རྒྱ་ནག་གཞུང་གིས་༼རྡུལ་ནག་ཁྲོད་ཀྱི་ཕ་ཡུལ།༽ཞེས་པའི་འོད་སྡེར་གྱི་ཚིག་རྩོམ་མཁན་གྲྭ་སྐལ་བཟང་འཇམ་དབྱངས་དང་ཉྭ་ནག་ཕུན་ཚོགས་གཉིས་འཛིན་བཟུང་བྱས་འདུག
ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དུ་གྲྭ་བ་གཉིས་དང་གཞས་པ་ཁག་ཅིག་མཉམ་རུབ་ཐོག་༼རྡུལ་ནག་ཁྲོད་ཀྱི་ཕ་ཡུལ།༽ ཞེས་པའི་འོད་སྡེར་ཞིག་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། འོད་སྡེར་དེའི་ནང་རྒྱ་ནག་གཞུང་གིས་ས་གནས་དེ་གའི་ལུང་དམར་སྡེ་བ་ནས་ལོ་མང་རིང་རྡོ་སོལ་གཏེར་ཁ་སྔོག་འདོན་བྱས་ཏེ། ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་སྐོར་དང་། ས་གནས་བོད་མིའི་འཚོ་རྟེན་ཆག་འཇིག་གི་གནས་སུ་བསྐྱལ་ཡོད་པའི་སྐོར་བརྙན་པར་དང་གཞས་ཚིག་གི་ལམ་ནས་གསལ་བོ་བསྟན་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་འབྲེལ་ཡོད་རྒྱ་ནག་ཉེན་རྟོག་པས་འོད་སྡེར་གྱི་གཞས་ཚིག་རྩོམ་པ་པོ་ཉྭ་ནག་ཕུན་ཚོགས་དར་རྒྱས་གླིང་དགོན་པའི་དགོན་བདག་ཉྭ་ནག་ཕུན་ཚོགས་ལགས་དང་། ཐེམ་ཆེན་རྫོང་བོང་སྟག་ནས་ཡིན་ཞིང་། ངྷི་ཚ་དགོན་པར་སློབ་གཉེར་བྱེད་བཞིན་པའི་གྲྭ་སྐལ་བཟང་འཇམ་དབྱངས་གཉིས་ཐེམ་ཆེན་རྫོང་ཐོག་ནས་འཛིན་བཟུང་བྱས་ཡོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་རྗེས་གཉའ་ནག་ཕུན་ཚོགས་ལགས་ཀྱི་ནང་མིས་ཁོང་ཐེམ་ཆེན་རྫོང་བཀག་ཉར་ཁང་དུ་ཡོད་པའི་གནས་ཚུལ་ཤེས་ཡོད་ཀྱང་། སྐལ་བཟང་འཇམ་དབྱངས་ལགས་འཛིན་བཟུང་བྱས་རྗེས། ཐེམ་ཆེན་རྫོང་དང་བར་ཐག་སྤྱི་ལེ་ ༨༠ ཙམ་ཡོད་པའི་ཝུ་ལེན་རྫོང་ཉེན་རྟོག་པས་ཁོང་གི་ཆོས་གོས་དང་རྒྱ་སྒོར་ ༢༠༠༠ ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་ནའང་། ཉེན་རྟོག་པས་ཁོང་ས་གནས་གང་དུ་འཁྲིད་ཡོད་མེད་ཀྱི་གནས་བརྗོད་མེད་པ་མ་ཟད། རྒྱ་ནག་འབྲེལ་ཡོད་ཚན་པས་དེང་སྐབས་༼རྡུལ་ནག་ཁྲོད་ཀྱི་ཕ་ཡུལ།༽ ཞེས་པའི་འོད་སྡེར་དེ་ཕྱིར་བསྡུ་བྱེད་ཀྱི་ཡོད་པ་གནས་ཚུལ་ཡོང་ཁུངས་ནས་བརྗོད་འདུག
༼ཡོང་ཁུངས།འོད་དཀར་དྲ་ཚིགས།༽
དཔའ་བོའི་མཛད་རྗེས་ནམ་ཡང་ནུབ་པ་མེད། པུར་རྒྱལ་བོད་ཁམས་སྣོད་བཅུད་རྟག་བརྟན་ཤོག
