགོ་ལ་ཚུར་གཞུས་པ་མིན་ནམ།
ཐེངས་འདིར་དངོས་གཞིའི་འོས་མིར་ཀླུ་བྱམས་འགོག་དོན།
༼གཅིག༽ སྤེན་པ་ཚེ་རིང་གིས་ཀླུ་བྱམས་དང་མཉམ་དུ་སྐད་ཆ་མི་བཤད་པར་དམ་བཅའ་ཐེངས་མང་བཞག་པ་ལམ་སློང་ཡོང་བ་དང་། ཀླུ་བྱམས་དངོས་གཞིའི་འོས་མིར་སླེབས་ན་སྤེན་ཚེས་དམ་བཅའ་དེ་བསྲུངས་ནས་སྲིད་སྐྱོང་འོས་མི་ལས་དགོངས་པ་ཞུ་དགོས་པ་དང་། ཡང་ན། ངོ་ཚ་འཛེམ་མེད་ཀྱིས་དམ་བཅའ་དེ་དོར་ནས་ཀླུ་བྱམས་དང་ལྷན་དུ་བགྲོ་གླེང་མི་བྱེད་ཐབས་མེད་ཡིན།
ཀླུ་བྱམས་དང་ལྷན་དུ་བགྲོ་གླེང་བྱས་ན་ཅི་ཞིག་ཆད་འགྲོ་རྒྱུ་ཡོད་དམ། བོད་ཀྱི་དབུ་འཁྲིད་ཚོས་བོད་པ་ནང་ཁུལ་ལ་བོད་དོན་འཐབ་རྩོད་ཐད་ནས་བསམ་ཚུལ་མི་མཐུན་པ་ཙམ་ལ་མཉམ་དུ་བགྲོ་གླེང་བྱ་མ་ཐུབ་ན་ད་ཅི་ཞིག་གི་ཚད་ལ་སླེབས་ཡོད་དམ། དྲང་མོ་བཤད་ན་སྤེན་ཚེས་ཀླུ་བྱམས་དང་ལྷན་དུ་བགྲོ་གླེང་བྱ་རྒྱུའི་གཏན་ཚིག་གིས་འདེང་གི་མེད་པ་ཅི་མ་མིན། ཡིན་ཡང་ད་དུང་རང་གི་ངོ་གདོང་བསྟན་མ་འདོད་ནས་གཞན་གྱི་མཚན་བེད་སྤྱོད་ལོག་པར་བཏང་ནས་འགྲེལ་ལོག་རྒྱག་གིན་འདུག
[ལོ་ངོ་འདི་དག་གི་རིང་ལ་རང་དང་བསམ་ཚུལ་མི་མཐུན་མཁན་ཚོ་རྒྱུད་ལམ་འདྲ་མིན་ན་མེད་པ་གཏོང་གིན་ཡོད་པ་ནི་ངོ་མ་ཡིད་སྐྱོ་བ་ཅི་ལ་མིན། ང་ཕོད་འཇིགས་མེད་ཨེ་ཤ་ཡའི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གྱི་ས་ནས་བླངས་ལ། དོན་འདི་ལ་བོད་ནང་ནས་མཛངས་མ་ཚེ་རིང་འོད་ཟེར་གྱིས་ཀྱང་སྐད་ཤོར་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཀྱང་སྡིགས་ཡོད་པ་མིན་ནམ། འཇམ་དབྱངས་ནོར་བུར་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་སྡེ་ཚན་ནང་སྐད་ཆ་བཤད་རྒྱུའི་གོ་སྐབས་མེད་པ་བཟོས་པ་སོགས་ནི་འུ་ཚོའི་དམངས་གཙོ་དང་རང་དབང་ལ་ནག་ཐིག་ཆེན་པོ་བཟོ་བཞིན་ཡོད་པས། ངོ་ལོ་འདི་དག་ནི་ཕྱོགས་གཅིག་ནས་བོད་ཕྱི་ལོག་གི་བོད་པ་ཚོའི་རང་དབང་དང་དམངས་གཙོ་ལ་མུན་པ་འཐིམ་གྱིན་ཡོད་པའི་དུས་ཤིག་ཅི་ལ་མིན།]
༼གཉིས།༽ དོན་དངོས་ལྟར་ན་བོད་ལ་དད་པ་དམ་ཚིག་དང་མ་འདྲེས་པའི་དམངས་གཙོ་དང་རང་དབང་གི་གོ་རྟོགས་རྣལ་མ་ཞིག་འཁྲུངས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། ལྷག་ཏུ་སྲིད་དོན་གླེང་སྟེགས་སྒང་ནས་མི་སྣ་འདི་འདྲ་ཡོང་ཐུབ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་ཡང་། ཀླུ་མཁར་གྱིས་དད་པ་དམ་ཚིག་དང་མ་འདྲེས་པའི་སྐད་ཆ་རེ་བཤད་ཡོང་དུས། རང་གི་བག་ཆགས་དང་མ་མཐུན་པའི་བསམ་ཚུལ་རེ་བརྗོད་ཡོང་དུས། རང་གི་བྱས་ཉེས་ལ་ཕོག་ཡོང་བའི་དྲང་གཏམ་རེ་བཤད་ཡོང་དུས། སེམས་ཆུང་དག་གི་བདེན་པ་དང་བོད་ཀྱི་དམངས་གཙོ་ལེགས་བཅོས་ལ་ཐུགས་མི་གཏོད་པར་རང་གི་རྐུབ་མི་བརྡོལ་བར་ཁོ་ནར་འབད་ཀྱིན་འདུག་པ་དེ་རེད།
27/10/15
ཧཧཧ་སྙིང་རྗེ་ལ ང་ཚོས་ཀླུ་བྱམས་ལ་རྒོལ་དོན་ནི་དད་པ་དམ་ཚིག་མི་གཙང་བ་རྒྱུ་མཚན་ཏུ་བྱས་མེད། ཁོའི་ལྟ་བ་ནི་རིགས་གསར་ཀྱི་ལྟ་འཛིན་མཁན་གྱི་དམར་དམག་ཞིག་རེད། འདི་ནི་རྒྱ་གཞུང་ལ་དགོས་བའི་སྐད་ཆ་ཞིག་ལས་དོན་ངོ་མ་བོད་སྤྱི་ཚོགས་ལ་མི་དགོས། རང་བཙན་ཁ་ལ་འཁྱེར་ན་འདི་རེད། སྤེན་ཚེ་དང་ཁོ་གཉིས་ཀྱི་འོས་ཀླུ་བྱམས་ལ་མང་བ་འདི་སྤེན་ཚེ་ལ་སྤྲད་ཡོད་ན་ས་གནས་གང་རེད
དད་པ་ལོག་སྤྱོད་རྟུལ་ཕོད་ཁྱོད་མིང་དོན་མཚུངས་ཀི། ཁྱེད་ཀྱི་གསུངས་ལ་མངོན་པར་བསྟོད་དོ། ད་སྲིད་སྐྱོང་རྐུབ་སྟེགས་འདིའི་འོག་ན་འབར་གས་ཞིག་བཞག་ཡོད་བཟོ་འདུག་པས་ཨ་ཚོགས་བསྡད་ན་འབར་གས་འཐོར་རྒྱུ་ཉག་ཅིག་རེད། འབར་གས་དེའི་ཐག་སྐུད་ཀྱི་སྣེ་མོ་ཟམ་གདོང་བླ་མའི་རྐང་དམག་གི་དམག་དཔོན་སྤེན་ཚེ་དང་བུ་ཁྱིམ་ཨ་མ་ལགས་ཀྱིས་འཇུས་བསྡད་ཡོད། མ་ཟད་ཟམ་གདོང་བླ་མའི་རྐང་དམག་ག་སར་བཀྲམས་བཞག་ཡོད་པ་རེད་ལ། བུ་ཁྱིམ་ཨ་མ་ལགས་ཀྱིས་བུ་ཁྱིམ་རྐང་དམག་ག་སར་བཀྲམས་བཞག་ཡོད་པས་ཨ་ཚོགས་སྲིད་སྐྱོང་གི་རྐུབ་སྟེགས་ཕར་ཟད། ཚེ་སྲོག་རྟ་རྔ་ཙམ་དེ་སྲོག་མགོ་ཐོན་སོང་ན་ལྷ་རྒྱལ་རེད། མི་བདེན་བསམ་ན་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟོས་དང་།
སྔོན་མ་རྙིང་གཏོར་བ་པད་མ་འབུམ་གྱི་ཁོ་གསོད་རྒྱུ་རེད་ཟེར་ནས་སྡུག་སྐད་འདོན་རེད། དེའི་རྗེས་ལ་ཧོར་འཇིགས་ཀྱི་དེ་འདྲ་ལབ་རེད། ད་བར་ཀླུ་བྱམས་ཀྱི་ཡང་ཁོ་གསོད་པར་འདོད་གི་ཡོད་ཐ མྱི་འདི་ཚོ་གསོད་མཁན་ཡོད་རེད་བས།
