གཙངབུ།
ཉིན་མ་འདི་དག་གི་རིང་ལ་ང་གང་ཞིག་གི་ཆེད་དུ་ལྷོ་ཕྱོགས་མྰ་སོལ་སྦེལ་ཀོབ་ཏུ་སླེབས། དགའ་སྤོབས་སྐྱེ་འོས་པ་ཞིག་ལ་གདན་ས་ཆེན་པོ་ནང་གི་དགེ་འདུན་རྣམ་པ་ཞོག་པ་ཆུ་ཚོད་༥ དང་ཕྱེད་ནས་ཡར་བཞེངས་ཏེ་དཔེ་ཆ་སློབ་འཛིན་དང་གྲྭ་ཇར་ཕེབས་ཤིང་། ཉིན་རེར་དཔེ་ཁྲིད་ཐེངས་བཞི་ལྔ་དང་། བོད་ཀྱི་རིག་གནས་སློབ་གྲྭ དེ་བཞིན་སྐད་ཡིག་སློབ་གྲྭ སྐད་བསྒྱུར་འཛིན་གྲྭ་སོགས་སུ་ཕེབས་ནས་ཞོགས་པར་ཆུ་ཚོད་༦ ནས་ཕྱེད་ཙམ་དང་། དེ་བཞིན་ཉིན་གུང་ཆུ་ཚོད་༡༡ ནས་ཕྱེད་ཙམ། དགོང་མོར་ཆུ་ཚོད་༥ པའི་ཐོག་ཏུ་ཞལ་ལག་བཞེས་ཤིང་། དེ་མིན་དུས་ཚོད་ཐམས་ཅད་སློབ་སྦྱོང་ཐོག་ཏུ་བཏང་བཞིན་འདུག ཁོ་ཚོས་སློབ་སྦྱོང་བྱེད་སྟངས་འདིས་ད་དུང་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གཞུང་འདི་རྒྱུན་རིང་ཙམ་གནས་རྒྱུ་རེད་སྙམ། དགོང་མོ་ཆུ་ཚོད་༦ པ་ནས་ཆུ་ཚོད་༡༢ དང་ཕྱེད་དམ་དང་པོའི་བར་ཆོས་གྲྭར་ལ་ཕེབས་པ་དང་། དེ་ནས་དཔེ་ཆ་སློབ་འཛིན་སྐྱོར་སྦྱོང་། དཔེ་ཀློག་སོགས་ཀྱིས་དུས་འདའ་བར་གནང་བཞིན་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་དགེ་འདུན་པ་ཁག་ཅིག་གིས་ལག་ཁྱེར་ཁ་པའི་ནང་དྲ་རྒྱ་འཐེན་ཞིང་དེ་ནས་གསར་འགྱུར་བླངས་པ་སོགས་ཆོས་སྲིད་གཉིས་ཀྱི་འཐད་ལ་དངོས་གནས་འབད་བརྩོན་དང་དཀའ་སྤྱོད་གནང་བཞིན་བཞུགས་པས་སྙིང་ནས་སྤྲོ་སེམས་འཁོར་བ་ཞིག་རེད། འདི་ནི་ངོ་མ་ཡ་མཚན་པ་ཞིག་རེད། ད་དུང་རེས་གཟའ་མིག་དམར་སྟེ་གུང་སེང་ཉིན་གྱི་དགོང་མོ་ཆུ་ཚོད་༦ དང་ཕྱེད་ཙམ་ནས་བྱེས་པ་གྲྭ་ཚང་གི་ཆོས་གྲྭའི་ནང་དུ་ཀུན་གླེང་སོགས་གསར་འགྱུར་ཁག་བསྟན་པ་དང་། མི་སྐྱ་རྣམས་ཆབ་སྲིད་ལ་དེ་ཙམ་དོ་སྣང་མེད་ཀྱང་དགེ་འདུན་པ་རྣམས་དོ་སྣང་ཧ་ཅང་ཆེ་གི རེད་དེ་ང་རང་གིས་བསམ་པ་ཡིན་ན་རབ་བྱུང་གི་སྡེ་ཞེས་པ་དེས་སྲིད་ལ་ལག་པ་འཆང་བ་ཡིན་ན་ནམ་ཡང་མི་མང་གིས་དད་གུས་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུར་ཁག་པོ་རེད། གང་གིས་ཤེ་ན། སློབ་དཔོན་ཆེན་པོ་དབྱིག་གཉེན་མཆོག་གིས། ཡུལ་ནི་ཉེར་བ་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་པའི། །ཉོན་མོངས་རྒྱུ་ལ་གོམས་པ་ཡིན། །ཞེས་གསུངས་པ་བཞིན་ཉོན་མོངས་མ་སྤངས་བས་ཉོན་མོངས་སྐྱེ་བའི་ཡུལ་དང་ཉེར་སོང་ན་སོ་སྐྱེས་ལ་ངོ་མ་ཁག་རྒྱུ་རེད་ཡ།
