ཕྱི་ལོ་ ༢༠༡༡ ཟླ་ ༦ པའི་ཚེས་ ༢༩ ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་གཡས་ཕྱོགས་སུ་ཡོད་པའི་དུས་འཁོར་ལྷ་ཁང་དུ་ཕྱིན་ཅིང་མཆོད་མཇལ་བྱས། ཕྱི་ལོ་ ༢༠༠༣ ལོའི་ཡར་སྔོན་དུ་ལྷ་ཁང་གི་རྩིགས་ངོས་སུ་བྲིས་པའི་དུས་འཁོར་ལྷ་གྲངས་ཡོངས་རྫོགས་ཀྱི་བྲིས་ཐང་ལས་གཞན་དམིགས་བསལ་མེད་མོད། ད་སྐབས་༧རྒྱལ་བའི་བཞུགས་ཁྲིའི་མདུན་གྱི་གཡོན་ཕྱོགས་སུ་ཤེལ་སྒམ་ནང་དུ་གསེར་ཟངས་ལས་བསྐྲུན་པའི་དུས་ཀྱི་འཁོར་ལོའི་སྐུ་བརྙན་ཆེན་པོ་བཟོ་རྩལ་ཤིན་ཏུ་ལེགས་པ་ཞིག་དང་། གཡས་ཕྱོགས་སུ་སྒྲོལ་མའི་སྐུ་བརྙན་ཆེ་བ་སྤུས་ཚད་དེ་བས་ཀྱང་ལེགས་པ་གཉིས་བཞུགས་སུ་གསོལ་འདུག་པས་ཞིབ་མོར་མཇལ་བ་ཡིན།
དུས་འཁོར་ལྷ་ཁང་འདི་རྣམ་རྒྱལ་གྲྭ་ཚང་གི་ཡིན་ཞིང་། རྣམ་རྒྱལ་གྲྭ་ཚང་ནི་དམིགས་བསལ་དུས་འཁོར་གྲྭ་ཚང་ཞིག་ཡིན་སྟབས། དུས་འཁོར་གྱི་སྐུ་བརྙན་འདི་ཡང་ཚད་མར་འཛིན་འོས་པ་ཞིག་ཡིན་པས། དུས་འཁོར་གྱི་སྐུ་བརྙན་དེའི་ཞལ་ཕྱག་སོགས་ལ་ཞིབ་ལྟ་ཞིག་བྱས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ། དེ་འདྲའི་འབྱོན་ལེགས་ཀྱི་སྐུ་བརྙན་ཆེན་པོ་དེའི་ཐོག་བཟོ་ཉེས་ཀྱི་སྐྱོན་ཆེན་པོ་བློ་ཡུལ་ལས་འདས་པ་ཞིག་འདུག ངས་བསྐྱར་དུ་ལྷ་ཁང་གི་དབུས་ཀྱི་རྩིགས་ལྡེབས་སུ་བྲིས་པའི་དུས་འཁོར་ཐང་ག་ལ་བལྟས་པས། དེ་ཡང་སྐུ་བརྙན་དང་འདྲ་བར་ནོར་བ་གཅིག་མཚུངས་སུ་ཡོད་སྟབས། པར་ཆས་བླངས་ཏེ་པར་ལེན་སྐབས། སྐུ་གཉེར་བས་པར་ལེན་ཆོག་གི་མ་རེད་གསུངས་པས། གསེར་སྐུའི་སྐུ་རྒྱབ་མ་གཏོགས་པར་ལེན་ཐབས་མ་ལྡན།
དེ་ནས་རྣམ་གྲྭའི་མཁན་པོ་མཇལ་འདོད་སྐྱེས་ཏེ་ཉེ་འཁོར་གྱི་གྲྭ་བ་ཞིག་ལ་མཁན་རིན་པོ་ཆེ་བཞུགས་ཡོད་མེད་དྲིས་པས། ཁོང་གིས། མཁན་རིན་པོ་ཆེ་ཤག་ཏུ་བཞུགས་ཡོད་མེད་གང་ཤེས། སོང་ནས་ལྟོས་དང་ཟེར། ང་མཁན་རིན་པོ་ཆེའི་བཞུགས་ཤག་དུ་སོང་དུས་ཁོང་གི་གསོལ་དཔོན་ཡིན་ནམ་གྲྭ་བ་ཞིག་གིས། མཁན་རིན་པོ་ཆེ་རྡ་ཤོད་དུ་ཕེབས་སོང་། སང་ཉིན་དུས་ཚོད་གསུམ་པའི་ཐོག་ཤོག་གསུངས་པས། དེ་ལྟར་བྱེད་རྒྱུ་བྱས་ཏེ་བསམ་བློ་གཏོང་བཞིན་ཕྱིར་སྡོད་གནས་སུ་ཡོང་།
མཚམས་འདི་ནས་ངས་ཀློག་མཁན་ཚོར་དུས་འཁོར་གྱི་སྐུ་བརྙན་དང་རྩིགས་ངོས་ཀྱི་དུས་འཁོར་ཐང་ག་གཉིས་ཀར་བཟོ་ཉེས་ཀྱི་སྐྱོན་ཅི་ཞིག་ཡོད་པ་གསལ་བོར་ཞུས་ན་འདོད།
དུས་འཁོར་གྱི་སྐུ་བརྙན་དང་ཐང་ག་གཉིས་ཀར་གཅིག་མཚུངས་སུ་དཔུང་བ་ལག་ངར་བཅས་ཉེར་བཞི་བྱས་འདུག ༼སྐུ་རྒྱབ་ཀྱི་འདྲ་པར་ཟུར་དུ་ཡོད་པས་གཟིགས་རོགས།༽དུས་འཁོར་ལ་ཕྱག་ཉེར་བཞི་ཡོད་པ་བདེན་མོད། ཕྱག་ཉེར་བཞིའི་དོན་དཔུང་བ་ཉེར་བཞི་མ་ཡིན་པར་ཕྱག་ངར་རམ་ལག་ངར་ཉེར་བཞི་ཡིན། དེའི་རྒྱུ་མཚན་ནི། དུས་འཁོར་རྩ་རྒྱུད་ལས། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག། ཕྲག་པ་དྲུག་དང་ཉི་མའི་དཔུང་བ་རྒྱལ་བའི་ཕྱག་གི་པདྨ། ཞེས་གསུངས་པ་ལྟར། ཟླ་བ་ནི་གྲངས་ཀྱི་མངོན་བརྗོད་དེ་སྐུ་གཅིག་དང་། ཟུང་ནི་གཉིས་ཏེ་ཞབས་གཉིས། མེ་ནི་གསུམ་སྟེ་མགྲིན་པ་གསུམ། ཆུ་གཏེར་ནི་བཞི་སྟེ་ཞལ་བཞི། ཕྲག་པ་དྲུག་དང་ནི་ཕྲག་པ་དྲུག ཉི་མ་ནི་བཅུ་གཉིས་ཏེ་དཔུང་བ་བཅུ་གཉིས། རྒྱལ་བ་ནི་ཉེར་བཞི་སྟེ་ཕྱག་ངར་རམ་ལག་ངར་ཉེར་བཞིའོ།།
ཞིབ་ཏུ་བཤད་ན་འདི་ལྟར། དཔལ་དུས་ཀྱི་འཁོར་ལོར་སྐུ་གཅིག་ལ་ཞབས་གཉིས། མགྲིན་པ་གསུམ། ཞལ་བཞི། ཕྲག་པ་དྲུག དཔུང་བ་བཅུ་གཉིས། ལག་ངར་ཉེར་བཞི་ཡོད།
ཕྲག་པ་དྲུག་ཟེར་བ་གཡས་གཡོན་གཉིས་ཀར་ཕྲག་པ་གསུམ་གསུམ་སྟེ་དྲུག་ཡོད་པའི་དོན་རེད། ཕྲག་པ་རེ་རེའི་སྣེ་ནས་དཔུང་བ་གཉིས་གཉིས་གྱེས་པས་གཡས་གཡོན་གཉིས་སུ་དཔུང་བ་བཅུ་གཉིས་ཡོད། དེ་བཞིན་དུ་དཔུང་བ་རེ་རེའི་སྣེ་ནས་ཕྱག་ངར་རམ་ལག་ངར་གཉིས་གཉིས་གྱེས་པས་གཡས་གཡོན་གཉིས་སུ་ཕྱག་ཉེར་བཞི་ཡོད། དེ་ལྟར་ན་ཕྲག་པ་རེ་ལས་དཔུང་བ་གཉེས་རེ་གྱེས། དཔུང་བ་རེ་ལས་ཕྱག་ངར་རམ་ལག་ངར་གཉིས་རེ་གྱེས་པས། ཕྱོགས་གཅིག་གི་དབང་དུ་དབང་ན། ཕྲག་པ་གསུམ། དཔུང་བ་དྲུག ཕྱག་བཅུ་གཉིས། ཕྱོགས་གཉིས་བསྡོམས་ན། ཕྲག་པ་དྲུག དཔུང་བ་བཅུ་གཉིས། ཕྱག་ཉེར་བཞི་ཡོད།
གལ་ཏེ་ཕྱག་དང་དཔུང་བ་མཉམ་བསྲེ་བྱས་ནས་ཉེར་བཞི་བྱས་ན། གཏན་ནས་མི་འགྲིག་སྟེ། དཔུང་བ་བཅུ་གཉིས་ནི་དོན་དམ་པའི་ས་བཅུ་གཉིས་ཡོངས་སུ་རྫོགས་པའི་བརྡ་དང་། ཕྱག་ཉེར་བཞི་ནི་དུས་གཟེར་ཉེར་བཞི་རྣམ་པར་དག་པའི་བརྡ་ཡིན་ནོ།།
གལ་ཏེ་རང་ལུགས་ལ་དེ་ལྟར་རོ་སྙམ་ན། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། ཤིང་པར་མའི་གླེགས་བམ་ཉ་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ཞེས་པའི་ཤོག་གྲངས་བཞི་བཅུའི་སྲིབ་ངོས། དབྱིན་ཨང་། ༣༣༠ ཐིག་ཕྲེང་ལྔ་བར། གཡས་གཡོན་གྱི་ཕྲག་པ་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་ཕྲག་པ་དྲུག གཡས་གཡོན་གྱི་དཔུང་བ་དང་པོ་གཉིས་གཉིས་སྔོན་པོ། གཉིས་པ་གཉིས་གཉིས་དམར་པོ། གསུམ་པ་གཉིས་གཉིས་དཀར་པོ་སྟེ་དཔུང་བ་བཅུ་གཉིས། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། ཞེས་གསུངས།
ཡང་། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་གྱི་སྒྲུབ་ཐབས་དངོས་གྲུབ་ཀུན་གྱི་བུམ་བཟང་། ཤོག་གྲངས་སོ་ལྔའི་སྲིབ་ངོས། དབྱིན་ཨང་། ༤༧༤ ཐིག་ཕྲེང་བཞི་བར། གཡས་གཡོན་གྱི་ཕྲག་པ་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་ཕྲག་པ་དྲུག གཡས་གཡོན་གྱི་དཔུང་བ་དང་པོ་གཉིས་གཉིས་སྔོན་པོ། གཉིས་པ་གཉིས་གཉིས་དམར་པོ། གསུམ་པ་གཉིས་གཉིས་དཀར་པོ་སྟེ་དཔུང་བ་བཅུ་གཉིས། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། ཞེས་གསུངས་པ་དང་ཤིན་ཏུ་འགལ་བ་རེད།
དེང་སྐབས་༧གོང་མཆོག་གིས་འཛམ་གླིང་ཧྲིལ་བོ་ཞབས་ཀྱིས་བཅགས་ཏེ་དུས་འཁོར་དབང་ཆེན་ཐེངས་མང་གནང་དང་གནང་བཞིན་པའི་བཀའ་དྲིན་ལ་བརྟེན། ཤེས་ལྡན་མི་ཉུང་བ་ཞིག་གིས་བོད་ཀྱི་ནང་ཆོས་སྤྱི་དང་། ལྷག་པར་དུ་དུས་འཁོར་ལ་ཚད་མཐོའི་གདེངས་འཇོག་བྱེད་བཞིན་པ་དང་ཆབས་གཅིག རྡ་རམ་ས་ལའི་དུས་འཁོར་གྲྭ་ཚང་དང་དུས་འཁོར་ལྷ་ཁང་ཡང་ཚད་མར་འཛིན་བཞིན་པའི་སྐབས་འདིར། དུས་འཁོར་གྲྭ་ཚང་གིས་འདི་ལྟར་མ་བརྟག་མ་དཔྱད་པར་མ་དག་རྒྱུན་འབྱམས་སུ་བཏང་བ་ཡིན་ན། དེ་ནི་འགན་མ་ཁུར་བའི་བྱ་བཞག་ཅིག་དང་། བོད་ཀྱི་ནང་བསྟན་ཆོས་ལུགས་དང་། དེའི་དབུ་ཁྲིད་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཤ་ཚ་མེད་པའི་རྟགས་ཡིན་པས། ཕྱིན་ཆད་གཟབ་གཟབ་བྱེད་དགོས་སྙམ།
ཕྱི་ཟླ་ ༦ ཚེས་ ༣༠ ཉིན། ཡང་བསྐྱར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེའི་༼ཁྲོམ་ཐོག་རིན་པོ་ཆེ།༽གཟིམ་ཤག་ཏུ་བཅར་བས། ཐོག་མར་གྲྭ་བ་གཉིས་ཀྱིས་ནང་དུ་ཤོག་ཅེས་བརྡ་བྱུང་བས་ནང་དུ་ཕྱིན། ནང་དུ་མཁན་རིན་པོ་ཆེ་དང་། གཞན་གྲྭ་བ་གཅིག བུ་མོ་གཉིས་བཅས་འདུག ང་ནང་དུ་འཛུལ་མ་ཐག མཁན་རིན་པོ་ཆེས། དོན་དག་ཅི་ཞིག་ཡོད། དེ་རིང་ང་ཚོར་བྲེལ་བ་ཆེན་པོ་ཞེ་དྲག་ཡོད། ག་རེ་ཡིན་ནམ། ག་རེ་ཡིན་ནམ་ཞེས་གསུངས། དེ་དུས་ངས་གལ་ཆེན་པོ་མིན། དོན་དག་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད་མོད། རྗེས་སུ་མཇལ་ཆོག་ཅེས་ཞུས་ཏེ་ཕྱིར་ཡོང་གྲབ་བྱས་པས། ཡང་བསྐྱར་མཁན་རིན་པོ་ཆེས། ད་ལྟ་ཤོད། རྗེས་སུ་དུས་ཚོད་རག་རྒྱུ་ཁག་པོ་རེད་ཅེས་གསུངས། ངས་གུས་བཀུར་བཅས། རྣམ་རྒྱལ་གྲྭ་ཚང་དུས་འཁོར་གྲྭ་ཚང་རེད། ཚང་མས་དུས་འཁོར་གྱི་ཕྱོགས་ནས་ཚད་མར་འཛིན་གྱིན་ཡོད་པ་རེད། འོན་ཀྱང་དུས་འཁོར་ལྷ་ཁང་ནང་གི་དུས་འཁོར་གྱི་སྐུ་བརྙན་དེའི་དཔུང་བ་དང་ཕྱག་གི་གྲངས་ནོར་འདུག་པས། དེའི་ཐད་མཁན་རིན་པོ་ཆེས་དགོངས་བཞེས་གནང་རོགས་ཞུས་པས། ཁོང་གིས་ཕྱག་གནམ་ལ་གཡུག དབུ་ཐད་ལ་གཡུག་བཞིན། དེ་བཟོ་བཅོས་གཏན་ནས་བྱེད་ཆོག་གི་མ་རེད། འདི་༧རྒྱལ་བ་རིན་པོ་ཆེའི་ཐུགས་བཀོད་ལྟར་བཞེངས་པ་རེད། དེ་ཁག་པོ་ཞེ་དྲག་རེད། དེ་མིན་གཞན་མེད་ན་ད་ཕེབས་རོགས། ང་ཚོར་ལས་ཀ་མང་པོ་ཞེ་དྲག་ཡོད་ཅེས་གསུངས་པས། ངས་ལགས་སོ།། ང་འགྲོ་ཆོག་ཅེས་ཕྱིར་ཡོང་བ་ཡིན། དོན་ངོ་མར་ངས་མཁན་རིན་པོ་ཆེར་དེའི་ཐད་དགོངས་བཞེས་གནང་རོགས་ཞུས་པ་ཙམ་ལས། སྐུ་བརྙན་དེ་འཕྲལ་དུ་བཟོ་བཅོས་བྱེད་དགོས་ཞེས་ཞུས་མེད་མོད། ཁོང་གིས་དེ་ལྟར་ལན་འདེབས་གནང་བྱུང་།
གལ་ཏེ་༧གོང་ས་མཆོག་གིས། དུས་འཁོར་སྐུ་བརྙན་འདི་འདྲ་ཞིག་བཞེངས་དགོས་ཞེས་གསུངས་པ་ལྟར་བཞེངས་པ་ཡིན་དུ་ཆུག་ཀྱང་། ༧གོང་ས་མཆོག་གིས། དུས་འཁོར་ལ་མགོ་ཡི་གྲངས་འདི་དང་། དེ་བཞིན་དུ་ཕྲག་པའི་གྲངས་འདི། དཔུང་བའི་གྲངས་འདི། ལག་ངར་གྱི་གྲངས་འདི་ཡོད་པ་ཅིག་བཞེངས་དགོས་ཞེས་གསུངས་ཡོད་དམ།
གང་ལྟར་སྐུ་བརྙན་དང་ཐང་སྐུ་སོགས་གང་ཡིན་ཀྱང་། ཕྱིན་ཆད་ང་ཚོས་གཟབ་གཟབ་མ་བྱས་ན། འབྲུག་ཡུལ་གྱི་རྡོ་རྗེ་གཅོད་པ་ལྟར་འགྱུར་ངེས་པས། འབྲེལ་ཡོད་ཚང་མས་ཐུགས་གཟབ་གནང་རོགས་ཞུས་འབོད་བསྐུལ་ཞུ་བ་ཡིན།
དངོས་གནས་ཞིབ་འཇུག་བྱེད་ན་ལེགས།
