སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་རྗེས་ཕྱི་ལོ་ ༡༠༡༢ ཟླ་ ༡ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༡ པོ་ནས་ ༣ བར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་སློབ་མའི་རྗེས་འཛིན་དང་། ཕྱི་ཚེས་ ༤།༥།༦ བར་སྔོན་འགྲོའི་གསུང་ཆོས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་སྩལ་ རྒྱུ་དང་། ཕྱི་ཚེས་ ༧ ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ནས་ ༣།༣༠ བར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྒྱན་ཅིང་མཆོད་གར། ཕྱི་ཚེས་༨ ཉིན་རྒྱབ་ཆུ་ཚོད་ ༡ ནས་༤།༣༠བར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོ་སློབ་མའི་སྟ་གོན། ཕྱི་ཚེས་ ༩ ཉིན་མགོན་པོ་གང་ཉིད་མཆོག་གིས་དུས་འཁོར་དབང་ཆེན་གྱི་དངོས་གཞི་ཉིན་དང་པོ་ བསྐྱང་རྒྱུ་དང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ པ་ནས་ ༩བར་དུས་དབང་དངོས་གཞི་ཉིན་གཉིས་པ་དང་ཆུ་ཚོད་ ༩ པ་ནས་ ༡༠ བར་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་སྩལ་རྒྱུ་དང་། ཆུ་ཚོད་ ༡༠ ཐོག་མགོན་པོ་གང་ཉིད་མཆོག་ལ་འཆི་མེད་ལྷ་ལྔའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ ཞུ་རྒྱུ་ཡིན་འདུག དེ་བཞིན་ཆུ་ཚོད་ ༢ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡོངས་ རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ ཡིན་འདུག གཞན་ཡང་ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༤ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་ འཛུགས་ཆོས་རིག་ལས་ཁུངས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་མཆོད་རྟེན་ རིན་པོ་ཆེའི་སྐུ་མདུན་དུ་མཆོད་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས། །
སྟོན་འཁོར་སུ་ལ་བར་ཆད་མི་ཡོངས་བར་རྩ་གསུམ་རྒྱ་མཚོས་མགོན་དང་དབུང་གཉེན་དུས་ལས་མི་ཡོལ་པར་མཁྱེན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡོངས་ རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ ཡིན་འདུག གསུངས་པ་འདི་ནི་དགའ་སྤོབས་ཚད་མེད་པ་ཅིག་བྱུང་སོང་བས་འབྲེལ་ཡོད་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་དང་བཀའ་ཤིས་བདེ་ལེགས་ཡོད་ལགས།
ངས་ཀྱང་སྟོན་འཁོར་སུ་ལ་བར་ཆད་མི་ཡོངས་བར་མཁྱེན་མཁྱེན་ཞུ།
དུས་འཁོར་དབང་ཆེན་གྱི་སྲུང་བྱས་དམ་ཚིག་དག་ཆོས་ལུགས་ཀྱི་བླ་སྤྲུལ་དག་ལ་བཙན་དབང་གིས་ཁྲེས་པོ་ཞིག་སྤྲད་པ་མ་ཡིན་ནམ་གཟིགས་དང་།ཧཧཧཧཧཧཧཧཧཧཧཧཧཧ
སྔ་ལོའི་ཉིན་མཐར་ཞབས་འཁོད་རྟེན་གཙོ་མཇལ།།
ཕྱི་ལོའི་ཚེས་མགོར་དུས་དབང་ཆོས་རའི་ནང་།།
ལོ་གསར་འཚམས་འདྲིའི་བཀྲ་ཤིས་རྟེན་འབྲེལ་ལྷན།།
གསུང་གི་བདུད་རྩིས་སྐལ་ལྡན་སློབ་མའི་ཚོགས།།
འབུམ་ཕྲག་མང་པོ་དབུགས་དབྱུང་མཛད་པའི་ཕྱིར།།
སྨིན་གྲོལ་ལམ་བཟང་རྨང་གཞི་ལེགས་གཏིང་སྟེ།།
བདེན་བཞིའི་རྣམ་བཞག་རག་ཙམ་གསུངས་ནས་ཀྱང་།།
ཐབས་ཤེས་ཟུང་གིས་སློབ་མ་རྗེས་འཛིན་གནང་།།
ཉི་ཁྲི་ཆིག་སྟོང་དུག་གསུམ་ཐུན་མོང་སོགས།།
སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇོམས་བྱེད་༸མགོན།།
བཅུ་དང་ཟུང་ལྡན་གསུང་དབྱངས་ཡན་ལག་ཅན།།
གཉིས་མེད་དང་པོའི་སངས་རྒྱས་ཞིང་འདིའི་དཔལ།།
གནས་ཚུལ་འདི་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བཏང་པ་རེད་དམ། ཡང་ཁྱེད་ཀྱིས་གསར་བཟོ་བྱས་པ་ཡིན། དེ་སྔོན་གྱི་གོ་སྒྲིག་ཚོགས་ཆུང་གི་གསར་བསྒྲགས་དང་གཏན་ནས་མ་འདྲ་བ་འདུག
་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡོངས་ རྫོགས་བསྟན་པའི་བདག་པོར་བསྐྱར་ནན་གྱི་མངའ་གསོལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ལགས་པ་རྗེས་སུ་ཡི་རངས་་དང་༸རྒྱལ་བ་དོན་གྱི་བདག་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག།