གནམ་ཐར་རྒྱལ།
བཀའ་བློན་འབྲོང་ཆུང་དངོས་གྲུབ་ཚང་ནི་བཀའ་ཤག་གསར་རྙིང་གཉིས་ཀའི་མི་ཡིན་ལ་འགྱུར་བ་མེད་པའི་རྡོ་བཀའ་བློན་ཡང་ཡིན། ཁོང་གི་ཕྱག་ལས་ཀྱང་རྡོ་ཡིན་ལ་ཕྱག་ལས་གནང་སྟངས་ཡང་རྡོ་ཡིན། གོ་གནས་དང་འགྲེལ་བརྗོད་ཡོད་ཚད་རྡོ་ཡིན། རྡོ་འདིའི་ངོས་གཅིག་རྒྱ་ནག་ལ་འཁོར་ཡོད་ལ་ངོས་གཅིག་བོད་པ་ལ་གཏད་ཡོད་པ་རེད། བོད་པར་གཏད་པའི་ངོས་ནི་རྡོ་དང་དེའི་ནང་ནས་ཀྱང་རྡེའུ་དཀར་རང་ཡིན་སྲིད་མོད། རྒྱ་ནག་ལ་གཏད་པའི་ངོས་ནི་རྡོ་ཡིན་མིན་བཤད་དཀའ་བ་མ་ཟད་རྩམ་པ་ཡིན་མིན་ཡང་ང་ཚོས་ཇི་ལྟར་ཤེས། ཡིན་ནའང་། བོད་པ་ཚང་མས་བཀའ་བློན་ཁོང་ནི་བཀའ་བློན་ཚོ་ལས་ཡག་ཤོས་སུ་སྙམ་གྱིན་ཡོད་ལ་ཁ་ཤས་ཀྱིས་དེ་ལྟར་བསྒྲགས་ཀྱང་མྱོང་། འོ་ན། ཁོང་ཡག་པོ་ཡིན་ཏེ་ཅི་བྱས་པ་རེད་ཟེར་ན་དེ་ལ་ལན་རྒྱག་མཁན་གྱི་བུ་གཅིག་ཀྱང་མེད་ལ། ཐ་ན་བཀའ་བློན་ཁོང་ལའང་ལན་རྒྱག་རྒྱུ་ཨེ་ཡོད་ཅེས་བརྗོད་ན་ང་ནི་ཐེ་ཚོམ་ཡིན། ངའི་དོགས་པ་ངོ་མ་ནི་ཁོང་ཚང་གིས་ཡིག་མཛོད་ནང་ན་གསང་བ་བཀའ་རྒྱ་མ་ག་ཚོད་ཡོད་དམ་ཞེས་པ་དེ་རེད། སྤྱིར་ན་བདེ་སྲུང་བཀའ་བློན་ནི་གསང་བའི་མེ་ལོང་ཞིག་ཡིན་དགོས་ལ་དེའི་ནད་དུ་རྒྱ་བོད་གཉིས་ཀ་ཁྲ་གྱིག་གེ་འཆར་དགོས་པ་ཡིན། བདག་གཞན་གཉིས་ཀྱི་ཚུལ་རྟོགས་ན། །ལན་བརྒྱར་འཐབ་ཡང་ཕམ་མི་འགྱུར། །ཞེས་པ་ནི་བདེ་སྲུང་བཀའ་བློན་གྱིས་ལག་བསྟར་ལ་འདེབས་དགོས་པ་ཞིག་ཡིན། ཡིན་ནའང་། ཁོང་ཚང་གི་མེ་ལོང་ནང་དུ་མེར་བསྲེགས་གནང་བའི་སྐྱེས་བུ་དམ་པ་ཚོའང་འཆར་ཐུབ་ཀྱི་མེད་པ་ལ་དཔགས་ན་ཁོང་ཚང་གི་གསང་བའི་མེ་ལོང་དེའང་ཕལ་ཆེར་རྡོ་ཞིག་མིན་ནམ་སྙམ་པའི་ཚོར་བ་ཞིག་ང་ལ་འགོག་མེད་དུ་སྐྱེས་བྱུང་། དཔེར་ན་། རྔ་ཁུལ་ནས་རིམ་བྱུང་གི་དོན་རྐྱེན་སྣ་གཅིག་ལའང་ཀིརྟི་བྱེས་པ་གྲྭ་ཚང་གི་འབྲེལ་མཐུད་པའི་ལག་ལ་མ་སོན་པ་ཞིག་བདེ་སྲུང་བཀའ་བློན་ལག་པར་ཚུད་མྱོང་ངམ། འདི་དྲི་བ་རེད་ལ་གནད་འགག་ཡང་རེད།
ད་དུང་བཙན་བྱོལ་ལམ་བོད་ཕྱི་ལ་ཁ་འཁོར་ནས་འདང་ཞིག་བརྒྱབ་ན། བཙན་བྱོལ་འཐོར་ཞིག་གི་རྐྱེན་ངོ་མ་ཞིག་ལ་དོལ་རྒྱལ་རིགས་འགྱུར་སྲིད་པ་དང་། རྒྱལ་བའི་སྐུ་དགྲ་ངོ་མ་ཞིག་ལ་དོལ་རྒྱལ་བཞག་ནས་ཞེད་སྣང་དང་སེམས་འཚབ་བྱེད་ཀྱིན་ཡོད་པ་རེད་ལ། དོལ་རྒྱལ་བ་ཚོས་མངོན་སུམ་འཛེམ་མེད་ལ་རྒྱལ་བ་རིན་པོ་ཆེའི་སྐུ་དངོས་བཞུགས་ས་རུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་། དོལ་རྒྱལ་ཚང་གིས་ག་རེ་བྱེད་ཀྱིན་ཡོད་མེད་ཀྱི་སྐོར་བདེ་སྲུང་བཀའ་བློན་གྱིས་ག་ཚོད་མཁྱེན་གྱིན་ཡོད་དམ། དོལ་རྒྱལ་གྱི་རྒྱ་གཞུང་གི་ཟ་མ་ཟ་གིན་ཡོད་པ་ཡོངས་གྲགས་རེད། ཡོངས་གྲགས་ལས་བརྒལ་བའི་བདེན་དཔང་ངོ་མ་ག་ཚོད་ཅིག་བདེ་སྲུང་བཀའ་བློན་གྱི་གསང་མཛོད་ནང་ཡོད་དམ། འདིའང་དྲི་བ་རེད་ལ་རྡོའང་རེད། བདེ་སྲུང་གིས་རྒྱལ་བའི་སྐུ་ཕྱྭའི་ཐད་ལ་ཚགས་ཚུད་བྱེད་ཀྱིན་ཡོད་རབས་གསར་འགྱུར་ཁག་ལ་ཡོང་གི་ཡོད་ནའང་དོལ་རྒྱལ་ཚང་གི་ཕར་རྒྱབ་ལ་ལག་འཇོག་མ་ཐུབ་པར་སྐད་ཆ་འདི་ཇི་ལྟར་རྫིག་བཤད་བྱས་ནའང་རྡོ་སེང་གེ་ཉིད་ལས་ཅི་ཡང་མ་རེད། རྒྱལ་བ་རང་ཉིད་ཀྱིས་བཙན་བྱོལ་ན་ང་ལ་གནོད་སྐྱེལ་ནི་ཞིག་ཡོད་ན་དོལ་རྒྱལ་ལས་གཞན་མེད་ཅེས་བཤད་ཡོད་པས། དོལ་རྒྱལ་ཚང་མེ་ལོང་ནང་མ་ཤར་ན་རྒྱལ་བའི་སྐུ་ཕྱྭར་འགན་ལེན་བྱེད་སྟངས་ཤིག་གཏན་ནས་མེད་པ་ཡིན། བལྟས་ན་བརྗིད་ཉམས་དོད་ཅིང་གྲུང་ཉམས་ཆེ་བའི་བཀའ་བློན་འདི་བ་ཚང་གིས་ད་བར་དུ་གནད་འགག་ཅན་གྱི་ཕྱག་ལས་ག་ཚོད་གནང་ཡོད་དམ། འདི་བ་ཚང་གི་ཁ་ཇི་ལྟར་རྒྱ་ནག་ལ་གཏད་ཀྱིན་ཡོད་དམ་སྙམ་ན་དངོས་གནས་སེམས་ཁྲལ་ལངས་ཞིང་གཉིད་མི་ཁུགས་པ་ཞིག་རེད། ཁོང་ཚང་གི་རྒྱ་སྐད་ཚིག་གཅིག་མི་མཁྱེན་པའི