ཐུགས་རྗེ་ཆེ། ངས་ཕ་ཡུལ་ནས་དུས་འཁོར་ལོ་མང་པོར་བཟའ་འཐུང་གི་ཆེད་དུ་བཏོན་པ་ཡིན། དེ་ཡང་ཞོགས་པ་སྔ་བོར་དུས་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ཡར་ལངས་ནས་དགོང་མོའི་དུས་ཚོད་བརྒྱད་པ་དགུ་པ་བར་དུ་བཏོན་མྱོང་ཡང་། དེ་རིང་བར་དུ་དུས་འཁོར་གྱི་དཔུང་བ་དང་ཕྱག་གི་བར་དེར་འདང་མ་བརྒྱབ། དུས་འཁོར་ཆོ་ག་བཏོན་ནས་ངས་ལེགས་སྦྱར་གྱི་ཡི་གེ་མང་པོ་ཞིག་གི་ནང་དོན་ཧ་གོ་བར་ཕན་སོང་། ད་དུང་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་དུས་འཁོར་དབང་ཆེན་གསུང་དུས་རིགས་ལྔ་དང་འཆམ་ལྭ་གྱོན་ནས་ས་གར་མཆོད་གར་ཡིན་ནམ་ཞིག་ཀྱང་འཁྲབས་མྱོང་། ཉིད་ཀྱིས་དེ་ལྟར་གསུངས་པར་ཐུགས་རྗེ་ཆེ་ཞུ། ཁ་སང་ཀརྨ་པ་ཚང་གིས་ཀྱང་བོད་ཀྱི་ཐང་ཀའི་སྐོར་ལ་བཀའ་སློབ་ཅིག་གསུངས་འདུག་པ་ཡང་ཉིད་ཀྱི་དགོངས་གཞི་དང་ཆུ་ལ་ཆུ་བཞག་རེད། ཉིད་ཀྱི་རྩོམ་འདི་དུས་བབ་ཚགས་པར་ནང་དུ་འགོད་དགོས་པ་ཞིག་རེད། ད་དུང་འདྲ་བཤུས་སྐུ་སྒེར་ཡིག་ཚང་དང་ཆོས་དོན་ལས་ཁུངས། ནོར་གླིང་ལྷ་བཟོ་སྡེ་ཚན་སོགས་སུ་འབུལ་དགོས་ངེས་རེད།
ཨོ་དཔྱད་ཞིབ་ཡག་པོ་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ།
ངོ་མ་བསྟན་པ་ལ་དག་ཐེར་གནང་སྟངས་འདི་འདྲ་རེད།
ལུང་དང་རྒྱུ་མཚན་གྱིས་སྒོ་ནས་དཔྱད་པ་ཞིག་བྱས་འདུག་པས་དེ་བས་ཀྱང་ཐུགས་རྗེ་ཆེ་ཞུ།
ཁྱེད་ཐུགས་ཕམ་གནང་མི་དགོས་དུས་རབས་གསར་པ་འདི་ཡི་འགྱུར་ལྡོག་རེད།
མགོ་སེར་པོ་དང་མིག་ལྗང་ཁུ་པར་ཆས་རྫིག་པོ་དེ་འདྲ་ཞིག་ཁྱེད་ལ་མེད་པས་ལན་པ་རེད།
ཀླུ་སྨྱོན་ལགས་ནས་ཞུས་པ་བཞིན་དུས་བབ་དང་བང་ཆེན་གྱི་གསར་ཤོག་ཐོག་ཏུ་བཀོད་ན་འབྲེལ་ཡོད་སྦྱིན་བདག་དང་བཀོད་མངགས་ཀྱི་མཁན་པོ་ཉོ་མཁན་གྱི་ཚོང་པ་འབྲི་བླུགས་ཀྱི་ལྷ་བྲིས་མགར་པ་དང་དད་ལྡན་པ་ཚོར་མ་འོང་པར་གཟབ་ནན་བྱེད་པའི་ཕན་ཐོགས་ཡོང་སྲིད།
མ་འོང་པར་བླ་སྤྲུལ་དང་གཞུང་ཞབས་ཆེན་པོ་དེ་འདྲ་མཇལ་བཅར་ཞུ་དུས་དབུ་སྐྲ་སེར་པོར་བསྒྱུར་མིག་ཤེལ་ནག་པོ་གྱོན་པར་ཆས་ཆེན་པོ་བསྣམས་ནས་ཕེབས་ན་ཁྱེད་ཀྱི་བསམ་དོན་འགྲུབ་པའི་རེ་བ་ཡོད།
བློ་བཟང་ཡེ་ཤེས་ལགས། དཔྱད་རྩོམ་བཀླགས་ཟིན། འདི་དང་འདྲ་བ་ཞིག་དགྱེས་རྡོར་གྱིས་བྲིས་བཞག མ་ཚད་དུས་འཁོར་དཀྱིལ་འཁོར་གྱི་ཐིག་རྩ་ཡང་ནོར་ཚུལ་བཤད་འདུག ད་དུང་ཁོས་དགེ་ལུགས་ཡོངས་ཀྱིས་མ་ཤེས་པའི་སྐྱོན་དུ་བཞག་འདུག སྒོམ་སྡེ་པ་ལ་བྲིས་ལན་ཟེར་བ་ཞིག་འདུག མ་ཚད་ཁོས་དུས་འཁོར་གཏེར་མའམ་རྫོགས་ཆེན་དུས་འཁོར་ཟེར་བ་ཡང་གསར་གཏོད་བྱས་འདུག ཁོས་སྲོང་བཙན་སྒམ་པོ་སྐུ་ཆས་ལ་དཔྱད་པ་ཟེར་བ་ཞིག་བྲིས་ནས་རྡེ་ར་རྡུན་འབྲི་གུང་གི་དཔེ་མཛོད་ནང་གི་སྲོང་བཙན་སྒམ་པོ་འཇིམ་སྐུ་བཤིག་ནས་ཆུ་ལ་གཡུགས་པ་རེད་ཟེར་བ་གོ་མྱོང་། །དེང་སང་གསར་པ་གཅིག་བཞེངས་འདུག དེ་འདྲ་བྱས་ན་མི་ལེགས་སམ།
མགོ་མང་ལག་མང་ཡོད་པའི་ལྷ་མང་པོའི་གཟུགས་བརྙན་སྔོན་ནས་མཐོང་མྱོང་མོད། ཕྲག་པ་དང་རྐེ་མང་པའི་ལྷ་དེ་དྲ་དེ་རང་མ་གཏོགས་གོ་ཐོས་མེད། ངོས་གནས་ཡ་མཚན་པ་རེད། རྗེས་སུ་སླར་ཡང་མཇེ་དང་སྟུ་མང་པོ་ཡོད་ཅིང་། ཡང་མཇེ་རྩ་གཅིག་ལ་མཇེ་མགོ་སྟོང་ཡོད་པ། མཇེ་གོ་རེ་རེས་སངས་རྒྱས་རེ་མཚོན་ཅིང་། མཇེ་རྩ་གཅིག་ཡིན་པ་ནི་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག་ཡིན་པ་མཚོན་བྱེད་ཡིན་ཞེས་སོགས་འགྲེལ་བཤད་འདྲ་མིན་སྣ་ཚོགས་ཡོང་བར་ཤོག བོད་མི་རྣམས་ཀྱིས་དེ་ལ་རེ་བ་བྱེད་པར་ཤོག དེས་མིང་ནས་ལན་མང་བགྲངས་ན་སྲུང་སྐྱོབས་བྱེད་པར་ཤོག དེའི་ཕྱག་ནས་སོགས་འཆང་ན་བར་ཆད་གང་ཡང་མེད་པར་ཤོག མང་དུ་མི་སྤྲོ་སྟེ། རྣམ་དཔྱོད་ཅན་རྣམས་ཚིག་ཟུར་ཙམ་གྱིས་བློ་སྒོ་འབྱེད་ཅིང་། རྨོངས་དད་ཅན་རྣམས་ཀྱང་ཚིག་ཟུར་ཙམ་གྱིས་ཞེ་སྡང་ལང་བས་སོ།།
མཁན་པོ་ཁྲོམ་ཐོག་པ་བྲེལ་འཚུབ་ཡིན་ན་ཡིན། འོན་ཀྱང་བློ་ཤེས་ཀྱི་དེ་ལ་བཀའ་འདྲི་ཙམ་ཡང་མ་ཞུས་པར་ཕྱིར་ཕུད་ཐུབ་བྱས་འདུག་པ་འདི་ཡ་མཚན་རེད་ཡ། གང་ལྟར་བསྐྱར་ཞིབ་བྱས་ན་དགའ་ནི་རེད། ནོར་ཡོད་ན་བཅོས་ན་འགྲིག་གི་རེད། རིག་པ་དང་མཐུན་རྒྱུ་མ་གཏོགས་ཨུ་ཚུགས་ཀྱི་ལས་བསྟེན་མི་ཉན་པ་རེད། རྣམ་གྲྭ་ཙམ་དུ་མ་ཟད་སྐུ་སྒེར་ཡིག་ཚང་གིས་ཐུགས་སྣང་གནང་དགོས་པ་རེད་འདོད།
བྱ་མ་དཀྲོགས་གོང་ནས། སྒོང་ང་ལེན་ཐབས་བྱ་གལ་ཆེ་བ་མི་འདུག་གམ། དགེའོ། དགེ་བར་འགྱུར་ཅིག
དངོས་གནས་ཡག་པོ་མཛད་འདུག་ཐུགས་རྗེ་ཆེ། རྗེས་སུ་ཡང་དེ་འདྲ་གང་མང་མཛད་ཐུབ་པའི་རེ་བ་ཡོད། རྣམ་གྲྭ་མཁན་པོ་ཁོང་དངོས་གནས་དེའི་ཉིན་ཁ་ལས་ཀ་མང་ཐག་ཆོད་པ་འདྲ་དེ་མིན་་
བློ་བཟང་ཡེ་ཤེས་ནས་དཔྱད་པ་གནང་བ་ཐུགས་རྗེ་ཆེ། རང་རེའི་དབུ་འཛིན་གྱི་དགོན་སྡེ། ལྷག་པར་དུས་འཁོར་ལ་བྱང་ཆུབ་པ་རྣམ་རྒྱལ་གྲྭ་ཚང་ལྟ་བུས་དོ་སྣང་ངེས་པར་དགོས། ༧གོང་ས་མཆོག་མགར་ཁང་དུ་ཕེབས་ཡོད་རྒྱུ་མ་རེད། ནོར་བ་ཁོང་གི་དབུ་ལ་སྐོར་བའི་མཁན་པོ་དེ་རྡོ་དེད་དགོས། བློ་བཟང་ལགས་ཀྱིས་གཟིགས་ཡོད་ན་ནག་མོ་འབར་མ་སོགས་ནུས་མ་བརྒྱད་ཀྱི་ཕྱག་མཚན་ཡང་གོང་འོག་ནོར་འདུག སྟེང་རྩིས་ཡང་མིན། འོག་རྩིས་ཡང་མིན། གཡས་གཡོན་བརྩི་སྟངས་ནོར་བའི་ཐང་ཀ་དེ་བླ་མ་ཆེན་པོ་དང་དགོན་སྡེ་ཆེན་པོའི་ཐུགས་དམ་རྟེན་ཡིན་སྐད། ཡང་ཞུ་བ་ཞིག་ལ། དུས་འཁོར་གྱི་ཕྱག་མཚན། (མེ་ཡི་མདའ་དང་)ཞེས་པ་དེ་མངོན་བརྗོད་ཀྱི་གྲངས་ཡིན་ནམ་མེ་རང་ལ་གོ་དགོས། སྔོན་གྱི་ཐང་རྙིང་ལྡེབ་བྲིས་ཕལ་མོ་་ཆེར་མདའ་མེ་འབར་བ་བྲིས་ཡོད་པ་དང་། ཕྱིས་སུ་་ས་དགེའི་མཁས་པ་མང་པོས་མངཽན་བརྗོད་ཀྱི་གྲངས་ལྟར་མདའ་གསུམ་བྲིས་འདུག དེ་ལ་བརྟེན་ནསབམཞི་དང་མདའ་ལྔ་སོགས་འབྲི་བཞིན་པའོ། །
རྣམ་གྲྭ་ཚང་ལ་སྒྱུ་རྩལ་ཡོད་ན་ད་འདོན་རན་སོང་། འཕྲལ་དུ་བདེན་རྫུན་ཞིབ་མོ་རྣམ་འཐག་གིས་གསལ་བོ་མ་མཛད་ན་ཉེན་ཁ་མི་ཆུང་བ་ཞིག་འཕྲད་ངེས་པ་མ་ཟད།
སྤྱི་ཚོགས་ནང་རྩེའི་རྣམ་རྒྱལ་གྲྭ་ཚང་གི་གཟི་བརྗིད་བརླག་རྒྱུ་དང་། བྱེ་བྲག་དུས་འཁོར་གྲྭ་ཚང་མིང་སྟོང་དུ་འགྱུར་རྒྱུར་གདོན་མི་ཟའོ།།
མ་བརྟག་མ་དཔྱད་མ་དཔྱད་པའི་ཚེ་ན་འཐུས་ཤོར་འདི་འདྲ་ཏན་ཏན་ཡོང་མི་སྲིད་པ་མིན་ཡང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་འདི་ཉིད་་་ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པས་བཞེངས་རབས་ཤིག་གོ་མྱོང་བ་མ་ཟད།
དེ་ཡང་གཙོ་བོ་༧རྒྱལ་བའི་༧ཞབས་བརྟན་ལ་དམིགས་པ་ཞིག་ཡིན་རབས་ཡང་གོ་ཐོས་བྱུང་།
སྒོས་འདི་ཉིད་ལེགས་འགྲུབ་བྱུང་བའི་རྟེན་འབྱུང་རབ་གནས་སོགས་ལ་༧གོང་ས་མཆོག་ངོས་སུ་ཕེབས་ཏེ་བྱིན་རླབས་དང་སྤྱན་འབེབས་གནང་ཡོད་པ་དང་། སྐབས་དེར་ཐུགས་དགོངས་དགྱེས་མཉེས་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག
གང་ལྟར་གླེང་གཞི་འདིར་རྩེ་རྣམ་གྲྭས་ངེས་བར་དུ་ཁུང་ལུང་གང་ཡོད་ཀྱི་ར་སྤྲོད་ཁུངས་སྐྱེལ་གསལ་བོ་ཞིག་མ་གནང་ཚེ།
མཁན་མིང་པ་ཁྲོམ་ཐོག་གིས་ཤོད་སྟངས་དེས་་་་ནོར་འཁྲུལ་ཡོད་ན་༧གོང་ས་མཆོག་ཡིན་པ་ལས་ང་ཚོ་ལ་འབྲེལ་བ་མེད་ཅེས་ལག་པ་འཕྱི་ས་༧གོང་ས་མཆོག་རང་ཡིན་པ་དངོས་སུ་བྱས་འདུག་པས། བདེན་རྫུན་དབྱེ་བ་ཞིག་འཕྲལ་དུ་གནང་དགོས་གལ་ཆེ་བར་མཐོང་།
བདེན་རྫུན་དབྱེ་བ་ལེགས་པོ་ཞིག་འཕྲལ་དུ་གནང་རྒྱུ་གལ་ཆེ་བའོ།
ངས་ཀྱང་།
དཔལ་དུས་ཀྱི་འཁོར་ལོའི་སྐུ་འདི་ཉིད། ཇོ་ནང་ཁལ་ཁ་རྗེ་བཙུན་དམ་པས་བཞེངས་ནས་ཕུལ་རབས་ཞིག་ཀྱང་གོ་མྱོང་བས་དྭོགས་སློང་ཙམ་བྱས་པ་ལ་མི་འོས་མ་མཐོང་བས། ད་ནས་བཟུང་རྟེང་བཞེངས་པ་འབྲེལ་ཡོད་ཀུན་གྱིས་གཟབ་དགོས་སྟངས་ཀྱིས་ཉེན་བརྡ་ཞིག་ཀྱང་རེད།
བུ་ཟེར་ན་བློ་བཟང་ཡེ་ཤེས་ཡིན། དཔྱད་པ་བྱས་ན་བྱེད་སྟངས་དེ་འདྲ་ཡིན། ༧རྒྱལ་བའི་བཀའ་དཔང་དུ་བཙུགས་ནས་དགེ་བཤད་སྡིག་བཀྲོལ་བྱས་ཀྱང་རྣམ་གྲྭའི་མཁན་པོ་ཡིད་མ་རངས་པར་ལན་འདེབས་སོགས་གང་ཡང་མེད་པར་གློ་བུར་༧གོང་ས་མཆོག་གིས་དགོངས་པ་རེད་ཟེར་ནས་ཕྱི་གླིང་བའི་ལུགས་བཞིན་རང་སྐྱོན་མི་གཞན་གྱི་སྟེང་དུ་གཡུག་པ་དེ་ཧ་ཅང་གི་ཐ་ཆད་ཡིན་ནོ། ཤེས་གི་མེད་ན་མཁན་པོའི་མིང་གི་ཐོག་ནས་དགོངས་པ་ཞུ་དགོས། རྣམ་རྒྱལ་གྲྭ་ཚང་ལ་མི་ཁྱོད་མིན་པ་ག་ཚོད་བསྐོས་བསྐོས་རེད། ཁྭ་ཏས་མི་གཙང་ཟས་པའི་མཆུ། ས་གཙང་གཞན་དུ་འབད་དེ་འཕྱིས། ཞེས་གསུང་པའི་ཚིག་ལས་མ་འདས།
བློ་བཟང་ཡེ་ཤེས་ནས་མང་པོ་ཞིག་བཤད་པའི་མདོ་དོན་སྙིང་པོ་དེ་ནི། དཔུང་པ་ཐེབ་པ་འདུག་ཟེར་བ་དེ་རེད། སྐུ་ཉིད་ཀྱིས་སྦྱིན་བདག་བཏོན་ནས་དཔུང་པ་ཐེབ་པ་མེད་པ་ཞིག་བཞེངས་ཚར་སོང་ན། ད་ལྟའི་དཔུང་པ་ཐེབ་པ་ཡོད་པ་སྐུ་དེ་ག་རེ་གནང་རྩིས་ཡོད་ལགས། ཡང་ལྷ་བཟོས་ལག་ཚིགས་ཀྱི་བར་དེར་ལག་ངར་བཞེངས་སྟབས་མ་བདེ་ན་རང་ཆ་དཔུང་པ་ཐེབ་པ་ཡོད་པ་བཞེངས་ངེས་ཡིན་ནམ། འདི་བྲིས་ཐང་ལྟར་བསམ་བློ་བཏང་ན་མི་འདྲ། ལག་ཚིགས་ཀྱི་བར་དེར་ལག་ངར་ཉེར་བཞི་བཞེངས་སྟབས་བདེ་མིན་ལ་གཟིགས་དགོས་ངེས་ཡིན། ད་དུང་ལག་ཚིགས་ཀྱི་བར་དེར་ལག་ངར་ཉེར་བཞི་བཞེངས་ཚེ། སྤྱན་ལམ་དུ་མཛེས་མིན་ལ་ཡང་ཐུགས་བསམ་བཞེས་དགོས། སྐུ་འདྲ་འདི་བཞེངས་པ་གལ་ཆེན་དོན་ཆེན་བྱས་ཡོད་པས་དུས་འཁོར་མཁས་པ་དག་གིས་དག་ཐེར་ངེས་པར་བྱས་ཡོད་ངེས། འདི་བཀོད་སྒྲིག་པ་རྣམས་ལ་སྐུ་ཉིད་ཀྱི་དྲངས་པའི་ལུང་དེ་ཙམ་མ་ཟད་དུས་འཁོར་ཆོ་ག་རྒྱས་བསྡུས་དང་། དུས་འཁོར་རྩ་རྒྱུད་ཀྱི་ཚིག་དོན་ཡོངས་སུ་རྫོགས་པ་ཐུགས་ཐོག་ན་ཆུ་བཞུར་བཞུར་ཡིན་པ་སྨྲོས་མེད་རེད།
དེ་ནས་དྲི་མེད་ལྷག་བསམ་གྱི་ཕྱག་མཚན་སྐོར་དེ་ངེས་པར་དུ་བགྲོ་གླེང་བྱེད་དགོས་ངེས་ཞིག་ལོས་ཡིན་སྙམ།
དབང་འདུས་ལགས་དད་པ་ལ་དབྱེ་བ་མང་པོ་ཡོད། ཁྱེད་དུས་འཁོར་དབང་ཆེན་ཞུ་མ་མྱོང་ངམ།
ཡིག་མཁན་ཚོས་ཡིག་ནོར་ཅི་ཙམ་འབྲི་གི་ཡོད་པ་དེ་བཞིན། རྟེན་བཞེངས་པ་ཚོ་ཡང་དེ་འདྲ་ཡིན་སྲིད། དེ་ལ་ཧ་ལས་མདོག་བྱེད་རྒྱུ་ཅི་འདུག སངས་རྒྱས་ཀྱི་བསྟན་པ་ལ་ཤ་ཚ་ཡོད་ན། སྐུ་སྒེར་ཡིག་ཚང་ནི་སྤྲུལ་སྐུ་རྫུན་མའི་ཐོན་ཁུངས་ཞིག་ཡིན་པས་བསྟན་བཤིག་འགོག་རྒྱུར་དག་ཐེར་བྱོས། ས་རྡོ་ལྕགས་སོགས་ཀྱིས་ལས་པའི་སྐུ་ཞིག་གི་ཕྱིའི་རྣམ་པ་ཙམ་ལ་དཔྱད་པ་བཏང་མ་བཏང་ཡོད་ནི་མ་རེད། ཕྱིའི་རྣམ་པ་ཙམ་ལ་ཧ་ལས་རྒྱུ་ཅི་ཡོད། ཁྱོད་ཚོ་མགོ་རིལ་ཚོས་དག་སྣང་ཡིན་ན་ཅིག་བཤད་བསྡད་ཀྱི་ཡོད་པ་མ་རེད་དམ།
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
ཁྱེད་ལ་མགོ་རིལ་གྲྭ་བ་དང་ཨ་ནེ་དེ་དག་ལ་ཚོར་བ་མི་བདེ་བ་ཞིག་ཡོད་མདོག་ཁ་བོ་འདུག
ཁྱེད་ལ་དེ་འདྲ་མི་བདེ་བའི་གནད་འགག་ཅིག་ཅི་ཞིག་བྱུང་ངམ།
མ་གཞི་ནས་གྲྭ་བ་ཚོས་བུད་མེད་ཕྲ་འདྲ་བ་དེ་ཚོ་བཀུག
ཨ་ནེ་དེ་ཚོས་ཕོ་གསར་སྟག་འདྲ་བ་དེ་རིགས་བཀུག་
ཐུགས་ཁག་ཅི་ལ་ཡོད།
ལ་སྟོད་པ། ཨ་མདོ་ན་འདི་འདྲའི་བཤད་སྲོལ་ཞིག་ཡོད་དེ། ཤིང་བཟོ་ཚང་ལ་ཤིང་མེད། མགར་ར་ཚང་ལ་ལྕགས་མེད་ཅེས་པ་ལྟར། མགོ་རིལ་མང་པོར་ཆོས་མེད། ཁ་སང་ནས་བཤད་ཚར། ཆོས་ལ་དོགས་པ་མེད། ཆོས་པ་ལ་དོགས་པ་ཡོད།
བློ་བཟང་ཡེ་ཤེས། དེ་ནོར་བ་མ་རེད། བརྟག་པ་དང་དཔྱད་པ་མང་པོར་བརྟེན་ནས་བཞེངས་པ་རེད། སྐུ་ཉིད་ཀྱི་གཟིགས་པའི་ཕྱག་དཔེ་དེ་ཚོ་དགེ་ཕྱོགས་ཀྱི་དབང་དུ་སོང་བས་རེད། གལ་ཏེ་ཁྱེད་ཀྱི་དུས་འཁོར་རྩ་རྒྱུད་རྒྱ་གཞུང་ཁག་བཀའ་འགྱུར་ནང་ལ་ཡོད་པ་དེ་ཚོ་གཟིགས། དེའི་འགྲེལ་བ་བསྟན་འགྱུར་གྱི་ནང་ལ་ཡོད་པ་དེ་ཚོར་གཟིགས། ད་དུང་དེའི་ཡང་འགྲེལ་བུ་ཇོ་གཉིས་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ། དེ་མིན་འཇུ་མི་ཕམ་གྱི་དུས་འཁོར་རྩ་རྒྱུད་ཀྱི་ཁྲིད་དེ་ཚོར་གཟིགས་ན། གཞིས་ནས་ཕྱག་དང་དཔུང་པའི་སྐོར་ལ་གོ་བ་ལེན་ཐུབ། རྒྱལ་བ་རིན་པོ་ཆེ་རིས་མེད་ཀྱི་བླ་མར་སོང་ཁོང་གིས་དེང་སང་ནང་ཆོས་ཀྱི་ཤེས་བྱ་གང་ཡིན་རུང་གཙོ་བོ་རྒྱ་གཞུང་དང་། དེ་བཞིན་གྲུབ་མཐའ་རིས་མེད་ཀྱི་གསུང་འབུམ་མང་པོར་གཟིགས་ནས་ཐག་གཅོད་པ་ལས། གྲུབ་མཐའ་ཕྱོགས་རིས་པ་གཅིག་གཉིས་ཀྱི་ལ་ཁུངས་བཅོལ་བ་དེ་དོར་ཟིན་འདུག
བླ་མེད་རྣལ་འབྱོར་གྱི་ལྷ་འཇིགས་བྱེད་དང་མཚུངས་པར། དུས་འཁོར་གྱི་ལྷ་བཞེངས་ལུགས་ལ་རིགས་མང་པོ་ཡོད་པ་དང་། དེ་དག་བོད་ཀྱི་སྐུ་གསུང་ཐུགས་བརྟེན་གྱི་བཟོ་རིགས་པའི་ཐིག་རྩའི་གཞུང་ལ་གསལ་པོ་འདུག་ལགས།
ཁྱེད་གསོན་དང་། འཇིགས་བྱེད་ལྟ་བུར་མཚོན་ན། བཞེངས་ལུགས་མི་འདྲ་བ་མང་ཞིང་། དེ་ཚོའི་ཡོང་ཁུངས་གཙོ་བོ་ནི་ལ་ལི་ཏའི་རྟོག་བདུན་ལ་གོ་བ་མི་འདྲ་བ་ལོན་པའི་དབང་གིས་སོ། དེ་བཞིན་དུ་དུས་འཁོར་དྲི་མེད་རྩ་རྒྱུད་ཀྱི་དགོངས་པར་འགྲེལ་བ་མི་འདྲ་བ་མང་བའི་དབང་གིས་ཡོངས་སུ་གཅིག་འགྱུར་མེད་དོ།
རིགས་ཀྱི་བུ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཟེར་བ་ཞིན། ཐོས་པ་འདི་གྲུབ་མཐའ་གཅིག་གི་རྣམ་གྲངས་མང་པོར་མི་གོ་བ། རིས་མེད་ཀྱི་འདུ་ཤེས་ཐོག་ནས་རྒྱ་ཆེར་སློབ་དགོས་པ་གལ་ཆེ་ལོ། ལྷག་པར་དུ་དྭོགས་པ་སླེབས་སྐབས་བཀའ་འགྱུར་ལ་ཐུགས་བཅོལ་ནས་ཐོས་པ་བཙལ་བ་འདི་ཤིན་དུ་གལ་ཆེ་ལོ། ང་ཚོའི་ཐོས་རྒྱ་དེ་ཅོལ་ཆུང་གི་ཐོས་རྒྱ་སྟེ། གྲུབ་མཐའ་གཅིག་གི་ནང་ནས་འདོན་མི་ཐུབ་པ་དེ་འོ།
ཨོ་ལྷ་ལུང་དོན་འགྲུབ་ལགས།
ད་ཡིན་ན་ཆོས་ཡོད་ས་དེ་མགོ་རིལ་ཙོ་ལ་མེད་ན། མི་སྐྱ་ལྕང་ལོ་ཅན་དེ་ཚོར་ཡོད་དམ།
ཆོས་ཡོད་དང་མེད་དེ་ལུང་རྟོགས་ཀྱི་བསྟན་པ་གང་རུང་ཡོད་དང་མེད་ལ་འཇོག་ན་ནི་དབུ་སྲ་ལྕང་ལོ་ཅན་དེ་ཚོ་ལས་མགོ་རིལ་དེ་ཚོར་མང་བ་ཡོད།
མཁས་པ་ཡང་མགོ་རིལ་གྱི་ནང་དུ་ཡོད།
གྲྭ་ལོག་མཁས་པ་དེ་ཚོ་ཡང་མགོ་རིལ་བྱས་པ་ལས་ཡོན་ཏན་ཅན་དུ་གྱུར།
དེ་མིན་དབུ་སྲ་ལྕང་ལོ་ཅན་གྱི་ཕོ་གསར་དེ་ཚོར་ཡོན་ཏན་ཅི་ཞིག་འདུག་གམ
ཨ་ལགས་ཀུ་རྩེད་ཞུས་ཡིན་ནང་པ་མགོ་རིལ་མགོ་ལྕང་ཅན་གཉིས་ཀའི་ནང་དུ་ཆོས་དང་ཡོན་ཏན་ཡོད་མེད་གཉིས་ཀ་ཡོད།
མང་ཉུང་གི་ཁྱད་པར་མེད།
མགོ་རིལ་དེ་ཚོ་མེད་ན་བོད་དོན་དང་བོད་རང་བཙན་གྱི་དོན་དུ་བློས་གཏོང་བྱེད་མཁན་་་་་་་་་་་
སྐུའི་བཞེངས་ལུགས་འདྲ་མིན་བཤད་ན་གནས་ལུགས་རེད།
མཁན་པོའི་གདོང་གི་རྣམ་འགྱུར་བཤད་ན་ཚོར་བ་རེད།
གོང་དུ་བསམ་པ་ཟེར་མཁན་དེས་བཤད་པའི་གཤམ་གྱི་སྐད་ཆ་འདི་ལ་གནས་ལུགས་འདུག དེ་མིན་ཅ་ཅོ་འདོན་པ་ཁོ་ན་ཙམ་རེད།
དེང་སང་ནང་ཆོས་ཀྱི་ཤེས་བྱ་གང་ཡིན་རུང་གཙོ་བོ་རྒྱ་གཞུང་དང་། དེ་བཞིན་གྲུབ་མཐའ་རིས་མེད་ཀྱི་གསུང་འབུམ་མང་པོར་གཟིགས་ནས་ཐག་གཅོད་པ་ལས། གྲུབ་མཐའ་ཕྱོགས་རིས་པ་གཅིག་གཉིས་ཀྱི་ལ་ཁུངས་བཅོལ་བ་དེ་དོར་ཟིན་འདུག
ལ་སྟོད་པ།
བོན་པོ་ལ་སྲིད་ཕྱོགས་ནས་བརྩིས་འདང་ཆེ། ཆོས་ཕྱོགས་ནས་མ་ཎི་གཡོན་སྐོར་དང་སྟོད་འགག་ན་རས་གཞི་སྔོན་པོ་ཞིག་ཡོད་པ་དེ་མ་གཏོགས་ཤེས་བྱ་ཏིལ་འབྲུ་ཙམ་མེད། གུང་གསེང་ཉིན་ཁ་ཤས་ལ་ཁྱེད་དང་རྔ་བ་ཚེ་སྐྱིད་གཉིས་ལ་ཁ་བརྡ་ཏོག་ཙམ་བྱས་པར་སྐྱིད་སྣང་བྱུང་། རྗེས་མ་ཞིག་ལ་ལ་སྟོད་ཀྱི་སྐོར་ནས་ཁ་བརྡ་བྱེད་འདོད་ཆེ། བདེ་མོ་བྱོས།
རྣམ་གྲྭའི་མཁན་པོ་བདེན། ༧སྐབས་དེར་རྒྱལ་བ་རིན་པོ་ཆེ་མགར་ཁང་ནང་དུ་སོང་ནས་མགར་མགར་ས་ལ་མཛུབ་མོ་བཙུགས་ཏེ་ཁ་བཀོད་བཞག་གི་ཡོད་པ་རྣམ་གྲྭས་མཁན་པོས་གཟིགས་ཡོད་རྒྱུ་རེད། དེ་མིན་ན་ཁ་ཏྭས་མི་གཙང་ཟོས་པའི་མཆུ།། ས་གཙང་སྟེང་ལ་འབད་ནས་འབྱིད།། ཟེར་བ་དེ་བྱུང་འདུག
མཆན་འདེབས་མཁན་༼བསམ་པ་༽ཟེར་བའི་སྐད་ཆ་ལ་ཆོ་མི་འདུག དུས་འཁོར་རྩ་རྒྱུད་དང་། དེའི་འགྲེལ་བ། ཡང་འགྲེལ་བུ་ཇོ་གཉིས་དང་། ནོར་བཟང་རྒྱ་མཚོ། འཇུ་མི་ཕམ་གྱི་དུས་འཁོར་འགྲེལ་བ་སོགས་ཀྱི་ནང་དུ་ལུགས་མི་འདྲ་བ་ཞིག་ཡོད་ན་ཁྱོད་ཀྱིས་སྟོན་དགོས་པ་རེད། ཁྱོད་ཕྱི་རྒོལ་བ་ཡིན་པའི་ཕྱིར། དེ་མིན་ཡོད་སྲིད་ཟེར་བས་གར་ཡང་ཕྱིན་ནི་མ་རེད། བློ་བཟང་ཡེ་ཤེས་འདི་འགྲེལ་བ་ཁ་ཤས་མཐོང་མ་མྱོང་བའི་མི་ཞིག་མ་རེད། ཐོས་པ་རྒྱ་མཚོའི་ཕ་མཐར་སོན་པ་ཞིག་རེད།
གཞོན་ནུ་ཟླ་མེད་ཀྱི་སྐད་ཆ་ལ་ཆོ་མི་འདུག དེ་ཁོ་རང་གི་ནམ་རྒྱུན་གྱི་གཤིས་ཀ་རེད། སྡོད་མ་ཐུབ་ནས་ཅིག་ལབ་བསྡད་ཀི་ཡོད་ནི་གཅིག་པོ་རེད།
གཞོན་ནུ་ཟླ་མེད་ལགས་ཀྱིས། ལག་ཚིགས་ཀྱི་བར་དེར་ལག་ངར་ཉེར་བཞི་བཞེངས་སྟབས་བདེ་མིན་དང་། ད་དུང་ལག་ཚིགས་ཀྱི་བར་དེར་ལག་ངར་ཉེར་བཞི་བཞེངས་ཚེ། སྤྱན་ལམ་དུ་མཛེས་མིན་ཟེར་བ་ནི་གད་མོའི་གནས་རེད། དེས་ན་ལག་ཚིགས་ཀྱི་སྣེར་མཛུབ་མོ་ལྔ་བཞེངས་པ་ཡང་སྟབས་མི་བདེ་ལ། མིག་ལ་མི་མཛེས་པས་ལག་མགོ་ཐོ་ཐོ་ཤིང་དུམ་ལྟ་བུ་ཞིག་བཞེངས་རྒྱུ་ཡིན་ནམ།
དྲ་གྲོགས་བསམ་པ་ལགས།
ཁྱེད་ཀྱིས་གསུང་པ་ལྟར། ངས་རྒྱ་བོད་གཉིས་ཀྱི་གཞུང་རང་གིས་མཐོང་མྱོང་བ་འགའ་ཞིག་ཐང་མར་བཀྲམས་ཡོད་པས་གཟིགས་ནས་ཡིད་ཆེས་གནང་རོགས།
རྒྱ་གཞུང་གི་དབང་དུ་བཏང་ན། བཀའ་འགྱུར་སྡེ་དགེ་པར་མ། གླེགས་བམ་གྲངས། ༡༠༢ མཚན་བྱང་། དྲི་མེད་འོད་ཤྲཱི་བཞུགས་སོ༎ ༼ཡོངས་གྲགས་སུ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཟེར།༽ཞེས་པ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་ཞེས་པའི་ཤོག་གྲངས་ ༢༠༦ སྲིབ་ངོས། དབྱིན་ཨང་། ༤༡༢ ཐིག་ཕྲེང་གསུམ་པར། དེའི་ཕྱིར་རྡོ་རྗེའི་རྒྱན་དང་ལྡན་པའི་སྐུ་དང་རྒྱལ་བའི་ཕྱག་གི་པདྨ་ནི་ཉི་ཤུ་རྩ་བཞིའོ༎ ཉི་མ་ཞེས་པ་དཔུང་བ་བཅུ་གཉིས་སོ༎ ཞེས་དང་། ཡང་། ཤོག་གྲངས་ ༢༠༧ ཉིན་ངོས། དབྱིན་ཨང་། ༤༡༣ ཐིག་ཕྲེང་གསུམ་པར། དེ་བཞིན་དུ་གཡས་ཀྱི་ཕྲག་པ་དང་པོ་མཐོན་མཐིང་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ་དེ་བཞིན་དུ་གཡོན་དུ་ཡང་ངོ་༎ དེ་བཞིན་དུ་གཡས་དང་གཡོན་དུ་ཡང་དཔུང་བ་གཉིས་མཐོན་མཐིང་དང་གཉིས་དམར་པོ་དང་གཉིས་དཀར་པོའོ༎ དེ་བཞིན་དུ་གཡས་དང་གཡོན་དུ་ཡང་ཕྱག་བཞི་ནག་པོ་དང་བཞི་དམར་པོ་དང་བཞི་དཀར་པོ་སྟེ། ཞེས་གསུངས་འདུག
བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་དུས་འཁོར་ཆོས་སྐོར་གྱི་དབང་དུ་བཏང་ན། ཇོ་ནང་ཀུན་མཁྱེན་དོལ་པོའི་གསུང་འབུམ། འཛམ་ཐང་པར་མའི་གླེགས་བམ་བདུན་པའི་ནང་གི་དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་རྒྱས་པའི་མངོན་རྟོགས་དབུ་ཕྱོགས་ཞེས་པའི་ཤོག་ངོས་དྲུག དབྱིན་ཨང་། ༡༢༩ ཐིག་ཕྲེང་དྲུག་པར། ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག། ཕྲག་པ་དྲུག་དང་ཉི་མའི་དཔུང་བ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མེ་ཡི་ཚིགས༎ ཞབས་དག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ།། ཞེས་དང་། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་བསྡུས་ནས་བསྒོམ་པ་ཞེས་པར་ཡང་དེ་བཞིན་དུས་འཁོར་བསྡུས་རྒྱུས་ཀྱི་ལུང་དྲངས་ཏེ་གསུངས་འདུག
ཡང་དེའི་འོག དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་པ་ཤོག་ངོས། ༡༧ དབྱིན་ཨང་། ༢༢༥ ཐིག་ཕྲེང་དང་པོར། འཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ཞེས་དང་། ཐིག་ཕྲེང་བདུན་པར། གཡས་དང་གཡོན་གྱི་འཕྲག་པ་དང་པོ་ནག་པོ་དང་། གཉིས་པ་དམར་པོ་དང་། གསུམ་པ་དཀར་པོ་སྟེ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ་དང་། གཉིས་པ་དམར་པོ་དང་། གཉིས་དཀར་པོ་དང་། དེ་བཞིན་དུ་ཕྱག་བཞི་ནག་པོ་དང་། བཞི་དམར་པོ་དང་། བཞི་དཀར་པོའོ༎ ཞེས་གསུངས་འདུག
ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་རྟག་བརྟན་པར་མ། གླེགས་བམ་གཉིས་པ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་རྒྱས་པ་ཞེས་པའི་ཤོག་གྲངས་ ༣ སྲིབ་ངོས། དབྱིན་ཨང་། ༥༠ ཐིག་ཕྲེང་དྲུག་པར། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ཞེས་དང་། ཡང་ཤོག་ངོས་བཞི་པ། དབྱིན་ཨང་། ༥༡ ཐིག་ཕྲེང་ལྔ་བར། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དེ་བཞིན་དུ་དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོ། ཞེས་གསུངས་འདུག
བུ་སྟོན་རིན་ཆེན་གྲུབ་ཀྱི་གསུམ་འབུམ། ཤིང་པར་མ། གླེགས་བམ་ཁ་པ། སྒྲུབ་ཐབས་ཀྱི་ལེའུའི་འགྲེལ་མཆན་ཞེས་པའི་ཤོག་གྲངས་གསུམ་པ། དབྱིན་ཨང་། ༤༨༣ ཐིག་ཕྲེང་བདུན་པར། དེ་བཞིན་དུ་དུས་སྦྱོར་གཉིས་གཉིས་ཀྱི་བདག་ཉིད་ནི། གཡོན་དང་གཡས་སུ་ཡང་ཤར་དང་ནུབ་དང་དབུས་ཀྱི་ཕྲག་པ་སྟེ། ཕྲག་པ་དྲུག་ཅེས་སོ༎ དེ་བཞིན་དུ་ཟླ་བ་སོ་སོའི་བདག་ཉིད་ནི། དཔུང་པ་རྣམས་ཏེ། དཔུང་པ་དེ་དག་གིས་ཉི་མའི་དཔུང་པ་ཞེས་པའོ༎ དུས་སྦྱོར་ཕྱེད་པ་སོ་སོར་ཕྱོགས་ཀྱི་དབྱེ་བས་ཉི་ཤུ་རྩ་བཞི་སྟེ། རྒྱལ་བའི་ཕྱག་གི་པདྨ་ཞེས་སོ༎ ཞེས་གསུངས་འདུག
བསམ་པ་ལགས། འཇུ་མི་ཕམ་ཚང་ལ་དུས་འཁོར་རྩ་རྒྱུད་ཀྱི་ཁྲིད་ཟེར་བ་མེད་མོད། ཁོང་གི་གསུང་འབུམ། ཤིང་པར། གླེགས་བམ་བཅོ་བརྒྱད་པ། ༼ཝཾ༽དུས་འཁོར་སྒྲུབ་ཐབས་ལེའུའི་འགྲེལ་པ་༼དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བའི་སྒྲུབ་ལེའི་འགྲེལ་བཤད། ༽ཞེས་པའི་ཤོག་གྲངས་ ༡༡ སྲིབ་ངོས། དབྱིན་ཨང་། ༢༧༨ ཐིག་ཕྲེང་དང་པོར། རྒྱལ་བའི་ཕྱག་གི་པདྨ་སྟེ་ཕྱག་ཉེར་བཞི་དང་ཉི་མའི་དཔུང་པ་བཅུ་གཉིས་དང་དུས་ཀྱི་ཞལ་བཞི་དང་། ཞེས་གསུངས་པ་ལྟར་དུས་འཁོར་བསྡུས་རྒྱུད་དང་། དེའི་འགྲེལ་བཤད་དྲི་མེད་འོད་སོགས་རྒྱ་གཞུང་ཁག་དང་། བོད་ཀྱི་དུས་འཁོར་བ་བུ་དོལ་རྣམ་གཉིས་དང་། ཏཱ་ར་ནཱ་ཐ། མི་ཕམ་རིན་པོ་ཆེ་སོགས་དཔལ་དུས་ཀྱི་འཁོར་ལོའི་ཆོས་ཚུལ་ལ་བྱང་ཆུབ་པའི་མཁས་གྲུབ་རྣམས་ཀྱི་མགྲིན་གཅིག་གིས། དུས་འཁོར་ལ་ཕྲག་པ་དྲུག་དང་། དཔུང་པ་བཅུ་གཉིས། ཕྱག་ཉེར་བཞི་ཡོད་པར་གསུང་པའི་ཁུངས་གནས་སྐབས་དེ་ཙམ་ཡིན་པས་ཞིབ་གཟིགས་གནང་སྟེ་ཐུགས་བདེར་བཞུགས་ཤིག
ཁ་སང་ས་ལེ་རྒྱལ་གྱི་སྒྲོལ་བསྟོད་ཀྱི་སྒྲོལ་མའི་མང་ཉུང་བརྩད་སོང་།
དེ་རིང་དུས་འཁོར་གྱི་སྐུ་འདིའི་ཕྱག་ངར་གྱི་མང་ཉུང་བརྩད་སོང་།
… …
འཛམ་གླིང་རྒྱས་བཤད་ལས།
དུས་འཁོར་ནས་བཤད་པའི་ཀླ་ཀློ་ནི་མུ་སཱལ་མཱན་ཡིན། མཚན་གཞི་ནི། པར་སིག་པ། དུརུཤྐ་པ་དང་ཐོ་དཀར་བ། རྒྱ་གར་ན་ཡོད་པའི་མོོ་གལ་དང་པ་ཐཱན། ས་ཡེེ་ཏ། སེ་ཤ་སོགས་དང་། རྒྱ་ནག་ལ་ཡོད་པའི་ཧོས་ཧུས་སོགས་སོ།། མདོ་སྡེ་ནས་བཤད་པའི་ཀླ་ཀློ་ནི་། དགེ་མི་དགེ། རུང་མི་རུང་། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད་པ་ཞིག་ལ་ངོས་འཛིན་པ་ཡིན། མཚན་གཞི་ནི། བོད་ཡུལ་གྱི་ཉེ་སར་ཡོད་པའི་གློ་བ་ཁ་ཁྲ་སོགས་དང་ཕ་མ་སོགས་ཀྱི་དྲིན་ལན་གཞལ་བར་རློམ་སྟེ་གསོད་པ་དང་། ནང་ཕན་ཚུན་བསད་དེ་ཟ་བ་སོགས་ཀྱང་ཡིན། རིག་བྱེད་ནས་བཤད་པའི་ཀླ་ཀློ་ནི་རྒྱ་ནག་པ་དང་བོད། ཧོར་སོག མུ་སཱལ་མན་སོགས་ཀྱང་ཀླ་ཀློ་ཡིན་ཟེར།
ངས་ད་བར་དུ་གསེག་དྲུས་ནས་ཆོན་བརྒྱག་ས་ཞིག་བཙལ་བ་ཡིན་མོད། ཆོན་བརྒྱག་མཁན་གཅིག་ཀྱང་མ་ཡོང་ཐལ། དེ་ནི་ཁ་བརྡའི་མཆན་འགོད་པ་ཚོའི་འགྱུར་བ་ཆེན་པོ་ཞིག་རེད་ཡཱ། ཨོ། གསལ་བཤད་བྱེད་རྒྱུ་ཞིག་ལ། ཆོན་ཟེར་བ་ནི་རྒྱ་སྐད་ཀྱི་དྲག་རྩལ་གྱི་མིང་རེད།
ཕ་ཡུལ་བརྗེད་རུང་ཕ་སྐད་མ་བརྗེད་ཟེར་རྒྱུ་ཞིག་ཡོད་པ་ལྟར། ཕ་ཡུལ་བརྗེད་ནས་ལོ་མང་ཡིན་མོད། ཕ་སྐད་ཕ་ཡིག་འདི་བརྗེད་དགོས་བསམ་རུང་འདི་ལ་ལོབས་སོང་ནས་ངོ་མ་ཅིག་བསྐྱུར་མི་ཐུབ་ཀི བོད་རིགས་སྤུན་ཟླ་ཚོའི་མཉམ་པོར་བོད་ཡིག་གི་བྲོ་བ་ཞིག་མྱངས་ནས་སྐྱིད་ཐལ། ད་དེ་བྱོས། ཁ་བརྡའི་གླིང་ནས་མ་བདའ་གོང་ལ་རང་འདོད་ཀྱིས་སོང་ན་བཟང་།
ལྷ་ལུང་དོན་གྲུབ་ལགས། ཁྱེད་རང་རྒྱ་མི་ཞིག་ཅིག་ཡིན་ཡང་། བོད་ཡིག་གི་ཐོག་ནས་ཁ་བརྡའི་ནང་མཆན་འདེབས་པར་ཐུགས་རྗེ་ཆེ།
རྣམ་རྒྱལ་གྲྭ་ཚང་ནས་མགྱོགས་མྱུར་ཐུགས་འཁུར་བཞེས་ཏེ་བརྟགས་དཔྱད་གནང་རྒྱུའི་རེ་བ་ཡོད། ཡིད་དམ་ཁག་གི་དཀྱིལ་འཁོར་དང་། སྐུ་སོགས་གང་བཞེངས་ཀྱང་རྒྱུད་སྡེ་སོ་སོར་ཁུངས་གཏུགས་ནས་དེ་དག་གི་དགོངས་དོན་དང་མ་འགལ་བ་བྱ་རྒྱུ་གལ་ཆེན་པོ་རེད། གང་བྱུང་གནང་ན་ཆལ་འགྲོ་བ་ཡིན།
བུ་བློ་བཟང་ཡེ་ཤེས་ནས་ད་རེས་ངོ་མ་སྟག་ལྤགས་མགོ་ནས་བསྙེས་སོང་། ངས་བསམ་ན་རྣམ་རྒྱལ་གྲྭ་ཚང་གཅིག་པུར་ཡིན་རྒྱུ་མ་རེད་ཉམས་ཞིབ་བྱས་ནས་བརྟགས་དཔྱད་ནན་མོ་བྱས་ན་བོད་དགོན་ཕལ་ཆེར་དེ་འདྲ་ཡིན་རྒྱུ་རེད་བསམ།
བློ་བཟང་ཡེ་ཤེས་ལགས།
ངས་ཁྱེད་རང་སུ་ཡིན་མིན་ཞལ་ཚོར་གྱི་མེད། འོན་ཀྱང་ཁྱེད་ཀྱིས་ཐུགས་སྣང་གནང་སྟངས་དང་རྣམ་གྲྭ་མཁན་པོར་གཅར་སྟངས་སོགས་ཚུལ་དང་མཐུན་པ་ཞིག་གནང་འདུག རྗེས་སུ་ཡི་རངས་ཡོད།
ཁོ་བོར་དྲི་བ་ཞིག་ཡོད་པ་ནི་ཕྱག་ངར་གྱི་གྱེས་མཚམས་གང་ནས་ངོས་འཛིན་དགོས་མིན་དེ་ཡིན། སྐུའི་དཔུང་སྟོད་དང་དཔུང་སྨད། ཕྱག་གི་ངར་ཟུར་དང་ཕྱག་ངར་ཆེ་བ། ཡང་ན་ཕྱག་ངར་ཆུང་བ་སོགས་གང་ནས་གྱེས་དགོས་མིན་དེ་ཡིན། དུས་འཁོར་ལྷ་ཁང་གི་སྐུ་འདྲ་དེར་ཕྱག་ངར་གྱི་གྱེས་མཚམས་དེ་དཔུང་སྟོད་ནས་བྱས་འདུག
གོང་དུ་དྲངས་པའི་ལུང་དེ་དག་གིས་ཕྱག་ངར་གྱི་གྱེས་མཚམས་གང་ནས་ཡིན་པ་གསལ་པོ་སྟོན་གྱི་མི་འདུག
ལུང་ཁུངས་འདྲ་མིན་དང་། བཞེད་པ་འདྲ་མིན། གཞུང་ལུགས་འདྲ་མིན། དགོངས་པ་འདྲ་མིན། མཚོན་བྱེད་འདྲ་མིན་དབང་གི་དེ་ལྟར་བཞེངས་པ་ལས། ནོར་འཁྲུལ་བྱུང་པ་ཞིག་དོན་དངོས་མིན་པ་འདྲ།
བློ་བཟང་ཡེ་ཤེས་ལགས།
དུས་འཁོར་གྱི་རྟེན་འདི་བཞེངས་མཁན་དང་། བཞེངས་སུ་འཇུག་མཁན་དང་། བཞེངས་ནས་ཕུལ་མཁན་དང་ཕུལ་ཡུལ་བཅས་ལ་ཡང་དགག་དགོས་ཀྱི་ཁུངས་ཅིག་ཡོད་ངེས་པས། ཅུང་ཟད་ངང་བསྲིངས་ནས་སྒུག་དགོས་རེད་སྙམ།
བློ་བཟང་ཡེ་ཤེས་ལགས། ཁྱེད་ཀྱིས་༧ རྣམ་གྲྭའི་དུས་འཁོར་བཞེངས་སྟངས་འགྲིག་མི་འདུག་ཟེར་ནས་ཡི་གེ་མཐོང་ཚད་བྲིས་ཡོང་གི་ཡོད་པ་རེད། ད་ནི་དོན་ཐོག་ངོ་གདོང་ནས་ཤོད། ཁྱེད་རང་སྐུ་བཞེངས་སྟངས་འགྲིག་བསྡད་པ་ཚད་ལྡན་ཡིན་པ་ཞིག་ག་བར་ཡོད་མེད་གཅིག་ཤོད་དང་། སུས་བཞེངས་པ་ཚད་ལྡན་རེད། རྩད་ཆོད་སོང་ན་དེ་ནས་རྣམ་གྲྭ་མཁན་པོ་ལ་ཞུ་དགོས་ན། སྐུ་སྒེར་ཡིག་ཚང་ལ་ཞུ་དགོས་ན། ༧གོང་ས་མཆོག་ལ་ཞུ་དགོས་ན་དེ་ངས་ཞུ་ཆོག ཡང་ན་ད་ལྟའི་བར་དུ་བོད་ལ་དུས་འཁོར་སྐུ་བཞེངས་སྟངས་ཚད་ལྡན་ཞིག་བྱུང་མ་མྱོང་བ་རེད་དམ། ཁྱེད་ལ་དཔུང་སྨད་ཀྱི་ཚིགས་ལས་གྱེས་པའི་ཕྱག་ཉེར་བཞི་ཅན་གྱི་སྐུ་ཞིག་ག་བར་འདུག འདི་ལ་ལན་ངེས་པར་དུ་དགོས། སུས་བཞེངས་པ། དགོན་པ་ག་པར་ཡོད་པ། བླ་མ་སུ་ཞིག་གི་ཐུགས་བཀོད་ལྟར་བཞེངས་པ་སོགས་ཁ་གསལ་ཐོག་ནས། དེ་ཁ་གསལ་མེད་ན། ད་དུང་དཔེ་ཆ་དེ་དག་སྐྱོར་མ་བསྡད་པར། སྐུ་འདྲ་དེ་ལ་ཡག་པོ་བལྟས་ནས། དཔུང་སྟོད་ནས་གྱེས་ན་སྐུ་དེ་ག་འདྲ་ཡོང་ས་རེད། དཔུང་སྨད་ནས་གྱེས་ན་ག་འདྲ་ཡོང་ས་རེད་སོགས།
གད་མོ་ཡོད་ན་ད་དུང་ཤོར་ཚད་སྔ་སོང་། གལ་ཏེ་ཁྱེད་ལ་དུས་འཁོར་གྱི་སྐུ་བཞེངས་སྟངས་ཚད་ལྡན་ཞིག་བཤད་ཀྱི་མ་ཡོད་ན། གད་མོ་ཤོར་ས་དེ་སུ་ཆགས་མིན་ད་དུང་རྗེས་ནས་བལྟ་རྒྱུ་རེད།
གཞོན་ནུ་ཟླ་མེད་འདིས་ཆང་འཐུང་བཞག་ཡོད་ས་རེད་ཀོ བཟི་གཏམ་བཤད་ཀི་འདུག ཡང་མིན་ན་ལོ་ཆུང་དུས་སྡིག་པ་བསགས་རྒྱུ་མང་དྲགས་ནས་ད་སྨྱོས་བསྡད་ཡོད་ས་རེད།
འོ་རེད་གོང་གི་བསམ་པ་ཟེར་བའི་བསམ་འཆར་དེ་ནི་ཡ་མཚན་ཞིག་རེད། བློ་བཟང་ཡེ་ཤེས་ནས་དུས་འཁོར་རྩ་བརྒྱུད་ཀྱི་ལུང་དྲངས་ཡོད་བཞིན་དུ་དེ་དགེ་ལུགས་པས་རེད་ཟེར་ན་ཡ་མཚན་རེད།
དེ་མིན་གོང་གི་ཀ་དར་ཏི་དྲིལ་གྱི་དྲི་བ་དེར་ཁ་གསལ་གྱི་ལན་བློ་བཟང་ཡེ་ཤེས་ནས་འདེབས་དགོས་ལྷག་འདུག ལྷོད་ལྷོད་བྱས་ནས། ཞིབ་ཚགས་པོ་བྱས་ནས་ལན་ཐོབ་འ། མི་ཤེས་པ་ཁག་ཅིག་གིས་ཁྱེད་ཡག་པོ་འདུག་ཟེར་ན་འུར་མ་འདྲོགས་ནས་ལན་ཐོབ་འ།
