བསོད་ནམས་ཀྱིས།
བོད་ཡུལ་མདོ་སྟོད་སྨད་གཉིས་ན་འབར་བཞིན་པའི་ངོ་རྒོལ་གྱི་མེ་ལྕེ་དེ། རྒྱལ་གཅེས་དཔའ་བོ་རྔ་བའི་དར་རྒྱས་དང་། རྒྱལ་གཅེས་དཔའ་བོ་ན་གཞོན་རྡོ་རྗེ་ཚེ་བརྟན་གཉིས་ཀྱིས་ཁ་ཉིན་ཕྱི་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ས་ཡི་ ཆགས་རིམ་དང་ཆོས་སྲིད་གང་ཐད་ནས་བོད་པ་ཚང་གི་ཡུལ་གྱི་ལྟེ་བ་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་དུ་དྲངས་ཏེ་འུ་ཚང་གི་འཐབ་རྩོད་ཁྲོད་སྔ་ན་མེད་པའི་དབུ་ཁྱུད་གསར་བ་ཞིག་ བྲིས། ཉིན་འདིའི་སྔ་དྲོར་འབོ་ར་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་གྱིས་ཁོང་གི་ཕ་རྒན་གྱི་ སྤུན་ཆུང་སངས་རྒྱས་དོན་འགྲུབ་ལ་ཁ་པར་ཞིག་བཏང་འདུག་ཀྱང་། སྐབས་དེར་ཁོའི་ལག་ ཏུ་ཁ་པར་མེད་པའམ་ཁ་པར་གྱི་སིལ་སྒྲ་མ་གོ་བ་ཡིན་ནམ་གང་ལྟར་ཁོང་གཉིས་ཀྱིས་ཁ་བརྡ་བྱེད་མ་ཐུབ། གཞུག་ནས་ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་ཁོང་གི་ཕ་རྒན་གྱི་སྤུན་ ཆུང་གཞན་རྡོ་རྗེ་རིན་ཆེན་ལ་ཁ་པར་ཞིག་བཏང་སྟེ་(ང་འགྲོ་ས་ཞིག་ཏུ་འགྲོ་བཞིན་ཡོད། ཁྱོད་ཚོས་ཕ་མ་གཉིས་ལ་བདག་སྐྱོང་ཡག་པོ་ཞིག་བྱེད་རོགས།)
སྤུན་མཆེད་ཀྱིས་(ཨ་རོ་ ཁྱོད་གང་དུ་འགྲོ་བཞིན་ཡོད། རྒྱ་གར་ལ་འགྲོ་བསམ་གིན་ཡོད་ནི་མིན་ན། དེ་འདྲ་ཡིིན་ན་ ད་ལྟ་འགྲོ་ཐུབ་ཀིན་མ་རེད། གནས་བབས་འདི་འདྲའི་ཛ་དྲག་ཅིག་ལ་འགྲོ་ཐུབ་ནི་མ་རེད། ད་རུང་འགྲོ་བའི་དུས་ཚོད་མ་རེད་)ཅེས་པར། ཁོང་གི་ཡང་བསྐྱར་(སེམས་ཁྲལ་ བྱེད་མི་དགོས་ང་འགྲོ་ས་ནོར་མེད། སྤྱིར་ཁྱོད་ཚོས་ཕ་མར་བདག་སྐྱོང་ཡག་པོ་བྱེད་ཀྱིན་མེད་ཀི་ཟེར་ནི་མིན། མུ་མཐུད་དེ་བདག་སྐྱོང་ཡག་པོ་བྱ་རྒྱུ་ངའི་རེ་བ་ཡིན།)དེ་ནས་ཁོས་ མུ་མཐུད་དེ་(དེ་རིང་ཁ་བརྡ་ལྷོད་ལྷོད་ཅིག་བྱོས་དང་རྗེས་མ་འདི་མོ་གོ་སྐབས་ཡོད་ནི་མ་ རེད།) འདི་ནི་ལོ་ཆུང་དཔའ་བོ་ཁོང་གིས་ཕ་ཡུལ་གྱི་ནང་མིར་བཤད་པའི་མཐའ་མའི་ སེམས་གཏམ་དྲོན་མོ་དེ་རེད།
ང་ཁོང་གིས་མེར་བསྲེགས་ལས་འགུལ་འདིའི་སྔོན་གྱི་བདུན་ཕྲག་ཁ་ཤས་ཤིག་གི་རིང་ཉིན་ལྟར་སྔ་དྲོ་ཇོ་ཁང་མདུན་དུ་རྐྱང་ཕྱག་འཚལ་ཏེ་ཕྱི་མའི་ལམ་ཆེན་ལ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྒྲིགས་ཡོད་འདུག ཉིན་དེར་ཁོང་གཉིས་ཇོ་ཁང་གཡོན་ངོས་ཀྱི་སྟག་གཤམ་མགྲོན་ཁང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་ཐོན་ ཏེ་རང་ལུས་ལ་མེ་བསྒོས་ནས་སྐད་འབོད་ཅིག་དང་འབྲེལ་བའི་ཀི་རིང་གསུམ་བཏབ་ནས་མེ་ལྕེ་དམར་ལམ་ལམ་དུ་ནམ་མཁར་མཆེད་དེ་ཇོ་ཁང་མདུན་གྱི་དར་ཆེན་ཉེ་སར་རྒྱུགས་ཡོང་དུས། དེར་ཡོད་དགེ་སྒྲུབ་ཀྱི་ལས་ལ་འབད་བཞིན་པའི་མི་ཚོས་ཁོང་ནི་འདི་ནས་རྐྱང་ཕྱག་འཚལ་མཁན་གྱི་ན་གཞོན་དེ་རེད་ཟེར་བའི་སྐད་ཆ་དེ་ཁ་ནས་རང་དབང་མེད་པར་ཤོ ར་གྱིན་འདུག་ཟེར། འདི་དང་འདི་ལྟ་བུའི་(སྐྱེ་བ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ་) བའི་རྒྱལ་གཅེས་དཔའ་བོ་རྣམ་པའི་བྱས་རྗེས་དག་ལས་ང་ཚོས་མཐོང་ཐུབ་པ་དང་ཤེས་ཐུ བ་པ་ནི། རྒྱ་གཞུང་གིས་བོད་མིར་གཉའ་གནོན་དང་འགྲོ་བ་མིའི་ཐོབ་ཐང་སྤུ་ཙམ་སྤྲོད་ ཀྱིན་མེད་པ། བོད་ཀྱི་ཐུན་མིན་རིག་གཞུང་དང་ཁྱད་དུ་འཕགས་པའི་ཐོན་ཁུངས་དག་རྩ་མེད་དུ་བཟོས་དང་བཟོ་བཞིན་པ་དག་སེམས་ཀྱིས་མ་བཟོད་པར།
འཇིགས་ཞུམ་སྤུ་ཙམ་ཡང་མེད་པར་སེམས་ཐག་གཙང་བཅད་ཀྱིས་རང་ལུས་མེར་སྒྲོན་པ་འདིས། ནམ་ཡང་ཚོགས་འདུ་ཞིག་ཚོགས་སར་འགྲོ་མིའི་ཐོབ་ཐང་དང་། དྲང་བདེན་བཤད་ལ་དགའ་ཞིང་ ལག་ལེན་དབེན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་གཙོས་པའི་མཐོ་རིམ་མི་སྣ་དག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་མྱུར་སྐྱོབ་བྱེད་དགོས་པའི་འབོད་བརྡ་བཏང་ཡོད་པ་ར་ འཕྲོད་བྱས་ཡོད་འདུག་ཨང་། ལྷག་པར་དུ་ཁོང་རྣམ་པའི་རླབས་ཆེ་བའི་བློས་གཏོང་ འདིས་རྒྱ་ནག་གུང་ཁྲན་གཞུང་ལ་བཤད་རྒྱུས་ཕོངས་ཏེ་བོད་ནང་ནས་ངོ་རྒོལ་གྱི་རིགས་ག ང་ཞིག་བྱུང་ཡང་། བསྐྱར་ཟློས་ཡང་ཟློས་བྱེད་བཞིན་པའི་སྐད་ཆ་(ཕྱི་སྡོད་བོད་མི་དང་ ༧གོང་ས་མཆོག་གིས་རྒྱུད་བསྐུལ་བྱས་པ་རེད་)ཟེར་བ། སྲིད་གཞུང་དམར་བོའི་ཕྱི་སྲིད་ ལྷན་ཁང་གི་མགྲིན་ཚབ་པ་ཆིན་གང་དང་། ཅང་ཡིས། ཧྥོན་ལིས་སོགས་ཀྱིས་གཙོས་པའི་ པེ་ཅིང་སྲིད་གཞུང་གི་ཞལ་སྒོར་རྡོ་རྗེ་རྒྱ་གྲམ་ཞིག་བཞག་པ་དང་འདྲ། གང་ལྟར་རྒྱལ་ སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་གིས་གནས་སྐབས་ངོས་ལེན་བྱས་མིན་ལ་མ་ལྟོས་པར ་ང་ཚོའི་ངོས་ནས་རྒྱལ་གཅེས་པ་ཁོང་རྣམ་པས་བཞག་པའི་རླབས་ཆེ་བའི་བློས་གཏོང་དང་ ། རྡུལ་ཕྲན་མཚོན་ཆ་ལྟ་བུའི་ཞལ་ཆེམས་ཀྱི་རིགས་སྐད་ཡིག་སྣ་ཚོགས་སུ་སྒྱུར་ཏེ་རྒྱལ་ སྤྱིའི་སྤྱི་ཚོགས་ལ་སྟོན་རྒྱུ་དང་། འདིའི་མཚོན་པའི་བོད་ནང་གི་ཚབ་མཚོན་རྩོམ་པ་པོ་ ཐེའུ་རང་ལགས་ཀྱིས་ཀྱང་”མི་གྲངས་མང་ན་མང མཚོན་ཆ་ངར་ན་ངར སྟོང་ལོའི་སྦྱིན་ བསྲེགས་ལྟ་བུའི་ནང་སེམས་ཀྱི་ངར་ཤུགས་སླར་ཡང་འཕྱུར་རྒྱུ་ན ད་ལོའི་ཡར་ལངས་ ལྟ་བུའི་ཁྲག་གསེང་གི་ཞེ་སྡང་ཡང་བསྐྱར་འཕྱོ་རྒྱུ་ན འུ་ཚོས་སྔར་བཞིན་ཁྲག་དམར་ འཛར་ཞོར་དུ་རང་དབང་བརྩད་ཆོག”
ལྷག་པར་རྒྱ་ཡིག་ཏུ་བསྒྱུར་བ་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་མོ་(毛)རྒན་གྱི་དབུ་ཡི་འཁྲིས་སུ་དཔྱང་རྒྱུ་ལས་འགན་ཨང་ དང་བོར་འཁུམས། འདི་ལྟར་བྱེད་ན་ད་གཟོད་ཁོང་རྣམ་པས་བཞག་པའི་ཞལ་ཆེམས་ལ་ དོན་སྙིང་དམིགས་བསལ་བ་ཞིག་ཡོད་སོང་ནི་རེད་ལ། ང་ཚོས་ཀྱང་ལས་འགན་ཞིག་ བསྒྲུབས་ཡོད་ནི་རེད། སྤྱིར་དམར་བོའི་སྒེར་གཅོད་སྲིད་གཞུང་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ།ཁོང་ཚང་གི་ཕ་རྒན་མོ་(毛)ནས་དེ་རིང་གི་བུ་ཕྲུག་ཧྤོའི་(胡)བར་ནོར་འཁྲུལ་ངོས་ལེན་བྱེད་རྒྱུའི་སྤོབས་པ་མེད་ལ། འགྲོ་མིའི་ཐོབ་ཐང་དང་ དམངས་གཙོ་སོགས་ཀྱི་དགེ་མཚན་ཡང་ཤེས་ཀྱིན་མེད་པ་འདྲ། གལ་སྲིད་ཤེས་ཀྱང་རྒྱ་ ནག་མི་དམངས་རང་ངོས་ནས་རྩོད་ལེན་མ་བྱས་ན་སྒེར་གཅོད་སྲིད་གཞུང་ནི་སྒེར་གཅོད་ སྲིད་གཞུང་རང་ཡིན་ཕྱིར། རང་གི་རྐུབ་ཀྱི་རྐུབ་སྟེགས་དང་ལག་གི་ཕོར་བ་ཙམ་གྱི་དོན་ དུ་འབངས་ཀྱི་འཚོ་བར་བསམ་གཞིག་བྱེད་རྒྱུའི་རེ་བ་ཕྲ།