་སྟེང་ལ་བཀའ་དྲུང་ཆེན་མོ་ཟུང་གིས་ཀྱང་མཁྱེན་གྱི་ཡོད་མེད་བཤད་དཀའ་ཚོད་དཀའ་བ་རེད། ལྷག་པར་ད་ལྟའི་བདེ་སྲུང་གི་བོད་གནས་ཞིབ་འཇུག་ལ་སྣེ་ལེན་ཁང་ལས་བརྒལ་ཐུབ་ཀྱི་ཡོད་དམ་མེད་ཅེས་པ་དེ་རེད། བདེ་སྲུང་ལས་ཁུངས་ངོ་སྤྲོད་ནང་དུ་”ཆབ་སྲིད་དང་འོས་འཚམས་གནས་ཚུལ་རིགས་མཁོ་བཏོན་གྱིས་རང་གཞུང་གི་མཛད་གཙོ་རྣམ་པའི་མཁྱེན་རྟོགས་སླད་འབུལ་བཞིན་ཡོད”ཅེས་བདེ་སྲུང་ལས་ཁུངས་ཀྱི་འགན་འཁྲི་འོས་སྦྱོར་བྱས་ཡོད་མོད། བདེ་སྲུང་ནས་མཛད་གཙོ་རྣམ་པར་མཁྱེན་རྟོགས་ཀྱི་རྒྱུ་ཆ་ག་ཚོད་བསྐྲུན་ཐུབ་ཀྱིན་ཡོད་དམ་ཞེ་ན་དེའང་དྲི་བ་རེད་ལ་རྡོའང་རེད། དྲིས་ལན་མེད་པའི་དྲི་བ་རྡོ་འདྲ་བ་འདི་དག་ཆུས་ག་ཚོད་ཅིག་གཤེར་ནའང་རང་བཞིན་གསལ་དཀའ་བས་ན། ད་ནི་ངས་ཀྱང་རྡོ་རྩོམ་ཡིག་འདི་འབྲི་མཚམས་འཇོག་རྒྱུ་ཡིན།
༢༠༡༢།༠༨།༠༦ཉིན་ལོན་ཌོན་དུ།
ད་ཡང་བདེ་སྲུང་ལས་ཁུང་ནས་ཐོབ་དགོས་རྒྱུ་ཞིག་མ་ཐོབ་པ་འདྲ།
གྲོགས་པོ། ཁྱེད་རང་གི་ཅང་ཤེས་ཀྱི་མི་འདུག བདེ་སྲུང་ལས་ཁུང་གི་གསང་བའི་གནས་ཚུལ་ཚང་མ་ཕྱིར་སྒྲགས་བྱེད་དགོས་རེད་དམ། གལ་ཏེ་དེ་ལྟར་ཡིན་ན་གསང་བ་ཞེས་པ་དེ་གང་ན་ཡོད། བོད་སྲུང་ལས་ཁུང་གིས་གོང་དུ་ཁྱོད་ཀྱིས་བརྗོད་པའི་གནས་ཚུལ་དེ་རིགས་ཅི་ཙམ་ཤེས་མིན་དེ་འབྲེལ་ཡོད་མི་སྣས་ཤེས་པ་ལས་སུ་ཞིག་གིས་ཤེས་ཀྱི་མ་རེད། ཤེས་དགོས་པའི་རྒྱུ་མཚན་ཡང་མེད་པ་རེད། དེ་ལ་གསང་བ་ཟེར། བདེ་སྲུང་བཀའ་བློན་ལ་འདིང་འཇོག་བྱེད་མཁན་ཚོས་ཁོང་ལ་འདིང་འཇོག་བྱེད་འོས་པའི་རྒྱུ་མཚན་ངེས་ཅན་ཡོད་ཀྱི་རེད། དེ་ཁྱེད་རང་གི་མ་ཤེས་པའི་རྒྱུ་མཚན་དེ་དག་ཡིན་ངེས་རེད། སྲིན་བྱས་ཨག་སྐད་མ་རྒྱབ་ན་ཡག་གི་རེད། རྣ་བ་བསུན་ཡོང་གི་འདུག
གོང་གི་རྩོམ་ཡིག་དེ་ལ་བལྟས་ན་རྩོམ་པ་པོ་འདི་ཡང་ཕྱི་རྒྱལ་དུ་རྒྱ་ནག་ནས་གཏོང་བའི་སོ་ཉུལ་བའམ་བོད་པའི་སྤྱི་ཚོགས་གཏོར་བཤིག་གཏོང་དུ་སླེབས་པ་ཞིག་ཡིན་པར་ཐེ་ཚོམ་མི་འདུག དེ་བས་མི་དེ་ཚོའི་རིགས་ལ་ཡིད་གཟབ་དགོས་པ་དང། ལྷག་པར་དེ་ཚོ་ནི་བཙོག་གཅིན་ལྟ་བུ་ཡིན་པས་ལག་པ་འཆང་ན་སོ་སོ་མི་གཙང་བ་ཞིག་ཏུ་འགྱུར་ཉེན་ཡོད་པས། ཚང་མས་དེ་ཚོའི་རིགས་ལ་ཁ་ཡ་མི་བྱེད་ན་བཟང། །
རྡོ་ཡི་རྩོམ་དེ་ཁྱེད་རང་གི་རྡོ་ནང་བཞིན་ཁའི་ནང་དུ་མུར་ནས་སྡོད་ཨ་ལོ། །
གནམ་ཐར་རྒྱལ་ལགས་ཁམས་བཟང་།
ཁྱེད་ཀྱིས་ངེས་གཏན་མེད་ལ།ཁུངས་ལུང་དེ་བས་མེད་པའི་ཚིག་རྫོབ་དང་ཡིག་རྫོབ་གང་སྤུངས་ནས་སྤྱི་ཚོགས་འདིར་དཔོན་འབངས་དབར་ཡིད་ཆེས་ཤོར་རྒྱུའི་བྱ་འགུལ་དེ་འདྲ་བརྩམས་དགོས་དོན་གང་ཡིན་ནམ།ཁྱེད་ཀྱིས་བོད་ནང་རང་ལུས་མེར་གཏོང་མཁན་ཚོའི་རྣམ་ཤེས་བདེ་བར་གཟིམ་བཅུག་འདོད་མེད་དམ།བྱས་ན་ཁྱེད་ཀྱིས་བཙན་བྱོལ་སྤྱི་ཚིགས་འདིར་གྲུབ་འབྲས་ཡོད་པའི་ལས་དོན་ཞིག་ལོ་ག་ཚོད་བྱས་སམ།ཁྱེད་རང་བོད་ནང་དགྲ་བོར་མགོ་ཞུམ་ནས་བཙན་བྱོལ་བྱོས་ཡོང་།བཙན་བྱོལ་རྒྱ་གར་ནས་དཀྲུགས་ཤིང་གི་བྱ་འགུལ་མང་ཙམ་སྤེལ་རྗེས་ཨིན་ཇིའི་ལུང་པར་བྲོས།ད་དེ་ནས་རང་ཉིད་ཀྱི་འཚོ་གནས་བརྟན་པོ་ཆགས་དུས་བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་རྒྱུའི་བྱ་འགུལ་ཡང་བསྐྱར་བརྩམ་རྩིས་བྱས་ཀྱང་ཁྱེད་ཚོའི་རེ་བ་བསྒྲུབ་ཀྱི་མ་རེད།
ཁྱེད་རང་གི་རྩོམ་རྫོབ་འདིའི་ནང་དོན་མང་ཆེ་བ་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་ཏན་ཏན་བརྗོད་རྒྱུ་མེད་པར་མང་ཆེ་བ་དོག་སློང་དང་རྒྱུ་མཚན་མེད་པར་གཞི་གཅིག་རེད།མི་འདི་འདྲས་ཀྱིས་ཉིན་གཅིག་༧གོང་ས་མཆོག་གི་གསང་གསུམ་མཛད་འཕྲིན་ལའང་དོན་མེད་དོག་སློང་བྱས་ནས་མི་སེམས་འཁྲུགས་བཅུག་རྒྱུའི་ཉེན་འགན་ཆེ།དེ་མིན་བོད་གཞུང་ཉག་ཕྲ་བའི་སྐབས་ལ་ལོ་ངོ་སུམ་བཅུ་སོ་གྲངས་རིང་གཞུང་དམངས་ལ་ལྷག་བསམ་གཡོ་བ་མེད་པའི་ཞབས་འདེགས་བསྒྲུབ་མཁན་གྱི་ཤེས་འཇོན་ལྷག་གསུམ་ལྡན་པའི་གང་ཟག་ཞིག་ལ་སྐྱོན་དང་ནོར་འཁྲུལ་དྲངས་རྒྱུ་མེད་བཞིན་དུ་དོན་གྱི་དོག་སློང་དེ་ལྟར་བྱེད་དོན་ཅི་ཡིན་ནམ།ངས་བལྟས་ན་རྩོམ་རྫོབ་འདི་བྲིས་དགོས་པའི་ཀུན་སློང་གཉིས་རེད།
