བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་ངོས་བཞེས་ཐོབ་པའི་ལྕགས་པོ་རིའི་དྲན་རྟེན་བོད་ཀྱི་གསོ་རིག་མཐོ་སློབ་ཁང་དུ་ཕྱི་ལོ་ ༢༠༡༡ ནང་སྨན་སློབ་བསྡུ་བཞེས་གནང་རྒྱུ་ཡིན་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་བློ་ཡོད་པ་རྣམས་ནས་སོ་སོའི་འབྲེལ་བ་ཞུ་ཡུལ་ཁ་བྱང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་གང་ཡོད་གསལ་བཀོད་ཀྱིས་ཟུར་གསལ་ཆ་རྐྱེན་གྱི་ཡིག་ཆའི་འདྲ་བཤུས་བཅས་སྙན་ཤོག་གཤམ་གསལ་ཁ་བྱང་ཐོག་གློག་འཕྲིན་ནམ། སྦྲགས་ཡིག་གང་རུང་བརྒྱུད་གཏོང་གནང་དགོས་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།
འབྲེལ་བ་ཞུ་ཡུལ་ཁ་བྱང་།
Chagpori Tibetan Medical Institute,
west view 10, Burdwan Road,
P.O. Darjeeling-734101, west Bengal
E_mail: chagpori@sify.com
website;www.chagpori-tibetan-medical-institute.com
ཆ་རྐྱེན་དགོས་མཁོ།
༡ བོད་མི་ཡིན་ཚེ་དཔྱ་དངུལ་འབུལ་བབས་གཙང་ཕུལ་དཔང་རྟགས་དཔྱ་དེབ་ཤོག་ངོས་དང་པོ་དང་། མཐའ་མའི་དཔར་བཤུས།
༢ ཧི་མ་ལ་ཡའི་མི་རིགས་ཡིན་ཚེ་འབྲེལ་ཡོད་རྒྱ་གར་གཞུང་གི་ས་གནས་ལས་ཁུངས་ནས་རྒྱབ་གཉེར་ཕྱག་བྲིས་དགོས་པ་ཡིན།
༣ འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཐོན་ལག་འཁྱེར་དང་། ཨང་ཐོབ་ངོ་བཤུས་དགོས།
༤ ཆོས་སྡེ་ཁག་གི་སློབ་མ་ཡིན་ཚེ་འཛིན་རིམ་བཅུ་གཉིས་དང་ཆ་མཉམ་པའི་དབུ་མ་གོང་མའི་ལག་འཁྱེར་དགོས།
༥ མཐའ་མའི་ཐོན་རྒྱུགས་ཀྱི་སློབ་ཚན་བོད་ཡིག་དང་། དབྱིན་ཇིར་བརྒྱ་ཆ་ ༥༠ རེ་ལོན་པ་དགོས་རྒྱུ།
༦ ལོ་ཚད་ ༢༥ ལས་མ་བརྒལ་བ་དགོས་རྒྱུ་དང་། སྐྱེས་ཚེས་ཁུངས་སྐྱེལ་ཡིག་ཆའི་ངོ་བཤུས།
༧ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༨ སྒྲིག་འཛུགས་ཁག་གི་ནང་ཕྱག་ལས་གནང་བཞིན་པ་ཡིན་ཚེ་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༩ ཕྱེད་པར་ཁ་གསར་རེ་དགོས།