གོང་གི་རང་ལུས་ཞུགས་འབུལ་གནང་མཁན་ན་གཞོན་འདིའི་མེ་བསྲེགས་གོང་གི་ བྱས་སྟངས་ལ་བལྟས་ན། མི་རིགས་གཞན་གྱིས་འགྲམ་ཆུ་ལྡང་ས་དང། ཡུལ་ལུང་ གཞན་ལ་མེད་པའི་རང་རེའི་བོད་པ་ཚང་གི་ཁྱད་དུ་འཕགས་པའི་ནང་ཆོས་ཀྱི་ཞག་རྩིས་མི ་སེར་དཀྱུས་མའི་སེམས་རྒྱུད་ཀྱང་ཟིན་ནས་ཡོད་པའི་ཐུན་མིན་སྲོལ་བཟང་དེ་མངོན་ནས་ ཡོད་པས། ང་ཚོའི་ཆེད་གདོས་བཅས་ཀྱི་ཕུང་བོ་མེར་སྒྲོན་ཏེ་བཞུད་ཟིན་པའི་ཁོང་རྣམ་ གྱིས་ང་ཚོར་བཞག་པའི་ཁ་ཆེམས་དང་བྱས་རྗེས་དག ད་སྔ་བར་སྐད་རིགས་སྣ་ཚོགས་ སུ་བསྒྱུར་ཏེ་འགྲེམ་སྤེལ་བྱེད་བཞིན་པ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར། མིག་ཟུང་ལྷག་མ་ ལྡན་མཁན་གྱི་ཤེས་ལྡན་དག་ལ་བྱ་ལས་རླབས་པོ་ཆེ་འདི་མ་སྐུལ་དྭངས་བླངས་ཀྱིས་སྒྲུབ ་རོགས་བྱོས་ཟེར་ནས་འབོད་སྐུལ་ཞུ་བ་ལགས་སོ།།མཚམས་འདིར་འདས་པོ་ཁོང་གི་ཆེད་ཉེ་འཁོར་གྱི་བོད་མི་ཚོས་མཐོང་ཆེན་བྱས་ སྟངས་ངོ་སྤྲོད་ཙམ་ཞུས་ན། ཚེས་༢༨ཉིན་ནས་ས་གནས་འབོ་རའི་དགེ་འདུན་ཡོངས་ ཀྱིས་ཉིན་ཤས་རིང་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་དུ་ཕེབས་འདུག་ལ།
ལྷག་པར་དུ་བླ་བྲང་ནས་དགེ་འདུག་པ་ཉིས་བརྒྱ་ལྷག་གིས་རང་ངོས་ནས་རླངས་འཁོར་གླས་ཏེ་ཉིན་དེར་ ཁོ་ཚང་ལ་སྨོན་ལམ་གསུང་བར་ཆེད་དུ་ཕེབས་ཡོད་འདུག སྤྱིར་འུ་ཚོར་མི་ཚང་རེ་ནས་ ནང་མི་འདྲ་གྲོངས་སོང་ན། མི་ཚང་དེ་ལ་རང་གི་ཤ་ཉེ་རིང་དང་། སྡེ་བ་ཚོ་བ་སོགས་ཀྱིས་ མཆོད་མེ་ཟེར་ནས་ཁྱེར་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་བཞིན། (འཇིག་རྟེན་རྙིང་བ་ནས་ ང་ཚོའི་ས་ཆར་འདི་ལ་མཆོད་མེ་ཁྱེར་ཟེར་གྱི་འདུག དེང་སང་དེའི་ཚབ་ཏུ་རྒྱ་སྒོར་སྤྲོད་ ཀྱིན་ཡོད) འབོ་རའི་ཉེ་འཁོར་གྱི་ཚོ་བ་གཞན་གྱི་དགོན་པའི་སྐུ་ཚབ་དང་ཚོ་བའི་མི་སྣ་ ཆེད་དུ་མངགས་ཏེ་ཁོ་ཚང་ལ་མཆོད་མེ་བསྐྱལ་དུ་ཡོང་ཡོད་པ་དང་། ད་དུང་ཚོ་བ་གཞན་ དང་གཞན་གྱི་མི་ཧ་ཅང་མང་བོ་ཞིག་སྒེར་ངོས་ནས་ཆེད་དུ་ཡོང་ཐུབ་མཁན་ཚོ་ཡོང་འདུག་ལ་ཡོང་མི་ཐུབ་མཁན་ཚོས་ཀྱང་མཆོད་མེ་དོ་རྒྱ་སྒོར་བསྐུར་མཁན་ཡང་བྱུང་འདུག ས་ གནས་ཀྱི་མི་སྣས་བཤད་པ་ལྟར་ན་ད་ཐེངས་ཁྱོན་མི་གྲངས་སྟོང་ཕྲག་བདུན་བརྒྱད་ལྷག་ཅིག་བསླེབས་སོང་ཟེར།