ཡང་ན་དགྲ་བོའི་མགྲིན་ཚབ་པ་བྱས་ནས་རང་རེའི་ཞོ་ལྟར་ཆགས་པའི་སྤྱི་ཚོགས་འདི་ཁྲག་ལྟར་དཀྲུགས་རྒྱུའི་ལས་འགན་ཞིག་འཁྱེར་འདུག་དེ་མིན་ན་བདེ་སྲུང་བཀའ་གཞུང་སེམས་དྲང་བས་རང་ཉིད་སྒེར་གྱི་གྲོད་ཁོག་གི་ཁེ་ཕན་གང་ཞིག་བཀའ་བློན་གྱིས་ཁས་ལེན་མ་བྱས་པའི་སྟབས་དེ་ལྟར་རྩོམ་རྫོབ་འདི་འདྲ་འགན་འཁྲི་མེད་པར་སྤྱི་ཚོགས་འདི་ཁ་འཐོར་དགུ་འཐོར་ལ་གཏོང་རྒྱུའི་འབར་མདེལ་ཞིག་འཕེན་པ་གསལ་པོ་རེད།
ང་ཚོས་བསམ་བློ་ཐོངས་དང་སྤྱི་ཚོགས་དཀྲུགས་རྒྱུའི་བརྗོད་གཞི་འདི་དང་།ཉེ་སྔོན་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལ་དམའ་འབེབས་ཀྱི་བརྗོད་གཞི་གསར་པ་ཞིག་ངོ་དེབ་དང་དྲ་རྒྱའི་འགྲེམ་སྤེལ་བྱེད་བཞིན་འདུག་པར་ང་ཚོ་བོད་རིགས་བསམ་ཡོད་ཚང་མས་བློ་རྩ་བརྟན་པོ་བྱས་ནས་དགྲ་བོའི་དཀྲུགས་ཤིང་གིས་མགོ་འཁོར་འོག་མ་སོང་བར་བྱོས་དགོས།
བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཚང་མས་མགྲིན་གཅིག་ཏུ་རང་རེ་བོད་རིགས་ཚང་མ་མཐུན་སྒྲིལ་རྡོ་རྩ་ཆིག་སྒྲིལ་དགོས་རྒྱུའི་ཞལ་ཆེམས་བཞག་ཡོད་ཀྱང་།བཙན་བྱོལ་སྤྱི་ཚོགས་འདིར་འགན་འཁྲིའི་འདུ་ཤཻས་མེད་པའི་མི་ངན་སྐོར་ཞིག་གིས་དུས་ནས་དུས་སུ་སྤྱི་ཚོགས་དཀྲུགས་རྒྱུའི་བརྗོད་གཞི་གསར་པ་རེ་དྲ་རྒྱའི་ནང་འགྲེམ་སྤེལ་བྱས་པ་དང་།ཁ་སྟོང་ཚིག་སྟོང་གི་གདུང་སེམས་མཉམ་སྐྱེད་རྐྱང་བྱས་ནས་དོན་དངོས་རྒྱལ་གཅེས་དཔའ་བོ་ཚོའི་མཐུན་སྒྲིལ་གྱིས་ཤིག་གསུངས་པའི་ཞལ་ཆེམས་ཀྱི་དྲོད་མ་ཡལ་གོང་ནས་སྤྱི་ཚོགས་སྟོར་རྒྱུའི་སྦྱོར་ངན་གཞི་གཅིག་རྩོམ་བཞིན་པ་དེ་ངོ་མ་རྒྱལ་གཅེས་དཔའ་བོ་དམ་པ་ཚོར་ངོ་གནོང་སྐྱེས་འོས་པ་ཞིག་རེད་ཨང་
།རྒྱལ་གཅེས་དཔའ་བོ་དམ་པ་ཚོ།
དཔའ་བོ་དམ་པོ་ཚོ།
ཁྱེད་ཚོའི་ཞལ་ཆེམས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནས་རྡོག་རོལ་བཏང་སོང་བས་དགོངས་པ་དྭངས་པ་གནང་རོགས།
རྒྱལ་གཅེས་དཔའ་བོ་ཚོ་ཁྱེད་ཚོའི་རྣམ་ཤེས་བདེ་བར་གཟིམ་རོགས།
ཁྱེད་ཚོའི་ཞལ་ཆེམས་ལག་ལེན་འཁྱོལ་རྒྱུར་དམ་བཅའ་བཞག་རྒྱུ་ཡིན།
ང་ཚོས་ནང་ཁུལ་གྱི་མཐུན་སྒྲིལ་ལ་སྟོར་བཤིག་གཏོང་མཁན་གྱི་རུལ་སུང་བར་མུ་མཐུད་ནས་འཐབ་རྩོད་བྱེད་ངེས་ཡིན།།
ཨ་བུ་རྒོད་པོ་ཁྱེད་ཀྱིས་རྡོ་རྩོམ་ཡིག་འབྲི་མཚམས་བཞག་པ་ཡག་པོ་བྱུང་སོང་མ་གཏོགས་སང་ཉིན་འབྲོད་ཆུང་ངུ་ཁོ་ཐག་ཡིན། ངོ་མ་ཁྱེད་ཀྱིས་མཚམས་འཇོག་ཚོད་ཧྲ་ཐལ། ཐུགས་རྗེ་ཆེ་ལོ།
རྣམ་ཐར་རྒྱལ་ལགས་ཀྱིས་ངོ་བོའི་གནས་ཚུལ་གསུངས་པ་ལ་རྒྱབ་བསྐྱོར་ཡོད། གནས་ལུགས་ཀྱི་མདུན་ནས་སུ་ལའང་དམིགས་བསལ་མེད། བཙན་པོའི་བུ་ཟེར་བ་འདི་གནས་ལུགས་ལ་རྒྱབ་སྟོན་མཁན་ཞིག་ཡིན་པ་འདྲ།
སྐུ་ཤོགས་ཚོ་བཙན་པོས་ངོ་ནས་ཡག་པོ་ཞེ་དྲག་གསུངས་སོང་དྭ། སེམས་ལ་ཉར་ལོ། ཨམ་སྐད་མ་བརྒྱག་ལོ། ང་ལ་ཕྲག་དོག་ཡོང་གི། ཨམ་སྐད་བོད་སྐད་མ་རེད་དྭ། དེ་ལས་རྒྱ་སྐད་བརྒྱབ་ལོ། ངོ་ནས་ཡིན་དྭ།
རྣམ་ཐར་རྒྱལ་ལེགས་ལ་རྒྱབ་བསྐྱོར་ཡོད་ཐུགས་རྗེ་ཆེ། དེ་ལྟར་དོག་སྣང་གནང་ན་མ་གཏོགས་འགྲོ་བདེ་འདུག་སྐྱིད་གྱི་ཉིན་མཚན་འདས་ནས་ཁ་ཡག་སྤྱོད་བཟང་དང་བཤད་ཡ་གཏམ་ཡ་མེད་པ་ཞིག་གི་ངང་ནས་དཔའ་བོས་ཁྲག་རྗེས་རྡོ་ལ་ཐིམ་པའི་ཉེན་ཁ་འདུག་ཡ་ཨ་ཧོ་ཧོ་ཧོ།
ཚང་མ་ཀུ་རེ་ཧ་ཧ་ཧ་ཧ་ཧ།