འོ་དགོངས་དག་ལན་འདེབས་བྱེད་དགོས་ས་དེ་ཀ་དར་ཏི་དྲིལ་རེད་མི་འདུག ལྷོ་ཕྲུག་སྣ་བོ་རེད་འདུག ཁོང་གི་དྲི་བ་དེ་གལ་ཆེན་པོ་རེད་ཟེར་གྱི་ཡོད།
དཔྱད་པ་ཞིབ་མོའི་ལམ་ནས་སྐྱོན་ཐེར་འདོན་བྱས་འདུག་པས་ཡི་རང་དང་། འདི་ལྟར་སྐུ་ཉྀད་ལྟ་བུའི་བོད་ཀྱི་ཐང་ཀ་དང་ལྷ་རིས་སོགས་ལུང་ཇི་བཞིན་ངེས་མཁན་སྤྱིར་བཏང་གི་ལྷ་འཇལ་བའི་ནང་དུ་མེད་པས། ཉིད་ལྷ་བུའི་ཆེད་མཁས་པ་དག་གིས་སྐྱོན་མ་འདོན་ན། ངན་པ་རྒྱ་ཡན་དུ་འགྲོ་ཉེན་ཆེ།
གཏུམ་ཆེན་དོན་མེད་ཀུ་ཅོ་མ་སྒྲོགས་དང་། འདིར་དོགས་པ་ཡོད་པ་ཞིག་རེད། བློ་བཟང་ཡེ་ཤེས་ཀྱི་དྲངས་པའི་ལུང་ཚང་མ་ཚད་ལྡན་རེད། ད་ལྟའི་བར་དུ་ཁོང་གིས་བཤད་པ་ལྟར་ལག་སྨད་ཀྱི་ཚིགས་ལས་གྱེས་པའི་དུས་འཁོར་གྱི་སྐུ་འདྲ་ཞིག་ག་པ་ཡོད་མེད་རྩད་གཅོད་དགོས་ངེས་ཞིག་རེད། དེ་ནི་རྣམ་གྲྭའི་སྙན་གྲགས་ཙམ་གྱི་ཆེད་དུ་མ་རེད། དེ་ནི་དད་ལྡན་སུ་ཡིན་ན་ཡང་ཚད་ལྡན་གྱི་སྐུ་ཞིག་ཡིན་ན་བཟང་ཆ་ཡོད་པ་ཞིག་ཡིན་བསྡད་ཡོད་པ་རེད། འོན་ཀྱང་སྐུ་འདྲ་དེ་ད་དུང་ཚད་ལྡན་ཡིན་མིན་ལ་ཕྱོགས་ཡོངས་ནས་དཔྱད་དགོས་པ་ཞིག་ལས། བློ་བཟང་ཡེ་ཤེས་ཀྱི་ལུང་ཁ་ཤས་དྲངས་པ་དང་ཆུ་ནང་ལ་གཡུག་ཆོག་ཆོག་དེ་འདྲ་སྟབས་བདེ་པོ་ཡོད་པ་མ་རེད།
བཀུར་བར་འོས་པའི་སྐུ་ཞབས་གཞོན་ནུ་ཟླ་མེད་ལགས།
ངས་གཙོ་བོ་སྐུ་བརྙན་དང་ཐང་ག་སོགས་གང་ཡིན་ཀྱང་གཞུང་ནས་གསུང་པ་ལྟར་ཚད་ལྡན་དགོས་གལ་ཆེ་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་ཙམ་ལས། སྐུ་ཐང་སོགས་གསར་བཞེངས་སྐབས་ཁུངས་ཡོད་མེད་ལ་མ་ལྟོས་པར་རྙིང་པ་འདི་ལྟ་བུ་དང་དེ་ལྟ་བུར་བཞེངས་དགོས་ཟེར་གྱིན་མེད་ལ། ད་དུང་དུས་འཁོར་སྐུ་བརྙན་དེ་ཆུ་ལ་གཡུག་དགོས་དེ་བས་ཀྱང་ཟེར་གྱི་མེད་ལགས།
གལ་ཏེ་དུས་འཁོར་སྐུ་འདྲ་རྙིང་པ་ཁག་ཀྱང་དེ་ལྟར་རོ་གསུང་ན་དེ་ལ་ཁྱབ་པ་ཡོད་ནི་མ་རེད། ནོར་བ་གསར་རྙིང་གཉིས་ཀར་ཡོད་སྲིད། རྙིང་པ་མང་པོ་དེ་འདྲ་ཡིན་ན་དེ་དག་མ་དག་རྒྱུན་འབྱམས་སུ་སོང་བ་རེད། རྒྱ་བོད་ཀྱི་གཞུང་གང་རུང་ཞིག་ན་དུས་འཁོར་ལ་དཔུང་པ་ཉེར་བཞི་ཡོད་པའི་ཁུངས་ཞིག་དྲངས་རྒྱུ་ཡོད་ན། ངས་ཁས་ལེན་ཞུ་ཆོག སྐབས་འདི་ལྟ་བུར་གཞུང་ཆེན་པོ་གཙིགས་སུ་འཛིན་དགོས་པ་ལས། རྟེན་རྙིང་པ་དང་ཞལ་རྒྱུན་ཙམ་ལ་སྐྱབས་བཅོལ་ན་འགྲིག་གི་མ་རེད།
དཔེར་ན་མ་དག་པ་བརྒྱའི་ནང་དུ་དག་པ་གཅིག་ལས་མེད་ན། དག་པ་དེ་མ་དག་པ་ཆགས་རྒྱུ་ཡིན་པ། འབྲུག་ཡུལ་གྱི་རྡོ་རྗེ་གཅོད་པ་ལྟ་བུ་རེད། གལ་ཏེ་དག་པ་གཅིག་ཀྱང་མེད་ན་མུ་མཐུད་དུ་མ་དག་རྒྱུན་འབྱམས་སུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་ཡིན་པས། ངས་འདི་ལྟར་བསམ་པ་རྣམ་དག་གིས་རེ་སྐུལ་ཞུས་པ་ཡིན།
དེ་ནས་ཕྱག་གྱེས་སྟངས་ནི་ཕྲག་པ་རེ་རེའི་ཚིགས་མཚམས་ནས་དཔུང་བ་གཉིས་གྱེས་པ་ལྟར། དཔུང་བའི་ཚིགས་མཚམས་ནས་ཕྱག་ངར་གཉིས་གྱེས་པ་རེད། དེ་བས་ཀྱང་གསལ་བོར་ཞུས་ན། དཔུང་པ་དང་ལག་ངར་གཉིས་འབྲེལ་མཚམས་སམ་ཚིགས་མཚམས་ནས་ལག་ངར་གཉིས་གྱེས་པ་རེད།
འདིར་དྲ་གྲོགས་ཡོངས་ལ་དགོངས་སེལ་བཅས་ནོར་བཅོས་ཞུ་དགོས་པ་ཞིག་ལ། ངས་ཐོག་མར་ཉིན་ཐོ་འདེབས་སྐབས་ཟླ་གྲངས་ནོར་འདུག་པས། གོང་དུ་ཟླ་ ༦ ཚེས་ ༢༩ དང་ ༣༠ ཞེས་བྲིས་པ་དེ་ཟླ་ ༥ པའི་ཚེས་ ༢༩ དང་ ༣༠ རེད་ཅེས་ནོར་བཅོས་ཞུ་བ་ཡིན།
དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
༼ལ་སྟོད་པ།
བོན་པོ་ལ་སྲིད་ཕྱོགས་ནས་བརྩིས་འདང་ཆེ། ཆོས་ཕྱོགས་ནས་མ་ཎི་གཡོན་སྐོར་དང་སྟོད་འགག་ན་རས་གཞི་སྔོན་པོ་ཞིག་ཡོད་པ་དེ་མ་གཏོགས་ཤེས་བྱ་ཏིལ་འབྲུ་ཙམ་མེད། ༽
ཁྱེད་ལ་ཆོས་ལུགས་གྲུབ་མཐའ་ལ་ཆགས་སྡང་མེད་རབས་བཤད་སོང། ད་དེ་འདྲ་མ་གསུང་ན་ལེགས། ངས་ཀྱང་ལན་འདེབས་འདོད་མེད། མེད་པ་མེད་ས་ལ་བཞག་ན་ལེགས།
༼རྗེས་མ་ཞིག་ལ་ལ་སྟོད་ཀྱི་སྐོར་ནས་ཁ་བརྡ་བྱེད་འདོད་ཆེ།༽
ཨོ་བཀའ་མོལ་གང་ཡིན་ནའང་ཞུ་ཆོག་གི་རེད། ཆོས་ལུགས་གྲུབ་མཐའི་སྟེང་ནས་ཞུ་རྩིས་མེད།
མི་ཟེར་བའི་སེམས་ཁམས་ཀྱི་འདུ་ཤེས་དེ་ལ་མཐའ་ཞིག་མེད། འོན་ཀྱང་ཚུར་བསྡུས་ན་རང་ཉིད་ཁོ་ནར་གཅེས་བཟུང་དེ་ལ་བབ་ཀྱིན་ཡོད།
དཔེར་ན་འགོ་བྷི་བཞིན། རྒྱ་གར་སྐད་རང་སོར་བཞག་ཡོད། ཕྱི་ཀོགས་ག་ཚོད་བཤུས་ནའང་རྫོགས་ཐབས་མེད་མཐར་རྒྱུག་པ་སྔོ་རིང་ཞིག་ལ་ཐུག་གི་ཡོད།
ད་བདེ་མོ་བྱོས།
ད་ཡིན་ན་བློ་ཡེ་ལགས་ཀྱི། ལག་ཇེ་ཐུང་ནས་ཇེ་ཐུང་རེད་འདུག་ག
མཁྱེན་ཡངས་པ་བློ་བཟང་ཡེ་ཤེས་ལགས། སྐུ་ཉིད་ནས་མདོ་དོན་༼དེ་ནས་ཕྱག་གྱེས་སྟངས་ནི་ཕྲག་པ་རེ་རེའི་ཚིགས་མཚམས་ནས་དཔུང་བ་གཉིས་གྱེས་པ་ལྟར། དཔུང་བའི་ཚིགས་མཚམས་ནས་ཕྱག་ངར་གཉིས་གྱེས་པ་རེད། དེ་བས་ཀྱང་གསལ་བོར་ཞུས་ན། དཔུང་པ་དང་ལག་ངར་གཉིས་འབྲེལ་མཚམས་སམ་ཚིགས་མཚམས་ནས་ལག་ངར་གཉིས་གྱེས་པ་རེད།༽ ཅེས་གསུངས་འདུག ངས་ཁ་སང་ནས་ཁྱེད་ཀྱིས་འདི་འདྲ་ཞིག་བསམ་བསྡད་ཡོད་པ་ཤེས་སོང་། དེ་བས་གོང་གི་མཆན་བཞེངས་སྟབས་བདེ་མིན་དང་མིག་ལ་མཛེས་མིན་སོགས་ཅན་པ་དེ་བྲིས་པ་ཡིན། འོན་ཀྱང་སྐུ་ཉིད་ཀྱིས་གད་མོའི་གནས་རེད་ཟེར། ད་ལྟོས་དང་དཔུང་པ་གཅིག་གི་ལག་ཚིགས་ནས་གྱེས་པའི་ལག་ངར་གཉིས་དེ་སྡིག་པ་ར་ཉའི་ལག་པ་དང་པོ་གཉིས་ལྟར། རྩ་བ་གཅིག་ལ་རྩེ་མོ་གཉིས་སུ་གྱེས་བསྡད་པ་ཅིག་བཤད་བཞིན་ཡོད་པ་རེད། དེ་ནས་དུས་འཁོར་གྱི་ཞལ་ཐང་ཁ་ཤས་མཇལ་བ་རྣམས་ལ་དེ་འདྲ་ནི་མི་འདུག དེ་ཡིན་དུས་རྣམ་གྲྭ་གཅིག་བུ་མ་རེད། གཞུང་ལུགས་དང་འགལ་གི་འདུག་ཟེར་བ་དེ་ཡང་དཔྱད་པར་བྱ་བའི་གནས་ཞིག་སྟེ། གཞུང་ལུགས་ན་དཔུང་པ་བཅུ་གཉིས་ཟེར་བ་ཙམ་ལས། དཔུང་སྨད་དང་དཔུང་སྟོད་ཀྱི་སྐད་ཆ་མེད་ལ་དཔུང་མགོའི་སྐད་ཆ་ཡང་མེད། དེ་ཡིན་དུས་རྣམ་གྲྭའི་དུས་འཁོར་བཞེངས་སྟངས་དེ་ཡང་དཔུང་མགོ་བཅུ་གཉིས་རེད། དེ་ཡིན་དུས་ཁྱེད་རང་གིས་དྲང་པའི་ལུང་རྣམས་དང་འགལ་བ་མེད་ཅེས་ན་ཅི་སྨྲ། དཔུང་སྨད་ཉེར་བཞི་ཡོད་མི་ཆོག་པའི་ལུང་ག་བར་ཡོད། ཁྱེད་རང་གིས་འདི་ལྟར་གཞུང་དང་སྐུ་འདྲ་ཞིབ་ཚགས་བསྡུར་ནས་བསམ་བློ་མ་བཏང་པར་ཧ་བེ་ཧོབ་བེ་རྣམ་གྲྭ་མཁན་པོའི་གཟིམ་ཤག་ལ་འཛུལ་བ་གསར་རྟགས་ཚ་དྲགས་པ་གང་མིན་ཚད་རེད།
ངས་ཁྱེད་ལ་ཞུས་ཡོད་ཁྱེད་ཀྱི་ཐུགས་བསམ་བཞེས་ཕྱོགས་ཐད་ཀྱི་དུས་འཁོར་སྐུ་འདྲ་འམ་ཞལ་ཐང་གཅིག་ཙམ་ག་པར་ཡོད་མེད་གསུངས་རོགས་ཟེར་ནས། ཁྱེད་ལ་གཅིག་ཙམ་ཡང་སྟོན་ཡ་མི་འདུག་པར་༼གལ་ཏེ་༧གོང་ས་མཆོག་གིས། དུས་འཁོར་སྐུ་བརྙན་འདི་འདྲ་ཞིག་བཞེངས་དགོས་ཞེས་གསུངས་པ་ལྟར་བཞེངས་པ་ཡིན་དུ་ཆུག་ཀྱང་། ༽ཟེར་བ་ཧམ་བཤད་མ་ཡིན་ནམ། སྐུ་ཉིད་ཀྱི་ཁྲོམ་ཐོག་རིན་པོ་ཆེར་བཤད་བཞིན་ཡོད་ན་ཡང་འདི་ཁྱེད་ཀྱིས་མཁྱེན་གསལ་ལྟར་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེར་ཞུ་ཡག་ལྷག་ཡོད་པ་མ་རེད། སྐུ་དེ་གདན་འདྲེན་ཞུ་དུས་ཁྲོམ་ཐོག་རིན་པོ་ཆེ་ནི་ཨེ་ཀྲ་ལེ་ན་བཞུགས་བསྡད་ཡོད་པ་ཞིག་རེད།
འོན་ཀྱང་སྐུ་ཉིད་ཀྱིས་འདིར་གླེང་སློང་བྱས་པ་ལ་དགེ་མཚན་ཆེན་པོ་ཡོད་སྟེ། དེང་སང་གི་མི་མང་པོ་ཞིག་ཆོ་ག་དང་སྐུ་ཐང་སོགས་མིག་ལམ་དུ་བསྟན་ན་ཡང་ཡིད་ལ་གསལ་བོར་འཆར་རྒྱུ་མེད་ལ། སྐྱོན་བརྗོད་ཚུལ་གྱི་ཅིག་བྲིས་ན་ལམ་སེང་ཡིད་ལ་ཤར་འགྲོ་བར་ཕན་ཐོག་ཡོད་སྲིད། དེ་ཡང་ ༧གོང་ས་མཆོག་གི་དུས་དབང་གསུང་པར་ཉིན་ཤས་ལས་མེད་པའི་སྐབས་འདིར། ད་དུང་བགྲོ་གླེང་མུ་མཐུད།
བློ་བཟང་ཡེ་ཤེས་ལགས་འདི་དུས་འཁོར་སྐོར་ལ་ཆེད་མཁས་པ་ཡིན་པའི་བྱང་རབས་ལོ་རྒྱས་ཀྱི་ཁུངས་ཅིག་དྲངས་ཐུབ་པ་རྩོམ་འདི་ཡི་མཛེས་རྒྱན་དུ་འགྲོ་སྲིད་ཀྱང་། དེ་མིན་མགོ་ལས་རྨ་ཆེ་བ་ཡང་ཡོང་སྲིད་པ་རེད་སྙམས་སོ། །
བྱུང་རབས་ལོ་རྒྱུས་ལ་ཀློགས་རོགས་གནོངས།
ངས་མཐོང་པའི་དུས་འཁོར་ཞལ་ཐང་ཁག་ཅིག སྐུ་འབུམ་བྱམས་པ་གླིང་གི་དུས་འཁོར་ཞལ་ཐང་། བླ་བྲང་དུས་འཁོར་གྲྭ་ཚང་གི་དུས་འཁོར་ཞལ་ཐང་། ལྰ་མོ་ཡོངས་འཛིན་རིན་པོ་ཆེའི་དུས་འཁོར་ཞལ་ཐང་། པན་ཆེན་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེའི་ཐུགས་བཀོད་ལྟར་ཨ་རྒྱྰ་རིན་པོ་ཆེ་ནས་བཞེངས་པའི་དུས་འཁོར་བློ་བསླངས། ད་དུང་མདོ་སྨད་དུ་དགོན་ཁག་ཆུང་ངུ་ཁ་ཤས་ནས་དུས་འཁོར་ཞལ་ཐང་ཁ་ཤས་མཇལ་མྱོང་། དེ་བཞིན་དུ་ལྷ་སའི་ཕྱོགས་ནས་གནས་མཇལ་ལ་འགྲོ་དུས་དུས་འཁོར་ཞལ་ཐང་ཁ་ཤས་མཇལ་མྱོང་། རྒྱ་གར་ནས་རྡ་སའི་དུས་འཁོར་ཞལ་ཐང་སོགས་ཡུལ་ཕྱོགས་ཁ་ཤས་སུ་དུས་འཁོར་སྐུ་ཐང་མང་ཙམ་མཇལ་བ་ཚང་མའི་ལག་ངར་དཔུང་སྨད་ཀྱི་ཚིགས་ནས་གྱེས་བསྡད་པ་གཅིག་ཀྱང་མི་འདུག ག་རེ་ཞུ་བཞིན་ཡོད་ཟེར་ན་བློ་བཟང་ཡེ་ཤེས་ནས་དྲངས་པའི་ལུང་རྣམས་ལག་ངར་དཔུང་སྟོད་ནས་གྱེས་པའི་ཞལ་ཐང་ཁག་གི་གནོད་བྱེད་དུ་འགྲོ་གི་མི་འདུག་ཟེར་གྱི་ཡོད། ད་དུང་ཕྱོགས་ཕྱོགས་ནས་དུས་་རབས་ནས་དུས་རབས་སུ་བྱོན་པའི་མཁས་པ་སུས་ཀྱང་ཐུགས་མཉམ་མ་བཞག་པ་དེ་འདྲ་ནི་ཡོངས་མི་སྲིད་ཟེར་གྱི་ཡོད།
གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱིས་དོགས་སློང་གནང་བར་དགའ་བསུ་ཡོད།