ད་དུང་ངོ་མཚར་སྐྱེས་འོས་པ་ཞིག་ལ་བོད་མི་འདི་དག་ནི་ལམ་དབུ་ཐོག་ཏུ་བསྐྱེད་ཀྱང་དོན་ངོ་མ་ནི་རང་བཙན་ལ་མོས་ཤིང་རང་བཙན་གྱི་ལྟ་གྲུབ་ལ་དགའ་བོ་བྱེད་པ་དང་། རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཆེན་པོ་འདུག རྒྱུ་མཚན་ནི་དཔེར་ན་གཞིས་གྲོང་དང་པོ་ནང་གི་པར་བསྐྲུུན་ཚོང་ཁང་དུ་ཚོང་བཞིན་ཡོད་པའི་ཇ་མོག་ཅིག་གི་སྟེང་དུ་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུལ་ལགས་ཀྱི་འདྲ་པར་བཀོད་པར་སོགས་ཁོང་ལ་ཧ་ཅང་དད་གུས་ཀྱིས་རྣམ་འགྱུར་འདིས་ཆེས་གསང་བ་ཞིག་ལ་འགྲེལ་བཤད་བྱས་ཡོད།༢༠༡༡ ༥ ༢༤ཉིན།
བོད་ཀྱི་གྲྭ་པས་སྲིད་ལ་དོ་སྣང་མ་བྱེད་ན་བོད་དོན་བདེན་མཐའ་གསལ་རྒྱུ་ཟེར་བ་དེ་ནམ་མཁའི་མེ་ཏོག་རང་རེད།
མཐོ་ས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་དང་དམའ་ས་ནས་སྲམ་ལམ་བར་ནས་བོད་དོན་ཆེད་ལས་འགུལ་སྤེལ་གཞིན་པའི་གྲྭ་རྐྱང་སྐྱོས་བར་གྱི་ལེའུ་དེ་རྫོགས་ན་བོད་དོན་ཟེར་བ་འདི་འཛམ་གླིང་ཐོགས་སྒྲགས་མཁན་ཞིག་གང་དུ་ཡོད། གཞིས་བཞུགས་བོད་མི་ཁྲིད་ཀྱི་ལས་འགུལ་སྣེ་ཁྲིད་པ་མང་ཆེ་བ་གྲྭ་བཙུན་མ་རེད་དམ། བོད་ཀྱི་མཐའ་རྩོད་ཀྱི་རྒྱུད་རིམ་པ་རྟགས་དཔྱད་ཙམ་ཡང་གནང་མྱོང་མེད་མཁན་དག་གིས་སྐྱིད་ཉལ་བྱས་ནས་བོད་ཀྱི་གྲྭ་བཙུན་དག་གིས་སྲིད་ལ་ལག་པ་འཆམ་མི་འོས་ཚུལ་གསུངས་པ་ནི་དགོད་དྲོ་བས་རྒྱུ་ལས་ཅི་ཡོད།
བོད་དོན་ཆེན་ཆབ་སྲིད་ལ་ལག་འཆང་དུས་ཁྱིམ་པ་སུན་འབྱིན་ཀྱི་ཡོད་ན་ཁྱིམ་པ་དེ་དག་བོད་དོན་ལས་འགུལ་སྤེལ་ན་ཁོ་རང་ཉིད་ལ་གནོད་ཀྱི་ཡོད་པའི་ཁྱིམ་པ་དག་ཡིན་པ་ཐག་གི་ཆོད། དེ་འདྲ་བའི་ཁྱིམ་པ་དག་གིས་འདོད་ཐོག་འགྲོ་དགོས་དོན་གང་ཡང་མེད།
བྱེད་བྱེད་མང་ན་བྱེད་རྐང་ཆག