ཁ་བརྡའི་ནང་གི་མི་མང་པོ་ཞིག་རྒྱ་མིའི་གསང་ཉུལ་རེད་ཅེས་སྐད་འཕྲིན་ནང་ལ་བཤད་ཀྱི་འདུག ངོ་མ་གཟབ་དགོས་ཚོད་རེད།
ཁ་བརྡའི་ནང་ཡོང་མི་ཚང་མ་དོན་མེད་དུ་ཡོང་པ་ཞིག་ཡིན་གྱི་མ་རེད་ལ་དབྱེན་དཀྲུག་པ་ཞིག་དེ་བས་ཀྱང་ཡིན་སྲིད་ཀྱི་མ་རེད། འོན་ཀྱང་དེང་སང་ང་ཚོའི་སྤྱི་ཚོགས་ནང་རང་གཞུང་གི་མཛད་གཙོ་རྣམ་པར་གཞི་མེད་སྐྱོན་འཛུགས་དང་དོན་མེད་སྙོག་གླེང་བཟོ་མཁན་རིགས་ལ་བསམ་བློ་བ་དང་སྔོན་མཐོན་བ་སོགས་མདོར་ན་གོང་གི་མིང་བྱང་དེ་དག་གི་བྲི་མ་ཙམ་ཡང་མེད་པའི་མི་ངན་རེ་ཟུང་ལ་ལ་བླུན་པོ་ཆུ་སྣ་གར་ཁྲིད་འགས་བསྟོད་ཁུལ་བྱེད་ཀྱི་ཡོད་པ་དེས་སྨྱོན་པ་དེ་རིགས་ཀྱིས་མུ་མཐུད་ནས་སྨྱོ་ལབ་རྒྱག་གི་ཡོད། དེ་ནི་དེང་སང་སྤྱི་ཚོགས་ནང་ཀླད་པ་འཆོལ་བའི་མི་རེ་ཟུང་གིས་རང་ཉིད་བརྙན་འཕྲིན་ནང་མཐོན་ཆེད་མི་གསོད་ཀྱི་བྱ་བ་བརྩམས་པ་དང་གཅིག་མཚུངས་རང་རེད། གནས་ལུགས་དང་རྒྱུ་མཚན་ཡོད་ན་གཞི་མེད་ཀྱི་སྐྱོན་འཛུགས་བྱ་རྒྱུའི་ཚབ་ཏུ་དཔང་རྟགས་རང་བཞིན་གྱི་གནས་ལུགས་སྤུང་དགོས་པ་ལས་ལོང་བཤད་ཀྱི་ཅི་ཕན། ངས་ཁྱོད་རང་ལ་ལོ་རྒྱུས་ཀྱི་བྱུང་བ་ཞིག་བཤད་ཆོག དེ་སྔོན་ཨ་རི་དང་རྒྱ་ནག་གཉིས་འབྲེལ་ལམ་ཐོག་མར་འགོ་འཛུགས་བྱེད་པའི་རྒྱུད་རིམ་ནང་སྐབས་དེའི་སྲིད་འཛིན་ནིག་སན་དང་ཕྱི་སྲིད་དྲུང་ཚེ་གཉིས་ཀྱིས་མ་གཏོགས་ཐ་ན་དྲུང་ཆེའི་ལས་རོགས་ཀྱིས་ཀྱང་ཨ་རིས་གཞུང་གིས་རྒྱ་ནག་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་ཐོག་མར་ཤེས་རྟོགས་ཐུབ་མེད། ཁྱེད་རང་ཡིད་མ་ཆེས་ན་ལོ་རྒྱུས་ཀློགས་ཤིག་དེ་བས་དབྱིན་ཇི་མ་ཤེས་ན་མི་གཞན་ན་དྲིས་ཤིག དེ་དུས་ཁྱོེད་ཀྱིས་གསལ་པོ་ཤེས་རྟོགས་ཁ་པོ་རེད།
མི་འདི་ཚོར་བཤད་རྒྱུ་མང་པོ་འདུག་ག་་་བདེ་སྲུང་ལ་གསང་བ་ག་ཚོད་ཅིག་ཡོད་མེད་ང་ཚོ་ཚང་མས་ཤེས་ཐུབ་པ་ཆགས་ན་དེ་གསང་བ་ཨ་ཡིན།། གོང་གི་འདི་ཡང་བདེ་སྲུང་ནས་ངོ་སྦྱོར་ཡི་གེ་འདྲ་བོ་ཞིག་མ་རག་པར་བྲིས་ཡོད་ཚོད་འདུག་་་
རང་གིས་རང་ལ་བྱིན་གྱིས་རློབས།།
རྐང་པས་མགོ་ལ་བྱིན་གྱིས་རློབས།།
རེད་ཡ་རྣམ་མཐར་རྒྱལ་བདེན་ནི་རེད། ད་ནས་བཟུང་ཏེ་བདེ་སྲུང་བཀའ་བློན་དང་བཀའ་ཤག་གི་བསང་བས་ལས་དོན་གང་ཡོད་གསར་ལམ་དག་ཏུ་བཀོད་དགོས་པ་འདྲ། །དེ་མ་བཀོད་ན་དྲ་དཀྲུག་འདི་ཚོས་དམིགས་ཡུལ་འཆོར་འགྲོ་བ་འདྲ།
རྩོམ་སྤེལ་པ་འདིས། དང་པོ། ཀུན་སློང་མི་གཙང་། གཉིས་པ། གམིགས་འབེན་དཀྲུགས་ཤིང་། གསུམ་པ། མུན་ནང་མདའ་འཕེན། བཞི་པ། གཞི་མེད་འུད་གཏམ། ལྔ་པ། རྒྱ་དམར་རྒྱུགས་ཁྱི། དྲུག་པ། ཁུངས་མེད་དོགས་འདྲོགས་སོགས་ལས་མ་འདས་སོ།
རྣམ་ཐར་རྒྱལ་ཟེར་བ་འདི་རྒྱ་མིའི་ཕྱོགས་སུ་ལངས་འདུག་ལ།
རྒྱ་གྲོལ་གངས་རི་ཟེར་བ་འདིའང་རྒྱ་མིའི་ཕྱོགས་སུ་ལངས་འདུག
དོན་དག་ཁོ་གཉིས་ཀ་སྤུན་མཆེད་རེད།
དྲ་འབུ་ནི་དྲ་འབུ་རང་རེད། ཁྱོད་ཚོས་དོན་དངོས་ཀྱི་གནད་ཅི་ཡང་མ་ཐེ་བར་དད་རྐྱང་དང་སྒུར་རྐྱང་བྱས་པའི་འབྲས་བུར་བོད་ཚད་འདི་ལ་བསྐྱལ་བ་རེད། སྔོན་ཆད་ཀྱང་ཅིག་བྱས་ཡོད་མདོག་མདོག་དོན་ལ་ཅི་ཡང་མི་བྱེད་པ་དག་གིས་བོད་བསྐྱལ་བ་ལས་ང་ལྟ་བུའི་སྨྱུག་འཛིན་པ་སུ་གང་གིས་ཀྱང་བོད་བཙོང་མྱོང་ནི་མ་རེད་ལ། མ་འོངས་པར་ཡང་བཙོང་གི་མ་རེད། ང་དང་ང་འདྲ་བ་ཚོ་སྔར་ཡང་མུན་ནག་གི་ནང་ལ་གནས་ལུགས་ཀྱི་སྐད་ཆ་འོད་འཚེར་བ་རེའི་ཆེད་དུ་བཞུང་ཟིན་པ་རེད་ལ། མ་འོངས་པར་ཡང་གདམ་ག་དེ་རང་ལ་བསྐྱོད་ངེས་རེད།
