—–སྐྱོ་བྲག་དགའ་དབང་།
ད་ནངས་ཞོགས་པ་གནས་མཆོག་རྡོ་རྗེ་གདན་ལ་སྨུག་པ་བསླེབས་གདའ། ལོ་གཅིག་ལ་སྨུག་པ་ཐེངས་གཅིག་ཡོང་ཞིང་། ཡུན་ཟླ་བ་གཅིག་ཡས་མས་ཙམ་ལ་དྭངས་འཐིབ་ཅི་རིགས་ཀྱིས་སྡོད་ཀྱི་རེད། ཡོང་བའི་དུས་ཀྱང་དགུན་ཚེ་རེད། སྨུག་པ་སླེབ་པ་ན། གནམ་ནས་གནམ་གྲུ་འཕུར་བ་དང་། ས་ནས་མེ་འཁོར་དང་རླངས་འཁོར་འགྲོ་བ་ལ་བར་ཆད་བྱེད་པས། འགྲུལ་པ་འགྲོ་བསྐྱོད་ལ་དཀའ་ངལ་ཡོད་ཅིང་། འདུག་མཁན་ལ་ཡང་གྲང་མོ་ཡོད།
གྲང་ཚུལ་ཡང་བོད་དང་མི་འདྲ་བ་སྟེ། ནང་གི་སྙིང་དང་རུས་པའི་རྐང་ནས་ཚུར་གྲང་སྟེ་ཁོག་འདར་རྒྱག་པ་ལས། ཕྱི་ནས་ལྤགས་པ་གྲང་བའི་ཚ་ཤར་ནི་མེད་པ་ཡིན། རྒྱ་གར་བའི་སྤྲང་པོ་རྣམས་ཚ་བས་ཤི་བ་ཆེས་ཉུང་ནའང་། གྲང་མོས་ཤི་བ་ནི་ཆེས་མང་། དཀའ་ངལ་ག་འདྲ་ཞིག་ཡིན་ནའང་། འཕྲད་ས་གཙོ་བོ་ནི་དམན་པ་གཉོམ་ཆུང་དག་ཡིན་ཡིན་པ་རེད།
དེས་ན་ཉམ་ཆུང་རྣམས་ལ་གོས་སློག་ཉོས་ནས་སྤྲོད་ཅིག་ཨ་་་་་་་་་་
རྡོ་རྗེ་གདན་ནས་ཕྱི་ནས་མི་གྲང་བར་ནང་ནས་ཁོག་འདར་རྒྱག་པའི་རྒྱུ་རྐྱེན་ཅི་ཡིན།
དེ་ནི་རྡོ་གདན་གྱི་གནམ་གཤིས་གཞན་དང་མ་འདྲ་བ་ཞིག་ཡིན་ནམ། ཡང་ན་དམྱལ་བ་རྡོ་རྗེ་གདན་ཟེར་བ་བཞིན། དབྱར་ཁ་ཚ་བས་འབར། དགུན་ཁ་གྲང་བས་ཁྱག། ཚ་དམྱལ་དང་གྲང་དམྱལ་གཉིས་འཛོམས་ཡིན་ནམ། །
གནས་མཆོག་རྡོ་རྗེ་གདན་ལ་སྨུག་སྤྲིན་འཁོར་འདུག །
ཕ་གཅིག་སྟོན་པའི་མཛད་པ་ཡིད་ལ་དྲན་བྱུང་། །
ཆོས་གྲོགས་སྐྱོ་བྲག་མཁན་པོའི་གསུང་མཆིད་མཐོང་བྱུང་། །
འཛམ་གླིང་ཆོས་ཀྱི་སྤུན་ཟླའི་འཁོར་ཁྱིམ་ལེགས་བྱུང་།།
སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་ལ་འཕྲད་ཅིང་།།
སྟོན་པ་མངོན་སངས་རྒྱས་པའི་གནས་ལ་མཇལ་བ།།
སྟོན་དང་བསྟན་པ་གཅིག་པའི་ཆོས་གྲོགས་རྣམ་པ།།
སྟོན་པའི་བཀའ་དྲིན་དྲན་པའི་རྟེན་དུ་ལེགས་བྱུང་།།
