ཀླུ་སྨྱོན།
1. རྐང་པ་གཉིས་མ་བསྣོལ་ན་རླིག་པ་མཐོང་འགྲོ་གི་རེད།
2. ལག་གཉིས་མཉམ་བཞག་མ་བྱས་ན་རྐུབ་ལ་འཕྲུག་ཤོར་འགྲོ་ནི་རེད།
3. རྒྱལ་ཚིགས་མདའ་ལྟར་མ་བསྲིངས་ན་རྟུག་དྲི་ཤོར་འགྲོ་གི་རེད།
4. དཔུང་པ་མ་བརྒྱངས་ན་མཆན་བར་དུ་རྔུལ་ནག་བབས་ནས་གཉིད་འབབ་ཀི་རེད།
5. མགྲིན་པ་མ་གུག་ན་ཐད་ཀར་མཛེས་མ་དག་གི་བྲང་ལ་ལྟ་ཤོར་གི་རེད།
6. ལྕེ་ཡ་རྐན་ལ་མ་སྦྱར་ན་ང་ཁྱེད་ལ་དགའ་གི་ཞེས་ལབ་ཤོར་འགྲོ་གི་རེད།
7. མིག་སྣ་རྩེར་མ་ཕབ་ན་མིག་གིས་མཛེས་མའི་འདོམ་བར་ལ་ལྟ་ཤོར་འགྲོ་གི་རེད།
འདི་ནི་དེ་སྐབས་མཁས་པ་ང་ཡིན་ཟེར་མཁན་སུས་ཀྱང་མ་བཤད་པའི་དེང་དུས་ཀྱི་སྒོམ་གྱི་སློབ་དཔོན་ཆེན་པོ་ཀླུ་སྨྱོན་ཞེས་བྱ་བའི་ཞལ་ནས་ཐོན་པའི་རྨད་དུ་བྱུང་བའི་ལེེགས་བཤད་ཡིན་ནོ།།
ཞི་གནས་གོམ་པ་དང་པོ།
1. རྐང་གཉིས་བསྣོལ་ནས་ 2.ལག་གཉིས་མཉམ་བཞག་བྱོས། །
3. རྒྱལ་ཚིགས་མདའ་ལྟར་བསྲིངས་ནས་4. དཔུང་པ་བརྒྱངས། །
5. མགྲིན་པ་གུག་ནས་6. ལྕེ་རྩེ་རྐན་ལ་སྦྱར། །
7. མིག་སྣའི་རྩེར་ཕབ་དབུགས་གྲངས་ཉེར་གཅིག་དྲོངས། །
མཁས་པའི་གསུང་ཉམས་འདུག དེང་དུས་ཀྱི་སློབ་དཔོན་ཆེན་པོ་ཀླུས་བདེ་གསང་ཀྱེ་འཇིགས་སྐོར་གྱི་གསང་བ་བརྗེན་གཅེར་བཤད་པ་དེ་ཚོ་ལ་ཡི་རང་ཡོད།
ཨ་ལགས་ཀླུ་སྨྱོན། ངོ་མ་སྨྱོན་པ་ཆགས་ཚར་འདུག
ཆགས་བཤད་རྐྱང་རྐྱང་མ་གཏོགས་བཤད་མི་ཤེས་ནོ་ཅི་རེད། ཨོ་རེད། ཚེ་རིང་སྐྱིད་འདྲེ་མོ་དེ་ལན་ནི་ལོས་ཡིན། མོ་གཞན་དང་འགྲོགས་ཏེ་གཞན་གྱིས་ཅི་དགར་ལོངས་སྤྱོད་པ་མཐོང་ཚེ་ཁྱེད་ཀྱི་སེམས་ལ་ན་ཟུག་དེ་ལས་ཆེ། ཨེ་རེད། ཚེ་རིང་སྐྱིད་མ་རེག་ཀྱང་སྟུ་ཞིག་ཡོད་ན་འགྲིག་ནི་རེད། མྱུར་དུ་གཟན་ཤམ་དམར་ལྟེབ་ཚིགས་རྒྱོབ།
སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པར་རྣམ་སྣང་གི་ཆོས་བདུན་ལྡན་ཏེ། འདུག་སྟངས་དེ་ལྟར་བྱེད་ན་སེམས་མི་གཡེང་བ་དང་བྱིང་རྨུགས་གཉིད་འཐིབས་པ་སོགས་མི་འབྱུང་བའི་ཁྱད་ཡོད།
ཨ་ལགས་ཀླུ་སྨྱོན། ངོ་མ་སྨྱོན་པ་ཆགས་ཚར་འདུག