ད་ལོའི་འོས་བསྡུ་འདིར་དྲང་པོ་བྱས་ཀྱི་མི་འདུག་བསམས་པའི་དོགས་པ་ཆེན་པོ་ཡོད། འོས་གྲངས་ཞིབ་བཤེར་བྱས་སྐབས་ཀླུ་བྱམས་ཀྱི་འོས་གྲངས་ནག་བསུབ་བཏང་གི་ཡོད་པའི་དོགས་ཡོད། ཀླུ་བྱམས་དངོས་གཞིའི་འོས་མིའི་ནང་དུ་བཀག་འགོག་བྱེད་ཆེད་འོས་བསྡུ་ལས་ཁུངས་ཀྱིས་སྒྲིག་གཞི་གསར་པ་བཟོས།
གངས་སྐྱིད་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་བླུགས་མཁན་༡༣༡༥་བྱུང་བའི་ནང་དུ་ཀླུ་བྱམས་ལ་འོས་གཅིག་ཀྱང་བླུགས་མཁན་མེད་པར་ཡིན་མི་སྲིད། འོས་བླུགས་མཁན་༡༣༡༥་བྱུང་བའི་ནང་ནས་མི་གཅིག་གིས་ཀླུ་བྱམས་ལ་འོས་བླུགས་པ་ཡིན་ཟེར་ནས་དཔང་པོ་འཐོན་འོང་པའི་རེ་བ་ཡོད།
དྲང་བདེན་དང་རྒྱུ་འབྲས་རྡོག་རོལ་བཏང་མཁན་ཚོ་ལ་ཡ་ལན་གནང་ཐུབ་པའི་རེ་བ་ཡོད། རྡ་སྟེང་བོད་ཁྱིམ་ནང་དུ་ཀླུ་བྱམས་ལ་འོས་བླུགས་མཁན་མི་གཅིག་ཡོད་པར་ང་ལ་ཡིད་ཆེས་ཡོད། ཅིའི་ཀྱང་ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་ཚོས་འགན་ཁུར་ནས་འཐབ་རྩོད་བྱེད་དགོས། རྡ་སྟེང་བོད་ཁྱིམ་ནང་ནས་ཀླུ་བྱམས་ལ་འོས་བླུགས་པ་ཡིན་ཟེར་མཁན་ཡོད་མེད་སྐད་ཆ་འདྲི་རོགས་བྱོས།
ཅོ་རི་ཉི་མ་ལགས་་་་གངས་སྐྱིད་ནས་ངས་ཀླུ་བྱམས་ལ་འོས་བླུགས་པ་ཡིན་་་་དཔང་པོ་ང་ཡོད་་་་ཡིན་ཡང་་་་དེ་དུས་་་་ངས་འདི་ལྟར་སྣོག་ལས་རྒྱག་རྒྱུ་ཡིན་པར་སེམས་ལ་དྲན་མེད་་་་འོས་ཤོག་དེ་པར་རྒྱག་རྒྱུ་མ་བྱུང་་་་
དེ་སྔོན་མདོ་སྨད་སྤྱི་འཐུས་གཅིག་གིས་ཧིན་སྒོར་འབུམ་གཉིས་ལྐོག་ཟས་རྐྱེན་གྱིས་སྤྱི་འཐུས་རྐུབ་སྟེགས་ནས་འདོན་དུས་བང་རིམ་གཉིས་པ་དེ་ཀླུ་མཁར་བྱམས་ལ་སླེབས་ཙང་ཇུས་ངན་ཐབས་ཤེས་འདྲ་མིན་བྱེད་གཏེ་༼མི་བསད་གྱོད་གཞི་དང་འབྲེལ་དྭོགས་ཡོད་པ༽སྤྱི་གཙོ་སྤེན་ཚེ་སོགས་ཀྱིས་མདོ་སྨད་སྤྱི་འོས་ཡང་བསྐྱར་བྱས་བཅུག་ནས་གཞུང་དངུལ་ཧིན་སྒོར་འབུམ་བཅུ་གཉིས་ཙམ་རང་འདོད་ཐོག་འགྲོ་སོང་གཏོང་བ་ལ་གཞིགས་ན་ད་ལྟར་ཡང་ཀླུ་མཁར་དངོས་གཞིའི་འོས་ནང་ལ་ཡོང་མི་ཐུབ་པ་འཆར་གཞི་གདིང་བ་བཤད་མི་དགོས་པ་དང་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁུར་ནས་ཀླུ་མཁར་བྱམས་ལ་ཞྭ་མོ་ནག་པོ་གཡོག་མཁན་དངོས་སུ་ཐོན་མཁན་རྗེ་བཙུན་པདྨ་དང་སྤྱི་གཙོ་སྤེན་པ་ཚེ་རིང་གཉིས་ཡིན་པ་ལོང་བ་ཡིན་ཡང་མཐོང་ས་ཡོད་དོ།།
ངས་སྔ་ས་ནས་མང་མང་བཤད་མྱོང་བ་ནི་འོས་བསྡུ་ལྷན་ཁང་རང་དབང་ཅན་གྱི་སྡེ་ཚན་གྱི་མིང་ཆེན་འཁུར་ནས་གཞན་དབང་གི་ལག་ན་ཡོད་པ་དེ་སྔོན་མདོ་སྨད་ཀྱི་སྤྱི་མཐུས་བར་མའི་འོས་བསྡུ་ལས་གསལ་པོར་ར་འཕྲོད་པ་རེད་ལ། ད་རེས་འོས་གྲངས་གསལ་བསྒྲགས་ཀྱི་ཤོག་ལྷེ་ངོ་གཉིས་མ་འདི་ནས་རང་མདོག་ཇེ་གསལ་རེེད། ད་རྡ་སའི་དྲང་བདེན་མིན་པའི་ཆབ་སྲིད་རྩེད་རའི་ནང་ནས་ཁེ་བཟང་ལེན་མཁན་ཚོ་ཐང་ལ་འབུད་རན་ཡིན།
སུ་ལ་ཕོག་ན་ཕོག་ཤིག །དོན་ལ་བདེན་གཏམ་གསུང་འདུག །བདེན་པའི་དོན་ཞིག་བཤད་དུས། །ཕལ་ཆེར་ཐུགས་དང་འགལ་འགྲོ། །།
ད་ང་ཚོ་བོད་པ་ཚོ་སུ་ལ་ཡིད་ཆེད་བྱེད་དགོས་སམ། མང་གཙོ་གནང་བ་ཡིན་གསུང་ནའང་དངོས་སུ་དམངས་གཙོའི་ལམ་ལ་འགྲོ་དུས་ཐུགས་དང་འགལ་འགྲོ་ཡི་འདུག་ དེ་འདྲའི་ཐོག་༄རྒྱལ་བ་སྐུ་ཕྲིན་བཅུ་གསུམ་པ་ཆེན་པོ་དེ་དངོས་གནས་དགོང་པ་རྒྱ་ཆེན་པོ་དང་མཛད་བྱེད་ཆེན་པོ་རེད། ཡིན་ནའི་གནས་ཆུང་གིས་་་ ད་མིན་འདུག་་་ ཉལ་ན་དགའ།
ས་གནས་ཁག་ཏུ་ཀླུ་བྱམས་ཀྱི་འོས་ཤོག་མེད་པར་བཟོས་པའི་དོག་པ་འདུག་རྗེས་སུ་སྤྲོས་ཆོག
གྲོགས་པོ་གྲོགས་མོ་དང་སློབ་མ་མང་དག་ཅིག་ནས་་་་་་ཀླུ་མཁར་གྱི་འོས་ཤོག་འཇམ་ནོར་ལ་བླུགས་པ་དེ་རྡ་སའི་འོས་གྲངས་ནང་མེད་དོན་ཅི་ཡིན་ཟེར་བའི་དྲི་བ་མང་པོ་ཞིག་བསྐུར་ཡོང་གི་འདུག ངས་སྐབས་དེར་ད་ལྟ་ང་ཚོས་འདི་སྐོར་གླེང་མི་ཤེས། རྒྱུ་མཚན་ནི་ཀླུ་མཁར་གྱི་གསལ་བསྒྲགས་བྱེད་ས་ངོ་དེབ་རེད། འདི་ལ་ཚད་འཛིན་མི་ཐུབ་ཅིང་། དོན་དག་དེ་དངོས་ཡོད་ཡིན་ན་ཁོང་རང་ཉིད་ནས་འོས་བསྡུ་ལས་ཁང་ལ་སྙན་ཞུ་འབུལ་མཚམས་ནས་གསལ་པོ་ཞིག་ཡོང་གི་རེད་ཅེས་ལབས་པ་ཡིན།
དེ་རིང་རྡ་སའི་འོས་བསྡུ་ལས་ཁང་གིས་ཤོག་ངོས་གཉིས་པ་བརྗེད་ཆད་ཤོར་འདུག་ཟེར་བ་དེ་དངོས་གནས་བསམ་མ་ཤེས་པ་ཞིག་རེད། མི་ཚང་མས་རྡ་སའི་འོས་ཤོག་གི་གྲུབ་འབྲས་ལ་ཇི་ཙམ་བསྒུགས་ནས་བསྡད་སོང་། རྡ་སའི་འོས་ཤོག་གྲུབ་འབྲས་ས་གནས་འོས་བསྡུའི་བསྒྲིགས་གཞིའི་གསལ་བསྒྲགས་ཚོུད་ཉེར་བཞིའི་ནང་ཚུད་ལས་ཆེས་འགལ་ནས་ཕྱི་ཤོས་ཀྱི་གྲས་ནས་ཐོན་པ་དང་དེ་ཡང་དོགས་གནད་འདི་འདྲ་ཞིག་ནས་ཐོན་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད།