རང་ཉིད་ཀྱིས་ལས་ཀ་གང་བྱེད་དང་སེམས་ལ་གང་འདོད་གཉིས་ཀྱི་དབྱེ་བ་ཕྱེ་མ་ཤེས་ནས་ད་བར་མགོ་རྙོག་བསྡད་ཀྱི་ཡོད། ད་དུང་ཡང་བསྡད་ཀྱི་རེད། དགོན་པས་ཆབ་སྲིད་བསྟན་གྱི་ཡོད་པ་ཡག་པོ་རེད། མུ་འཐུད་སྟོན། འོན་ཏེ་གསར་འགྱུར་བཤད་མཁྱེན་བུ་མོ་མཛེས་མ་དེ་ཚོ་དཀག་དགོས་འདུག གང་ཡིན་ཟེར་ན་ཁ་སང་ལྡི་ལི་ནས་སྐུ་ཞོག་གཉིས་ཁོང་གཉིས་ཐུག་སར་འགྲོ་སོང་།. གཙང་བུ་ཁྱེད་ཀྱིས་སེར་ར་ཁ་བཏང་ཐབས་སུ་དཔེ་ཆའི་ཚིག་རྫུན་མ་དེ་མ་དྲངས་རོགས། གལ་སྲིད་དྲངས་ན་དཔེ་ཆའི་མིང་དང་ཤོག་བུ་འབྲེལ་བཤད་རྒྱོབས་དགོས། རྡོར་དབང་ལགས།
ཕྱི་རོལ་དུ་ལམ་དབུ་མ་པ་ཡིན་མདོག་མདོག་དང་། ནང་སེམས་གཏིང་དུ་རང་རང་བཙན་རྩོད་འདོད་ཡོད་པ་ནི། རྒྱ་ནག་རྒྱལ་ཁབ་ཆེན་པོ་ལ་མགོ་སྐོར་བཏང་ཐུབ་པ་མ་ཡིན་པར། རང་ཉིད་ཀྱི་རྩ་ཆེན་གྱི་དུས་ཚོད་ཕྲོ་བརླག་བཏང་ནས། ཆབ་སྲིད་གནད་དོན་གྱི་ཆ་ནས་རང་གཞན་གཉིས་མེད་ཆགས་རྒྱུ་ལས་མ་འདས་པ་རེད་སྙམས་སོ། །བོད་རྒྱ་གཉིསཀ་རྒྱལ་ལོ། །
ཨ་ཁ། ངེད་བོད་མི་རྣམས་བསམ་བློ་གུ་དོག་པོ་དེ་འདྲ་གང་ཡིན་ནམ། རང་བཙན་ལ་མི་དགའ་མཁན་བོད་མི་སུ་ཞིག་ཡོད། རང་བཙན་ཐོབ་པའི་རེ་བ་ཡོད་ན་སུས་རང་བཙན་ཕར་བཞག་ནས་རྒྱ་འོག་ཏུ་འཛུལ་འདོད་བྱེད་ཀྱི་རེད། ༸གོང་ས་མཆོག་གིས་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་པར་རྟེན་བོད་མི་རིགས་འཆི་གསོན་གཉིས་ལ་ཐུག་ནས་ཡོད་པ་མཁྱེན་ཏེ་ཐབས་ཤེས་འདི་འདྲ་ཞིག་ལ་རྟེན་དགོས་བྱུང་བ་ལས་རང་བཙན་མི་འདོད་པ་ཞིག་རྩ་བ་ནས་མིན།„ བོད་མི་རིགས་གསོན་པོར་གནས་ན་རང་བཙན་ཞེས་པའི་སྐད་ཆ་རང་བཞིན་གྱིས་ཐོན་ཡོང་རྒྱུ་ཡིན་པ་དང། བོད་མི་རིགས་མེད་པར་འགྱུར་ཚེ་རང་བཙན་ཞེས་པ་ཚིག་ཙམ་ཡང་ལྷག་རྒྱུ་མིན་བསམ་ཡོད་ཅིག་གིས་ཤེས་ཐུབ། དཔེར་ན། བལ་པོའི་མི་རིགས་དེ་འཕེལ་རྒྱས་ཆེ་བས་རང་གི་རྒྱལ་ཁབ་ཡོད་པ་ཙམ་དུ་མ་ཟད་རྒྱལ་ཁབ་གཞན་གྱི་ནང་དུའང་རང་བཙན་དང་འདྲ་བ་མངའ་སྡེ་གསར་པ་དགོས་ཞེས་རྒྱ་གར་གཞུང་ལ་ག་ཚོད་ཀྱི་དཀའ་ངལ་བཟོ་བཞིན་འདུག དེ་ཙམ་དུ་མ་ཟད་སིངྒ་ལའི་ནང་ཏ་མིལ་མི་རིགས་རྣམས་རང་ལ་རང་བཙན་ཅན་གྱི་རྒྱ་གར་གྱི་རྒྱལ་ཁབ་ཡོད་བཞིན་དུ་རང་བཙན་དགོས་འདུན་སྟོན་པ་སོགས་མི་རིགས་གསོན་པོ་གནས་ཡོད་ནས་བཟུང་རང་བཙན་གྱི་སྐད་ཆ་བརླག་ཐབས་མེད་པ་ཡིན། ང་ཚོའི་མི་རིགས་རང་དབང་ཆེ་བའི་རྒྱལ་ཁབ་ནང་བཙན་བྱོལ་དུ་སྡོད་སྐབས་མི་ལོ་ལྔ་བཅུའི་ནང་རང་གི་མི་རིགས་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད། ད་ལྟ་ང་ཚོ་བཙན་བྱོལ་ནང་གི་རང་བཙན་ཞེ་པོ་གཅིག་ཡིན་ཟེར་མཁན་དེ་ཚོས་རང་དང་རང་གི་ཉེ་སྐོར་དུ་བོད་མི་རིགས་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་ཤེས་ཀྱི་མེད།„ བྱས་ཙང་ང་ཚོ་བོད་མི་ཚང་མས་བོད་མི་རིགས་གནས་དང་མི་གནས་ཀྱི་མཚམས་ལ་སླེབས་ཡོད་པ་ཤེས་ནས་རང་བཙན་དང་དབུ་མའི་ལམ་གཉིས་གང་གཙོ་ཆེ་བ་ཡིན་པ་མཁྱེན་པ་གནང་དགོས་པའི་ཐོག། བོད་རང་བཙན་མི་འདོད་མཁན་བོད་མི་གཅིག་ཀྱང་མེད་པ་ཚང་མས་ཤེས་དགོས། བཀྲིས་བདེ་ལེགས།
ངོ་མ་ཡག་གི་དེ་འདྲའི་ཆོས་སྲིད་གཉིས་ཀའི་ཕྱོགས་སུ་དང་བ་ཡོད་ན། ཡི་ནའང་ངའི་སློབ་གླིང་འདི་ན་དེ་འདྲའི་ཆབ་སྲིད་ལ་དེ་སྣང་ཡང་མིན་འདུག་ལ་གོ་རྟོགས་ཀྱང་དེ་ཙམ་མིན་འདུག་ ངོ་མ་ར་རང་ཡང་ཆེས་བློ་ཕམ་ཆེ་ཤོས་ནི་དེ་རང་ལས་ལྷག་པ་ཞིག་མིན་འདུག་རྒྱུ་མཚན་ནི་བོད་པའི་མཐོ་སློབ་ཞིག་ཡིན་པའི་ཆ་ནས་དེ་ནི་གལ་ཆེའི་ནང་གི་དེན་ཆེན་ཞིག་མ་ཡིན་ནམ་།།
ཆབ་སྲིད་ཀྱི་རང་དབང་མེད་ཆོས་ནི་སྔ་ཕྱི་ཙམ་མ་གཏོགས་འཇིག་ངེས་རེད། དགེ་འདུན་པས་ཆབ་སྲིད་ད་དོ་སྣང་ཡོད་པ་ཡག་པོ་རེད།
དེ་སྔོན་བོད་ཀྱི་གློག་བརྙན་བསྟན་སྐབས་ཕྱི་གླིང་པ་མང་པོ་ཡོད་ཅིང་བསམ་ཚུལ་བསྡུར་ལེན་བྱེད་སྐབས་མི་གཉིས་མ་གཏོགས་ཚང་མས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག རང་སྐྱོང་གིས་མི་མང་པོ་ཞིག་ལ་མགོ་རྙོག་བཏང་གི་འདུག་པ་དྲན།
ཝཱཎ་མཐོ་སློབ་ཀྱི་འཛུལ་རྒྱུགས་སྐབས་སུ་དེ་སྔོན་ནས་དྲང་པོ་བྱས་མེད་པའི་གནས་ཚུལ་ཡོད་འདུག དཔེར་ན། ཕྱི་༢༠༡༠ ལོའི་འཛུལ་རྒྱུགས་སྐབས་སུ་ཚུད་མཁན་གྱི་ཨང་རིམ་མཐོ་ཤོས་ཀྱི་ནང་དུ་བལ་ཡུལ་དང་ལ་དྭགས་ཀྱི་སློབ་མ་མང་པོ་སླེབས་ཡོད། འཆལ་གཏམ་ནང་དུ་ཡིག་རྒྱུགས་ཀྱི་དྲི་བ་གསང་བའི་ངང་ནས་སྦྱོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད། གོ་ཐོས་ལ་ཡིག་རྒྱུགས་གློག་ཀླད་དུ་འཇུག་མཁན་ནི་བལ་ཡུལ་གྱི་ཨ་ནེ་བུ་འཁྲིད་ཟེར་མཁན་ཞིག་ཡོད་པ་དེ་རེད་ཟེར། ག་རེ་ཡིན་ན་ཡང་། ཨ་ནེ་དེའི་ཕ་ཡུལ་གཅིག་པ་ཚང་མ་མཐོ་སློབ་ཏུ་ཚུད་ཚར་བ་རེད། དངོས་གནས་ཆུ་ཚད་ཡག་པོ་ཡོད་མཁན་གྱི་སློབ་ཕྲུག་ཚོར་གྱོང་གུན་ཆེན་པོ་ཕོག་ཡོད་པ་ཐག་གིས་ཆོད།