དཔུང་བ་བཅུ་གཉིས་དང་ཕྱག་ཉེར་བཞི་བྱས་པའི་དུས་འཁོར་ཐང་ག་མང་པོ་ཡོད་པ་རེད། ཡིན་ན་ཡང་ངས་དེ་དག་ཁུངས་སུ་འཛིན་གྱིན་མེད། གཙོ་བོ་རྒྱུད་འགྲེལ་སོགས་ལ་ཁུངས་གཏུག་དགོས། གལ་ཏེ་དཔུང་བ་བཅུ་གཉིས་དང་ཕྱག་ཉེར་བཞི་བྱས་པའི་དུས་འཁོར་ཐང་ག་ཡོད་པ་ཙམ་གྱིས་ཡིད་ཆེས་ན། གཤམ་གྱི་འབྲེལ་ཐག་ཐོག་གཟིགས་དང་། སོག་ཡུལ་དགའ་ལྡན་དགོན་པའི་དུས་འཁོར་ཐང་རྙིང་སོགས་ངས་བཤད་པ་ལྟར། དཔུང་བའི་ཚིགས་མཚམས་ནས་ཕྱག་ངར་གཉིས་གྱེས་པའི་བྲིས་ཐང་མང་པོ་འདུག་པས་དེར་གཟིགས་རོགས་ཞུ།
སོག་ཡུལ་གྱི་དགའ་ལྡན་དགོན་པའི་དུས་འཁོར་ཐང་རྙིང་།
http://www.shambhala.mn/Mongolia/Thangkas/Thangkas-Pages/Image5.html
ཀརྨ་སྒར་བྲིས་ཞེས་པའི་དྲ་ཚིག་ཐོག་གོང་དང་གཅིག་མཚུངས་བྱས་འདུག
http://karmagardri.com/?page_id=13
ད་དུང་མདོ་སྨད་མགོ་ལོག་འཛམ་ཐང་ནས་ཐོན་པའི་དུས་འཁོར་ཐང་གའི་པར་ཞིག་ཡོད། དེ་ཡང་དེ་ལྟར་བྱས་འདུག ང་རང་སྒེར་ལ་ཡང་དུས་འཁོར་ཐང་ཁ་ཞིག་ཡོད། ཁྱེད་ཀྱིས་གཟིགས་འདོད་ན་དྲ་འཕྲིན་ཁ་བྱང་བསྐུར་དང་ངས་ཁྱེད་ལ་དེ་དག་གི་པར་གཏོང་ཆོག
གང་ལྟར་ང་ཚོའི་བགྲོ་གླེང་འདི་ང་རྒྱལ་ཁྱོད་ཕམ་ལྟ་བུའི་ཞེ་སྡང་གི་དབང་དུ་མི་འགྲོ་བར་དོན་ལྡན་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།
ཐུགས་རྗེ་ཆེ།
༼རྒྱུད་སྡེ་བཞི་འཇོག་ཚུལ༽མཁས་པ་ཁ་ཅིག་གིས། དུས་འཁོར་གྱི་ཞལ་བཞི་ལས་རྒྱུད་སྡེ་བཞི་གསུངས་པར་བཤད་པ་དང་། ཡང་གྲུབ་ཆེན་ནག་པོ་སྤྱོད་པས་གསང་བའི་དེ་ན་ཉིད་གསལ་བར། དུས་ནི་རྣམ་བཞིའི་དབྱེ་བ་ལས།།རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ།། ཞེས་དུས་བཞི་དང་སྦྱར་ནས་གསུངས་པ་དང་། ཡང་སློབ་དཔོན་ཨ་ལང་ཀ་་ཀ་ལ་ཤས་རྡོ་རྗེའི་ཕྲེང་བའི་འགྲེལ་བར། མི་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་བཞེད་དེ། བྲམ་ཟེའི་རིགས་ལ་བྱ་རྒྱུད་དང་། རྗེའི་རིགས་ལ་སྤྱོད་རྒྱུད། རྒྱལ་རིགས་ལ་རྣལ་འབྱོར་རྒྱུད། དམངས་རིགས་སམ་གདོལ་བའི་རིགས་ལ་བླ་མེད་ཀྱི་རྒྱུད་གསུངས་པའི་སྒོ་ནས་རྒྱུད་སྡེ་བཞིར་འཇོག་པར་ཡང་བཞེད། ཡང་རྒྱལ་བ་ཀློང་ཆེན་པས་ལྷའི་སྐྱེད་ཆོག་མི་འདྲ་བ་བཞིའི་སྒོ་ནས་འཇོག་པའམ་གྲུབ་མཐའ་བཞི་དང་སྒོ་བསྟུན་པའི་སྒོ་ནས་འཇོག་པར་གསུངས། རྗེ་ཙོང་ཁ་བས་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ལ་རིགས་བཞིར་འཇོག་པའི་རྒྱུ་མཚན་གྱིས་རྒྱུད་སྡེ་བཞི་འཇོག་པར་གསུངས་པའི་ཁུངས་ནི། སམ་བྷུ་ཊ་ལས། རྒོད་དང་ལྟ་དང་ལག་བཅངས་དང་།།གཉིས་གཉིས་འཁྱུད་དང་རྣམ་པ་བཞི།།སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས།།ཞེས་པ་ལྟར་འདོད་ཡོན་གྱི་ཆགས་པ་ལམ་དུ་བྱེད་ཚུལ་ཆ་ནས་ཡིན་པ་དཔེར་ན། ཤིང་ལས་སྐྱེས་བའི་སྲིན་བུ་ཤིང་ལས་སྐྱེས་ཀྱང་། ཤིང་རྩ་བ་ནས་ཟད་པར་བྱེད་པ་ལྟར་རོ།།
ཡང་འབྲུག་གི་རྡོ་རྗེ་གཅོད་པ་མ་དག་པ་དེ་དང་། དྷ་ས་ཐེག་ཆེན་ཆོས་གླིང་གི་གསེར་སྐུའི་ཁུངས་གཉིས་མཆེད་མཚུངས་སུ་བཞག་པ་འདིས་ཀྱང་ངས་རྨོངས་དད་ལ་གནོད་བགྱིད་འདུག བློ་ཡེ་ལགས་ལ་བློ་ཡེ་ནས་མེད་པ་མིན་འགྲོ་ངས་ད་དུང་དཔྱོད་བགྱིན་ཡོད་ལགས།
ད་དུང་ཞུས་ཡ་གཅིག་ཡོད། མི་མང་པོ་ཞིག་གིས་ཐེ་མོ་སྟོན་པ་ལ་བལྟ་རྒྱུ་ཡོད་པ་མ་རེད། གོང་དུ་མང་པོ་ཞིག་གིས་ཁྱེད་ལ་ཐེ་མོ་བསྟན་སོང་མོད། ཁྱེད་ཀྱི་དེ་བཤད་པ་འགྲིག་འདུག་དང་། རྣམ་གྲྭའི་དེ་འགྲིག་མི་འདུག་ཟེར་མཁན་མང་དག་ཅིག་སླེབས་སོང་། ད་དག་མ་དེ་ཁས་ཤོག་ཟེར་དུས་ཚང་མ་ཕྱིར་གཤིག་རྒྱབ་འགྲོ་འདུག་ཀ དྲི་མེད་ལྷག་བསམ་ནས་༼སྔོན་གྱི་ཐང་རྙིང་ལྡེབ་བྲིས་ཕལ་མོ་་ཆེར་མདའ་མེ་འབར་བ་བྲིས་ཡོད་པ་དང་། ཕྱིས་སུ་་ས་དགེའི་མཁས་པ་མང་པོས་མངཽན་བརྗོད་ཀྱི་གྲངས་ལྟར་མདའ་གསུམ་བྲིས་འདུག༽ ཟེར་ནས་ཐང་རྙིང་མང་པོ་ཞིག་མཐོང་ཡོད་ན་ཡང་། ལག་ངར་ཉེར་བཞི་པོ་དཔུང་པ་ནས་མ་སྐྱེས་པར་ལག་ཚིགས་ནང་ནས་ཚུར་སྐྱེས་ཡོད་པའི་ཐང་ག་དེ་ག་བར་འདུག་ཟེར་དུས་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཀ གཏུམ་ཆེན་མེ་འབར་ཟེར་བ་དེ་ཚོར་༧གོང་ས་མཆོག་གི་ཕྱོགས་ལ་ཁ་གཏོང་ངེས་ཅིག་རེག་སོང་ན་ནམ་ལངས་འགྲོ་གི་རེད་མ་གཏོགས། འདི་ལྟར་དོན་དངོས་ཐོག་ནས་ཞིབ་ཚགས་མོ་བཤད་ཐུབ་པའི་ནུས་པ་མེད།།
ཡ་ཡ། ད་ནི་དྲི་མེད་ལྷག་བསམ་ཞུ་བ་འདི་སུ་ཡིན་དོགས་པ་ཞིག་ཡོད་པ་སེལ་སོང་། །དུ་བ་ལས་མེ་ཆུ་བསྐྱལ་ཆུ། །མེ་ལྕེ་མདའ་གསུམ་དྲིས་པ་འདིས། །དྲི་མེད་ལྷག་བསམ་གཞི་ནས་རྟོགས། །འདྲིས་པའི་གྲོགས་འདི་མི་མཚར་རམ། ཧ་ཧ།
ཨ་རོགས་གཞོན་ནུ་ཟླ་མེད། ང་གཏུམ་ཆེན་མེ་འབར་གྱིས་༧གོང་ས་མཆོག་ལ་དུས་ནམ་ཡང་རྨི་ལམ་ཙམ་དུ་ཡང་ཁ་གཏོང་གི་མེད། དོན་དངོས་ཐོག་ནས་ཞིབ་ཚགས་མོ་བཤད་རྒྱུ་མེད་པ་ཡང་མིན་ལ་བཤད་མ་ཐུབ་པ་ཡང་མིན། དེས་མི་ཚད་མཁས་པ་ཆེན་པོའི་ཞལ་བཀོད་ལྟར་དུས་འཁོར་ལ་དཔུང་བ་དྲུག་དང་ལག་ངར་ཉེར་བཞི་བྱས་ནས་བཞེངས་ཡོད་པའི་ཐང་ཀ་ཞིག་ལ་ཁར་སང་རང་བལྟས་པ་ཡིན། ཡིན་ན་ཡང་ཁྱོད་འདྲ་བའི་སྡིག་གྲོགས་འགའ་རེ་འདིར་སླེབས་ཡོང་གི་ཡོད་སྟབས་སྤྱིར་བཏང་གི་ཨ་རོགས་རེ་ཟེར་བ་ཙམ་ལས་ཆོས་གཏམ་བྱེད་བསམ་གྱི་མི་འདུག ངས་ཁྱོད་ཀྱི་སྡིག་པ་བསགས་པའི་ལོ་རྒྱུས་གོ་བས་ངོ་མ་ཡི་ཆད་སོང་། ད་དྲ་ཐོག་ཏུ་ཉུལ་འདུག་པ་ལས་ས་ཏྭ་ཡིག་བརྒྱ་རེ་བཏོན་ནས་བསྡད་ན་དགའ་ས་རེད་མ་གཏོགས། ལམ་རིམ་ཆེན་མོའི་ནང་ལ་དམྱལ་བ་ཟེར་རྒྱུའི་སྐྱེ་བ་ལེན་ས་སྡུག་པོ་ཞིག་ཡོད་གསུངས་འདུག་ག ཁྱོད་རྒྱག་པ་ཞིག་རེད་ཟེར་ནས་ཚེ་ཐར་ལ་ཨེ་གཏོང་མི་ཤེས་ཀོ
དཔུང་བ་བཅུ་གཉིས་
སྡིག་པ་སྡིག་པ། ག་རེ་ངས་སྡིག་པ་ཞིག་ག་དུས་བསགས་པ་རེད་དྲན་གྱི་མི་འདུག འོ་ད་བསགས་ཡོད་ན་ཡང་ཐང་གི ག་རེ་ངས་འདང་ཞིག་བརྒྱབ་ནས་འེ་དྲན་ལྟ་ཀོ འོ་ད་ཆུང་ཆུང་སྐབས་ཀྱི་ར་རྫི་རེའུ་རྫི་སྐབས་སུ་སྡིག་པ་བསགས་ནོ་བཤད་ཀི་ཡོད་ས་རེད་ཀོ འདི་ངའི་ཞིང་ཁ་ཞིང་གཉའ་ནང་གི་སྲེན་མ་རྐུན་རོགས་ཞིག་མིན་ནམ། ག་རེ་གོ ཁྱེད་རང་གིས་ང་ལ་སྡིག་ཅན་ཟེར་ན་འགྲིག་གི་ཡོད་ས་རེད། ངས་ཆུང་བྱིས་པའི་སྐབས་ཀྱི་མ་རབས་སྡིག་པ་བྱས་པ་དེ་ཚོ་ཚད་ཡོད་པ་མ་རེད། འོན་ཀྱང་སྡིག་གྲོགས་ཟེར་ན་འགྲིག་གི་མ་རེད། ངས་ཁྱེད་ལ་དགེ་བ་བསགས་མ་བཅུགས་ན་ཡང་སྡིག་པ་བསགས་བཅུགས་གི་མ་རེད། དེ་བས་ན་ཁྱེད་ཀྱིས་ང་ལ་སྡིག་གྲོགས་ཟེར་ན་འགྲིག་གི་མ་རེད། མིང་ཚིག་དེ་ཚོ་ཞིབ་ཆ་དགོས་པ་རེད། ངས་ཁྱོད་ལ་ཞིབ་ཚགས་མོ་མ་རེད་ཟེར་བཞིན་པ་ཁྱོད་ཀྱིས་མ་མཐོང་ངམ། མཆན་ཡིག་ཁ་ཤས་བྲིས་ན་ཡང་ནོར་བ་ལྟོས་དང་དཔུང་པ་བཅུ་གཉིས་ལ་དྲུག་ཟེར་ནས་བྲིས་འདུག
དེ་ནས་ཁྱེད་ཀྱིས་དཔལ་དུས་ཀྱི་འཁོར་ལོ་སྐུ་དཔུང་སྨད་ཀྱི་ཚིགས་ཀྱི་བར་དེར་ལག་ངར་གཉིས་རེ་སྟེ། བློ་བཟང་ཡེ་ཤེས་ཀྱིས་བཤད་པ་ལྟར་ན། དཔུང་པ་གཅིག་གི་གྲུ་མོའི་མཚམས་དེར་ལག་ངར་གཉི་རེ་སྐྱེས་ནས་ཡོད་པ་ཞིག་མཐོང་དགོས་པ་རེད་ཀོ མདོར་ན་དཔུང་པ་གཅིག་རེ་མར་སླེབས་ཚེ་གྲུ་མོའི་མཚམས་དེར་ཉིས་འཚེབ་བྱས་ནས་བསྡད་ཡོད་པ་ཞིག་བཤད་བཞིན་པ་རེད་ཀོ དེ་མཐོང་ཡོད་ན་ཁ་བརྡ་ནང་དུ་བཀོད་དང་། ངོ་སྤྲོད་མདོར་བསྡུས་ཞིག་དང་མཉམ་དུ། དེ་མིན་ངོ་ནས་དེ་འདྲའི་སྐུ་འདྲ་དང་བྲིས་ཐང་མཐོང་དཀོན་པ་རེད། སུ་ལ་ཡིན་ན་ཡང་ཕན་གི་འདུག་ཀ
ཞལ་བདེ་བོ་སྟོན་པས་གསུང་བདེ་ཡང་། །
ལག་བདེ་བོ་ལྷ་བཟོས་བཞེངས་མི་བདེ། །
ཡང་རྣམ་རྒྱལ་ཚང་གི་གསེར་སྐུ་དེ། །
ནམ་མ་ལངས་བར་དུ་རྩོད་ས་རེད། །
བདེན་པ་རེད། བདེན་པ་རེད། བློ་བཟང་ཡེ་ཤེས་ལ་བདེན་པ་འདུག ད་གང་བྱེད་ཀ།
འོ་ལགས་སོ། ད་དུས་སང་གི་ལྷ་སྐུ་བཞེང་ན་མཛེས་མི་མཛེས་དང་བདེ་མི་བདེ་ཡི་སྐད་ཆ་རེད་འདུག་བ། ད་དུང་གོ་བ་ལེན་ཚུལ་མ་འདྲ་བ་རེད་ཡང་ཟེར་གྱི་འདུག གང་སྟར་ནོར་བ་རེད། མགོ་གསེར་སྐུས་རྡུང་སྟེ་ཤི་ན་བྱིན་རླབས་ཅི་ཡོད་རྒྱུ་མ་རེད། མཛེས་མི་མཛེས་བཤད་ན་ངའི་ངོ་ལ་ནི་མགོ་མང་པོ་དང་ལག་པ་མང་པོ་དེ་ཚོ་མཛེས་པོ་མཐོང་གི་མི་འདུག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱང་། གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་གཏམས་ཚེ། །ཞེས་འགྲོ་བ་མི་བཞིན་དུ་མགོ་གཅིག་ལག་པ་གཉིས་རྐང་པ་གཉིས་བྱས་པ་ཞིག་ཏུ་འབྱོན་པ་རེད་ལ་རྒྱུ་མཚན་ཡང་མང་པོ་བཤད་རྒྱུ་ཡོད་རེད་བཤད་ཀྱང་བདེ་བོ་རེད། མཛེས་པོ་ཡོད་པ་ཡང་དུ་མ་བཤད་རྒྱུ་ཡོད་རེད། དུས་འཁོར་སོགས་དབུ་དང་ཕྱག་ཞབས་མང་པོ་ཡོད་མཁན་དེ་ཚོས་མཛེས་ཁག་ལོན་པའི་སྐད་ཆ་ཡོད་རེད་བས། གོ་བ་ལེན་ཚུལ་མ་འདྲ་ན་གང་རུང་ཞིག་ནོར་བ་རེད། སྣ་འཐེན་ཀྱང་ཁ་ནང་སླེབ་ཀྱི་མ་རེད། སྤྱིར་བཏང་སངས་རྒྱས་ཀྱིས་སེམས་ཅན་རྣམས་འཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་འདུལ་བའི་སྐབས་སུ། ཆོས་སྐུ་ནམ་མཁའ་བཞིན་དུ་གཡེར་མེད་ཀྱང་། །གཟུགས་སྐུ་མཇའ་མཚོན་བཞིན་དུ་སོ་སོར་གསལ། །སངས་རྒྱས་རང་ཉིད་ཀྱིས་སོ་སོར་མ་བསྟན་པ་འགྲེལ་བ་མཁན་དག་གིས་གོ་བ་ལེན་ཚུལ་མ་འདྲ་བ་བྱུང་བ་རེད་གསུང་ན་གང་རུང་ཞིག་ནོར་བ་རེད་ཞུ་འདོད་བྱུང་། གང་དྲན་དྲན་ཡིན་ན་ནི་ལྷ་བཟོའི་ཐིག་རྩ་དེ་ལ་ཡང་དགེ་མཚན་ཅི་མེད་དུས་ང་ཚོའི་སྐད་ཆ་འདི་ཡང་དོན་མེད་ཞིག་ཏུ་འགྱུར་རོ།།