༡༠ སློབ་ཡུན་རིང་སློབ་ཡོན་ཟླ་རེར་ཧིན་སྒོར་ ༢༥༠༠ རེ་དོ་བདག་ནས་འབུལ་དགོས་པ་དང་། དེ་མིན་འགྲོ་གྲོན་རྣམས་ལྕགས་པོ་རི་སྒྲིག་འཛུནགས་ནས་ཐབས་འཚོལ་བྱ་རྒྱུ་ཡིན། ས་མིག་གསུམ་དམིགས་བསལ་ཟུར་འཇོག་ཡོད་པས་དེའི་དགོས་མཁོར་ས་གནས་འགོ་འཛིན་ལས་ཁང་ནས་རྒྱུ་མཚན་ལྡན་པའི་ངོས་སྦྱོར་ངེས་པར་དགོས་པ་ཡིན།
འཚང་སྙན་འབྱོར་ཚེས་མཐའ་མ། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡
འཚང་རྒྱུགས་བཞེས་ཚེས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༢
ཡིག་རྒྱུགས་བཞེས་ཡུལ། རྡོར་གླིང་ལྕགས་པོ་རིའི་ཡིག་ཚང་།
ཐུགས་སྣང་། འཚང་སྙན་དུས་ཚེས་ནང་མ་འབྱོར་ཚེ་རྩིས་མེད་ཞུ་རྒྱུ་དང་། འཚང་རྒྱུགས་བོད་ཡིག་དང་དབྱིན་ཡིག་གཉིས་ཐོག་བྲིས་རྒྱུགས་བཞེས་རྒྱུ་དང་། དེར་བརྒྱ་ཆ་ ༥༠ ངེས་པར་ལོན་དགོས་པ་ཡིན། འཚང་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཉིན་གྲངས་ ༢༡ ནང་དོ་བདག་སོ་སོའི་ཁ་བྱང་ཐོག་འབུལ་རྒྱུ་ཡིན་པ་བཅས་
ཕྱི་ལོ་༢༠༡༡ ཟླ་༤ཚེས་༡༩ལ་
ལྕགས་པོ་རིའི་ཡིག་ཚང་ནས།
ལྷ་སའི་ལྕགས་པོ་རི་ཟེར་བ་ཞིག་གོ་མྱོང་བ་ལས། རྡོར་གླིང་ལྕགས་པོ་རི་ཟེར་བ་ཞིག་གོ་ཐོས་བྱུང་བ་དང་པོ་ཡིན།
གཅིག་བྱས་ན་ངའི་རྣ་མཆོག་རྟགས་ཙམ་ཡིན་སྲིད། གཅིག་བྱས་ན་རྡོར་གླིང་ལྕགས་རི་མིང་ཙམ་ཡིན་སྲིད། གང་ལྟར་སྐྱོན་ཞིག་ཡོད་ངེས། ་
མདོ་དོན་གཞོན་སྐྱེས་ཚོ། ལྕགས་པོ་རི་ལ་ཕེབས་ཏེ། བོད་སྨན་སྦྱོངས་དང། དེང་སང་སྔོ་སྨན་དང་ལྷག་པར་དུ་བོད་སྨན་ལ་མི་མང་པོས་དགའ་མོས་བྱེད་ཀྱིན་འདུག་ག
དྲ་གྲོགས་ཚོ། དངོས་གནས་འདི་ལོར་རྡོར་གླིང་ལྕགས་རི་སྨན་སློབ་ཏུ་ཞུགས་ཏེ་བོད་སྨན་ཡག་ཐག་ཆོད་ཅིག་སྦྱངས་ནས།
ནད་པ་ཁ་ཤས་ཏག་ཏག་བཟོ་དགོས་ས་རེད་བསམ་བསམ་ཞིག་ཡོང་གི་འདུག
ཡིནའང་ཆ་རྐྱེན་དེ་ཚོའི་ནང་ནས་གཅིག་ཚང་གི་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ད་དེ་ལ་བསམ་བློ་ཞིག་བཏང་ནས་བསྡད་ཡོད།
རྫུན་མ་བཤད་ན་མི་འགྲིག་གི་་་་་་་་་་་་་་་་་་་བདེན་པ་བཤད་ན་མི་ཐུབ་གི ་་་་་་་་་་་་་་་་་་་་་་་་་་ཁ་སང་དེ་རིང་གི་སྤྱི་ཚོགས་འདི་ཁེ་མཚར་བོ་ཞིག་རེད།
ག་དུས་ཡིན་ན་ཆ་རྐྱེན་ཆ་རྐྱེན་ཟེར་ནས་འདྲ་ཆགས་པོ་ཞིག་བཤད་དེ་དོན་དངོས་ལ་ང་འདྲ་བའི་རིགས་འགོག་ཐབས་ཡིན་ཚོད་འདུག ་་་་་་་་་་་་་་་་་་་་་་་་་་གང་ལྟར་ལྐོག་ནས་འཛུལ་ཏེ་ཐབས་ཤེས་ཤིག་བྱས་ན་མ་གཏོགས་་་་་་་་་མི་ཚང་མས་མཐོང་ས་ན་གོ་སྐབས་མེད་ཐག་ཆོད་རེད། གནམ་རྒན་མ་མཁྱེན།་་་་་་་་་ལྟག་སྒོ་རིན་པོ་ཆེ་ལ་སྐྱབས་བཅོལ་རྒྱུ་དེ་རེད། ལྟག་སྒོ་རིན་པོ་ཆེ་སྐུ་མཁྱེན་་་་གསུང་མཁྱེན་་་་ཐུགས་མཁྱེན།
དངོས་གནས་བཤད་ན་ཆེས་མཐོ་སྨན་པའི་ལྷན་ཚོགས་ཀྱི་གཙོ་བྱས་པའི་སྐྱབས་བཅོལ་བའི་སྨན་པ་ཚོས།
ཆ་རྐྱེན་ཆ་རྐྱེན་བཤད་སྡད་པའི་ཆ་རྐྱེན་དེ་གསོ་རིག་གི་བསྟན་པའི་མཛེས་རྒྱན་ཞིག་མ་རེད།
དེ་ལས་ལྡོག་ཏེ་ཐབས་ལམ་དེ་ནི་གསོ་རིག་གི་བསྟན་པ་གནུབ་བྱེད་ཅིག་རེད་འདོད།
དེ་ནི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་བསམ་བློ་ཅུང་ཙམ་བཏང་ན་ཤེས་ཐུབ་པ་ཞིག་རེད།
གནས་སྟངས་ལ་་་་་་ཞེས་བཅོས་རོགས།
རེད་རེད། དོན་སྨྱོན་གྱིས་བཤད་པ་ལ་རྒྱུ་མཚན་འདུག
རྡ་སའི་ཁོར་ཡུག་ན་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞེས་མིང་ཆེན་པོ་ཞིག་ཡོད་པ་དེ།
ད་ལོ་གཞི་ནས་དེའི་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱུང་དུས། འོ་དགོངས་དག་་་་་་་་་་་་་་ཁ་ནས་ཤོར་གྲབ་བྱས་སོང།
མ་རེད་མ་རེད། ཚོགས་མི་རྣམ་པས་དཀའ་ལས་མང་པོ་གནང་སྟེ། མི་ལོ་སྟོང་ཕྲག་མང་པོའི་རིང་བོད་ཀྱི་མེས་པོ་དག་གིས་རྔུལ་ཆུ་དང་ཟུངས་ཁྲག་གིས་བསྐྲུན་པའི་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་ལ་རྩིས་སྤྲོད་གཙང་མ་ཐུབ་ཡོད་པ་རེད།
དེ་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། མཛད་རྗེས་དེ་འདྲ་སྔོན་རྒྱལ་པོ་གླང་དར་མས་བྱས་མྱངས་ཡོད་པ་མ་རེད། དེས་ན་སྨན་པའི་ལྷན་ཚོགས་ལ་གླང་དར་མ་ལས་ལྷག་པའི་ཆོ་ལོ་ཅི་འདྲ་ཞིག (་་་་་་་་་་་་་་་་་་་་་་་་་་་) བསྩལ་ན་ཤིན་ཏུ་འོས་སམ།