དེའི་ཐོག་ལ་མཐོ་སློབ་དེའི་སློབ་ཕྲུག་གིས་གཙོས་པའི་དགེ་རྒན་དང་ལས་བྱེད་སུས་ཀྱང་སྐྱོན་བརྗོད་བྱེད་ཀྱི་མེད་པར་ཁུ་སིམ་མེར་སྡོད་ཀྱི་ཡོད་བཟོ་འདུག ཁོ་ཚོ་ཚང་མར་སྤྱི་ཚོགས་ཀྱི་འགན་འཁུར་མེད་པའི་རྟགས་རེད་ལ། མ་གིའི་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་གནས་སྟངས་ཀྱང་ཡག་པོ་མེད་པའི་རྟགས་རེད། འགོ་འཁྲིད་ཀྱིས་ཀྱང་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད་པ་ནི་གསལ་ཧྲི་གེ་རེད། ཨཙརྱ་བོད་ཡིག་གི་གཏོང་ཡིག་ཀྱང་བྲི་མི་ཤེས་མཁན་ཡོད་པ་དེས་ཀྱང་དངོས་ཡོད་གནས་སྟངས་གསལ་པོ་ཡིན། ད་རེས་ཀྱི་འཛུལ་རྒྱུགས་ཡིག་ཚད་དེ་གང་འདྲ་བྱེད་མིན་ང་ཚོས་ཡག་པོ་བལྟ་དགོས།
ཁ་ཕོར་ན་བསྟན་འཛིན་བརྩོན་འགྲུས་ཀྱི་དཔར་འགོད་མཁན་དེར་ལས་ཀ་ཅང་མི་ཀི་ཡ། མགོ་ལུས་མ་ཤེས་ལ། ཚིག་སྦྱོར་མི་བདེ་བའམ་ཚིག་སྦྱོར་མི་མཐུན་པའི་གཙག་བུའི་རྩོམས་འདི་ཅི་ཞིག་རེ།
རང་ཙན་རེག་ན་དགའ།
རང་དབང་ཡོད་ན་དེ་ལས་དགའ་།
རང་རྒྱུ་གཞན་ལ་མ་ཤོར་དགའ་།
རང་ལ་གཞན་རྒྱུ་ཡོང་ན་དགའ་།
རང་སར་བསྡད་ནས།
རང་དོན་ལས་དུས།
རང་གཞན་གཉིས་ཀྱིས།
རང་བཞིན་སྟོན་ཡོང་།
གཞིས་ཀེམ་དང་པོའི་ཀུན་དགའི་པར་ཁང་ནང་དངུལ་སྤྲད་ན་ཁྱོད་རང་གི་པར་ཡང་ཇ་མོག་གི་སྟེང་འགོད་གི་རེད།
གཙང་བུ་ལགས། གྲྭ་པས་ཆོས་སྲིད་ཟུང་འབྲེལ་འཇོན་ན་བཟང་བ་ལས་ངན་པ་ཇི་ལྟར་ཡིན།
མི་རེ་རེ་ཡིན་ཡང་ཤེས་ཡོན་ཅན་དང་འཇོན་ཐང་ཅན་བྱུང་ན་དགའ་རྒྱུ་ལས་ཅི་ཡོད།
ཆོས་སྲིད་ཟུང་འབྲེལ་གྱི་མིང་སྙན་འོག་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་བྱས་ན་མི་བཟང་ལ།
མ་ཟད་འདས་ད་མ་གསུམ་ལ་བོད་འདིར་རབ་བྱུང་བས་བག་ཆགས་བཞག་ཡོད་པ་ལས་མི་སྐྱ་ཚོས་ཅི་འཇོན་ཡོད། ཤོ་རྒྱབ། ཆང་འཐུང་། བྱི་མོ་དེད་པ་སོགས་རེད།
བོད་འདི་སྔོན་ནས་ཆོས་སྲིད་གཉིས་ཀ་རབ་བྱུང་བཟུང་བ་རེད།
ཉེར་ཆར་རྔ་བའི་དོན་རྐྱེན་དང་། ༢༠༠༨ ལོའི་ཞི་རྒོལ། ༥༩ལོར་སོགས་ཀྱི་བྱུང་པ་ལ་གཟིགས་དང་ཤེས་རྒྱུ་རེད།