༢༠༠༣ལ་སྐྱབས་མགོན་ཆེན་པོའི་གསུང་ཆོས་ཞུ་བར་རྡོ་རྗེ་གདན་ལ་ཡོད། དེའི་དུས་ཆམ་པ་བརྒྱབས་ཏེ། སྣབས་ལུད་མང་པོ་བྱུང་། རྣ་ལྕོགས་ནང་སྐད་རོལ་མོ་དཀྲོགས་པ་ལྟ་བུའི་ཚོར་སྣང་གིས་རྣ་བའི་དབང་པོ་ཉམས། སྔ་དྲོ་ནས་རླངས་འཁོར་ལས་འགྲོ་དགོས་ཡོད་པས། ཨ་རི་མ་ནན་སི་ཞེས་པས་སྒོ་དྲག་ཏུ་བརྡུངས་པའང་མ་ཐོས། གྲྭ་པ་ལུས་རྩལ་ཅན་ཞིག་སྐར་ཁུང་གཞན་ཞིག་ནས་ང་སྡོད་སའི་ཁང་མིག་གི་སྐར་ཁུང་རྩར་བསྐྱོད་དེ་བོས་པ་ཚོར། དེ་ཡང་འོག་གི་སྐྱེད་ཚལ་ནས་བོས་པ་ལྟ་བུ་སྒྲ་ཆུང་ཐོས། དེ་ནས་ཁང་མིག་སྒོ་ཕྱེས་ཨེ། འགྲོ་བ་ན། དགེ་སློང་སེར་པོ་ཨཱ་ནནྡ་སོགས་མི་གསུམ་བཞི་ཡོད་པས། ང་ཅག་ལ་ཁྱེད་ཤི་མེད་དམ་སྙམ་པའི་འཇིགས་པ་བྱུང་ཟེར། དེའི་དུས་ཀྱི་རྣ་ལྕོགས་སྒྲ་སྒྲོགས་པ་དེ་ལོ་མང་པོར་བྱུང་། སེམས་གཏད་དེ་ཉན་ན། ད་དུང་ཡང་སྒྲ་ཆུང་ངུར་སྒྲོགས་པ་ཡོདཅིང་། རྡོ་རྗེ་གདན་གྱི་བྱིན་རླབས་སོ།
དབུས་རྡོ་རྗེ་གདན།
ཤར་རི་བོ་རྩེ་ལྔ།
ལྷོ་པོ་ཏ་ལ།
ནུབ་ཨོ་རྒྱན་ཡུལ།
བྱང་ཤམ་བྷ་ལ། གསུང་སྲོལ་ལྟར། དེ་དག་དེ་དེ་བཞིན་ངོས་འཛིན་གསལ་པོ་བྱུང་ཐུབ་ཡོད་དམ། ལགས།
དགུ་བཅུ་གོ་བདུན་ལོ་ཡིན་ནམ་ཞིག་ལ་ཆེས་ཐོག་མར་རྡོར་གདན་དུ་བསྐྱོད། གསུང་ཆོས་པ་མི་མང་འཛོམས་རྐྱེན་ཆམ་པ་དྲག་པོ་ཞིག་བྱུང་། ལུས་ལ་ཚ་བ་འཕར། གློ་བ་རྣག་གིས་ཟིན། མགོ་བོ་ན། སྣ་ཁྲག་མང་དུ་ཐོན། རོགས་པ་ལི་ཐང་གྲྭ་པ་དེང་སྐབས་ཨ་རིར་ཡོད་པ་ཁོང་གིས་ང་འཆི་རྒྱུ་རེད་བསམས་ན་སེམས་ཁྲལ་བྱས་འདུག རྡོར་གདན་ཐེ་ཝན་དགོན་པའི་ས་འོག་ཁང་པར་བསྡད། སྒོར་མོ་ཚར་ནས་བླ་མ་བཟོད་པའི་ཆོས་ཚོགས་ཀྱི་ཚོགས་མིའི་ཟ་མ་སྐད་ཆ་མ་དྲིས་པར་ཟོས་པ་ཤིན་ཏུ་ཕན་པོ་བྱུང་། ན་བཞིན་དུ་ཨ་དབྱངས་རིན་པོ་ཆེའི་འཕོ་ཁྲིད་ཞུས། མི་ཚོགས་རང་སར་གྱེས་པ་དང་ཆམ་པ་དྲག་པོ་དེ་ཡང་དྲགས་སོང་།