ཤོག་ངོས་གཉིས་པའི་སྟེང་འབྲེལ་ཡོད་མི་སྣ་བཅུ་ཙམ་གྱིས་མཚན་རྟགས་བརྒྱབ་འདུག འོས་བསྡུ་སྦྱར་པང་དུ་སྦྱར་སྐབས་ཀྱི་བརྙན་ཡང་བསྒྲགས་སོང་བསམས། དེ་དངོས་གནས་བདེན་མ་ཤེས་ཤིག་ཡིན་པས་དབུས་འོས་བསྡུ་ལས་ཁང་ནས་འདི་སྐོར་ཁྲིམས་བཞིན་ཞིབ་འཇུག་གིས་ཐག་གཅོད་ལེགས་པོ་ཞིག་མ་བྱས་ན་སྤྱི་ཚོགས་ནང་སྐད་ཆ་མང་པོ་ཞིག་ལྷགས་ངེས་རེད།
དངོས་གཞིའི་སྐབས་འོས་མི་ལྡབ་འགྱུར་ཞེས་བཅའ་ཁྲིམས་རིན་པོ་ཆེའི་ནང་གསལ་གསལ་དུ་འཁོད་ཡོད་པ་རེད། འོས་མི་གསུམ་པ་མི་སྟོན་ཟེར་གྱི་ཡོད་པ་མ་རེད། གཉིས་པ་དང་གསུམ་པའི་བར་བརྒྱ་ཆ་ཉི་ཤུ་ཡི་ཁྱད་ཙམ་ལས་མེད་ན་འོས་མི་གསུམ་པ་བསྣན་རྒྱུ་ཡིན་ཟེར་བ་ནི་ཀླུ་མཁར་ལ་ཁེ་ལས་གྱོང་མེད་པ་གསལ་པོ་རེད།
དབུས་འོས་བསྡུ་ལས་ཁང་ལ་སྐུ་དབང་ཆ་ཚང་ཡོད་ཀྱང་ཆ་རྐྱེན་འདི་སྔ་ས་ནས་མ་བསྒྲགས་པར་བར་དཀྱིལ་ནས་བསྒྲགས་པ་དེ་ནོར་འཁྲུལ་ཆེན་པོ་ཡིན་པ་རྒྱལ་སྤྱིའི་ཆེད་མཁས་པས་སྐྱོན་འཛུགས་བྱས་སོང་།
སྤེན་ཚེ་ཕྱོགས་གཏོགས་ཁག་གིས་བྱེད་སྟངས་ལ་ང་རང་ཞེན་པ་གཏིང་ནས་ལོག་སོང་། ད་ནས་བཟུང་ཀླུ་མཁར་བྱམས་ངས་མི་དྲང་བདེན་ཅན་དང་དཔའ་བོ་ཞིག་ངོས་མི་འཛིན་མཐུ་མེད་རེད་འདུག
ང་ཚོའི་འོས་ཤོག་དེ་གསང་བའི་འོས་ཤོག་ཡིན་ལབ་ཡོད་རེད་
ཀླུ་མཁར་བྱམས་ནས་ངས་འོས་ཤོག་དེ་རྟེན་བབྲེལ་ཆེད་
འཇམ་ནོར་ལ་འཕེན་ཡོད་པའི་གསལ་བསྒྲགས་དེ་འོས་
བསྡུའི་སྒྲིག་གཞི་དང་མཐུན་གྱི་ཡོད་པ་ཡིན་ནམ་ཀླུ་
མཁར་བྱམས་ནས་འོས་བསྡུའི་སྒྲིག་གཞི་ལ་འགན་
མ་འཁུར་བའི་ཐོག་ནས་སྲིད་སྐྱོང་ལ་ལང་གི་ཡོད་པ་ཡིན་
ནམ་།
ཇོ་རི་ཉི་མ་དང། ཏྲེ་ཧོར་བྱམས་པ་རིན་ཆེན། ཨ་ཁུ་ནོར་བུ་གསུམ་པོས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་གྱི་ཟོལ་དུ་བོད་པའི་སྤྱི་ཚོགས་དཀྲུག་འདོད་ཀྱི་དམིགས་ཡུལ་ནི་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་གཞན་དག་དང་མི་འདྲ་བ་ཚང་མས་ཤེས་ན་ཡག་པོ་རེད། ཁོ་ཚོས་དྲང་བདེན་ཁ་ལ་ཁྱེར་ནས་ད་བར་ག་རེ་བཤད་ཀྱི་འདུག་དང་གང་འདྲ་བཤད་ཀྱི་འདུག་ཤེས་རྒྱུ་གལ་ཆེན་པོ་རེད། མ་གཞི་མི་འདིའི་རིགས་ཀྱིས་ད་བར་རྒྱ་གཞུང་ཨར་ལ་གཏད་པའི་རྩོམ་ཐུང་ངུ་འབྲི་མྱོང་བའི་གནས་ཚུལ་གོ་མྱོང་ཐོས་མྱོང་ཡོད་དམ། རང་རེའི་སྤྱི་ཚོགས་ལ་ཚུར་ཁ་གཏད་དུས་མི་འདིའི་རིགས་ལ་སུ་ལའང་མེད་པའི་ངར་དང་དབལ་ཞིག་འདུག འདིའང་བསམ་བློ་གཏོང་དགོས་ས་ཞིག་རེད་སྙམ། ཐུགས་གཟི་བོར་གནས་པའི་ཀློག་པ་པོ་དང་རྩོམ་པ་པོ་ཚོས་དཔྱད་པར་འཚལ།
རྩོམ་ཡིག་ཆལ་ལེ་ཆོལ་ལེ་འདི་ཚོ་དང་། མཆན་རབ་བེ་རོབ་བེ་འདི་ཚོ་ཀླུ་མཁར་བྱམས་ཁ་ལ་འཁྱེར་བ་ཙམ་མ་གཏོགས་དམིགས་ཡུལ་ངོ་མ་ཐབས་སྡུག་ཀྱི་བྱ་ལས་དགྲ་དགའ་གཉེན་སྡུག་གཅིག་རེད།
ཧཧཧཧ་་་་་་བློན་ཆེན་ལགས།
ངས་ད་བར་དུ་བོད་མིའི་སྤྱི་ཚོགས་ནང་ཕན་གདགས་མ་ཐུབ་ན་དཀྲུགས་བཞག་པ་གང་ཡང་མེད་ལ་ལྷག་པར་དུ་རྒྱ་གཞུང་ལ་དགོས་མཁོ་རྐང་གཅིག་ཀྱང་སྒྲུབ་མ་མྱོང་གདའ། དེ་དང་ཁྱོད་རང་གི་ཚོར་བའི་སྐད་ཅ་གཞི་རྩ་མེད་མཁན་ཅིག་གིས་ང་དང་ང་འདྲ་བ་རྣམ་དྭོགས་པའི་ཡུལ་ལ་འཇོག་དགོས་རེ། ཧཧཧཧཧཧ་་་་་་་་དྲང་བདེན་ཅིག་མ་བྱུང་ན་ཤཀྱ་ཐུབ་པ་ཕེབས་ན་མགོ་མི་སྒུར་སེམས་ཐག་ཡིན། དེ་ཁྱོད་རང་གིས་སེམས་ལ་ཞོག་་་་་གཞན་གདེངས་ཚོད་མེད་པའི་བཀའ་མོལ་ལས་ཁ་ཉུང་ཙམ་བྱས་ན་ཡག་ཀི་རེད་དོ།།
རྟུལ་ཕོད་ལགས། འོས་གྲངས་གསར་བསྒྲགས་བྱས་པའི་ནང་དུ་གངས་སྐྱིད་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་བླུགས་མཁན་གྲངས་་༡༣༡༥་བྱུང་འདུག དེའི་ནང་ནས་བློ་སེང་ལ་འོས་གྲངས་༥༦༥་དང་། སྤེན་ཚེ་ལ་༥༨༤་བྱུང་འདུག ཀླུ་བྱམས་དང་བཀྲས་དབང། བཀྲས་སྟོབས་གསུམ་ཀ་ལ་འོས་གྲངས་ཀླད་ཀོར་རེད་འདུག
བློ་སེང་དང་སྤེན་ཚེ་གཉིས་ཀྱི་འོས་གྲངས་565+484 བསྡམས་ན་1149རེད། འོས་གྲངས་1315བླུགས་ཡོད་འདུག 1315ནང་ནས་1149མར་འཐེན་ན་156་ལྷག་འོང་འདུག འོས་གྲངས་156་ག་པ་ཕྱིན་པ་རེད། དོགས་གཞི་ཡོང་ས་ཞིག་རེད།