་རྩོམ་པ་པོ་་ཁོང་་གཉིས་མྱུར་དུ་གློལ་དཀྲོལ་ཡོང་བར་ཤོག།
དཔའ་བོ་རྣམ་གཉིས་ཀྱི་མཛད་རྗེས་ལ་གོང་བཀུར་དང་ཡི་རངས་གྲངས་མེད་བྱུང་སོང་།
ཨ་ཁ་ཁ་ད་ཡང་ཁ་བརྡ་ཚང་ལ་གཏམ་ངན་གཅིག་བཤད་བཞིན་འདུག རེད་ཡ། གནས་ཚང་ཆེན་པོ་འདིའི་ཕ་གཞིས་དགྲ་ལག་ཏུ་ཤོར་ནས་ལོ་ངོ་བརྒྱ་ཕྲག་ཕྱེད་ལྷག་སོང་ནའང་ཕ་ལས་བུ་རྒོད། བུ་ལས་ཚ་བོ་རྒོད། ཚ་བོ་ལས་ཡང་ཚ་རྒོད་པ་རྐྱང་རྐྱང་ཡིན་ཙང་ཕ་གཞིས་དགྲ་ལག་ནས་ཐབས་ཤེས་ཡོད་དགུས་ལེན་ཐབས་བྱེད་བཞིན་པའི་བསྒང་ཡིན་ཙང་གནས་ཚུལ་སྡུག་པོ་མང་པོ་བཤད་རྒྱུ་ཡོད་ད་ཡོད། རིང་པོར་མི་ཐོག་པར་ཕ་གཞིས་དགྲ་བོའི་ལག་ནས་ཐོབ་པའི་གཏམ་བཟང་ཞིག་གོ་རྒྱུ་ཡིན་པ་སྨྲོས་མེད་རེད། དུས་དེ་ནས་བཟུང་ཕ་མ་བུ་ཚ་ལྷན་འཛོམ་གྱིས་ཁ་བརྡ་ཚང་བདེ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུ་རེད། དེ་དུས་ངེད་གནས་པོ་རྣམས་ནས་ཁ་བརྡ་ཚང་ལ་བཀྲ་ཤིས་པའི་དར་དཀར་སྣེས་དྲངས་ཏེ་དྲིན་ལེན་བཟང་པོ་ཞིག་འཇལ་ཐུབ་པའི་རེ་བ་ཡོད། ཁ་བརྡ་ཚང་ཐུགས་རྗེ་ཆེ།
གནས་པོ་ངས་རེ་བ་ཞུ་རྒྱུ་ལ། མཚམས་མཚམས་ཆོལ་ཁ་དང་། ཆོས་ལུགས། གྲྭ་ལུགསདང་། དམགས་ལུགས། སློབ་ལུགས་དང་། བུ་མོའི་ལུགས་སོགས་དགོས་མེད་གླེང་མཁན་གྱི་གནས་པོ་ཇེ་མང་འགྲོ་བཞིན་འདུག་པས་ཁྱེད་ཁ་བརྡ་ཚང་གི་གནས་ཚང་མ་གཡར་ན་ཡག་པོ་འདུག ཁོ་ཚོ་ནི་ཕ་གཞིས་འཕྲོག་མཁན་གྱི་དགྲ་བོ་ལ་ངོ་སྲུང་དང་ལག་གཡོབ་བྱེད་མཁན་རེད། ཁོ་ཚོ་འདིར་གནས་ཚང་གཡར་རྒྱུ་མང་དྲག་ན་ལྷག་བསམ་ཡོན་ཏན་གྱིས་ཕྱུགས་པའི་གནས་པོ་རྣམས་ཇེ་ཉུང་དུ་འགྲོ་ཉེན་འདུག དེ་སོང་ན་ད་བར་གནས་ཚང་གཡར་བའི་དྲིན་རྣམས་རང་བཞིན་གྱིས་བརྗེད་དེ་གནས་ཚང་ལ་ཁ་མཆུ་དང་། འཁང་ར་བྱེད་ཉེན་འདུག་པས་དེ་ལུགས་ཁ་བརྡ་ཚང་གི་ནང་མི་ཡོངས་ནས་དགོངས་བཞེས་གནང་རོགས། །
༈ ང་ཚོའི་ཕྱི་ཚོགས་ནང་དུ་མི་མང་པོ་ཞིག་གིས་ཡིད་ཆས་གནང་ཡ་དེ་གལ་ཆེན་ཡིན་པ་དང་། ཚིག་དེ་ག་དུས་ཡིན་ན་ཡང་བེད་སྤྱོད་བཏང་གི་འདུག་། ཡིན་ཡང་ང་ནི་ཚིག་དེ་ཐོས་པ་རྩམ་གྱིས་སེམས་ཁང་གི་ན་གཟུགས་རྙིང་པ་དེ་སླར་གསོ་བྱས་ཏེ་སྡུག་སྔལ་གྱི་མནར་ཞིང་མཆིས་པས་། གྲོགས་པོ་རྣམ་པས་ཡང་སྙིང་དེ་ལ་འགྲེལ་བཤད་གསར་པོ་ཞིག་གནང་བའི་རེ་བ་ཞུ་གི་ཡིན།། །།