གཞོན་ནུ་ཟླ་མེད། ད་ཁྱོད་ཀྱི་སྡིག་པ་བསགས་བསགས་དེ་འདྲ་ཞིག་ཧྲང་ཧེའི་མཚོ་འགྲམ་གྱི་ཉ་བ་ཟེར་དགོས་ན་ཉ་མ་ཟེར་དགོས་ན་མི་ཚེ་གཅིག་ལ་ཉ་འབུ་གསོན་བཤའ་བྱེད་མཁན་དེ་ཚོ་འདྲ་ཡིན་ན་མ་གཏོགས། གཞན་ཞིག་གིས་བསྡུར་ཐབས་ཡོད་ས་མ་རེད། ང་ཚོ་ལ་མཚོན་ན་ནི་བྱིས་པ་གོག་ནས་འགྲོ་སྐབས་འབུ་རེ་བསད་ཡོད་མེད་མི་ཤེས་མ་གཏོགས་ཕ་མ་ཚོས་སྡིག་པ་བྱེད་ཉན་ནི་མ་རེད། སྙིང་རྗེ་རེད། ཟེར་ནས་སློབ་གསོ་གཏོང་གི་ཡོད་སྟབས་དྲན་སོས་ཚུན་ལ་འབུ་ཆུང་གཅིག་ཀྱང་བསམ་བཞིན་དུ་གསོད་མ་མྱོང་། ཟོག་ཞིག་ལ་རྡོ་ཡིས་ཤུགས་ཆེན་པོ་ཞིག་རྒྱག་མ་མྱོང་། ཁྱོད་དགེ་བཤེས་སྡིག་རྒན་ཟེར་ནོ་རེད་ཡ། ད་ས་ཏྭ་རེ་འདོན་ནས་སྡིག་བཤགས་ཀྱིས། ལམ་རིམ་ནང་གི་སྡིག་པའི་ཉེས་དམིགས་ལ་ལྟོས། མྱི་ལྡང་ད་འགྱོད་བཤགས་བྱེད་རྒྱུ་ཕྱི་འགྲོ་གི་ཡོད་ནི་འདྲ་ཞིག་རེད་ཀོ
ད་དུས་འཁོར་གྱི་ལག་པ་མང་ཉུང་བརྩད་ནས་འདུག་ནི་ཅན་པོ་མིན་ཁ་རེད།
གཞོན་ནུ་ཟླ་མེད་ལགས་ནས་ངའི་དྲི་བ་དེ་གསལ་པོ་གསལ་རྐྱང་བཟོས་འདུག ཐུགས་རྗེ་ཆེ། འོན་ཀྱང་སྐབས་རེ་གནས་ལུགས་གང་ཡིན་དཔྱོད་རྒྱུ་གཙོ་བོ་མིན་པར་མི་དགོས་པའི་འུད་སྒྲོབ་ཀྱི་ཆ་ཡང་མང་དྲགས་པའི་ཚོད་དུ་བྱུང་འདུག གཅིག་བྱས་ན་དགག་དགོས་ཀྱི་རྒྱུ་མཚན་ཆེན་པོ་ཡོད་སྲིད་ཀྱི་རེད། ཡིན་ནའི་འདི་འདྲའི་རིགས་ཀྱིས་སྐབས་རེ་དོན་གྱི་ལོ་མ་སྒྲིབ་པའི་གོ་སྐབས་ཡང་སེ་ཡོང་གི་ཡོད་སྟབས་ཐུབས་གཟབ་མཛད་རོགས།
སྤྱིར་ལྷ་རྣམས་ཀྱི་སྐུ་ཡི་བཀོད་དབྱིབས་དང་ཁ་དོག ཕྱག་མཚན་སོགས་གདུལ་བྱའི་སྣང་བ་དང་བསྟུན་ནས་འབྱུང་བ་མ་གཏོགས། ཕྱག་བཅུ་གཉིས་སུ་སྣང་བའི་སྐབས་ཡོད་ན་ཀུན་ལ་གཅིག་མཐུན་ཏུ་བཅུ་གཉིས་སུ་སྣང་དགོས་པའི་རྟག་བརྟན་འགྱུར་མེད་ཀྱི་གྲུབ་ཚུལ་གཅིག་རང་ཞིག་ཡིན་དགོས་དོན་མེད་པ་དེ་གཅིག་རེད།
གཉིས་ནས་མདོ་རྒྱུད་ནས་སྐུའི་དབྱིབས་བཀོད་བསྟན་པའི་སྐབས་སུ་གསུང་ཚིག་འགའ་ཞིག་ཕྱོགས་གང་དུ་དྲངས་ཀྱང་མ་རེད་ཟེར་རྒྱུ་མེད་མཁན་གྱི་རིགས་ཤིག་ཀྱང་ཡོང་ཆོག་པ་རེད།
ཚུལ་འདི་ལྟའི་ལམ་ནས་རྒྱ་བོད་དང་། བྱེ་བྲག་བོད་པའི་ཁྲོད་དུ་ཡང་སྐུ་གཅིག་ལ་བཟོ་བཀོད་དང་བྱད་དབྱིབས་སོགས་མི་གཅིག་པའི་གནས་སྟངས་འདི་ཡོང་གི་ཡོད་པ་རེད།
གོང་དུ་བློ་བཟང་ཡེ་ཤེས་ལགས་ནས་དྲངས་གནང་པའི་ལུང་དེ་དག་གིས་ཕྱག་ངར་གྱི་གྱེས་མཚམས་གང་ནས་ཡིན་པ་ཞལ་གསལ་སྟོན་གྱི་མེད་པ་གསལ་པོ་རེད། ད་དུང་གྱེས་མཚམས་གསལ་པོར་སྟོན་པའི་ལུང་ཁུངས་ཡོད་ན་གསལ་པོ་བྱས་ནས་འདྲེན་པ་གནང་རོགས། དེ་མིན་འདི་མི་འགྲིག ཕ་གི་མི་འགྲིག་ཟེར་ནས་ཧང་སངས་སངས་བྱེད་དོན་མེད་པ་ཆགས་ཀྱི་འདུག རྒྱུ་མཚན་ནི་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་ཤེར་ཕྱིན་གྱི་མདོའི་བཤད་པ་བྱེད་སྐབས་ཀྱང་གཅིག་མཐུན་ཞིག་ཡོང་གི་མེད་པ་རེད། ཁ་ཤས་ཀྱིས་ཤེར་ཕྱིན་གྱི་མདོའི་ལྟ་བ་སེམས་ཙམ་པའི་ལུགས་སུ་འདྲེན་གྱི་རེད། ཁ་ཤས་ཀྱི་རང་རྒྱུད་པའི་ལུགས་སུ་འདྲེན་གྱི་རེད། ཁ་ཤས་ཀྱིས་ཐལ་འགྱུར་བའི་ལུགས་སུ་འདྲེན་གྱི་རེད། དེ་ལ་སོགས་པ་སངས་རྒྱས་ཀྱི་བཀའ་གཅིག་ལ་མཐོང་སྣང་མི་མཐུན་པའི་དབང་གིས་དགོངས་པ་སྣ་ཚོགས་སུ་བཀྲལ་ནས་ཡོང་གི་ཡོད་ན། དུས་རྒྱུད་ཀྱི་གསུང་ཚིག་གཅིག་ལ་ཡང་ཚིག་གི་ངོ་གདོང་གི་བསྟན་ཚུལ་ཁ་གསལ་གསལ་ཞིག་མེད་ན་འགྱིག་གི་སྐུད་པ་ནང་བཞིན་གང་དུ་ཡང་འཐེན་མི་ཆོག་པའི་རྒྱུ་མཚན་ཇི་ལྟར་ཤོད་ཐུབ་ཀྱི་རེད།
དེས་ན་ཕྱག་ངར་དཔུང་སྨད་ནས་གྱེས་པར་འདོད་པ་དང་། དཔུང་སྟོད་ནས་གྱེས་པར་འདོད་པ། གྲུ་མོའི་མཚམས་ནས་གྱེས་པར་འདོད་པ། ཕྱག་ངར་ཆེ་ཆུང་སོགས་ནས་གྱེས་པར་བཤད་པ་ལ་འདི་འགྲིག་མི་འགྲིག་གི་ལུང་རིགས་གཙང་མ་ཞིག་དགོས་སྙམ་པའི་ཨུ་ཚུགས་དེ་ནི་ཤེར་ཕྱིན་གྱི་མདོའི་ལྟ་བ་ཐལ་འགྱུར་བས་བཀྲལ་བ་དེ་ཁོ་ཡིན་དགོས་པར་བསམ་པའི་གུ་དོག་གི་ལམ་དུ་ཞུགས་པ་ཡིན་པས། ཚུལ་འདི་རིགས་སྨྲ་བ་ལ་བསམ་དགོས་པའི་གནད་མང་དུ་འདུག་སྙམ་པ་དྲན་ཏོ།།
གལ་ཏེ་གྱེས་མཚམས་གང་ཡིན་གསལ་པོར་སྟོན་པའི་མདོ་རྒྱུད་ཀྱི་ཁུངས་ལུང་ཡོད་ན་འདྲེན་པར་མཛད་དུ་གསོལ་ལོ་ཞེས་ཞུའོ།།
བོད་ཞེན་ལགས་ལ་ཞུ་རྒྱུར། ངས་དབང་མང་པོ་ཞུས་ཟིན་ཀྱང་། དབང་གཅིག་ཀྱང་ཐོབ་མྱོང་མེད་ལགས། དབང་རྫས་ལ་སྤྱོད་མྱོང་ཡོད་ཀྱང་དབང་དོན་ལ་སྤྱོད་མྱོང་མེད་ལགས།
མཁྱེན་ཡངས་བློ་བཟང་ཡེ་ཤེས་ལགས་ལ་ཞུ་རྒྱུ། སྐུ་ཉིད་ཀྱིས་དྲང་པའི་ཐང་ག་རྣམས་ལས་ང་ལ་གོ་ཚུལ་གཞན་ཞིག་རྙེད་པ་ནི། དེ་ལྟར་བཞེངས་པའི་ལུགས་སྲོལ་ཡང་འདུག་པའི་སྐུ་ཉིད་ཀྱི་གསུངས་པ་དེ་ཡང་ཡང་དག་པ་རེད་བསམ་པ་ཞིག་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ལྷོ་ཕྲུག་སྣ་བོའི་བསླབ་བྱ་ཕན་ངེས་ཞིག་ཡིན་པ་བདག་གིས་གོ་ཞིང་ཡིད་ལ་འཛིན་ངེས། འཚམ་འཚམ་ལ་འུར་ཡང་ཅུང་ཟད་དགོས་པ་རེད་། ཧཧཧ
དེ་ནས་གཏུམ་ཆེན་རྡོ་རྗེས་གདམས་པ་ལྟར་བཛྲ་ས་ཏྭ་བཏོན་ནས། ལྷོ་ཕྲུག་སྣ་བོ་དང་བློ་བཟང་ཡེ་ཤེས་གཉིས་ལ་ཉན་ནས་འདུག་རྒྱུ།
དབང་འདུས་ལགས་བདེན་པ་རེད།
དེང་སང་དབང་བུམ་བཞག་སྟེ་མགོ་བོ་ལེབ་ལེབ་ཆགས་པ་ཤིན་ཏུ་ནས་མང། འོན་ཀྱང་དབང་མཚན་ཉིད་ཐོབ་པ་ཉིན་སྐར་ཙམ་རེད། དབང་མཚན་ཉིད་པ་ཞིག་ཐོབ་འི་ས་མཚམས་ནི་ས་དང་པོ་བདེན་པ་མངོན་སུམ་སུ་རྟོགས་པའི་ཡན་ལས་མེད་སྙམ། དབང་སྐུར་མཁན་ལའང་དབང་མཚན་ཉིད་པ་ཞིག་ཡོད་མེད་ཐེ་ཚོམ་རེད། དེང་སང་བུམ་པ་དང་དབང་ཙཀ་ལི་དང་མདའ་དར་ནི་ཁྲོམ་དཀྱིལ་ནས་ཉོ་ཆོག་ཆོག་རེད།
རྣམ་རྒྱལ་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོའི་སྐུ་བཞེངས་པ་ཚད་ལྡན་ཡིན་མིན་ལ་གཞིར་བཟུང་སྟེ། སོ་སོའི་རྟོག་པའི་དྲ་བ་ལས་འཕྲོས་པའི་མཆུན་བུ་རེ་གསུམ་ཙམ་མཐོང་། གལ་ཏེ་སོ་སོའི་འདོད་པའམ་གྲུབ་མཐའ་བཞིན་གྲུབ་མེད་ནའང་། དཔལ་དུས་ཀྱི་འཁོར་ཀྱི་འཁོར་ལོའི་སྐུ་དང་གསུང་དང་གསུང་རྣམས་གསང་བ་བས་ཀྱང་ཆེས་གསང་བ་ཡིན་པས། བདག་ལྟ་བུ་སོ་སོའི་སྐྱེ་བོས་མ་བརྟགས་ཉམས་དགའ་བའི་སྒོ་ནས་མིག་བཙུམས་ཏེ། དད་མོས་རེ་སྐྱེ་ཨེ་ཐུབ་ལྟ་བ་མ་གཏོགས། འདི་འགྲིག་འདུག འདི་འགྲིག་མི་འདུག་ཟེར་བ་ནི། གཞན་སེམས་ཕམ་པའི་རྒྱུར་འགྱུར་བ་མ་གཏོགས། དངོས་གནས་སྐུ་འདྲ་རྣམ་དག་ཅིག་འབྱུང་བ་ནི། ཤིན་ཏུ་དཀའོ། །དེས་ན་རྡོ་རྗེ་གཅོད་པ་ལས།
གང་དག་ང་ལ་གཟུགས་སུ་མཐོང་།
གང་དག་ང་ལ་སྒྲར་ཤེས་པ།
ལོག་པའི་ལམ་དུ་ཞུགས་པ་སྟེ།
སྐྱེ་བོ་དེ་དག་ང་མི་མཐོང་།
ཞེས་པ་གསུངས་པ་ལྟར་། གལ་ཏེ་དཔལ་དུས་ཀྱི་འཁོར་ལོ་ལ་དད་མོས་ཡོད་ན། སོ་སོའི་བླ་མའི་ཞབས་ལ་གཏུགས་ཏེ། གཞུང་རྣམ་དག་ན་གསུངས་པ་བཞིན་དུ། རང་གི་ཡིད་ལ་ཉེས་སྐྱོན་མེད་པའི་དཔལ་དུས་ཀྱི་འཁོར་ལོ་ཞིག་བཞེངས་ཐུབ་ན། དེ་ལས་ལྷག་པ་ཞིག་དང་གོང་དུ་གྱུར་པ་ཞིག་ཅི་ཡོད་ཅེས་སེམས་སོ།།
བསྲེག་དཔྱད་བདར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
བསྲེག་དཔྱད་བདར་བའི་གསེར་བཞིན་དུ།
ལེགས་པར་བརྟག་ལ་ང་ཡི་བཀའ།
ཞེས་པ་དེ་གནས་ལུགས་ལེགས་པར་རྟོགས་ཐུབ་པའི་དབང་རྣོན་ལ་གསུངས་ཀྱི། བདག་ལྟ་བུ་དབང་བརྟུལ་ལ་དེ་འདྲ་མི་རིགས་ཏེ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འགྱུར་ཆོས་ཀྱི་ཚིགས་སུ་བཅད་པ་ན།
རང་ཉིད་ཁོ་ནོའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།། ༧ །། ལེའུ་གསུམ་པ།
རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་མ་ཤེས་ནས་རྐང་ལག་ལྷག་ཆད་སོང་བ་དང་། རྒྱུད་སྨད་གྲྭ་ཚང་གི་སྤྲུལ་རྫུན་ཀ་ར་མ་ཚོ་ལ་བལྟས་ན། རྒྱལ་བསྟན་རིན་པོ་ཆེ་འཇིག་རྟེན་མི་ཆོས་ཁོ་ན་སྒྲུབ་པའི་ལག་ཆ་རུ་སྤྱོད་པ། ཚོང་ལས་དཔལ་འབྱོར་ཁོ་ན་ལ་བེད་སྤྱོད་བཏང་པ་འདི་དག་ཡག་པོ་མ་རེད་བསམ། དེ་རིང་ངས་དུས་འཁོར་དབང་ཆེན་རིན་པ་ལ་སྒྲོ་ལོ་ལྔ་བརྒྱ་ཤོར་སོང་། ། ཧ ཧ
བོན་ལེགས།
ཁྱེ་ད་ལ་སྒྲོ་ལོ་ལྔ་བརྒྱ་སྟེར་མཁན་གྱི་རྨབྱ་མཛེས་སྡུག་ཅིག་ཡོད་པ་འདྲ། ཧ་ཧ་ཧི་ཧི་ཧུ་ཧུ།
ལྷག་པ་དང་ནི་ཆད་པ་དང་།
ཆོ་གའི་ཡག་ལག་ཉམས་པ་དང་།
བདག་གི་བྱས་ཉེས་ཅི་བགྱིས་པ།
དེ་ཡང་བཟོད་པར་མཛད་དུ་གསོལ།
རྒྱུད་སྡེའི་གཞུང་དང་མི་མཐུན་ཡིད་དམ་སྐུ།
རིན་ཆེན་གསེར་གྱི་ཕུང་པོས་བཞེངས་བྱས་ཀྱང་།
བསྟན་ལ་སྲེད་ལྷད་འཇུག་པའི་རྒྱུ་ཚོགས་ལས།
དྲི་བྲལ་ཤྭཀྱའི་ལུགས་བཟང་སྐྱོང་བ་མིན།
ལ་དྭགས་པ་ལགས་ད་ཡིན་ན་རྨོངས་དད་རང་བྱེད་ནས་སྡོད་དགོས་སམ།
༧གོང་ས༧་མཆོག་ནས་ནམ་ཡིན་ནའང་དཔེ་ཆ་ལ་བརྟག་དཔྱད་བྱེད་དགོས་པ་ལས་ཧབ་ཧོབ་རྒྱུགས་བྱེད་མི་རུང།
ལྷག་པར་དུ་ལུང་རིགས་ཀྱིས་བདར་ཤ་གཅོད་དགོས་པ་ལས་རྨོངས་དད་བྱེད་ན་དེ་བས་ཀྱང་སྐྱོན་ཆེན་པོ་ཡིན་གསུངས།
མཁས་པ་རྣམས་ལ་བརྟག་དཔྱད་ཇི་ལྟར་བྱེད་དགོས། ཁོང་ཚོས་དེ་སྐོར་ལ་མཁས་པ་རེད།
བརྟག་དཔྱད་བྱེད་དགོས་ས་ནི་རྨོངས་པ་རྣམས་ལ་དགོས། ལམ་མེར་ཤེས་མི་ནུས་པས་སོ།
དྲ་རྒྱའི་མཆན་གྱི་བརྡ་སྤྲོད་ལ་ཞིབ་འཇུག་གནང་བ་པོ་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
༼མཆུན་པོ་རེ་གསུམ་ཙམ་མཐོང།༽་ཞེས་པ་དེ་མཆན་ལ་གསུང་གི་ཡོད་དམ།
ཡང་ན་ལེགས་སྦྱར་གྱི་སྐད་དུ་མཆན་ལ་མཆུན་ཟེར་གྱི་ཡོད་དམ།