རེད་ཁྱེད་ཅག་གིས་བདེ་སྲུང་བཀའ་བློན་གྱིས་བྱས་བྱས་བོ་གསང་བ་བྱེད་དགོས་ཟེར་ན་དེ་ལས་ནོར་བ་ཅི་ཞིག་ཡོད། ས་བྱི་ཞི་རྒོལ་ཆེན་མོ་དེ་བཞིན་མེར་བསྲེགས་ཆེན་མོ་སོགས་གང་གི་སྐབས་ལའང་བདེ་སྲུང་ནས་ཐོན་པའི་བོད་གནས་རེ་ཁྱེད་ཅག་ལ་སྟོན་རྒྱུ་ཨེ་ཡོད། ་སྔོན་ཆད་༡༩༨༩ ལོའི་ལྷ་སའི་ཡར་ལངས་སྐབས་སུ་བོད་གནས་ཇི་ལྟར་ཡར་བླངས་འདུག ད་དུང་འུ་ཚོས་མེར་བསྲེག་དཔའ་རྒོད་ཚོའི་འདྲ་པར་ཙམ་ཡང་ཁམས་གཙང་རེ་ཡར་ལ་ཐོན་མེད་འདི་ཅི་བྱུང་བ་རེད། བརྡ་འཕྲིན་དུས་རབས་འདི་ལྟ་བུ་ཞིག་ལ་མི་ཞིག་གི་པར་ལེན་རྒྱུ་ནི་དེ་འདྲའི་དཀའ་མོ ཞིག་ཨེ་ཡིན།
སྣེ་ལེན་ཁང་གི་གསར་འབྱོར་བ་ཚོའི་ཁ་རེ་སྔོག་ནས་དེའི་བོད་ནང་གི་གནས་ཚུལ་ལ་སྡོམ་བརྒྱབ་ན་དེ་ལས་རྩིང་བ་ཞིག་གང་ན་ཡོད།
ད་ལོའི་སྤྱི་འཐུས་ཀྱི་གསར་འགོད་གསལ་བསྒྲགས་གཅིག་གཉིས་ཤིག་གི་ནང་མི་མ་ཤི་བ་ཤི་བའི་སྐོར་གྱི་བསྒྲགས་གཏམ་སྤེལ་སོང་། འདི་གང་ལ་ཐུག་པ་རེད།
ཅང་མི་ཤེས་ན་ཁ་བཙུམ་བསྡད་ན་ཡག་གི་རེད། སྔོན་ཆད་སྐུ་ཚབ་ལའང་ཁྱོད་ཚོས་དག་སྣང་སྦྱང་སྦྱང་ཐ་མ་ད་ཅི་བྱས་སོང་། ཕུ་ཐུང་སྤྲུག་ནས་ཕྱིན་སོང་ང་། རྒྱ་རིས་ལོ་སུམ་ཅུ་ཐམ་པར་ལས་ཀ་ཅི་བྱས་འདུག རྩིས་རྒྱག་དགོས་པ་རེད། མང་གཙོའི་སྤྱི་ཚོགས་ནང་ལ་དཔོན་རིགས་ཀྱི་ལས་དོན་མི་མང་གིས་མ་ཤེས་ན་དེ་ནི་ཁྲིམས་འགལ་རེད། བདེ་སྲུང་གི་ལས་ཀ་གསང་བ་ཡིན་ཟེར་ན་བོད་གཞུང་ལ་མཚོན་ན་ཁྲིམས་འགལ་མ་རེད་དམ། ང་ཚོ་ཕྱི་གསལ་ནང་གསལ་ཡིན། རྒྱ་ནག་གི་དཔོན་རིགས་ཚོ་ཤོག་ལ་ང་ཚོའི་ནང་སྔོག་ཞོག ང་ཚོ་ལ་གསང་བ་གང་ཡང་མེད་ཅེས་༸ཡང་ནས་བསྐྱར་དུ་གསུངས་པ་མི་དྲན་ནམ། བྱས་པ་གསང་ན་འགྲིག་མོད། ཅི་ཡང་མ་བྱས་བར་གསང་ཡོད་མདོག་གི་བསྡད་ན་དེ་ནོར་བ་རེད་ལ།
འབྲི་མཁན་འདི་ལ་ཆ་རྐྱེན་མ་ཚང་བའི་དབང་གིས་འཚོ་གཟིགས་ཀྱི་ཐོབ་ཐང་རག་མེད་པ་ཐག་ཆོད། གོང་གསལ་བྲིས་པ་དག་ནི་ཨ་རིའི་དབུས་གསང་བ་ལས་ཁུངས་ཀྱི་འགོ་གཙོར་ཁྱེད་རང་གིས་སྲིད་འཛིན་དང་། ཨ་རི་གཞུང་ལ་ག་རེ་ག་རེ་ཞུ་གི་ཡོད། ཁྱེད་ཚོས་རྒྱ་ནག་གི་གནས་ཚུལ་ག་ཚོད་ཤེས་ཀྱི་ཡོད་ཅེས་དྲིས་པ་མཚུངས་པས། ནང་དོལ་ལ་ཆོ་མི་འདུག བྱས་ཙང་འདིར་འབྲི་མཚམས་བཞག་གི་ཡིན།
བདེན་པ་ནི་དུས་ནམ་ཡང་བདེན་པ་རེད།
རྫུན་མ་ནི་དུས་ནམ་ཡང་རྫུན་མ་རེད།
བདེན་རྫུན་གང་ཡིན་པ་སྤྱི་ཚོགས་ཐོག་ནས་ཁ་གྲག་གི་རེད་ལ་།
གནམ་ཐར་རྒྱལ། རྒྱ་ནག་གཞུང་། དོལ་རྒྱལ་ཚོགས་པ། སུ་ལ་ཆ་འཇོག་དགོས་པ་རེད་དམ། རྒྱ་ནག་གཞུང་དང་དོལ་རྒྱལ་ཚོགས་པས་རྒྱུན་དུ་བརྗོད་ཡས་ལ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་བདེ་སྲུང་ནང་ཡོད་པ་ཙམ་གྱི་མི་འགྲིག་ཟེར། གནམ་ ཐར་རྒྱལ་གྱིས་ཟེར་ན། འབྲོང་ཆུང་དངོས་གྲུབ་ཀྱིས་གང་ཡང་བྱ་གི་མི་འདུག་ཟེར། ཐ་ན་དམིགས་བསལ་དུ་དོལ་རྒྱལ་ཚོགས་པའི་སྐོར་ཡང་ཡང་བཏོན། རྒྱུ་མཚན་དེ་རེད་ཅེས་དམིགས་བསལ་མི་འདུག་ཀྱང༌། རྡོ་ནང་བཞིན་ལངས་ཕྱོགས་མཁྲེགས་བཟུང་གིས་དབུས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་ཞུས་པ་དེ་འགྲིག་གི་མི་འདུག་ཟེར་བའི་འདྲི་བ་འདི་གཞི་ནས་རྙེད། དོལ་རྒྱལ་ཚོགས་པས་དབྱིང་ལན་དུ་ག་རེ་བྱེད་ཀྱི་འདུག གནམ་ ཐར་རྒྱལ་ཁྱོད་དབྱིང་ལན་དུ་ཡོད་ན་ཁྱོད་རས་ཁོང་ཚོས་ག་རེ་བྱ་གི་ཡོད་པ་ཅི་ཤེས་པ་འདིར་བཀོད་ཐུབ་ན་ཡག་པོ་འདུག བདེ་སྲུང་་བཀའ་བློན་ནས་གང་ཡང་མ་ཤེདས་པ་འདི་ཁྱོད་ལ་སྙན་སེང་མ་ཞུས་ཙང་རེད་པས། ཡིན་གྱི་མ་རེད། དུས་དེང་སང་རྒྱ་མི་དང་དོལ་རྒྱལ་ལག་དང་སྦྲེལ། རྒྱ་མིའི་མྱུལ་མ་དང་བོད་མིའི་ལས་མེད་ལག་དང་སྦྲེལ། བར་སེང་ནས་ཨ་སྒོར་དང་ཡུ་སྒོར་གྱི་ཆར་པ་ཕབ། ལས་མེད་ཚོ་ལྟོ་གོས་རྙེད། དུས་ཚོད་ཀྱི་ཁོམ་པ་དྲ་རྒྱའི་ལུས་ལ་འཁྱུད་དེ། རྐང་འཁྲབ་ལག་འཁྲབ་ཀྱིས་དཀྲུགས་ཤིང་གི་སྒོ་མོ་ཕྱེ། གང་ཡང་མ་བྱེད་མཁན་རྡོ་ནང་བཞིན་ཡོད་པ་མཐོང་མཁན་ག་ཚོད་ཙམ་ཡོད་པ་རེད་དམ། ཕལ་ཆེར་ཁྱོད་ལ་བདེ་སྲུང་བཀའ་བློན་གྱིས་རྒྱབ་གཉེར་ཞིག་མ་སྤྲད་པ་འདྲ། ལོ་རྒྱུས་རྫུན་མ་བཤད་ན་སུས་སྤྲད་ཀྱི་རེད། སེམས་མ་ཕམ། ད་དུང་དེ་ལས་སྡུག་པ་དེ་འདྲ་འབྲི་རྒྱུ་མི་འདུག་གམ། ད་རེས་འདིར་ཡུ་སྒོར་རེད་དམ་ཨ་སྒོར་རེད། དོ་སྣང་བྱ་མཁན་དེ་ཙམ་མི་འདུག་ག ངས་ཀྱང་མཆན་ཞིག་བྲིས་ཡོད་པས། ང་ལའང་བགོ་བཤའ་རྒྱབ་རོགས། ཧ་ཧ་ཧ་