མེ་ཏོག་དཀར་པོ་ལགས། དངུལ་སྤྲོད་ནས་པར་འཇོག་རྒྱུ་ལས་ཇ་མོག་ཅེས་པའི་ཚིག་དོན་ལ་དེ་བསམ་གཞིག་ཅིག་གནང་དང་།
རྒྱ་མིན་བོད་མིན་ར་མ་ལུག་གི་སྐད་དེ་གང་རེད།
དོན་བསྡུར་ན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག
བོད་རྒྱལ་ལོ། །
མེ་ཏོག་དཀར་པོ་ལགས། དངུལ་སྤྲོད་ནས་པར་འཇོག་རྒྱུ་ལས་ཇ་མོག་ཅེས་པའི་ཚིག་དོན་དེ་ལ་བསམ་གཞིག་ཅིག་གནང་དང་།
རྒྱ་མིན་བོད་མིན་ར་མ་ལུག་གི་སྐད་དེ་གང་རེད།
དོན་བསྡུར་ན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག
བོད་རྒྱལ་ལོ། །
གདན་སའི་ཕྱི་ལོགས་ཀྱི་རྣམ་འགྱུར་ཙམ་མ་གཏོགས་མཐོང་མི་འདུག་་་་ནང་ལོགས་ན་ཨ་ཁུ་ཚོ་དང་གྲྭ་ཕྲུག་ཚོར་ལས་རྒྱུ་མང་པོ་ཡོད་རེད།
ལས་སྟངས་དེ་ཚོར་བལྟས་ན་བཅོམ་ལྡན་འདས་ཀྱི་འདུལ་བ་ཕར་ཞོག་་་་་ལྷ་ཆེན་དབང་ཕྱུག་ཀྱང་གད་མོ་ཤོར་འགྲོ་བ་རེད།ཧཧཧཧཧ
གསེར་སེར་པོས་སྐད་ཆ་གསེར་འདྲ་པོ་ཞིག་བཤད་སོང་།
མིག་ལགས་གོང་དུ་གཙང་བུས་བསྟན་བརྩོན་གྱི་པར་ཇ་མོག་སྟེང་འདུག་བྲིས་འདུག་པར་དེ་ལ་གཞི་བཞག་ནས་བྲིས་ཡིན།
གཙང་བུས་བྲིས་མ་བྲིས་ཀྱི་གནས་ཚུལ་ཞིག་མ་རེད། ཁྱོད་ལ་རང་ལུགས་མེད་པ་གང་རེད།
མེ་ཏོག་དཀར་པོ་ཟེའུ་འབྲུ་ནག་པོ་ཁྱོད་ནི་རང་ལུགས་མེད་པའི་རྐུན་མ་ཞིག་དང་མི་འདྲ་འམ།
ལགས་སོ་མིག་ལགས། གཙང་བུས་བྲིས་ན་འགྲིག་ལ་ངས་བྲིས་དུས་མི་འགྲིག་པའི་ལུགས་འདི་གསང་བ་བསམ་གྱིས་མི་ཁྱབ་པ་ལོས་ཡིན།
ཡིན་ནའང་ང་རྐུན་མ་ནི་མིན་ནོ།།
མིག་ལགས།
ཁྱེད་ཀྱིས་མིག་ཡ་གཅིག་བཀབ་ནས་བལྟས་པ་དང་། གཡག་ཞར་གྱིས་རྩ་བཟས་པ་ལྟ་བུ་རྩ་བ་ནས་བྱེད་རྒྱུ་མེད། དེ་ལྟར་བྱས་ཚེ་ཁྱེད་ཀྱིས་རང་རྟགས་ངོ་མ་གཞན་གྱི་སྟོན་མི་དགོས་པར་རང་ཉིད་ཀྱིས་དྲ་རྒྱའི་སྟེང་གསལ་སྟོན་བྱེད་ཀྱི་འདུག་པས། དྲ་གྲོགས་ཡོངས་བཞད་གད་ཀྱི་གནས་ལས་མ་འདས། སྐྱ་སེར་གཉིས་ལ་སོ་སོའི་ཁྱད་ཆོས་ཡོད་ལ། ལྷག་པར་དུ་སྐྱ་བོ་ཚོས་བུ་མོ་རྗེས་ལ་རྒྱུགས་པར་ཧ་ལས་རྒྱུ་མེད། ཧ་ལས་དགོས་པ་ནི་ཁྱེད་ལྟ་བུ་སྐྱ་མིན་སེར་མིན་འདུལ་ཁྲིམས་ཚུལ་བཞིན་དུ་མི་སྲུང་བར་སློབ་གྲྭའི་བུ་མོ་གུང་གསེང་ལ་ལེན་ནས་འོས་བྱེད་མཁན་རྣམས་རེད། འདུལ་ཁྲིམས་ཚུལ་བཞིན་དུ་སྲུང་མི་ཐུབ་ན་དགོན་པར་བསྡད་ནས་ས་རྫད་རྒྱུ་ལས་མེད་པས་སྐྱ་ཆས་གྱོན་ན་མི་ལེགས་སམ། བསྟན་དགྲ་མི་མཛད་པར་ཞུ། དེ་ནི་ངའི་སེམས་སྟེང་གི་ཁ་ཏ་བསླབ་བྱ་ཡིན།