ཁྱོད་ཀྱིས་གངས་སྐྱིད་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་སྒམ་ནང་དུ་ཀླུ་བྱམས་ལ་འོས་བླུགས་ཡོད་ན་གངས་སྐྱིད་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱི་འོས་གྲངས་གསར་བསྒྲགས་ཀྱི་ནང་དུ་ཀླུ་བྱམས་ཀྱི་འོས་གྲངས་ཀླད་ཀོར་ཆགས་དགོས་དོན་མི་འདུག་ག མ་བྷན་བཟོས་ཡོད་པའི་རྟགས་རེད།
བློན་ཆེན་ཟེར་བའི་རྒྱལ་པོའི་བྲན་གཡོག་ལམ་ལུགས་ཀྱི་མིང་ཅན་ལགས།
སྤྱི་ཚོགས་དཀྲུགས་ཀྱི་འདུག་ཨེ། སྒེར་གཅོད་པ་ཁྱོད་རང་གིས་ཁ་བཙུམ། དཀྲུགས་ཤིང་གི་གཏེ་པོ་ཁྱོད་ལྟ་བུ་ཚོ་རེད། མིང་ལྷག་ཞིག་འོག་ཏུ་གབ་ནས་དཀྲུགས་གཏམ་བཤད་མཁན་ཁྱོད་རེད་པྭ། ངོ་གདོང་སྟོན་ནས་ཤོག་ཨ།
དོན་མེད་ཅ་[ཅོ]འི་སྒྲ་ཡིས་ཉན་བྱེད་འོན་པར་སྒྱུར།།
མུན་པ་སྟུག་པོའི་གྲིབ་ཀྱིས་གངས་[རི]ནག་པོར་སྒྱུར།།
རླུང་བུར་འགྲོགས་པའི་སྤྲིན་གྱིས་[ཉི]་འོད་མོག་པོར་སྒྱུར།།
གནག་སེམས་སྦྲུལ་གྱི་དུག་འདི་[མ]་ལ་འདྲེན་མཁན་ཉུང་།།
དཔོན་ངན་འདི་ཚོར་བོད་ལ་རང་དབང་དང་རང་བཙན་གང་ཡང་མི་དགོས། ཁོང་ཚོར་དགོས་པ་ནི་རྐུབ་སྟེགས་ཁོ་ན་ཡིན། དངོས་གཞིའི་ནང་ སྲིད་སྐྱོང་འོད་མི་གཉིས་ལས་མེད་ན་དུས་ཚོད་འཕྲོ་བརླགས་ལ་གཏང་དགོས་ཡ་མིན་འདུག
འོད་མི་་་་འོས་མི་་་་ལ་བཅོས།
གཅིན་སྐྱག་གི་དྲི་མ་བྲོ་བའི་བསམ་ཚུལ་རེ་བྲིས་པ་མཐོང་དུས་སྦྲང་ནག་ལྟ་བུ་འགའ་ཤས་ག་དུས་ཡིན་ནའང་སྔོན་ལ་འཐོན་ཡོང་གི་རེད། དཔེར་ན། ཅོ་རི་ཉི་མ། ཏྲེ་ཧོར་བྱམས་པ་ཆེན་རིན། ཇུང་ཏོག་སོགས་རེད། ད་ཐེངས་རྟུལ་ཕོད་ཟེར་འདིས་བསམ་ཚུལ་ནང་དྲི་ངན་བྲོ་བའི་ཚིག་འགའ་བྲིས་པ་བརྟེན་ནས་འཁོར་ནས་ཡོང་སོང་བ་དེ། སུས་དྲི་ངན་བྲོ་བའི་བསམ་ཚུལ་རེ་བྲིས་ཚེ། འདི་ཚོས་གང་ས་གང་ལ་དྲི་ངན་གྱིས་གཙོག་པ་བཟོ་བ་རེད།
ཡོ་བསྲང་ལགས།
ཁྱོད་ལ་བགྲོ་གླེང་གི་བློ་སྤོབས་ཡོད་ན་མིང་དང་སྡོད་གནས་གསལ་བཤད་དང་འབྲེལ་དགག་བཞག་གྱིས་དང་དགའ་གུས་ངང་ལན་འདེབས་རྒྱུ་ཡིན། དེ་མིན་ནག་ཁུངས་ནས་དུས་རྟག་ཏུ་ལྐོག་མདའ་རྒྱག་རྒྱུ་དང་གཡོ་དཀྲུག་ལས་མེད་པས་ངལ་བའི་རྒྱུ་ལས་མ་འདས་སོ།།
ངས་ཁྱེད་ཚོར་དགག་ལན་བྱེད་འདོད་མེད། གང་ཡིན་ཟེར་ན། བོང་བུའི་རྣ་ལ་ཆོས་བཤད་མི་འགྲོ་བ་ཤེས་བཞིན་དུ་མང་པོ་བཤད་ན་གླན་རྟགས་རེད། ཁོམ་པ་ཡོད་དུས་མཆན་ཐུང་རེ་འབྲི་འདོད་ཡོད། སྦྲང་ནག་མི་གཙང་བར་འཁོར་བ་རང་བཞིན་ལྟ་བུ་ཡིན་པས། མུ་མཐུད་དུ་མི་གཙང་བ་གར་ཡོད་བཙལ་ནས་རྒྱུགས་ཤིག ཁྱེད་ཅག་ལ་དེ་ཉིད་ཞལ་ཟས་རོ་བརྒྱ་ལྡན་པ་ཡིན་ནོ།
སུས་འོས་བསྡུ་ལས་ཁུངས་ལ་ཡིད་ཆེས་བྱེད་ཐུབ ཁའི་དམངས་གཙོ་ངོ་མ་རེད ཆོས་ལུགས་པ་མིང་ཁུར་བ་དང ཆོས་ལུགས་པས་གཞུང་ལ་ནམ་ཡང་ཐེ་གཏོགས་མ་བྱེད་རོགས དེ་བྱེད་པའི་གྲུབ་འབྲས་དུས་རབ་ཉེ་ཤུ་པ་ནང་འཛམ་གླིང་མི་དམངས་ཚང་གཉིད་སད་དུས ང་ཚོ་གཞུང་གཉིད་ཁུག་ནས་༡༩༥༢རང་བཙན་ཤོར་བ་མ་ཚད་ བོད་མའི་དཔོན་པོ་བོད་མི་རགས་པས་གནས་སུ་ལྷུང་བ་ནམ་ཡང་བརྗེད་མི་ཉན
འཇམ་ནོར་ལ་འོས་གཅིག་ལས་མེད་པ་ནས་ཁྱབ་གྲགས་ཨེ་།
ཡོ་བསྲང་་ཁྱོད་ཀྱིས་ང་ཚོ་ལ་དགག་ལན་མི་འཐད་པར་ང་ཚོས་གསལ་པོ་ཤེས། དྲང་བདེན་ལ་དགག་ལན་རྒྱབ་ཐུབ་ཀྱི་མ་རེད། དེ་ལས་སྤེན་ཚེའི་མཉམ་དུ་ཆང་འཐུང་མཁན་རྒྱུགས། ཆང་ཁང་ནང་དུ་བཟི་གཏམ་བཤད་རེས་བྱོས་དང་དགའ་ཡི་རེད།་་་ཧཧ བླ་སྤྲུལ་རྒྱུ་ཆེན་འདྲ་གསོད་ཡ་ཡོད་མེད་ལྟོས།
ངས་ཨ་ཚོགས་སྲིད་སྐྱོང་ལ་ལངས་པར་བསྔགས་བརྗོད་ཡོད་ ཁོང་གི་མཚན་སྨད་ཞུས་པ་འདིས་ང་རང་ཤིན་ཏུ་བློ་ཕམ་བྱུང་ལ་ཁོ་རང་ལ་ཡང་འོས་ཤོག་ཐོབ་པའི་བཀག་རྡོ་ཆགས་པ་རེད་ དེ་ལས་ཚབས་ཆེ་བ་ནི་ དབུས་འོས་བསྡུ་ལས་ཁུངས་ཀྱིས་སྨྱོ་འཁྲབ་བྱེད་ཀྱི་འདུག། ད་ཡང་གཤོག་ལྷེ་གཉིས་པ་ཞིག་བཟོས་ནས་མི་མང་ལ་དགོངས་སེལ་ཞུས་འདུག་ ཡོང་མི་སྲིད་པའི་གནས་ཚུལ་རེད་ གཞུང་འབྲེལ་གྱི་གསལ་བསྒྲགས་ཡིག་ཆ་ལུས་སོང་ཟེར་བ་མི་མང་གསུངས་ཕོད་པས་མི་ཁོག་ལ་འདྲེ་ཡི་རྣམ་ཤེས་བཞུགས་པ་རང་རེད། ད་དངོས་གནས་འོས་བསྡུ་ལས་ཁུངས་ལ་སྙིང་ནས་ཡིད་ཆེས་བྱེད་དཀའ་སོང། དེ་ལྟར་ལུས་པའི་དབང་དུ་བཏང་ཡང་གཤོག་ལྷེ་དང་པོར་མཚན་རྟགས་13 དང་གཉིས་མཚན་རྟགས་10 ལས་མི་འདུག་ དེ་གང་འངྲ་ཡིན་ནམ། དེ་དུས་མཚན་རྟགས་སྐྱོན་མཁན་མ་ཚང་བའི་རྒྱུ་མཚན་ཡོད་སྲིད་ན་ གཤོག་ལྷེ་དང་པོར་ བཀྲིས་སྟོབས་རྒྱལ་ འདུག་ལ་གཤོག་ལྷེ་གཉིས་པ་ལ་ཡང་འདུག་ དེ་ལ་ཡང་རྒྱུ་མཚན་གང་ཡོད་དམ་ མ་ཟད་ང་ཚོ་ཚང་མས་ཤེས་གསལ་ལ་གཤོག་བུ་པར་སྐྲུན་སྐབས་སུ་རང་གི་གདམས་ག་ག་ཚོད་བྱས་པ་ཇི་བཞིན་དོན་པ་ལས་ལུས་པ་ནི་བྱུང་མི་སྲིད་པ་དེ་རེད། ཚང་མས་དོན་སྣང་དགོས་པར་ འོས་གཤོག་གྲངས་གཤེར་སྐབས་སུ་འོས་གྲངས་བརྩི་མཁན་ནི་ རྡ་ས་ས་གནས་བདེ་དོན་གྱི་འགོ་འཛིན་བསོད་ནམས་རྗོ་རྗེ་གཙོས་སྤྱི་འཐུས་ལངས་མཁན་མི་གྲངས་ལྔ་ཡོད་འདུག། སྤྱི་འཐུས་ལངས་མཁན་གྱིས་འོས་གཤེར་བྱེད་པའི་སྲོལ་མཐོང་མྱོང་ངམ་ འཛམ་གླིང་ནང་གྱི་ཡ་མཚན་ཅན་གྱི་གནས་ཚུལ་རེད་འདུག་ག་ དེས་ན་ དྲང་བདེན་གང་ནས་ཡོང་ངམ་ གང་ལྟར་ད་རེད་འོས་བསྡུ་ལས་ཁུངས་སྒོ་རུ་བཟུང་ནས་ནང་གི་གནས་ཚུལ་ཚང་མ་ཇི་ཡིན་རྒྱུ་མ་ཕུ་དེད་མ་བཏང་ན་མང་གཙོ་མིང་ཙམ་རེད་ལ་ཕྱིན་ཆས་འོས་གཤོག་འཕེན་པའི་མདུག་པ་བྲལ་སོང་ ཧ་ཅང་ཐབས་སྐྱོ་ལ་ངོ་ཚ་དགོས་པ་ བློ་ཕམ་བྱེད་ཡུལ་རང་རེད་འདུག།
དྷ་སའི་འོས་བསྡུ་སྐོར་གྱི་གནས་ཚུལ་འདི་བདེན་པ་བདེན་རྐྱང་རེད། བདེན་པ་རྫུན་ཏུ་མཐོང་བའི་བློན་ཆེན་དང་ཡོ་བསྲང་། ལེགས་བཤད་ཟེར་བ་འདི་ཚོས་དྷ་ས་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་མི་མང་ལ་མགོ་སྐོར་བཏང་བའི་སྐྱག་རྫུན་ལ་རྒྱབ་སྐྱོར་བྱས་པ་བློ་གཟུར་བོ་གནས་བའི་སྐད་ཆ་ཞིག་མ་རེད། ཤོག་ངོས་གཅིག་པར་སྐྲུན་བྱེད་པར་ལྷག་སྟེ་རྗེས་སུ་པར་སྐྲུན་གྱི་གསལ་བསྒྲགས་བྱས་པ་ཟེར་བ་འདིས་དོན་ལ་༸གང་གིས་གསོལ་རས་གནང་བའི་དམངས་གཙོ་ལ་འགོག་རྐྱེན་ཆེན་པོ་བཟོས་པ་རེད།
ཚང་མས་བདེན་པ་བཤད་དགོས། གལ་སྲིད་ཉིད་ཀྱིས་ད་རུང་རྫུན་གཏམ་མགོ་སྐོར་འདི་ལ་བདེན་པ་ཡིན་པའི་རྒྱབ་སྐྱོར་བྱེད་ཚེ། རང་ཉིད་ཀྱིས་དུས་ནམ་ཡང་བདེན་པ་ཟེར་བ་ཞིག་རྙེད་མི་སྲིད།
གཞན། གངས་སྐྱིད་དང་དྷ་སྟེང་བོད་ཁྱིམ་གཉིས་ནང་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་བཀྲ་ཤིས་དབང་འདུས། བཀྲ་ཤིས་སྟོབས་རྒྱལ་གསུམ་ལ་འོས་ཤོག་གཅིག་གཅིག་བླུགས་མེད་པར་བཤད་པ་རྫུན་གཏམ་ཁོ་ན་རེད། ཡིན་སྲིད་ཀྱི་མ་རེད།
གང་ལྟར་ཐེངས་འདིའི་འོས་བསྡུ་ལས་རིམ་ཁྲོད། དབུས་འོས་བསྡུ་ལྷན་ཁང་གིས་དྲང་པོ་དང་འདྲ་མཉམ། རང་དབང་གསུམ་གྱི་ལྟ་གྲུབ་གཞི་བཟུང་ནས་འོས་བསྡུ་བྱས་པ་མེད་པ་གསལ་བོ་རེད། དཔེར་ན།སྔོན་འགྲོ་འོས་བསྡུ་སྐབས། དྷ་སྟེང་བོད་ཁྱིམ་དུ་སློབ་ཕྲུག་ཚོས་སོ་སོའི་འོས་མི་འོས་བསྡུ་འགེངས་ཤོག་སྟེང་འབྲི་སྐབས་དགེ་རྒན་ཚོས་བལྟས་ནས་འོས་ཤོག་བླུགས་པའི་གནས་ཚུལ་བྱུང་སྟབས། སློབ་ཕྲུག་གང་མང་ཞིག་ངུ་དགོས་བྱུང་བ་དང་སྡུག་སྐད་ཤོར་བའི་སྐད་ཆ་དག་སྐད་འཕྲིན་དང་ངོ་དེབ་སྟེང་རླུང་ལྟར་གྲགས་འགྲོ་ཡི་འདུག
ཨ་རོགས་ཚོ། ད་ཁྱེད་ཚོར་སྙིང་རྗེ་ཏོག་ཙམ་ཡོད་ན་ཨ་ཚོགས་ཀླུ་བྱམས་རྩེད་མོ་རྩེ་བྱེད་མ་བྱེད་རོགས། འཇམ་ནོར་དང་ལྷ་བཟང་སོགས་ཀྱིས་རྩེད་ཆས་བྱས་ནས་ཚད་གང་ཞིག་ལ་བསྐྱལ་འདུག སྙིང་རྗེ་ཁོས་ད་དུང་ཤེས་ཀྱི་མེད་པ་འདྲ།
སྤྱི་སྟངས་བྱས་ན་འོས་བསྡུ་ལས་ཁུངས་ནས་མ་དྲང་བ་བྱས་ཨེ་ཡོད་ན། གང་ལགས་ཞེས་ན་འོས་ཤོག་གྲངས་བཤེར་སྐབས་སུ་འོས་བསྡུའི་ཚོགས་མིའི་སྒང་ལ་ཟུར་དཔང་ཡོད་རེད། གལ་སྲིད་དྲང་པོ་མ་བྱུང་བའི་གནས་ཚུལ་བྱུང་ན་ཆུ་ཚོགས་པའི་སྣོད་ཡོད་ཀྱང་གཏམ་ཚོགས་པའི་སྣོད་མེད་ཅེས་པའི་དཔེར་ལྟར་གང་ལྟར་ཕྱི་ལ་གར་ངེས་རེད། ང་ཚོས་རང་ཕྱོགས་ལ་རྒྱལ་ཁ་མ་ཐོབ་ན་ཕམ་ཁ་བཟོད་མ་ཐུབ་པར་གང་བྱུང་གསུང་རྒྱུ་ཨེ་ཡོད།
ད་གང་ལྟར་ཨ་ཚོགས་ཁ་ལ་འཆེར་ནས་བོད་ནང་ཁུར་དཀྲུག་ཤིང་བཏང་མཁན་དང་ཡང་ན་ཨ་མདོ་ནང་ཁུར་དཀྲུག་ཤིང་བཏང་མཁན་ཚོའི་བསམ་དོན་འགྲུབ་ཡོད་ས་ཡོད། དེ་ནས་ད་དུང་བཤད་འདོད་པ་ཞིག་ལ་ཨ་ཚོགས་ལ་སྔོན་འགྲོའི་འོས་ཚད་མ་ལོངས་པ་ནི་ཨ་ཚོགས་གཅིག་པོ་ཕམ་པ་མ་ཡིན་པར་ཤེས་པར་གྱིས། འོས་ཤོག་གི་སྐོར་ནས་འོས་བསྡུ་ལྷན་ཁང་གཙོས་པའི་ས་གནས་ཁག་གི་འོས་ཤོག་ཞིབ་གཤེར་ཡག་པོ་བྱེད་མེད་པ་ཡིན་ན་དེ་ནི་ཧ་ཀྱང་སེམས་ཕམ་དགོས་པའི་གནས་རེད།
བློན་ཆེན་ རང་དང་ལྟ་བ་མ་མཐུན་མཁན་ཚོར་ཞ་མོ་ཆེན་པོ་གཡོག་ནས་རྡུང་སྡེགས་གཏང་རྒྱུ་དང་སྤྱི་ཚོགས་ནས་ཕུད་རྒྱུ་དེ་ ལ་ཕར་རྒྱབ་ཀྱི་བྱེད་གཏང་རེད་ དེང་སྐབས་ཀླུ་བྱམས་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཟང་ཟིང་གི་འབྲེལ་བ་མ་བྱེད་ཞེས་པའི་སྲིད་འཇུས་འཛིན་མགོ་ཚུགས་ནས་གྲོགས་མེད་དུ་བཞག་རྒྱུ་མགོ་བཙུགས་པར་བརྟེན་ཉིན་ཞིག་དོལ་ཚོགས་མ་ཡིན་པ་ཞིག་བཟོ་བཞིན་འདུག་པས་ དེ་དུས་ང་ཚོ་ཕྱི་ལ་ཐུགས་ཡོང།