གྲྭ་བ་ཨ་ནེ་འཛོམས་ས་རྡོར་གདན་ཡིན།། བླ་མ་སྤྲུལ་སྐུ་ཕེབས་ས་རྡོར་གདན་ཡིན།། སྐྱ་མིན་སེར་མིན་འདུ་ས་རྡོར་གདན་ཡིན།། གང་ལྟར་རྡོར་གདན་ནི་གདུལ་བྱ་རིགས་ཅན་གསུམ་ཀ་འཛོམ་སའི་གནས་ཁྱད་པར་ཅན་ཡིན།། ང་ཡང་གནས་དེར་ཐེངས་ཁ་ཤས་ཞིག་འགྲོ་རྒྱུའི་སྐལ་པ་བྱུང། གསུང་ཆོས་ཞུ་སྐབས་དགུན་དུས་གྲང་ངར་གྱི་སྐབས་དང་ཁེལ་ནས་གྲང་ངད་ཀྱིས་མ་ཤི་ཙམ་བྱུང།། འོན་ཀྱང་ཨ་ནེ་དྲིན་ཅན་མ་དེའི་རུམ་དུ་དྲོད་འཇམ་ཞིག་སྟེར་བྱུང་བས་བཀའ་དྲིན་དེ་ད་དུང་བརྗེད་ཀྱི་མི་འདུག སྐྱོ་བྲག་ཁྱེད་ཀྱང་སྨུག་གསེབ་ནས་དེ་འདྲ་ཞིག་ཐོབ་མིན་གཟིགས་ན་ཡག་ཡོང།།
ཁྱུང་སེ་ལགས། དེང་སང་ས་ཁུག་ལུང་ཀྱོག་གི་ཆོས་ལུགས་ཉི་ཚེ་བ་རང་གི་སྟོན་པ་གར་སྐྱེས་གར་ཤི་ཡང་མི་ཤེས་མཁན་དེ་ཚོའི་འཕྱོན་མའི་བུ་ལྟ་བུའི་རིགས་དེ་ཚོ་ཡང་གནས་མཆོག་རྡོ་རྗེ་གདན་ལ་ཡོང་གི་ཡོད་ས་རེད། ཁ་ཆེ་བས་འབར་རྫས་བརྒྱབ་པ་ལྟ་བུ་འདྲ་བྱེད་མ་ཡོང་རོགས། མ་གཞི་འཚེ་བ་ཆོས་སུ་སྨྲ་མཁན་འདི་རིགས་ལ་ཡིད་ཆེས་མེད།
སྤོབས་མཐའ་ལགས།། ཤ་གྱེས་གཙུག་གི་དུང་རྭ་དེ།། མཁའ་ལ་མཛུབ་རིས་བྱེད་པ་འདྲ།། རང་བཞིན་འདྲ་ཐང་བཤད་ན་ཡང།། མཚངས་ཆེན་མི་ལ་སྨྲས་པ་འདྲ།། གྲོགས་སྤོབས་མཐའ་ལགས་འདི་འདྲ་རེད།། མི་ཟེར་མཁན་དེ་་་་སྔར་རྐུན་མ་ངོས་འཛིན་བྱེད་མི་ཐུབ་དུས་མི་རྣམས་ལྷན་ཅིག་ཏུ་འཚོགས་ནས་བདག་པོས་སྤྱི་ཡོངས་སུ་བཤད་པར།། རྐུན་མ་ཁོ་རང་རེད།། རྐུན་མའི་མགོནལ་བལ་ཐོགས་འདུག་ཅེས་བཤད་དུས་་་་ལམ་སེང་རྐུན་མ་དངོས་གནས་པ་དེ་ཡིས་རང་གི་ལག་པ་རང་གི་མགོ་ལ་འཇུས་པ་རེད་་་་གཞི་ནས་བདག་པོས་རྐུན་མ་ངོས་འཛིན་བྱེད་ཐུབ་པ་རེད།། ད་གང་ལྟར་སུ་ལ་ཕོག་ནའང་ཕོག་ས་དེར་ཞུས་པ་ཡིན་པས་ཐུགས་འཁྲོས་ཀྱང་བྱེད་ཐབས་ཡོད་པ་མ་རེད།།