དབྱངས་བུས་གཙང་བུ་དང་མིག་ནོར་བ་མ་རེད་དམ།
གྲྭ་པས་ཆབ་སྲིད་ལ་དོ་སྣང་མ་བྱས་ན་བོད་དོན་བདེན་མཐའ་གསལ་རྒྱུ་ནི་ཉིན་མོའི་རྨི་ལམ་ཡིན་པ་༡༩༨༧ ནས་ད་ལྟའི་བར་གྱི་བོད་དོན་འཐབ་བརྩོད་ལ་ཕྱིར་མིག་ཅིག་བལྟས་ན་ཤེས་ཐུབ། དེས་ན་གྲྭ་པས་ཆབ་སྲིད་ལ་དོ་སྣང་བྱེད་རྒྱུ་ནི་བོད་དོན་གཉན་འཕྲང་གི་སྐབས་འདིར་མེད་དུ་མི་རུང་བ་ཞིག་རེད། སྤྱི་ཡོང་གི་ཆ་ནས་གཟའ་བཟླ་བུ་ཕྲུག་གསོ་སྐྱོང་བྱེད་རྒྱུ་མེད་པ་སོགས་རྒྱུ་རྐྱེན་མང་པོ་ལ་བརྟན་ནས་གྲྭ་པའི་འཐབ་བརྩོད་ཀྱི་ངར་ཤུག་ལ་སྐྱ་བོ་ཚོས་བསྡུར་རྒྱུ་མེད་པ་རེད།
ཚུལ་ཁྲིམས་མཐར་ཕྱིན་ཟེར་བ་དེ་གཅིག་ཐུག་ན་ར་ཞིག་སྤྲད་བསམས་ནས་ཡོད་ཀྱང་ཐུག་ས་མ་རེད། ཁོ་སྙིང་རྗེ་ཡག་རེད་འདུག ཁྱེད་རང་འདོད་པ་ཡོད་ན་ངས་དྲང་བདེན་གྱིས་སྒོ་ནས་ཁྱེད་ཀྱི་ལོག་རྟོག་དེ་ཚོ་མེད་པ་བཟོ་ཐུབ་སྙམ།
བྱ་རྒོད་ཀྱིས་ཤའི་མིག་གིས་མཐོང་ན་མ་གཏོགས་ཚུལ་ཁྲིམས་མཐར་ཕྱིན་འདི་ན་མིན་འདུག་གོ
ཨ་མདོ་བ་སྒྲོལ་མ་སྐྱབས་ཟེར་བ་མི་ངན་དེ་།་ངས་སྔོན་མ་ནས་གོ་རྙོང་ཡོད་།་ཁོ་སྔོན་མ་ནོར་གླིང་གི་འགན་འཛིན་བྱེད་པའི་དུས་ལ་ཆོལ་ཁ་ཀྱིས་དབྱེར་བ་ཕྱེས་ནས་།སློབ་སྦྱོང་ཡོད་མེད་ལ་མ་སྟོས་པ་ཕ་ཡུལ་ཅིག་པ་དང་ངོ་ཤེས་་རྣམས་ལ་ལས་ཀ་ཡག་པོ་སྤྲོད་པ་དང་་།དེ་མིན་སློབས་སྦྱོང་དང་ལགས་ཤེས་ཡག་པོ་གང་འདྲ་ཡོད་ན་།་ཆོལ་ཁ་དང་ཕ་ཡུལ་ཅིག་པ་མིན་ན་།ཁོས་གླ་ཕོག་ཆུང་ཆུང་ལས་ཀ་ཐེབས་ཆག་།མཐར་མ་ཁམས་པ་དང་དབུས་གཙང་མོང་པོ་ཐོན་དགོས་བྱུང་སོང་།མི་ངན་དིས་གཞུང་གིས་རྒྱུ་སྒེར་ཟ་བྱས་ནས་བོད་ནང་དུ་ཕྱིར་རྒྱ་གཞུང་འབྲེལ་ཀྱིས་མིང་ཐོག་ནས་འགྲོན་ཁང་དང་བཟོ་གྲྭ་ལ་སོགས་ཡོད་སྐད་འདུག་།ད་ལྟར་ཁོ་འབུམ་༣༠༠ཁུ་བྲོས་ཚར་རེད་ཟེར་ཀྱི་འདུག་་།འདུ་འདྲ་བའི་མི་ངན་བོད་རིགས་མིན་ན་བཟང་བ་ལ་།ང་ཚོ་མི་རིགས་གི་མཐུན་སྒྲིལ་ལ་གཏོར་གཤིས་གཏོང་ཁན་ཞིག་རེད་།ང་ཚོ་ད་ལྟར་བཙན་བྱོར་དུ་གནས་སྐབས་སུ་།ནོར་གླིང་འདུ་གཞུང་འབྲེལ་མིན་པའི་ལགས་ཤེས་སྡེ་ཚན་ཆེ་ཤོས་ཞིས་ཡིན་པའི་།ཆོལ་གསུམ་དབྱེར་མེད་ཀྱིས་འགན་འཛིན་ཞིས་ཡོང་བ་རེ་བ་ཆེ་།