༼དཔལ་དུས་ཀྱི་འཁོར་ཀྱི་འཁོར་ལོའི་སྐུ་དང་གསུང་དང་གསུང༽
འབྲི་ཚུལ་དེ་ལ་ཡང་དགོངས་པ་དགོངས་གཞི་གཞན་ཡོད་དམ། ཡང་ན་འབྲི་ནོར་ཤོར་བ་ཡིན།
འབྲི་ནོར་ཤོར་བ་ཡིན་ན་ཐུགས་ཁག་མེད། དེ་དག་ལ་དགོངས་པ་དགོངས་གཞི་དམིགས་བསལ་བ་ཞིག་ཡོད་ན་གསུང་གནང་ན་དགེ་ཕན་ཆེ།
འཇུ་ལེ།
སྡེ་བསྟན་༼ཀེ་པའི་ལྡེབ༡༢༦༽སྐྱེས་རབས་ཀྱི་སྤྲིངས་ཡིག་གི་ཁོངས་སུ་བཞུགས་པའི་རིན་འཕྲེང་གི་རྩ་བར། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་འབྱུང་ཞིང་། དེ་ནི་གལ་ཏེ། སེམས་ཅན་རྣམས་སངས་རྒྱས་མ་ཐོབ་ན་བདག་སངས་རྒྱས་ཐོབ་པའི་སྐལ་པ་ཅན་དུ་གྱུར་ཀྱང་ཕྱིར་བསྣུལ་ཏེ། སེམས་ཅན་རྣམས་གྱི་ཕྱིར་བྱང་སེམས་ཀྱི་རྟེན་ཏུ་གནས་པ་འཇམ་དཔལ་དབྱངས་ལྟ་བུར་གྱུར་ཅིག ཅེས་པ་སྟེ། འདི་ལ་དཔེ་མེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་བྱ་ཞིང་། དེ་ནི་སེམས་བསྐྱེད་ཚད་མཐོ་ཤོས་ཡིན་སྟབས་ དེ་ལྟར་ངག་ཏུ་བརྗོད་དེ་སྨོན་ལམ་བཏབ་པའི་ཕན་ཡོན་ཡང་རིན་ཆེན་ཕྲེང་པའི་སྔར་གྱི་ཚིགས་བཅད་དེ་གའི་མཇུག་ཏུ།དེ་ལྟར་བརྗོད་པའི་བསོད་ནམས་གང་། །གལ་ཏེ་དེ་ནི་གཟུགས་གྱུར་ན།་།གང་གཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །ཞེས་དམིགས་བསལ་ད་མགོན་པོ་ཀླ་ཉིད་ཀྱིས་གསུངས་སོ། ། དེས་ན་དེའི་ཐད་གཡུ་དྲུག་དཀར་ལགས་ལ་ཐལ་མོ་སྦྱོར་རེ་ཆེར་མི་འདུག་པས་དེའི་ངོས་ལེན་དགོས་སར་ངོས་ལེན་དགོས་ངེས་རེད། ད་དུང་དོགས་པ་ཡོད་ན་དཔེ་མཛོད་དུ་ཕེབས་ནས་དཔེ་བསྡུར་བསྟན་འགྱུར་ལ་གཟིགས་དགོས། ངས་འདི་ལྟར་བྲིས་པ་ནི་དོན་ངོ་མ་གོ་བརྡ་སྤྲོད་པའི་ཆེད་ཙམ་ཡིན་ལགས། འོན་ཀྱང་གམ་གཅར་པས་བླ་བཟང་ཡེ་ཤེས་ལ་སྒེར་གྱི་ཟུག་གཟེར་གཅོག་ཆེད་རེད་ཟེར་བ་ནི་ཤེས་ཡོན་པའི་རང་དབང་གི་གླེང་སློང་ལ་འཇིགས་སྐུལ་དུ་འགྱུར་སྲིད་ཅིང་། ཁོང་གི་ངོས་ནས་ཀྱང་ཐུགས་ཀྱི་ཟུག་གཟེར་སྟངས་འཛིན་མ་ཐུབ་པའི་རྟགས་རེད་པས། གང་ལྟར་དེར་ཡང་ངོས་ལེན་ཡོད་པ་དགོས། གཡུ་དྲུག་དཀར་གྱི་ས་ནས་རྒྱལ་ཁ་ཆུང་ཆུང་ཞིག་རག་པ་དེས་རྫིག་ར་བསྐྱེད་ནས་ཐུགས་མ་བདེ་བ་སེལ་བར་ཁ་སབ་བྱས་ཡོད་ཀྱང་དེས་ཀྱང་དོན་ལ་ཕན་མི་ཐོགས་པ་ཡིན། སྐད་ཆ་མང་སོང་། དགོངས་དག
དྲ་གྲོགས་མིག་བརྒྱད་ལགས་སྐུ་ཁམས་བཟང་ཁྱེད་ཀྱིས་ངའི་ཡིག་ནོར་དང་དོན་ནོར་རྣམས་ལ་ནོར་བཅོས་གནང་བ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡ་ཡིན་ང་དྲ་ལམ་འདིར་ཞུག་དགོས་པའི་དམིགས་ཡུལ་ངོ་མ་དང་ཤིན་ཏུ་མཐུན་བྱུང་བས་སླད་ཕྱིར་ཡང་དེ་འདྲའི་རིགས་གང་མང་ཡོང་བའི་རེ་བ་ཡོད། ཞུ་ཡ་ཞིག་ལ་ངའི་མི་ཚེའི་ནང་སྡུས་གྲྭ་དང་ཚད་མའི་སྐོར་ལ་རིབ་ཙམ་བལྟ་སྨྱོང་ཡང་གྲུབ་འབྲས་ཆེར་མ་ཐོན། འོན་ཀྱང་ངས་དེ་སྔོན་ཞུ་ཡ་དེ་མུ་གསུམ་མུ་བཞིའི་གོ་དོན་ཞུ་ཡི་མེད་མུ་རྩི་བྱ་དེ་ལ་བསམ་བློ་སྒེར་བ་ཞིག་ཡིན་ན་ནི། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུང་པ་ལྟར་བསམ་དགོས་པ་དང་། ཡང་རང་གིས་ཚད་མ་འཛིན་སའི་ཚིགས་དུམ་ཞིག་ཡོད་ཀྱང་དགེ་ཆོས་ཀྱིས་ཐ་མའི་ཐག་གཅོད་དེ་རང་གི་རྣམ་རྟོགས་ཁོ་ནས་བྱས་གསུང་པ་བཞིན་ཁྱབས་མ་ཁྱབས་དཔྱད་རོགས་ཞུ་ཡ་ཙམ་ལས་ངས་ཁས་མི་ལེན་ཞེས་ག་ནི་ག་ནི།།
རྫ་ཚེ་རིང་བཀྲ་ཤིས་ནས་རིན་ཆེན་ཕྲེང་པའི་ཚིག་ལ་ཞུ་དག་གནང་པ་དོན་ལ་གནས་འདུག ལྷ་སའི་ཞོལ་དཔར་ཁང་གི་ཚིག་ཀྱང་དེ་བཞིན་རེད། དེ་རྫི་བོ་ལྟ་བུའི་སེམས་བསྐྱེད་བསྟན་པའི་གཞུང་ཡིན་པ་རེད། འོན་ཀྱང་གཡུ་དྲུག་དཀར་ཟེར་བ་དེས་དཔེ་ཆ་ཞིབ་གཟིགས་མ་གནང་པ་བྱས། ཚོད་ཚོད་ལ་བཤད་པ་ནི་མིན་ལས་ཆེ། གལ་ཏེ་རྒྱལ་བོ་ལྟ་བུའི་སེམས་བསྐྱེད་བསྟན་པའི་དབང་དུ་བྱས་ན་གཡུ་དྲུག་དཀར་གྱི་བཤད་པ་ལ་རྒྱུ་མཚན་ཡོད་མེད་དཔྱད་རྒྱུ་ཞིག་འདུག་སྙམ།
རྫ་ཚེ་རིང་བཀྲ་ཤིས་ལ་ཡང་བསྐྱར་དྲི་བ་གཅིག་ཡོད། ༧གོང་ས་མཆོག་གིས་ནམ་རྒྱུན་གསུང་ཆོས་སྐབས་སུ་དྲང་བཞིན་པའི་གཞུང་གཅིག་སྟེ། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ཀྱང་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། གསུང་པ་དེ་གོང་གི་ཚིག་དང་གནད་གཅིག་པ་རྗི་བོ་ལྟ་བུའི་སེམས་བསྐྱེད་བསྟན་པའི་གཞུང་ཡིན་ནམ། ཡང་ན་མཉེན་པ་ལྟ་བུའི་སེམས་བསྐྱེད་བསྟན་པའི་གཞུང་ཡིན།།
བློ་བཟང་ཡེ་ཤེས་ལགས། གུས་པས་ཁྱེད་རང་སུ་ཡིན་མ་ཤེས་ཀྱང་། ཁྱེད་ཀྱིས་རང་མི་རིགས་ཀྱི་རིགས་གཞུང་ལ་ལུང་དང་རྒྱུ་མཚན་གྱིས་སྒོ་ནས་ཐུགས་སྣང་གནང་འདུག་པས་ཐུགས་རྗེ་ཆེ། རྗེས་སུ་ཡང་དེ་འདྲའི་རིགས་ལ་དཔྱད་ཞིབ་གང་མང་ཡོང་པའི་རེ་བ་དང་ཡི་རངས་ཡོད།།
གནས་ཚུལ་འདི་ཚོ་ལ་བལྟས་ན། རྡ་རམ་སཱ་ལའི་ལུང་ཁུག་འདི། ལྷ་དཔུང་མེད་དང་། མི་དཔུང་མེད་ཡིབས་སྡོད་བྱེད་སའི་ཡུལ་ཞིག་སོང་། རྒྱུ་མཚན་འདི་ཚོ་ལ་བརྟེན་ནས། བཙན་བྱོལ་བོད་གཞུང་བསྡུ་གསོག་བརྒྱབ་དགོས་བྱུང་བ་འདྲ།།
ཀླུ་སྨྱོན་འདི་ནམ་ཡང་སྨྱོན་པ་ཡིན་ལ། འདིའི་སྐད་ཆ་ཡང་རྟག་ཏུ་སྨྱོན་པ་ཡིན་པས། འདིའི་སྐད་ཆ་དྲ་ཐོག་ཏུ་ཐོན་མ་ཐག་ངར་གཉིད་འབབ་ཀི། འདིས་གཞུང་ལུགས་མི་ཤེས་ཀྱང་བཤད་རྒྱུར་དགའ་བ། མིང་དང་སྒོར་མོ་ཁོ་ནར་འབུངས་ཆེས་པས་ང་ཐང་ཆད་སོང་ལ། མི་འདི་ལྟ་བུ་ཁ་བཙུམས་ན་བཟང་། རྗེས་སུ་མི་ཡོན་ཏན་ཅན་རེས་རྩོམ་རེ་སྤེལ་རོགས་བྱས་ན་བསམས་ཀྱང་། དེ་དག་ཅི་ཞིག་ལ་འཛེམས་ཏེ་ཁ་མ་གྲགས་པར་ལོ་ངོ་དུ་མ་འདས་སོང། མི་དེ་དག་གིས་སྐད་ཆ་ཚིག་གཅིག་ཡིན་ནའང་། ཉན་འདོད་དང་བལྟ་འདོད་ཤིན་ཏུ་ཆེ།
བློ་མཐུན་ཚོ། དགོངས་དག། ཀླུ་སྨྱོན་གཅིག་པོ་མ་རེད། ཨ་རིག་དགེ་མཐོང་ཟེར་བའི་གྲྭ་རྒྱགས་དེ་དང། དེ་མིན་གྲྭ་གཟུགས་དུ་མས་ཁྱིམ་པ་སུན་འབྱིན་གྱི་སྐད་ཆ་མང་པོ་བཤད་པར་ལྟོས་དང་།་ དེ་དག་གིས་བོད་འདི་སྐྱོབ་ཐུབ་བམ།མི་འདི་ཚོ་ད་དུང་ཡང་རྫུན་རྐྱང་པ་བཤད་ནས་བསྡད་ཡོད། བོད་མི་དང་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཁ་ཞེ་གཉིས་མེད་ཅན་ཞིག་ཡིན་ན། དྲང་གཏམ་བཤད་དགོས། དུས་འཁོར་གྱི་སྐུ་འདྲ་དང་ཐང་གའི་སྐོར་ལ་གླེང་བ་འདི་ཡང་བོད་ཀྱི་ཤེས་རིག་ལ་ཞེན་པ་ཞིག་ཡིན་པར་ངས་མ་མཐོང་། དེ་ནི་རྣམ་གྲྭ་ལ་ཞེ་མི་བཟོད་པ་ཞིག་ཡིན་པ་ནི་ཐག་ཆོད་རེད། བཤད་སྟངས་ལ་བལྟས་ན། ཁོའི་མི་ཚེ་གྲ་མ་འགྲིག་པའམ་བརྗོད་སྟངས་བསྒྱུར་ན། ཁ་ཙམ་ཡང་གསོ་དཀའ་བའི་གནས་སུ་གྱུར་པ་ཞིག་གིས་བྲིས་པ་གསལ་པོ་རེད། མི་འདི་ཚོའི་སྐད་ཆར་དོ་སྣང་གིས་རྣམ་གྲྭའི་བསྟན་འཛིན་དགའ་བ་ཞེས་པས་ལན་བརྒྱབས་པ་ནི་ཁོང་ནོར་བ་རེད། ངའི་གྲོགས་པོ་ཞིག་གིས་ཁོ་ཚོར་ལན་གང་ཡང་མ་བརྒྱབས་ན་རྙོག་དྲ་ཚང་མ་འཇགས་འགྲོ་གི་རེད་ཅེས་གསུངས་པ་བདེན་པར་མཐོང།
གྲོགས་པོ་ཚོ་་་་རྣམ་རྒྱལ་་་་་གྲྭ་ཚང་གི་མིང་འདི་ག་འདྲ་བྱས་ནས་ཐོག་པ་ཡིན་ནམ། ངས་གོ་བ་ལྟར་བྱས་ན་་་བོན་པོའི་་་་རྣམ་རྒྱལ་སྟོང་མཆོད་དམ་་་ཡང་ན་་་་རྣམ་རྒྱལ་གཡང་སྒྲུབ་་་་ཅེས་པའི་་་གཡང་སྒྲུབ་ཀྱི་ཆོ་ག་རྒྱ་ཆེ་བ་ཞིག་ཡོད་པས་་་་་་དེ་སྔོན་མ་ལྷ་སར་བོད་གཞུང་གིས་ལོ་ལྟར་་་འཚོགས་སྲོལ་ཡོད་པའི་རྒྱུད་ནས་གྲྭ་ཚང་དེ་ལ་་་རྣམ་རྒྱལ་གྲྭ་ཚང་་་ཞེས་སུ་ཐོག་པ་རེད་ཟེར་བ་གཅིག་གོ་མྱོང། ཁྱེད་ཚོ་ལ་དགོངས་འཆར་ག་འདྲ་ཡོད་དམ།
བོན་པོ་ལགས། འདི་དང་པོ་འབྲིང་ངུར་རྣམ་རྒྱལ་གླིང་ཞེས་སམ་འབྲི་གུང་རྣམ་རྒྱལ་གླིང་ཞེས་ཡོད་པ་ཕྱིས་རྒྱལ་དབང་ལྔ་བས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བསྒྱུར་བ་རེད། །
པདྨ་གེ་སར་ལགས། ངོས་རང་ནས་རྒན་རབས་ཀྱི་བཤད་རྒྱུན་ནས་ཐོས་པ་ཤིག་ཡིན། ཁྱེད་རང་གིས་གསུངས་པ་དེར་དཔེ་ཁུངས་འདྲ་སྟོན་རྒྱུ་ཡོད་དམ།
བོན་པོ་ལགས། ཁུངས་ཡོད་གདའ་ཡོད། དེ་བོན་ནང་བཞིན་དང་། དེ་ངས་རང་བཟོ་བྱས་པ་ཞིག་གཏན་ནས་མ་རེད། འབྲི་གུང་རྒན་རབས་མང་པོས་བཤད་ཀྱིན་འདུག མ་ཚད་བོད་ནང་དུ་དགོན་ཤུལ་དང་ཨ་རི་ན་ཡང་སླར་གསོའི་འབྲི་གུང་རྣམ་རྒྱལ་གླིང་གི་ཆོས་ཚོགས་འདུག ། ད་ལོ་དགའ་ལྡན་རྣམ་རྒྱལ་ཕོ་བྲང་སྒོ་རྒྱབ་པས་ཐུགས་སྤྲོ་འདྲ་སེ་གཏོང་གི་འདུག
པདྨ་གེ་སར་ལགས། ཁྱེད་ལ་ཡིད་ཆེས་པའི་ཁུངས་ལུང་ཅང་ཡོད་ས་མ་རེད། ད་ཤོན་རྒྱུན་རང་ལ་ཁུངས་གཏུག་རྒྱུ་ཡིན་པ་འདྲ། བོན་ལ་ཁུངས་ལུང་ཡོད་མེད་ད་ཅང་གཟིགས་ལོང་ཨ་ཡོད་ན། བྲག་ཕུག་ཚང་མ་ཞིབ་བཤེར་དང་ཐོ་འགོད་གནང་དགོས་དུས། ཕྱག་ལས་རྒྱ་ཆེན་པོ་ཞེ་དྲག་རེད་བ། །
རི་བྲག་གནས་ཀྱི་བདེན་པོ་ཡོད་བཞིན་བརྫུན་ཀྱི་ཀི་ཅོ་འདོན་མཁན་བོན་པོ་ཚོ་མིན་ན་སུ་རེད།
བདེན་པ་མངོན་གསལ་རེད། ཡིད་མ་ཤེས་ན་འདིར་ལྟོས། །
http://www.drikungkagyutucson.org/
པདྨ་གེ་སར་ལགས། དབྱིན་ཡིག་ཅན་གྱི་་་དྲྭ་རྒྱ་་་འདིར་་་་རྒྱལ་བ་ལྔ་པས་འབྲི་གུང་རྣམ་རྒྱལ་གླིང་དགེ་ལུགས་པར་བསྒྱུར་བ་ལས་་་རྣམ་རྒྱལ་གྲྭ་ཚང་་་་་་བྱུང་རབས་ཚིག་ཟུར་ཙམ་ཡང་སྨྲས་མི་འདུག།་་་་་ཡང་ཁྱེད་ཀྱིས་་་དབྱིན་ཡིག་་་དང་་་རྒྱ་གར་ཡི་གེ་་་་་མི་ཤེས་མཁན་བོད་མི་དེ་ཚོ་་་་་ཁྱེད་འགྲོ་སའི་་་་བརྗོད་མི་ཤེས་པའི་ལམ་ཁ་དེ་ནས་་་་བྲག་ཕུག་ཞིག་མ་ཐུག་གི་བར་དུ་་་་ཨུ་ཚུགས་བརྒྱབ་ནས་ཁྲིད་རྒྱུ་ཡིན་ས་རེད་ད།