གནམ་ཐར་རྒྱལ་ལགས། ཁྱེད་ཀྱིས་གསང་བ་ཤེས་མེད་པ་ག་འདྲས་ཤེས་སོང་། བདེ་སྲུང་བློན་ཆེན་གྱི་གསང་བ་ཡོད་ཚད་ཕྱིར་སྒྲགས་བྱས་ན་གཞི་ནས་འཇོན་པོ་དང་། གྲུང་པོ་བརྩི་བ་ཡིན་ནམ། དེ་ནི་ལྐུག་པའི་གཏམ་རང་རེད། བདེ་སྲུང་ནི་བདེ་སྲུང་ཡིན་ལ། རྒྱལ་བའི་སྐུ་ལ་སྲུང་བྱ་གཙོ་བོ་བྱེད་མཁན་ཡིན། དེ་ནི་རྒྱལ་བ་རིན་པོ་ཆེ་ད་ལྟ་འཛམ་གླིང་འདི་ཡི་གོང་དུ་སྐུ་མཚན་དཔེ་གཟི་བྱིན་ལྷམ་མེར། གསུངས་ཚངས་དབྱངས་སྙན་འཇེབས་ལྷང་ངེར། ཐུགས་འཁྲུལ་མེད་ཀ་དག་ལྷང་ངེར་བཞུགས་པ་འདི་ཉིད་བདེ་སྲུང་གི་བཀའ་དྲིན་ཡིན་ལ་གྲུབ་འབྲས་ཀྱང་ཡིན། བདེ་སྲུང་གིས་མ་འཇོན་པ་ཞིག་ཡོད་ན་ཁྱོད་ཀྱིས་ཤོད་དང་།
རྩོམ་ཡག་གི་སྐབས་བབ་ཀྱིས་ཚིག་རེད་་་་་
བདེ་སྲུང་བཀའ་བློན་དངོས་གྲུབ་ལགས་ནི་ལོ་རབས་མང་པོར་རང་ཚུགས་མ་ཤོར་བར་སྒམ་པོའི་གཟུགས་སུ་སྤྱི་དོན་སྒྲུབ་ཡོད་པས་སྐད་ཆ་ཁུངས་ལུང་མེད་པ་འདིར་བཞད་བགད་ཀྱི་ཚུལ་དུ་བཞུགས་ངེས་རེད།
ཁ་བརྡ་དྲ་བ་ནི་བོད་ཡིག་ཐོག་རང་གི་བསམ་ཚུལ་སྤེལ་སའི་དྲ་བ་ལེགས་གྲས་ཤིག་རེད། འོན་ཀྱང་བར་ལམ་ནས་དྲ་བ་འདིའི་ཐོག་ཁུངས་ལུང་བདེན་མེད་ཀྱི་ཡིག་འཁྱར་དང་མཆན་གང་འཚམས་ཞིག་ཐོན་སོང་བས། འདིའི་ཐད་རྩོམ་སྒྲིག་པས་ངེས་པར་དུ་བསྐྱར་ཞིབ་ཅིག་གནང་དགོས་པར་མཐོང་།
ང་ཚོས་རང་དབང་ངང་རང་གི་བསམ་ཚུལ་བཤད་ཆོག་རུང་། གཞན་ལ་གཞི་མེད་ཀྱི་དཀྲོག་གཏམ་བཟོ་བའི་རང་དབང་ཟེར་བ་ཞིག་ག་ལ་ཡོད། གལ་ཏེ་བདེ་སྲུང་ནས་རྩོམ་ཡིག་འདིའི་སྐོར་ཞིབ་དཔྱོད་ཅིག་བྱས་ཚེ། ཁ་བརྡའི་དྲ་བདག་གིས་ལན་གསལ་པོར་འདེབས་རྒྱུར་གྲ་སྒྲིག་ཅིག་ཨ་ཡོད་ན།
འདི་འདྲ་རང་མ་ཤོད། བདེ་སྲུང་བཀའ་བློན་འདི་དང་ནང་སྲིད་བཀའ་བློན་འདི་གཉིས་མེད་ན། བོད་མིའི་སྒྲིག་འཛུགས་རང་ཚུགས་ཤོར་ཚར་ཡོད། མི་འདི་གཉིས་ཀྱིས་གནམ་འདེགས་ཀ་བ་བྱས་ཡོད་པ་ཤེས་པར་གྱིས།
རྣམ་ཐར་རྒྱལ། མེ་སྲེག་གཏོང་མཁན་ཚོའི་སྐུ་དཔར་ཁམས་གཙང་མ་ཐོན་པ་དེ་བདེ་སྲུང་གི་བྱེད་ཉེས་རེད་ཟེར་ན་ཏག་ཏག་ཨེ་ཡིན། ད་དུང་རྒྱ་ཕྱོགས་ཀྱི་སྲིད་འཇུས་འཛིན་སྟངས་ལ་བསམ་བློ་གཏན་ནས་མི་བཏང་བར། སྐུ་ཚབས་ཚོས་མ་འཇོན་པ་ཀྱང་བཤད་པ་དེ་ཡང་མིག་ཡ་བཀབ་པའི་ལྟ་སྟངས་ཤིག་ལས་ཅི་ཡང་མིན་ནོ།།
དབུས་བོད་མིའི་སྒྲིག་འཛུགས་ལ་གསང་བ་མེད་པ་ཕྱི་གསལ་ནང་གསལ་ཡིན་པ་སྨྲོས་མེད་རེད། འོན་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ང་ཚོ་ག་དུས་ཡིན་ཡང་དེ་འདྲ་རེད། གཞན་ཞིག་གིས་ག་རེ་བྱས་ཡོད་མེད་ལ་སྔོག་བཤེར་བྱེད་རྒྱུ་ལས་རང་གིས་ག་རེ་བྱས་མྱོང་ཡོད་མེད་དང་། ག་རེ་བྱེད་ཀི་ཡོད་མེད་ལ་བསམ་བློ་ཁྱོན་ནས་གཏོང་གི་མ་རེད། སྐྱོན་ཚང་མ་གནད་འདི་ནས་ཡོང་གི་ཡོད་པ་རེད།
བཀའ་བློན་འབྲོང་ཆུང་གིས་ག་རེ་བྱས་ཡོད་མེད་ལ་རྩོད་པ་རྒྱག་རྒྱུ་ལས་ཁྱོད་རང་ཉིད་ཐེ་བའི་ང་ཚོ་བཙན་བྱོལ་མི་མང་གིས་ག་རེ་བསྒྲུབ་མྱོང་། དེ་བཞིན་ཁྱོད་ཚོ་ཕྱི་རྒྱལ་ཡོད་ཟེར་མཁན་ཚོས་ག་རེ་བསྒྲུབ་མྱོང་ཡོད། ཡོད་ཚད་ང་རང་ཉིད་ཐེ་བའི་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་མ་འཁྱོངས་པ་རེད། དེའི་ནང་དུ་ཁྱོད་ཀྱང་ཚུད་ཡོད་པ་རེད་ལོ།