དབྱངས་བུ་ལགས་མིག་གིས་མིག་ཡ་གཅིག་བཀག་ནས་བལྟས་ཀྱང་སྐྱོན་མེད།
ཁྱོད་རང་གིས་གླད་པ་དང་། དབང་རྩ། སེམས་པ་སོགས་ལ་སྐྱོན་ཤོར་བ་མིན་འགྲོ།
གཅིག་བྱེད་ན་རྟེན་འབྲེལ་བཟང་ནས་མིག་མི་ཚེ་འདི་ནང་རབ་ཏུ་བྱུང་བ་ཞིག་ཀྱང་ཆགས་པ་འདྲ།
དེ་ཡིན་ན་དབྱངས་བུས་དབྱངས་དུང་འབུད་པ་ལས་ཡིན།
དབྱངས་བུ་ལགས། བསམ་ཚུལ་བཤད་ཆོག་ཀྱང་ཐག་བཅད་སྔ་བ་དེ་ལྐུག་པའི་རང་རྟགས་རེད།
ཤེས་སོང་ངམ།
གླིང་ཕྲུག་ལ་ག་རེའི་གཟའ་རྒྱབ་པ་རེད། གློ་བུར་དུ་ཁྲོས་འདུག་ག
ཁྱོད་རང་ལ་མེ་ཏོག་དཀར་པོ་མ་རྟགས་།ནག་པོ་ཏག་ན་བཟང་།ཁྱོད་རང་ལོང་བ་དང་འོན་པ་མིན་ན་།ནོར་གླིང་ནས་ལས་ཀ་བྱེད་མྱོང་ཡོད་པའི་ཁམས་པ་དང་དབུས་གཙང་བ་ཚོ་དྲིས་དང་་།དེ་ནས་སི་ལ་གཟའ་རྒྱབ་ཡོད་མེད་ཧ་གོ་ཡོང་གི་རེད་།
ད་ཁྱོད་ཚོ་དོན་མེད་ རྙོག་གླེང་མ་བཟོ་ ངག་གི་མི་དགེ་བ་ཟེར་བ་ཞིག་ཀྱང་མ་བརྗེད་པ་གྱིས་ དེ་ལས་སྙན་རྩོམ་རང་བྲིས་ རང་གིས་ཀྱང་བཀློག་ གཞན་ལ་ཡང་བསྟན་ན་དེ་ཕན་པ་ཡོད་ གཞན་ ་དོན་མེད་འབྲས་བུ་མེད་པའི་ རང་གི་ཐབས་སྡུག་གི་བསམ་བློའི་འཆར་སྒོ་ མིས་ཤེས་པ་ཡིན་ན་ངོ་ཚ་དགོས་པ་དེ་ཚོ་ ཐུན་མོངས་ཀྱི་ལོངས་སྤྱོད་ཡུལ་དུ་གྱུར་པའི་དྲྭ་ཚིག་ཐོག་འགོད་པ་ནི་ ཡ་རབས་ཚུལ་ལྡན་ཟེར་བའི་དེང་རབས་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་རང་མདོག་ངོ་མ་དེ་ འཛམ་གླིང་གི་ལྟད་མོའི་མགྲན་སྡུར་ལ་བཤམས་པ་རང་རེད བསམ་ཚུལ་རང་ཡིན་ ཚེ་རིང་ལོ་བརྒྱ་ ཁ་དྲོ་བཀྲ་ཤིས་ ཁམས་གསུམ་དབང་བསྡུས་ རིག་པ་བསྒྲིམ་ཤོག
གོང་དུ་མིང་དབྱིན་ཡིག་ནས་བྲིས་པས་མི་ཞིག་གི་བལ་པོ་དེ་ཚོ་རྒྱ་གར་ལ་ཡོད་ཀྱང་རང་བཙན་འདྲ་བའི་མངའ་སྡེ་གསར་པ་ཞིག་དགོས་ཤེས་སྐད་རྒྱག་བཞིན་ཡོད་པ་གསུངས་འདུག ཁོང་ཚོས་མངའ་སྡེ་གསར་པ་དགོས་ཤེས་པ་དངོས་འབྲེལ་ཡིན་ནའང་རང་བཙན་རྩ་བ་ནས་བརྩོད་ཀྱིན་མེད། རང་བརྩན་ཞེས་པ་དེ་རྒྱལ་ཁབ་ཅིག་ལ་གོ་དགོས། རྒྱལ་ཁབ་ནང་གི་མངའ་སྡེ་གསར་པ་བརྩོད་པ་དེ་ལ་རང་བརྩན་ཞེས་རྩ་བ་ནས་བརྗོད་མི་རུང།
སྟེང་གི་ལྭ་བ་ག་ཚོད་བརྗེས་པ་རྒྱབ་ནའང་འོག་གི་མི་དེ་རང་ཅག་འདོན་གྱི་འདུག