བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་མདོ་སྨད་རེབ་གོང་བ་ཐུན་མོང་གི་ངོས་ནས། རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཚོགས་དབུར་གདན་འདྲེན་ཞུས་འབྲེལ། ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་འདས་གྲོངས་སོང་བ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱི་ཞེ་དགུའི་དུས་ཚིགས་དང་སྟབས་བསྟུན། རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་གཙོས་པའི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་མཆོད་འབུལ་སྨོབ་ལམ་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད་པར། བཞུགས་སྒར་འདབས་འབྲེལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་བཞུགས་སྒར་ཁུལ་དུ་གཉུག་མར་གནད་སྡོད་རྒྱ་ཆེའི་མང་ཚོགས་བཅས་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་ཡས་མས་སྨོན་ལམ་དང་མཆོད་འབུལ་འདིར་མཉམ་ཞུགས་གནང་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ནི། མདོ་སྨད་རེབ་གོང་ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་ནས་ཡིན། གཅེས་མིང་ལ་བསོད་ལོ་ཞུ་ཞིང་། ང་ལོ་ ༤༤ ཡིན་པ་ཁོང་གིས། ཕྱི་ལོ་ ༢༠༡༢ ཟླ་ ༣་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༤༠ ཡས་མས་ཙམ་ལ། རེབ་གོང་རོང་པོ་རྒྱལ་ཐང་གི་གྲོང་ཁྱེར་ནས་རོང་པོ་དགོན་ཆེན་ཕྱོགས་སུ་འགྲོ་ལམ་འཁེལ་ཡུལ་གངས་རིའི་མགྲོན་ཁང་དང་ཐོན་མིའི་རིག་གནས་དཔེ་ཁང་གི་ཉེ་འགྲམ་ལམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ངོ་རྒོལ་དེ་མུར་ཉིན་དེ་རང་ལ་འདས་གྲོངས་སོང་ཞིང་། རེབ་གོང་ཁུལ་གྱི་སེར་སྐྱ་མང་ཚོགས་སྟོང་ཕྲག་ཁ་ཤས་ལྷན་འཛོམས་ཐོག་སྐུ་ཕུང་ཞུགས་འབུལ་དང་། རེབ་གོང་རོང་འབྲོག་གི་ལྷ་སྡེ་མི་སྡེ་ཚང་མས་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་རྒྱུན་མཐུད་དུ་སྤེལ་དང་སྤེལ་མུས་སུ་ཡོད་པ་ཞིག་ཡིན་འདུག།
དཔའ་བོ་ཁོང་ནི། ནམ་རྒྱུན་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་ཆེ་ཞིང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤོད་མཁན་ཞིག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཚང་མ་འགྲིག་འགྲོ་གི་རེད་ཅེས་ཤུགས་ཆེར་གླེང་མཁན་ཞིག སྡེ་བ་ཕན་ཚུན་བར་གྱི་ནང་འཁྲུག་རིགས་ལ་ངོ་རྒོལ་བྱེད་མཁན་ཞིག་བཅས་ཡིན་འདུག
ཕྱི་ཟླ་ལྔ་པའི་ཚེས་གསུམ་ཉིན་བཞུགས་སྒར་དུ་ཞེ་དགུའི་མཆོད་འབུལ་སྐབས་ཀྱི་པར།།
ཕྱི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་དཔའ་བོ་ཁོང་གི་གཞིས་ཁྱིམ་དུ་འདས་མཆོད་སྒྲུབ་སྐབས་ཀྱི་པར།
ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་སྐུ་ཕུང་ཞུགས་འབུལ་སྐབས་མང་ཚོགས་འདུ་འཛོམས་ཀྱི་པར།
ལོས་ཡིན་ནང་གི་ལོས་ཡིན་་་་་་་་་་་་་་་་རྒྱལ་གཅེས་དབའ་བོ་བསོད་ནམས་ལགས་ལ་སྙིང་ནས་གུས་འདུད་དང་སྐྱབས་གནས་དཀོན་མཆོག་གསུམ་ལ་བསྔོ་སྨོན་ཞུ།
ཐུགས་རྗེ་ཆེ་གོ་སྒྲིགས་པ་ཚོ་ལ། རྒྱལ་གཅེས་དབའ་བོ་དམ་པ་ཁོང་ལ་གུས་འདུད་ཞུ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
རྡ་སའི་རེབ་གོང་བ་རྣམས་ཀྱིས་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱི་ཞེ་དགུའི་དུས་ཚིགས་དང་སྟབས་བསྟུན་གྱིས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པར་ཐུགས་རྗེ་ཆེ་ཞུ།
གོ་སྒྲིགས་གནང་མཁན་དང་ཆ་ཤས་ལེན་མཁན་ཚང་མར་ཐུགས་རྗེ་ཆེ། ལྷག་དོན་རྒྱལ་གཅེས་དབའ་བོ་དམ་པ་ཁོང་ལ་གུས་འདུད་དང་། ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ།
དཔའ་བོ་ཁོང་དང་ནང་མི་ཚང་མར་གདུང་སེམས་མཉམ་བསྐྱེད་དང་། གོ་སྒྲིགས་པ་ཚོ་གཙོས་རྡ་སའི་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའོ་།
གཤིས་བཟང་གི་བུ་རབ་ཚོར་རྗེས་སུ་ཡི་རང་དང་། རང་ལུས་མེ་ཀློང་དུ་བསྟིམས་ཟིན་པའི་སྐུ་གཤེགས་དཔའ་བོ་ཁོ་དང་། ཁོ་ཚོར། གདུང་་སེམས་མཉམ་སྐྱེས་མཚོན་པའི་སྨོན་ལམ་འདེབས་སོ།།ཞོར་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ། དེང་སང་བྲིས་པའི་ཡིག་ཆ་མང་ཆེ་བ་ཞིག་གི་ནང་། རང་རེའི་ཡུལ་མིང་དེར། ༼རེབ་གོང་༽བྲིས་པ་མང་བོ་འདུག་མོད། མིང་བརྡ་འདིའི་ཐད་ལེགས་པར་བསམ་ཚེ། ད་ནས་བཟུང་། ང་ཚོས་༼རེབ་གོང་ཞེས་མི་འབྲི་བར༽༼རེ་སྐོང་༽ཞེས་འབྲི་ན་དགེ་མཚན་ཆེ་བར་མཐོང་། འདི་ལ་རྒྱུ་མཚན་གཉིས་ཏེ། དང་བོ་ནི། སྔོན་དུས་ཀྱི་སྙན་ངག་པ་དང་། བླ་མ་སྐྱེས་བུ་དམ་པ་མང་བོའི་གསུང་རབ་དག་ན། ༼རེ་སྐོང་༽ཞེས་བྲིས་པ་མང་དུ་སྣང་ལ། གཉིས་པ་ནི། ཡུལ་དེར། རེ་སྐོང་སྟེ། ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པའི་གནས་ལྔའི་ཉིང་བཅུད་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་མཁས་པ་མང་དུ་འབྱུང་བའི་ཆ་ནས་བཏགས་པ་ཞིག་རེད་མི་འདུག་གམ།
མཆོད་འབུལ་སྨོན་ལམ་གོ་བསྒྲིགས་གནང་བ་ཧ་ཅང་ལེགས།
སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འདྲ་ཡིན་རྒྱུ་རེད། ཡི་རང་མངོན་པར་བསྟོད་དོ།
མཆོད་འབུལ་འདི་ཡི་དགེ་རྩས་མཐུས།།
གཅེས་པའི་དཔའ་བོའི་ཁོང་ཉིད་ལ།།
སྐྱེ་བ་ཀུན་བླ་མ་ཡི་ཐུགས།།
མི་འབྲལ་སྙིང་ནས་སྐྱབས་འཇུག་ཞུ།།
ལོས་ཡིན་གོ་བསྒྲིགས་གནང་མཁན་དང་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན།
མཆོད་འབུལ་ཁེར་རྐྱང་གནང་བ་ལ་བཀོད་སྒྲིག་པ་ལ་ཐུགས་རྗེ་ཆེ་ཞུ་མི་ཐུབ་ཀྱི་མི་འདུག་ཆུང་དྲགས་འདུག
དཔའ་བོ་ཁོང་ལ་རྗེས་སུ་ཡི་རིངས་ཡོད།