བདེ་སྲུང་བཀའ་བློན་བྲོང་ཆུང་དངོས་གྲུབ་ཟེར་མཁན་འདི་ད་ལྟ་དང་འདས་ཟིན་པའི་བཀའ་བློན་ཚང་མའི་གྲས་ནས་བོད་ཕྱི་ནང་གཉིས་ཀར་ཡིད་ཆེས་གདེངས་འཇོག་ཐུབ་པའི་མི་ཞིག་ཡིན་བཟོ་འདུག སྐྱོན་འདི་རེད་ཟེར་བ་རྩ་བ་ནས་བཏོན་རྒྱུ་མི་འདུག ཁོ་གནམ་ཐར་རྒྱལ་ལམ་གནམ་ཐག་རྒྱག་རྒྱུ་ཁོ་སུ་ཡིན་ནའང་སྐྱོན་འཚོལ་ས་མེད་གཏན་རེད་འདུག མིག་རྒྱ་ཆེ་ཙམ་ཁ་ཕྱེ་སྟེ་ཕར་ཚུར་མང་ཙམ་ལྟོས། རྒྱ་མིའི་མྱུལ་མ་མང་པོས་ཁ་གཅིག་ནས་གྲགས་པ་དེ་འབྲོང་ཆུང་དངོས་གྲུབ་ཀྱིས་ཚང་མ་ཤེས་ཀྱི་རེད་ཅེས་འཇིགས་སྣང་བྱ་གི་འདུག་ཟེར། མི་མང་དུང་ཕྱུར་བཅུ་གསུམ་ལ་ཁ་གཏད་ནས་ལས་ཀ་བྱ་མཁན་དེ་ཚོས་སྐྲག་སྣང་བྱེད་པའི་དུས་སུ་ཁྱོད་གཞན་ཡུལ་དུ་རང་ལྟོ་ཁ་འཕྱི་ཙམ་བྱ་མཁན་ཟ་ཁང་ནང་མི་གཡོག་རྒྱུགས་མཁན་ཞིག་ནས་མི་ཆེན་འདི་ལ་དེ་འདྲའི་སྐྱོན་འཛུགས་བྱ་འདོད་བྱེད་པ་ནི་ལྐུག་པ་ངོ་མ་དེ་རེད། ཧ་ཧ་ཧ་ཧ་ཧ་
བཀའ་བློན་འབྲོག་ཆུང་དངོས་གྲུབ་ལགས་ནི་སྔ་ཕྱི་བར་གསུམ་དུ་ལྷགས་བསམ་རྣམ་དག་དང་། དཔའ་ངར་ཞུམ་མེད། སྙིང་སྟོབས་ལྷོད་མེད་ཡིན་པ་ཤེས་པར་བྱོས་ཤིག་དྲ་འབུའི་ཚོགས།
གནམ་ཐར་རྒྱལ་གྱིས་གཞི་མེད་སྐྱོན་འཛུག་ཞིག་བྱས་བ་ཡིན་ན། དེ་ནས་དྲ་འབུ་ཆོ་ཡོང་ནས་འབྲོང་ཆུང་དངོས་གྲུབ་དམུར་གི་རེད་བསམ་ཡོད་པ་རེད། ཡིན་ན་ཡང་ད་རེ་དྲ་འབུ་འདི་ཚོས་རང་གིས་རང་མགོ་མི་རྡུང་རྒྱོ་ཤེས་འདུག་གི་ཨ། དེ་ཡག་པོ་རེད།
མི་རང་ཚུགས་རྩ་བ་ནས་མེད་པའི་རྣམ་དག་སྐྱག་ཕིག་ཕིག་ཁོས། ལྷག་བསམ་དང་སྙིང་སྟོབས་རྡོ་ལྟར་འཁྲེགས་པའི་སྐུ་ངོ་འབྲོང་ཆུང་ལ་མཚན་དམོད་བྱས་བཞིན་པ་ལ་བལྟས་ན། ཡིད་སྐྱོ་བཞིན་སྙིང་རྗེའི་ཡུལ་རང་རེད།
གནམ་ཐར་རྒྱལ་ཟེར་བ་དེ་ཕལ་ཆེར་གནས་བསྐོར་ལག་ཁྱེར་ཡོད་པ་ཞིག་ལས་སྐྱབས་བཅོལ་ལག་འཁྱེར་མེད་པ་ཞིགས་ཡིན་ས་རེད།
གནམ་ཐར་རྒྱལ་ ཁྱོའི་སྙིང་ལ་རྒྱལ་གདོན་ཞུགས་མེད་ན་འཆལ་གཏམ་མ་དེ་འདྲ་མ་བཤད། བདེ་སྲུང་སྐུ་ངོ་ཚང་མིང་དོན་མཚུངས་པའི་གངས་ཅན་པའི་འབྲོང་ཡིན། བོད་ལ་དུང་བ་ཟབ་མི་ཞིག་གིས་བཀའ་བློན་དངོས་གྲུབ་ལྟ་བུའི་མི་གཙང་མ་ཞིག་མཐོང་མ་མྱོང་ཟེར་ནས་ང་ལ་དངོས་སུ་གསུངས་མྱོང་། ཁྱོས་རྒྱ་གཞུང་གི་རྐུབ་ལྡག་ཆེད་ཡིན་ན་་་་་་་་་སྙིང་མ་རྗེ་་་་
ཨ་རོགས་ཁྱོད་ཁ་སང་ཉིན་འགའི་གོང་དེར་བདེ་སྲུང་ལས་ཁུང་གི་སྒོ་དེར་ཡོད་པ་། དེ་རིང་ལོན་ཊོན་ལ་སླེབས་ཚར་བ་ཡིན་ནམ། ངོ་རྫོགས་རྒྱུ་བོ་འདི་མོ་འདི་ལས་རྒྱུར་ངོ་མི་ཚ་འམ།
གནམ་ཐར་རྒྱལ། ཁྱོེད་རང་གི་མཆན་རྫོབ་དེའི་རྒྱབ་ནས་རང་ཉིད་བསམ་བློ་བ་ཞིག་དང་སྨྱུག་འཛིན་པ་ཞིག་ཡིན་ཁུལ་བྱེད་པ་དེ་ནི་ངོ་མ་མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ། ཁྱི་ལ་མཇུག་མ་མེད་ན་འདྲེ་དང་འདྲ་ཞེས་པ་དེ་ཅིས་མི་བདེན། ད་བར་ཁྱོད་རང་གིས་སྨྱུག་འཛིན་པ་བྱས་ནས་ད་བར་བོད་མི་རིགས་འདི་ཉིད་འོད་ཟེར་ལམ་བུར་འཁྲིད་པའི་བྱས་རྗེས་ག་རེ་ཡོད་དམ། ངས་བལྟས་ན་ཁྱོེད་རང་ལ་ཡོད་པ་ནི་རང་རིགས་ཀྱི་དབུ་འཁྲིད་རྣམས་ལ་གཞི་མེད་སྐྱོན་འཛུག་གི་རྩོམ་རྫོབ་ལས་གཞན་གང་ཡང་མེད། དེ་གཅིག་ཡིན། གཉིས་ནས་ཁྱེད་རང་སྨྱུག་ཐོག་པ་ཞིག་མིན་པར་དེ་བས་ནུབ་ཕྱོགས་པའི་ཕུར་པ་འཁྲུ་མཁན་ཞིག་ཡིན་སྟབས་ཕོར་ཐོག་པ་ཞེས་བརྗོད་ན་འོས་པར་སེམས། རེད། འཛམ་གླིང་ཆ་འཕྲིན་དུས་རབས་སུ་བསླེབས་པ་དོན་དངོས་རེད། འོན་ཀྱང་བོད་དེ་ད་དུང་ཡང་རྒྱ་དམར་པོས་མུན་ནག་ནང་བཙུད་ཡོད་པ་ད་དུང་ཡང་ཤེས་ཀྱི་མི་འདུག་གམ། བོད་ནང་གི་སྤུན་ཟླ་ཚོར་དྲག་གནོན་དང་དོགས་གཞི་ཅི་ཙམ་བྱེད་ཀྱི་ཡོད་པ་ཁྱོད་རང་གི་ཤེས་ཀྱི་མི་འདུག་ག