དེང་སང་ཁོ་ཚེ་རུ་བླ་བྲང་བཀྲ་ཤིས་ཁྱིལ་གྱི་ཚོགས་ཆེན་ཁྲི་ཟུར་ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་དཔའ་ དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་ཡོད་པས། འབོ་རའི་གྲྭ་མང་དེར་ཕེབས་ཟིན་ པས། ཕྱིར་བསླེབ་པ་དང་ལྷ་སར་ཡོད་པའི་འབོ་རའི་ཚོང་བ་ཚོ་དང་། བློ་དཀར་ཚོགས་ པ་ཟེར་བའི་ཚོགས་པ་ཁག་ཁ་ཤས་དང་། གཞན་འབྲེལ་ཡོད་ཁ་ཤས་ཀྱིས་ཉིན་ཤས་རིང་ རང་རང་ཐད་ནས་འདས་པོ་ཁོང་གི་ཆེད་དགོན་པར་མང་ཇ་སྐོལ་རྒྱུར་གྲ་སྒྲིག་བྱེད་ནས་ ཡོད་བཅས་ཀྱི་གནས་ཚུལ་རག་ཟིན་ངོ་སྤྲོད་ཙམ་དུ།མཇུག་ཏུ་གསལ་བཤད་ཐུང་ངུ་ཞིག་ལ། སྤྱིར་གནས་ཚུལ་དེ་ཚེས་༢༧ཉིན་ གྱི་ཉིན་གུང་བྱུང་བ་རེད། འདི་གར་དེའི་ཕྱི་དྲོ་བྱུང་རིམ་གྱི་གནས་ཚུལ་དང་། རྡོ་རྗེ་ཚེ་བརྟན་གྱི་མིང་དང་ལོ་ཡིས་མཚོན་པའི་གནས་ཚུལ་ཆ་ཚང་རག་ཡོད་ཀྱང། ཁོང་གི་པར་ དང་། ལྷག་པར་དུ་ཁོང་གི་ལས་རོགས་རྔ་བའི་དར་རྒྱས་ཟེར་བ་ཁོང་གི་གནས་ཚུལ་ གཅིག་ཀྱང་མ་རག་པས།ཞིབ་ཕྲའི་གནས་ཚུལ་ཆེད་བོད་ཕྱི་ནང་གི་མི་སྣ་དུ་མར་འབྲེལ་ བ་བྱས་པ་དང་། རླུང་འཕྲིན་གསར་ལས་ཁང་ལ་མཚོན་ན་པར་རིས་དེ་ཙམ་གྱིས་གལ་མི་ ཆེ་ཡང་། བརྙན་འཕྲིན་གསར་འགྱུར་དང་དྲ་བ། ཚགས་པར་སོགས་ལ་མེར་སྲེག་བཞིན་ པའི་ཁོང་གཉིས་ཀྱི་པར་སོགས་ཧ་ཅང་གལ་ཆེ་བས་ང་ཚོས་འདིར་དེར་སྒུག་ནས་ཡོད་ པའི་སྐབས་དེར། ང་ཚོའི་འབྲེལ་ཡོད་གསར་ལམ་ཁག་ནས་གཅིག་རྗེས་གཉིས་མཐུད་དེ་ གནས་ཚུལ་གསལ་བོ་རག་མིན་ལ་མ་ལྟོས་པར་སྣ་ཚོགས་ཤིག་སྒྲོག་བཞིན་ཡོད་པ་དང་།
ལྷག་པར་ཨ་རིའི་བརྙན་འཕྲིན་ཁང་གིས་དེད་ནས་ཡོང་བཞིན་ཡོད་པས་ང་ཚོས་སྐབས་དེར་རྒྱལ་གཅེས་དཔའ་བོ་དར་རྒྱས་ཁོང་གི་དགུང་ལོ་ཙམ་ལས་མ་རག་པས་ཕངས་སེམས་དང་བཅས་བསྒྲགས་པ་ཡིན། ཡིན་ཡང་། ཚེས་༣༠དགོང་མོར་ཨ་རིའི་བརྙན་འཕྲིན་ནང་ཁོང་གཉིས་ཀྱི་སྐོར་བསྟན་སྐབས་རྡ་སའི་བློ་བཟང་ཟེར་བ་ཞིག་གིས་ཁ་པར་བཏང་སྟེ་འགྲེལ་བརྗོད་བྱས་པར་ལྟོས་ན་ཁོས་སྔོན་ནས་ཤེས་ཡོད་ཚོད་འདུག་མོད་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱས་མ་སོང་བས་གཟིགས་ཉན་བྱེད་མཁན་ཡོང་ལ་སྙིང་ཐག་པ་ནས་དགོངས་དག་ཚད་མེད་དང་བཅས། སྤྱིར་འདིའི་སྐོར་གྱི་གནས་ཚུལ་ཟླ་༥བའི་ཚེས་༣༠དགོང་མོར་ཨ་རིའི་བརྙན་འཕྲིན་ ནང་དུ་གདན་ཞུའི་སྐུ་མགྲོན་བསང་ཆུའི་འབྲུག་བྷེ་ནས་གསལ་བྱས་ཚར་བ་རེད། འོན་གྱང་། སྐབས་དེར་བརྙན་འཕྲིན་མཐོང་མེད་མཁན་དང་རླུང་འཕྲིན་ཉན་མེད་མཁན་ཚོར་དྲ་ཐོག་འདི་བརྒྱུད་ནས་གསལ་བཤད་ཐེངས་གཅིག་བྱས་པ་ཡིན། དུས་ཚོད་དང་ཁོར་ཡུག་གི་དབང་གིས་དུས་ཐོག་ཏུ་གསལ་བཤད་བྱས་མ་ཐུབ་པས་བཟོད་གསོལ་ཞུ།
ཐུགས་རྗེ་ཆེ་གསལ་བཤད་གནང་བ། ད་དུང་ཆེས་གལ་ཆེན་ཞིག་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཁ་ཆེམས་དེ་དབྱིན་ཡིག་དང་་རྒྱ་ཡིག་ཐོག་བྲིས་ནས་དྲ་ཚིགས་འདིར་བཀོད་ན་གྲོགས་པོ་ཕྱི་རྒྱལ་བ་དེ་ཚོར་འགྲེལ་བཤད་སྟབས་བདེ་བོ་འདུག་པས་རྣམས་པ་ཚོའི་དགོངས་འཇགས་གནང་རོགས།
གསལ་བཤད་དང་གནས་ཚུལ་མཁོ་འདོན་གནང་བ་ཐུགས་རྗེ་ཆེ།
ཡིན་ནའང་བོད་ནང་གི་ཚོགས་པ་གང་ཞིག་དང་མི་སྒེར་སུ་ཞིག་གིས་གསང་སྟབས་ཀྱིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་བ་རྣམས་ཇི་བཞིན་འགོད་པའི་སྔོན་དུ་ཁོང་ཚོའི་བདེ་འཇགས་དང་འཕྲལ་ཕུག་གི་ཁེ་གྱོང་ལ་དགོངས་པ་མང་ཙམ་
མ་བཞེས་ཚེ། འོད་ཟེར་ལགས་དང་ྭཝང་རླིད་ཞུང་སོགས་ཀྱིས་གསུངས་པ་ལྟར་བློས་གཏོང་དེ་དག་ལ་དཔག་པའི་འབྲས་བུ་བཟང་ངན་ཇི་ཡོང་ཆ་མ་འཚལ་བས་དེ་དོན་དགོངས་བཞེས་མཁྱེན་ཞེས་ནན་དུ་ཞུ་བ་ལགས་སོ།།
རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱི་་སྙིང་སྟོབས་ལ་ངོ་མ་ངོ་མཚར་བྱུང་། ངོ་མ་ཨ་མདོ་རྔ་བ་དང་འབོ་ར་གཉིས་ནི་ཆབ་སྲིད་ཀྱི་གྲགས་འགུལ་ཆེ་ས་དང་རྩ་དོན་ལ་དོན་གྱི་ལས་འགུལ་སྤེལ་ས་ཡིན་པ་ཀུན་ལ་གསལ་ཡོད།
སྔོན་ཆད་འབོ་ར་ཨ་མཆོག་རྐུ་མའི་ཡུལ།།
དེང་སང་འབོ་ར་ཨ་མཆོག་དཔའ་བོའི་ཡུལ།།
སྔོན་ཆད་འབའ་དང་ལི་ཐང་རྐུ་མའི་ཡུལ།།
ད་ལྟ་འབའ་ཡུལ་ལི་ཐང་སྲིད་སྐྱོང་ཡུལ།།