རྡོ་རྗེ་གདན་ཟེར་བའི་གནས་མཆོག་དེ་ནི་སྔོན་མར་བོད་རང་དབང་རང་བཙན་གཙང་མ་སླར་གསོ་བྱེད་ཡིན་ཟེར་ནས་མནའ་གན་ཐུ་བོ་ཆེན་བཞག་མཁན་གྱི་བོད་ཀྱི་དཔའ་བོ་ཚོ་འཛོམ་ས་དང་མནའ་གན་ཐུ་བོ་ཆེན་བཞག་ས་རེད། དེང་སང་བོད་རང་བཙན་བློས་བཏང་མཁན་གྱི་རྒྱལ་བཙོང་བ་མནན་ཟན་ཚོའི་དབང་སྐོར་ས་རེད་གདའ།
རྡོ་རྗེ་གདན་ཟེར་པའི་མིང་དེ་གོ་བ་ཙམ་གྱིས་སེམས་པ་ཚ་ཟིང་འདྲ་བྱེད་ཡོང་གི་འདུག །
ཧ་་་་་ཧ། ལས་མ་དག་པའི་མྱི་སྨྱོན་ཚོས་ལབ་བརྒྱབས་པར་ལྟོས། དེ་ཅན་པོ་གནས་གང་ནའང་། གནས་ལུགས་བདེན་རྫུན་ཅི་འདྲའང་། རང་ཉིད་མ་གཏོགས་གང་ལའང་ལབ་བརྒྱབ་རྒྱུར་ཐེ་ཚོམ་མེད། ལན་རེར་མྱི་དེ་ཚོར་ལས་རྒྱུའི་བྱ་བ་དང་། བདེ་སྡུག་ཚོར་བའི་སྙིང་དམར་དང་། བདེན་རྫུན་དབྱེ་འབྱེད་ཀྱི་བློ་ཞིག་ཨེ་ཡོད་སྙམ། ཐ་ན་མྱི་ཡིན་མིན་ཡང་རྩེ་གཉིས་པའི་བློར་གྱུར་གདའ།
ཆོས་ལུགས་ཤིག་ལ་ཆག་འཇིག་སླེབས་ཚེ་ལོ་ངོ་སྟོང་ཕྲག་ཕར་ཞོག་མི་ལོ་བརྒྱ་ཕྲག་གཅིག་གི་ནང་དུ་ཤུལ་མེད་དུ་འགྲོ་སྲིད་པ་རེད། བོན་སྟོན་གཤེན་རབས་བྱོན་ནས་མི་ལོ་སྟོང་ཕྲག་བཅོ་བརྒྱད་ལྷག་གི་སྐད་ཆ་བཤད་ཀྱི་ཡོད་པ་རེད། གང་ལྟར་བོན་སྟོན་གཤེན་རབས་ཀྱི་འཁྲུངས་ཡུལ་དང་འཁྲུངས་ལོ་སོགས་གསལ་པོར་བཤད་མ་ཐུབ་འཇིག་རྟེན་འདིའི་ཆོས་ཉིད་ལགས། ད་དུང་བོན་བསྟན་གནས་ཐུབ་པ་འདི་སེམས་ཅན་སྤྱིའི་བསོད་ནམས་ཡིན་པ་སྨོས་ཅི་དགོས། །
ངོས་ནས་ནམ་རྒྱུན་རྒྱ་གར་རྡོ་རྗེ་གདན་ནས་བར་ཆད་ལམ་སེལ་གྲངས་མང་བསགས་མྱོང་། ཁྱད་པར་དུ། བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔རྐྱེན་ངན་བཟློག་ཅིང་དངོས་གྲུབ་ཐོབ༔རྗེ་བློན་ཐར་པའི་ལམ་ལ་བཀོད༔གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ཆོས་སྐུ་དྲི་མེད་རིན་ཆེན་བརྙེས༔སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔བརྩེ་བས་བདག་སོགས་ལམ་སྣ་དྲོངས༔དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ནུས་པའི་བདག་སོགས་བར་ཆད་སོལ༔ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ནང་གི་བར་ཆད་ནང་དུ་སོལ༔གསང་བའི་བར་ཆད་དབྱིངས་སུ་སོལ༔གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ཨོཾ་ཨྰཿཧྰུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ༔ ཞེས་འབུམ་ཕྲག་མང་པོ་བསགས་མྱོང་བར་དྲན་ནོ།།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔
ཞེས་པ་དང་།
གདོན་གཟུགས་དོལ་གྱི་བསྟན་པ་བསྣུབས། །
ཞེས་པ་གཉིས་གོ་དོན་གཅིག་པར་གོ་དགོས། རེད་དོ། པདྨ་ལགས།
་་་་་་་་་གྲང་ངད་ཀྱིས་མ་ཤི་ཙམ་བྱུང།། འོན་ཀྱང་ཨ་ནེ་དྲིན་ཅན་མ་དེའི་རུམ་དུ་དྲོད་འཇམ་ཞིག་སྟེར་བྱུང་བས་བཀའ་དྲིན་དེ་ད་དུང་བརྗེད་ཀྱི་མི་འདུག ་་་་་་་་
ཨོ་རྒྱན་པདྨའི་བཞུགས་གནས་ཨོ་རྒྱན་གྱི་ཡུལ་དང་འོ་མའི་མཚོ་དང་ཀླུ་གྲུབ་ཕེབས་སའི་ཀླུ་ཡུལ་དེ་ཚོ་ལའང་བསམ་གཞིགས་ཞིག་བྱེད་རན་འདུག ང་ལ་ནི་དེ་ཚོའང་རྨི་ལམ་དང་ས་ཁུག་ལུང་ཁུག་གང་དུ་བཙལ་ཀྱང་རྙེད་མ་སོང། མཐོང་མཁན་བགྲོད་མཁན་འདྲ་ཡོད་ན་གསུང་རོགས་གནས་མཇལ་ལ་འགྲོ་དགོས་བསམ་པ་ཡོད།། སྔར་གྱི་འཕགས་ཡུལ་ནི་ཚ་ཡུལ་དང་དུད་ཡུལ་རེད་འདུག སྔར་གྱི་རྡོར་གདན་ནི་སློང་མོ་བ་དང་ཡན་ལག་མ་ཚང་བའི་ཀླ་ཀློའི་ཡུལ་རེད་འདུག ད་དག་སྣང་འདྲ་སྒོམ་ན་མ་གཏོགས་ཁག་སེ་རེད་འདུག
ཀརྡོས་ངས་བཤད་པར་ཐུགས་དམྱེས་པོ་བྱུང་ཡོད་ས་རེད། གལ་སྲིད་ཁྱེད་དགུན་ཁར་དེར་འགྲོ་ན་གནས་ཚང་ཞིག་ངས་གྲྭ་སྒྲིག་བྱེད་ཡོང་ཐུགས་མཁོ་ཡོད་ན་གསུང་རོགས་གནང་འཚེར་སྣང་མེད་པར་ཤོད་དང་ངས་དགའ་བོའི་ངང་ནས་ཞབས་ཕྱི་ཞུ་འདོད་ཡོད།།