འོས་བསྡུ་ལས་ཁང་དང་སྤེན་ཚེ་གཉིས་ཆུ་དང་འོ་མ་རེད། སྔོན་ཀླུ་བྱམས་གྲོས་ཚོགས་ནང་ལ་ཡོང་བའི་དོགས་གཞི་ཡིས་བཀས་སྡོམ་བྱེད་མཁན་ཡང་དེ་གཉིས་རེད།
ཚོགས་གཙོ་དང་ཀླུ་བྱམས་གཉིས་གཞི་རིམ་ཞིག་ནས་མི་འཆམ་པ་གསལ་པོ་གསལ་རྐྱང་རེད། དངོས་གནས་བྱས་ན་མི་སྣ་འདི་གཉིས་ང་ཚོའི་སྲིད་སྐྱོང་འོས་མི་ཡིན་པས་མི་གཤིས་ཟེར་བ་ཞིག་ད་དགོས་པ་རེད་པྰ།
ཁ་སང་བརྙེན་འཕྲིན་གསར་འགོད་ལན་འདེབས་ནས་ཁ་གསལ་པོར་ཁོང་རང་གཉིས་ཀས་ཕན་ཚུན་མི་འཆམ་པ་དང་མ་འོངས་པར་ཇ་ཕོར་བ་གང་ཡང་འབྲེལ་རྒྱུ་མིན་སྐོར་གྱི་སྐད་ཆ་བཤད་སོང་ང་།
གནས་དོན་དེ་ཚོ་ཆུང་ཚགས་མ་རེད་མིའི་གཞི་རིམ་གྱི་ཀུན་སྤྱོད་དང་ལྷག་པར་བོད་མིའི་ཞག་རྩིའི་བཟང་སྤྱོད་ཀྱི་ཐད་ནས་བཤད་འོང་ན་ཧ་ཅང་ཧ་ཅང་གི་གད་མོ་ཤོར་བས་རྐང་པ་རང་འཐེན་བྱས་པ་ཞིག་རེད།
གཅིག འོས་བསྡུའི་སྒྲིག་གཞི་ཤེས་པ་གལ། གཉིས། རང་ཉིད་བོད་མི་ཞིག་ཡིན་ཚེ་བོད་བསྟན་པ་ཆབ་སྲིད་སེམས་ལ་བཟུང་རྒྱུ་གལ། གསུམ། མ་ཤེས་ཤེས་ཁེལ་དང་། མ་རིག་རིག་མདོག་མི་སྟོན་རྒྱུ་གལ། བཞི། དོན་མེད་ཁོངས་མེད་ཀྱི་སྐད་ཆ་མི་བཤད་ཀྱི་གལ། ལྔ་། ༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་ན་རང་ཉིད་བོད་མི་ཞིག་ཡིན་པས་ཡིན་གོ་མ་ཆོད་པ་རེད། སྐབས་དེ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཆ་བཤད་ན་ངོ་ཚ་རེད་དོ།།
་་་་་་་་་་ ༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་ན་རང་ཉིད་བོད་མི་ཞིག་ཡིན་པས་ཡིན་གོ་མ་ཆོད་པ་རེད། སྐབས་དེ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཆ་བཤད་ན་ངོ་ཚ་རེད་དོ།། ་་་་་་་་་
྇྇#35 སེམས་བཟང་ལགས་ཀྱིས། གསུངས་པ་ལ། རྒྱབ་སྐྱོར་ཡོད་དོ།།
ཀླུ་བྱམས་ལགས། ད་ལྟའི་ཁོ་རང་གི་ལས་ཀ་རག་ས་དེ་དབུ་མའི་ལམ་པ་རེད། ལས་ཀ་དེ་མ་བཞག་གོང་ལ། རང་བཙན་ལྟ་བ་བཟུང་ནས་སྲིད་སྐྱོང་ལངས་པ་དེ། མི་དེ་ཡི་ད་ལྟའི་ཞབས་འདྲེན་ཆེ་ཤོས་དེ་རེད་སྙམ་མོ།།
བོད་གཞིས་བྱེས་མི་མངས་དང་། ༸གོང་ས་༸སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་དགའ་མཁན་ཅིག་ཡིན་ན། ཀླུ་བྱམས་ལ་འོས་ནམ་ཡང་བླུགས་མི་ཉན་ནོ།།
གནས་ཚུལ་གསར་པ་གསར་རྐྱང་རེད།
ཡུ་རོབ་སོགས་ས་གནས་ཁག་ ༤༩ ཙམ་གྱི་འོས་བསྡུའི་གྲུབ་འབྲས་རྒྱུས་ལོན་བྱུང་བ་ལྟར་ན། ཁ་སང་ཕྱི་དྲོའི་བར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༢༢༡༣༥ དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༨༡༠༤ ། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ ༡༥༩༦ ། བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༡༢༨༧ ། བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༢༨ བཅས་ཐོབ་འདུག
http://tibettimes.net/%E0%BD%A6%E0%BC%8B%E0%BD%82%E0%BD%93%E0%BD%A6%E0%BC%8B%E0%BD%81%E0%BD%82%E0%BC%8B-%E0%BC%A4%E0%BC%A9-%E0%BD%A1%E0%BD%B2%E0%BC%8B%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%A6%E0%BE%90%E0%BE%B1/
ཉེ་འཆར་ང་རང་ཀ་ལམ་སྦུག་ཏུ་གསུང་ཆོས་ཞུ་སར་ཕྱིན་པ་ཡིན། ཞག་ཤག་གུང་སེང་ཐོབ་སྟེ་འབྲས་ལྗོངས་སུ་གནས་སྐོར་ལ་ཕྱིན་ཏེ་གྲོགས་པོ་ཁ་ཤས་དང་ཐུག་བྱུང་། དེའི་ཉིན་ཤས་གོང་དུ་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ལ་འོས་འཕེན་ཚར་བའི་སྐོར་བཤད་སྐབས་སུ་ས་གནས་ར་བང་ལ་ནས་(Ravangla)ཀླུ་མཁར་བྱམས་ལ་འོས་གྲངས་༧དང་། སྒང་ཐོག་ནས་༣༡ འདུག་ཟེར། ད་རིང་བོད་ཀྱི་དུས་བབ་ཏུ་ཀླུ་མཁར་བྱམས་ལ་ཀླད་ཀོར་རེད་འདུག འོས་ཤོག་དེ་རྣམས་གང་དུ་ཕྱིན་པ་རེད། ལས་ཀ་འདི་འདྲ་རྐྱང་བྱེད་དང་ད་དུང་རྒྱལ་བ་རིན་པོ་ཆེ་དང་བཙོན་བྱོལ་སྒྲིག་འཛུགས་ཁ་བཏད་ཚོགས་པ་མང་ཡོང་སྲིད་པ་རེད།
ད་བློ་བཟང་སེང་གེ་གླེང་།
༡༽་ཁོང་སྲིད་སྐྱོང་ལས་ཐོགས་ཡིན་པ་ལ་་བརྟེན་ནས་གཞུང་འབྲེལ་སྡིངས་ཆ་དེ་སྒེར་གྱི་༢༠༡༦་སྲིད་སྐྱོང་འོས་བསྡུ་ཁྱབ་བསྒྲགས་ལ་བེད་སྤྱོད་གཏོང་གི་ཡོད་པ་དེ་འོས་བསྡུ་སྒྲིག་གཞི་ལ་འགལ་ཡོད་དམ་མེད།་༡༩༧༥་ལོར་རྒྱ་གར་སྲིད་བློན་ཨིན་ངྷི་ར་གྷན་ངྷེ་ཡིས་དེ་ལྟར་བྱས་པས་སྲིད་བློན་ལས་ཐོགས་ནས་གནས་དབྱུང་བཏང་བ་རེད།ང་ཚོས་དེ་ལྟར་བྱེད་འོས་སམ།
༢༽་ངོ་དེབ་ནང་ཁྱབ་བསྒྲགས་བྱེད་དུས་ཡང་མི་ལ་ཚོར་བ་སློང་བྱེད་ཀྱི་རྒྱལ་བ་རིན་པོ་ཆེ་དང་དུ་བསྐྱོན་པའི་འདྲ་པར་ཁྱབ་བརྡལ་བཏང་ནས་འོས་སློང་བྱེད་ཀྱི་ལག་ཆ་བཀོལ་གྱི་འདུག་་་དེ་འོས་བསྡུ་སྒྲིག་གཞི་ལ་འགལ་ཡོད་དམ་མེད།
རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་མཁན་ཚོས་བོད་མི་རྡོག་རྩ་གཅིག་དྲིལ་ཡོང་བའི་ཆེད་དུ་ཁོང་གི་མཚན་བོད་སྤྱོད་བྱས་ན་ལེགས་ཀྱང། རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་དང་གཞོན་ནུ་ཚོགས་པ་ལྟ་བུ་གང་རུང་ཞིག་ནང་ཁུལ་གཉའ་བཅག་རྒྱུ་དང་ཁྱད་གསོད་མཐོང་ཆུང། མཐུན་སྦྲིལ་གཏོར་བཤིག་གི་རྒྱུ་རྐྱེན་དུ་རྒྱལ་བ་རིན་པོ་ཆེའི་མཚན་དྲུད་ཡོང་རྐྱང་བྱས་དང་བྱེད་བཞིན་པ་འདི་ནི་མིག་མཐོང་ལག་ཟིན་རེད། གདོང་ལེན་བྱ་ཡུལ་རྒྱ་དམར་པོ་དང་ཐུག་དུས་འཚེ་མེད་ཞི་བ་དང་དབུ་མའི་ལམ་ལ་ཁག་འགེལ་རྒྱུ་དེ་ཚོ་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་མིན་ན་ཅི་རེད། ཕྱི་མི་ཐུབ་དུས་སྤུན་ཟླ་ནང་ཁུལ་དུ་བརྙས་བཅོས་བྱེད་རྒྱུ་དེ་ལས་ཐབས་སྡུག་པ་ཞིག་ཨ་ཡོད། མདོར་ན་ཀླུ་མཁར་བྱམས་ཀྱི་འཐབ་རྩོད་ངོ་མ་དེ་རང་བཙན་དང་རྡོག་རྩ་གཅིག་སྦྲིལ་རེད། བློ་སེང་དང་སྤེན་ཚེ་ཡི་འཐབ་རྩོད་ཀྱི་ངོ་བོ་ནི་ཀླུ་བྱམས་གཉའ་བཅག་རྒྱུ་དང་རྐུབ་སྟེགས་རང་རེད་དོ།
སྤྱི་ཟླ་བཅུ་པའི་ཚེས་༢༢་ཉིན་དུས་བབ་ཐོག་ཏུ་འོས་གྲངས་གསལ་བསྒྲགས་བྱས་པའི་ནང་གངས་སྐྱིད་དང་རྡ་སྟེང་བོད་ཁྱིམ་གཉིས་ཀྱིས་ཀླུ་བྱམས་དང་བཀྲ་དབང་གཉིས་ལ་འོས་གཅིག་ཀྱང་མེད་པར་ཀླད་ཀོར་རེད། དེ་རིང་བཟོ་བཅོས་བྱས་ནས་ཀླུ་བྱམས་ལ་འོས་གྲངས་༤༢་དང་བཀྲ་དབང་ལ་༣༩་འདུག་ཟེར་བསྐྱར་བསྒྲགས་བྱས་འདུག མ་བྷན་འདི་ཚོས་ག་རེ་བྱས་བྱས་རེད་འདུག་ག
གཞོན་སྐྱེ་རེ་ཟུང་གིས་མགོ་འཚོས་པར་ཀླུ་བྱམས་དངོས་གནས་རང་བཙན་འཐབ་རྩོད་པ་བརྩིས་ཏེ་འོས་བླུགས་ཡོད་སྲིད། བླུན་བྱམ་ལ་འོས་ལྔུག་མཁན་ཕལ་ཆེ་བ་ནི་རྩ་མ་ཚང་བ་རྐྱང་རྐྱང་ཡིན། བཀའ་དྲིན་བསམ་ཤེས་མེད་ཅིང་བཟང་སྤྱོད་ཀྱི་དྲི་ཙམ་མི་བྲོ་ཞིང་མཐའ་ན་སྐད་ཡིག་ཚད་ལྡན་ཅིག་མི་ཤེས་པའི་བླུན་བྱམས་སྲིད་སྲོང་ལང་གི་ཡིན་ཟེར་བ་གད་མོ་ལྷོང་བྱེད་རང་རེད། འོན་ཀྱང་ཁོ་ཚོ་སྤྱི་ཚོགས་ནང་ནས་ཟུར་ཕུད་བྱེད་པའི་རྣམ་པ་འཐོན་བཞིན་པ་ནི་བོད་མིའི་སྤྱི་ཚོགས་ཆུང་འདིའི་ནང་ཅུང་ཉེན་འཚབ་ཅན་ཞིག་རེད། དོལ་ཚོགས་དང་ཅུང་མི་འདྲ།
ད་འུར་རྒྱག་མ་རྒྱག་ཅི་ཡང་ཡོད་མ་རེད། འོས་སྡུ་ལས་ཁུང་གིས་དྲང་པོ་བྱས་ན་འདྲ་མ་བྱས་ན་འདྲ་ཀླུ་བྱམས་སྲིད་སྐྱོང་ཐོབ་མི་སྲིད་པ་ནི་ས་རིས་ཐང་གསལ་རེད།
ཧཧཧཧཧ་་་་་་ཀླུ་མཁར་བྱམས་འོས་ཐོབ་མིན་གལ་ཆེ་མ་རེད་གདའ། གཙོ་བོ་འོས་བསྡུ་ལས་ཁུང་གིས་དྲང་པོ་བྱས་མིན་ལ་བལྟས་ཡོད། ཀླུ་མཁར་ལན་གཅིག་རེད། འོས་བསྡུ་ལས་ཁུངས་དེ་རྒྱུན་རིང་པོ་ལ་གནས་དགོས་མ་རེད་དམ།
སྲིད་སྐྱོང་ཐག་ཆོད་ཟིན་པས་གླེང་དང་མ་གླེང་མི་འདུག རི་རྩེར་འཛེགས་ཟིན་སོང་།
ད་ཁྲིམས་བཟོ་ལྷན་ཚོགས་དང་འབྲེལ་བའི་གཏམ་འདྲ་མོལ་ན་མང་ཚོགས་མང་གཙོའི་འོས་འགན་འཁུར་ཆར་བ་དུས་ཐོག་རེད།
གསེར་དང་རག་གཉིས་སྡུར་རྒྱུ་ཅི་ཡོད། དེ་བཞིན་བདེན་རྫུན་གཉིས་ལ་སྡུར་རྒྱུ་ཅི་ཡོད། དེ་བཞིན་དབུ་རང་གཉིས་ལ་སྡུར་རྒྱུ་ཅི་ཡོད། སྐར་ཕྲན་ཇི་ཙམ་འདུས་ཀྱང་བཅོ་ལྔའི་དུང་ཟླར་འགྲན་མི་ཐུབ་པ་བཞིན། དེ་བཞིན་སྤྲེལ་ལད་མཁན་ཇི་ཙམ་འདུས་ཀྱང་ཀླུ་བྱམས་སེང་གེའི་སྒྲ་སྒྲོགས་དེ་ལ་འགྲན་གྱིས་ག་ལ་ནུས། དེས་ན་དབུ་རང་གཉིས་ལ་མང་ཉུང་གི་ཁྱད་པར་ཡོད་ཀྱང་བདེན་པའི་གཟི་བརྗིད་ལ་སྡུར་རྒྱུ་མེད་པ་ངོ་ཤེས་པར་བགྱིས་ཤིག།
ཉིན་འགའི་སྔོན་དུས་བབ་གསར་ཁང་གི་དྷ་སྟེང་དང་གངས་སྐྱིད་གཉིས་འོས་གྲངས་ཞིབ་བཤེར་ཁྲོད་ཀླུ་བྱམས་ལགས་དང་བཀྲ་ཤིས་དབང་འདུས་ལགས་གཉིས་ལ་འོས་ཤོག་རྐང་གཅིག་ཀྱང་ཐོབ་པ་མེད་པ་གསལ་བོ་བྲིས་འདུག ཁ་སང་ཡང་བསྐྱར་དུས་བབ་ཚང་གིས་ས་གནས་ཁག་ ༤༩ ཡི་འོས་གྲངས་གྲུབ་འབྲས་ནང་གོང་གི་ས་གནས་གཉིས་ཀྱི་ནང་ ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ ༤༢ ། བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༣༩ བཅས་ཐོབ་ཡོད་པར་བཀོད་འདུག ངོ་མ་ཡ་མཚན་རེད། ས་གནས་གཅིག་གིས་འོས་གྲངས་གྲུབ་འབྲས་གསལ་བསྒྲགས་ཐེངས་གཉིས་རེ་བྱས་ཡོད་ས་རེད།