ངོ་མ་སྙིང་རྗེ། རྒྱལ་རི་ཚང་གིས་མ་མཐར་རང་ཉིད་འཇོན་ཚད་ལ་གཞིགས་ཏེ་བོད་མི་རིགས་འདིའི་ཆེད་དུ་འབད་བརྩོན་གནང་ཡོད་པ་རེད། དེ་ཁོང་གི་མི་ཆེའི་ནང་གི་སྤོབས་པ་ཡང་རེད། ཁྱོད་རང་གིས་བོད་མི་རིགས་འདིའི་ཆེད་ཅི་ཞིག་བྱས་ཡོད། བོད་རྒྱའི་གནད་དོན་སེལ་བའི་ལྡེ་མིག་དེ་རྒྱལ་རི་ཚང་ལ་ཡོད་དམ། དེ་གཅིག་ཡིན་དེ་ནས་ཁྱོད་རང་གིས་་་་མང་གཙོའི་སྤྱི་ཚོགས་ནང་ལ་དཔོན་རིགས་ཀྱི་ལས་དོན་མི་མང་གིས་མ་ཤེས་ན་དེ་ནི་ཁྲིམས་འགལ་རེད།་་་ཅེས་པའི་སྐད་ཆ་འདིར་ལྟོས་དང་། མ་ཤེས་ན་མ་ཤེས་བ་ལས་དབང་ཆེ་བ་སུ་ཡོད་དམ། ཁྱོད་རང་གི་དཔོན་རིགས་ཀྱི་ལས་དོན་མི་མང་གིས་མ་ཤེས་ན་དེ་ནི་ཁྲིམས་འགལ་ཡིན་ན་སུ་ཁྲིམས་འགལ་རེད། མི་མང་འཁྲིམས་འགལ་རེད་དམ་འགོ་འཁྲིད་འཁྲིམས་འགལ་རེད། མང་གཙོའི་རྒྱལ་ཁབ་ནང་འགོ་འཁྲིད་ཀྱི་ལས་དོན་མི་ཤེས་པའི་མི་མང་ཁྲོ་སྟོང་མང་པོ་ཡོད་པ་རེད། ཁྱོད་རང་བྱས་ན་ཁོ་ཚོ་ཚང་མ་ཁྲིམས་འགལ་རེད་དམ། གྲོགས་པོ་སྔོན་ལ་བོད་ཡིག་ཚིག་གྲུབ་ཡག་པོ་སྦྱོངས། གལ་ཏེ་ཁྱོད་རང་གིས་འགོ་འཁྲིད་ཀྱིས་མི་མང་ལ་འགོ་འཁྲིད་ཀྱི་ལས་དོན་ཤེས་སུ་མ་འཇུག་པ་ནི་ཁྲིམས་འགལ་རེད་ཟེར་ན་འདི་ཡོད་དེ་་་རྒྱལ་ཁབ་ཅི་ཞིག་ཡིན་ཀྱང་སོ་སོར་གསང་བ་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གསང་བའི་ལས་ཁུངས་ཡོད་པ་རེད། བཙན་བྱོལ་གཞུང་ལའན་གསང་བ་ཡོད་ཅོག་གི་རེད། ཕྱི་གསལ་ནང་གསལ་ཞེས་པའི་སྐད་ཆའི་འགོ་མཇུག་མ་ཤེས་པར་ཆིག་དེ་གཅིག་པོ་ཁྱེར་ནས་ལོང་བཤད་བྱེད་པ་ནི་ཁྱོད་རང་ལྐུག་པ་ཡིན་པའི་རྟགས་རེད།
སྔོན་མ་ཞིང་གཤེགས་བདེ་སྲུང་བཀའ་བློན་ལས་རོགས་འཇིགས་མེད་རིན་པོ་ཆེ་དང་རྒྱ་རི་པད་མ་གཉིས་ལ་བདེ་སྲུང་གི་གསང་དབང་ཐོག་ལ་ཐེ་ཝན་གྱི་དངུལ་ལེན་ནས་སྒེར་སྤྱོད་བྱས་སོང་ཟེར་བའི་རྙོག་འདྲ་བཙུགས་པ་རེད། ཁོང་རྣམ་པ་གཉིས་ཀྱིས་དེ་སྤྱི་དོན་ཆེད་དུ་ལས་སྒེར་དོན་མིན། ཞིབ་ཕྲ་ཤོད་ཀྱི་མིན་ཟེར་དུས། ཁོང་གཉིས་ཀྱི་ཆབ་སྲིད་ཁ་གཏད་པ་ཚོས་བཙན་འདེད་བཏང་ནས་མཐའ་མ་ཤོད་དགོས་ཐུག་ཡོད། དོན་ངོ་མ་ཐེ་ཝན་གཞུང་གི་དམག་སྲིད་ལྷན་ཁང་གི་རོགས་དངུལ་གསང་བའི་སྒོ་ནས་ལེན་ནས། བོད་ཀྱི་སྤྱི་དོན་བསྒྲུབས་ཡོད། འོན་ཀྱང་། རྙོག་འདྲ་ཤོད་མཁན་དེ་ཚོས་བོད་གཞུང་གིས་ཐེ་ཝན་དངུལ་ལེན་མི་ཆོག་ཟེར། གཞུང་རང་གིས་ལེན་གྱི་འདུག་ཟེར་བའི་སྒེར་སེམས་ཅན་གྱི་སྐྱོན་འཛུགས་བཏོན།
བོད་གཞུང་གིས་ཐབས་རྒྱ་བྱུས་སྟོང་གིས་ཐེ་ཝན་དམག་སྲིད་ལས་ཁུངས་མཉམ་དུ་འབྲེལ་བ་བཙུགས་ནས་བོད་དོན་སྒྲུབ་རྩིས་བྱེད་པ་དང་། མ་འོངས་པ་ན། རིམ་བཞིན་བོད་ཕྲུག་ཐེ་ཝན་ལ་དམག་སྦྱོང་ལ་གཏོང་རྒྱའི་འཆར་གཞི། དེ་བཞིན་རྒྱལ་བ་རིན་པོ་ཆེ་སྐུའི་སྲུང་ཆའི་སྐོར་ལ་འཕྲུལ་ཆས་གསར་ཉོ་བྱེད་པའི་ལས་གཞི་མི་ཉུང་བ་ཞི་ཡོད་པ་འདི་རྩ་མེད་བཏང་བ་རེད། བྱེད་གཏེ་གཙོ་བོ་རྗེས་མ་རྒྱ་ནག་ལ་བྲོས་ཕྱིན་པ་རེད། བླ་མ་རྐང་ཀྱོག་ཅན་ཟེར་བའི་མི་འདི་སྐབས་དེ་དུས་བྱེད་གཏེ་རེད། ཁོ་རྗེས་མ་ཟི་ཁྲོན་གྱི་ཁྲན་ཏུ་གྲོང་ཁྱེར་ཝོ་ཧོ་ཆུས་ཟེར་བའི་ས་ཁུལ་ཞིག་ལ། རྒྱའི་དམག་མིའི་རྒན་ཡོལ་བ་སྡོད་སའི་གྲོང་ཞིག་གི་ནང་ལ་རྒྱ་གཞུང་གི་ཕོག་སྤྲད་ནས་བཞག་ཡོད།
རྙོག་འདྲ་འདི་བོད་གཞུང་གི་གསང་བའི་ལས་ཀ་མང་པོ་ཞིག་ཕྱིར་བཏོན་དགོས་ཟེར་བ་འདི་རེད།
གོང་གི་རྩོམ་དང་འདི་གཉིས་འདྲ་ས་ཨེ་འདུག།། ངས་མ་ཤེས། ཡིན་ནའང་། རྩ་བ་ནས་འབྲེལ་བ་མེད་པ་མ་རེད་སྙམ། ཇི་འདྲ་རས།
བོད་མི་འགའ་ཤས་ཀྱིས། དམངས་གཙོ་དང་ལས་ཀ་ཕྱི་གསལ་ནང་གསལ་དགོས་རབས་བཤད་ནས། ཐ་ན་བདེ་སྲུང་གི་གསང་བ་ཡང་ཕྱི་ལ་གསལ་བཤད་དགོས་རབས་བཤད་ཀྱི་འདུག །དེ་མི་འགྲིག་པ་རེད། ཀིརྟི་དགོན་པའི་འཇོན་རབས་ཤ་སྟག་མ་སྒྲོག །བྱ་ངན་ཡང་མང་དག་བཤད་ན་བཤད་རྒྱུ་ཡོད་རེད།
ཁོ་རེ་བཙན་བྱོལ་བ།་་་་་་་་་་་་་ཀིརྟི་དགོན་པས་མ་འགྲིག་པ་བྱས་པ་ཞིག་ཡོད་མ་རེད་ད། ཁྱོད་བཙན་བྱོལ་ནས། ཡང་བྱོལ། ཡང་བྱོལ་ནས་དམྱལ་བ་འགྲིམ་དགོས་ཐུག་ཡོངས། ཡང་ན་མ་འགྲིགས་པ་ཡོད་ན་ཤོད་དང་།