གོང་གི་ས་གནས་གཉིས་ཀྱི་འོས་གྲངས་རེའུ་མིག་ནང་གི་འོས་གྲངས་གྲུབ་འབྲས་གཅིག་མཐུན་བྱུང་མེད་པ་དེ་དུས་བབ་ཚང་ནོར་ཡོད་ཚེ་དུས་བབ་ཚང་གིས་གསལ་བོ་བཟོ་དགོས་པ་དང་ས་གནས་འོས་བསྡུ་ལས་ཁུངས་ནོར་ཡོད་ཚེ་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་གསལ་བཤད་དགོས་མོད་དེ་ལྟར་བྱས་མི་འདུག གང་ལྟར་བར་དེ་རུ་མགོ་ཉོག་ཅིག་ཡོད་ཐག་ཆོད་རེད།
ངས་བསམ་པར་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་ལ་ནོར་འཁྲུལ་གང་མེད་ཀྱང་དེའི་ནང་གི་གཏན་བཞུགས་སྲུང་མ་ཚོས་དྲང་མོ་བྱེད་ཀྱི་མེད་པ་གསལ་བོ་རེད། དེ་ན་གནས་ཆུང་ཆོས་རྒྱལ་གྱིས་གཙང་དག་མ་བཟོས་ཚེ་བཙན་བྱོལ་ནང་གི་དམངས་གཙོ་དེ་མགྲིན་པ་ཡན་གྱི་སྒྲ་གཅིག་ལས་ཕུགས་སུ་སྒེར་གཅོད་རིང་ལུགས་པ་དང་སྐབས་འཚོལ་རིང་ལུགས་པའི་སྟེགས་བུ་ཞིག་ཆགས་སྲིད་ཀྱི་རེད་དོ།
དབུས་འོས་སྡུས་ལྷན་ཁང་ནང་ལ་ཀླུ་འབུམ་ཁང་ཚན་་གི་ཉུག་རུམ་པ་བསྟན་པ་བཀྲ་ཤིས་འདིས་གང་གནང་གི་ཡོད་པ་རེད། ཉུག་རུམ་པ་འདི་ཚོ་ནི་ཆོས་ལུགས་སྒེར་སྤྱོད་པའི་ནད་ངན་གྱི་ཟིན་ཚར་དུས་དྲང་པོ་ནམ་ཡང་ཡོང་མི་སྲིད་པ་རེད། དབུས་འོས་བསྡུ་ལྷན་ཁང་དྲང་པོ་མི་ཡོང་བའི་འགག་རྩ་འདི་ལ་ཐུག་ཡོད།
ཧ་ཧ་ཧ།ཉུག་རུམ་པ་བསྟན་པ་བཀྲ་ཤིས་ཟེར་དུས་སྐྱིད་པོ་བཤད་འདུག ཨ་རོགས་ཉུག་རུམ་པ་འདི་བ་ཚང་ཡར་ལོག་རེད་ཟེར་བ་བདེན་པ་ཨེ་ཡིན་ནམ། བོད་དུ་རྙིང་མ་དང་བཙན་བྱོལ་ནང་བསླེབས་རྗེས་དགེ་ལུགས་པ་ཆགས་པ་བདེན་པ་ཨེ་རེད། གང་ལྟར་མི་འདིས་དད་ལོག་ལོག་སྤྱོད་བྱེད་ཚེ་གླངཆེན་སྨྱོན་པ་ལྟར་གངས་སྐྱིད་ཀྱི་མཛེས་མ་ཚོ་འགྲོ་ས་ཁུང་ཞིག་རྙེད་ཀྱི་མ་རེད།སྤོ་ལངས་མ་བཅུག་མ་གཏོགས་དེ་མིན་སྨན་རྩིས་ཁང་གི་བྱེ་མ་ཁང་གསར་རྫོག་གི་རེད་གདའ། དེ་ནས་འགན་འཛིན་ཚེ་རིང་བཀྲ་ཤིས་་་་་་་ཧ་ཧ་ཧ་ཧ
དྲ་གྲོགས་ཚོ། འོས་བསྡུ་དྲང་པོ་བྱུང་ཡོད་མིན་དྲ་ཐོག་བཤད་རེ་བྱེད་བསྡད་ན་ཕན་ཐོག་གང་ཡང་མེད། དེ་ལས་འོས་བསྡུའི་སྒྲིག་ཁྲིམས་འགལ་བའི་གནས་ཚུལ་ཇི་བྱུང་དཔང་རྟགས་འཁྱེར་ནས་བྱེད་གཏེ་སུ་ཡིན་ཁྲིམས་གཏུགས་བྱ་ན་བཟང་། དེ་མིན་ཁ་སྟོང་འདྲ་བཤད་བསྡད་ན་དུས་ཚོད་འཕྲོ་བརླག་རེད་དོ།
འོས་བསྡུ་དྲང་པོ་བྱུང་ཡོད་མེད་འོས་བསྡུའི་གནས་ཚུལ་ཇི་བྱུང་དཔང་རྟགས་འཁྱེར་ནས་བྱེད་གཏེ་ཀླུ་འབུམ་ཚང་གི་ཉུག་རུམ་པ་བསྟན་པ་བཀྲ་ཤིས་ཡིན་པ་ཚང་མས་མཁྱེན་གསལ་རེད། ཁྲིམས་གཏུགས་བྱས་ན་ཕན་ཐོག་ཡོད་པ་མ་རེད། དཔེ་མཚོན་ཆེན་རན་པ་ནི། སྤྱི་མཐུས་ཟླ་བ་ཚེ་རིང་གི་སྤྱི་རྒྱུ་སྒེར་བདག་བྱས་པའི་ནག་ཉེས་འདི་ལ། བོད་མའི་སྒྲིག་འཛུགས་གི་ཁྲིམས་ནུས་མེད་འདིའི་དོ་དམ་བྱེད་མ་ཐུབ་པའི་གནས་ཚུར་གཅིག་པ་རེད། ཁོ་ཚོ་ནི་དད་པ་ལོག་སྤྱོད་དང་ཡང་ན་སྒེར་སྤྱོད་པའི་དབང་ཆའི་འོག་ལ་འཚོ་བཞིན་པ་ཡང་གཅིག་པ་རེད།
ད་འོ་ན་སྡུག་སྐད་རྒྱག་ནས་སྡད་རྒྱུ་རེད། ཤ་ཚ།
བོད་མིའི་སྒྲིག་འཛུགས་དང་ཆེ་མཐོ་ཁྲིམས་ཞིབ་ཁང་ལ་ནུས་པ་མེད་པ་ཤེས་བཞིན་ཡོད་ཙང་སྤྱི་གཙོ་སྤེན་ཚེ་ལ་ལག་དམར་དང་འབྲེལ་དྭོགས་རྙོག་གླེང་དང་ཡོངས་གླིང་སློབ་གྲྭ་སྒེར་བཟུང་མཁན་སྤྱི་འཐུས་ཟླ་ཚེ་གཉིས་ཀྱིས་སྣང་བ་དག་མདོག་གིས་དཔའ་དང་དཔུང་རྒྱབ་ངོམ་ནས་དབུས་སྒྲིག་ཁང་གི་རྐུབ་ལྕག་ཐོག་ཉམས་དོད་པོ་བཞུགས་མི་འདུག་གམ།
དྲ་གྲོགས་ཚོ། བདེ་སྡུག་གི་ཚོར་བ་ཡོད་མཁན། ལས་དང་སྐྱིད་སྡུག་གཅིག་པ། ཁྲག་རུས་གདུང་རྒྱུད་གཅིག་པ། རང་རེ་བོད་པ་ཞིག་རྒྱ་ནག་དམར་བོའི་བཙོན་འོག་ནས་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མི་བཟེད་པའི་དཀའ་སྡུག་སྣ་ཚོགས་མྱངས་ནས་ཕྱིར་ཡང་ས་རང་ཡུལ་ལ་སླེབས་པའི་གནས་ཚུལ་མིག་ལམ་ལ་བཀྲམ་འདུག བོད་ནང་གི་བོད་མི་ཚོར་མཚོན་ན་ཉེན་ཁ་ཡང་ཡོད་བཞིན་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད། རང་དབང་ལུང་པའི་ནང་གི་ང་ཚོར། བཀྲིས་བདེ་ལེགས་ཀྱི་ཚིག་སྐེམ་ཞིག་ལས་མེད་ཀྱང་ཞུ་འོས་པ་མ་རེད་དམ། རྙོག་དྲ་ཞིག་ལ་ཐུག་ན་སྦྲང་ནག་འཁོར་འཁོར་རེད་ཟེར་པ་དེར་དངོས་གནས་བདེན་ཞད་འདུག ཁྲེལ་གཞུང་འདུག་མི་འདུག་བསམ་བློ་ཐོངས།
དྷ་རམ་ས་ལའི་ས་གནས་འགོ་འཛིན་ལུ་ལུ་ཟེར་མཁན་དེས་དགོས་མེད་ཀྱི་ནོར་འཁྲུལ་བཟོས་པ་ཉུང་ཉུང་མིན། དེ་སྔོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་བསླབ་བྱ་ཐེངས་མང་བྱས་ཡོད། ད་དུང་། ཆོ་མེད་ཀྱི་ནོར་འཁྲུལ་དེ་འདྲ་དཔེ་སྲིད་མདོག་མེད།