ཆགས་བཤད་རྐྱང་རྐྱང་མ་གཏོགས་བཤད་མི་ཤེས་ནོ་ཅི་རེད། ཨོ་རེད། ཚེ་རིང་སྐྱིད་འདྲེ་མོ་དེ་ལན་ནི་ལོས་ཡིན། མོ་གཞན་དང་འགྲོགས་ཏེ་གཞན་གྱིས་ཅི་དགར་ལོངས་སྤྱོད་པ་མཐོང་ཚེ་ཁྱེད་ཀྱི་སེམས་ལ་ན་ཟུག་དེ་ལས་ཆེ། ཨེ་རེད། ཚེ་རིང་སྐྱིད་མ་རེག་ཀྱང་སྟུ་ཞིག་ཡོད་ན་འགྲིག་ནི་རེད། མྱུར་དུ་གཟན་ཤམ་དམར་ལྟེབ་ཚིགས་རྒྱོབ།
ཀླུ་སྨྱོན་འདི་དངོས་གནས་སྨྱོན་པ་ཆགས་འདུག ཁ་ནས་གང་བྱུང་དང་ལག་ནས་གང་བྱུང་འབྲི་བཞིན་འདུག
ཞབས་འདྲེན་རེད། སྔོན་མར་རང་ཉིད་རྩོམ་པ་པོ་ཡིན་ཁུལ་གྱི་ཅི་ཞིག་འབྲི་ཁུལ་བྱས་པ་དེ་ཐལ་བར་བསྒྱུར་གྱིན་འདུག
གལ་ཏེ་ཡར་རྒྱས་ཅི་ཡང་མེད་པའི་རྩོམ་པ་པོ་མིང་ཅན་ཞིག་གི་མཚན་གཞི་འཇོག་དགོས་ན་ཀླུ་སྨྱོན་ཟེར་བ་འདི་འཇོག་ཤ་སྟག་ཡིན
ཀླུ་སྨྱོན་ལགས། རང་དབང་གི་རྩོམ་པ་པོ་ཞེས་པའི་དོན་གོ་བར་ལོག་པ་ལེན་པ་མ་རེད་དམ།
རྩོམ་ཡིག་འབྲི་བར་བརྩོན་པ་པོ་ཀླུ་སྨྱོན་གྱིས། སྐད་ཡིག་འཆོལ་བ་བྲིས་པ་འདི་ལྟར། རྒྱལ་ཚིགས་མདའ་ལྟར་མ་བསྲིངས་ན་རྟུག་དྲི་ཤོར་འགྲོ་གི་རེད། འདི་འདྲའི་རིགས་ཀྱིས་བོད་སྤྱིའི་སྐད་ལ་གནོད་པས། བོད་ཀྱི་རིག་གཞུང་ལ་གནོད། བོད་ཀྱི་བསྟན་པ་ཆེས་ཆེར་ཉམས་པའི་རྟགས་སུ་གོའོ།།
རྫོགས་སངས་རྒྱས་ཀྱི་དགོངས་པ་མ་ཡིན་ཞིང་།།
བྱང་སེམས་ཐེག་པའི་ལམ་དང་མི་མཐུན་པ།།
ཉན་ཐོས་སྡེ་བ་སུས་ཀྱང་མི་འདོད་པའི།།
ཀླུ་སྒྲུབ་གཉིས་པའི་གཞུང་ལུགས་ངོ་མཚར་ཆེ།།
མི་ཆོག་བཙན་པོས་གཉའ་བར་མ་བཞོན་ཞིང་།།
མི་རུང་རང་སེམས་རིགས་པས་མ་དཔྱད་ན།།
གུ་ཡངས་དུས་ཀྱི་ཁུག་པ་རེ་རེ་ན།།
ལོག་ཆོས་དུག་གི་ཆར་ཞོད་ཕྱོགས་སུ་འབེལ།།
སྡོམ་པ་ཉམས་པའི་ཇུས་ཀྱི་ཤིང་རྟ་དང་།།
སྡུག་ཡུས་ལྷ་ལ་འཁུ་བའི་གཏན་ཚིགས་ལ།།
བློ་ལྡན་གང་ཞིག་རྨོངས་པར་མི་འགྱུར་བའི།།
ཡིད་ཆེས་མདུད་བརྒྱ་སྙིང་ཁུངས་འཐིལ་ན་བཞེངས།།
འཁོར་འདས་བར་མའི་རྟོག་འགྱུ་རེ་རེ་ན།།
མཐའ་མེད་ལོག་པའི་ཐེག་པ་གྲངས་ལས་འདས།།
ཆོས་དབྱིངས་འོད་གསལ་སྣང་བ་སྤུ་གྲི་ཡིས།།
རྣམ་རྟོག་འདྲེ་མོའི་འཇིང་པ་དུམ་གྱིས་ཆོད།།
ཀླུ་སྨྱོན་འོག་སྨྱོན་དང་ཆགས་སྨྱོན་ན་བུད་སོང་ཟིག།ངོ་མའི་བོད་ཡིག་ཅུང་ཙམ་ཤེས་ནས་མི་གཞི་དགའ་ཟིག་ཡོད་ར།ད་ཚར་སོང་ཟིག།ནུབ་གླིང་གིས་འཇིག་རྟེན་ནས་སེམས་ཁམས་བདག་རྒྱག་མ་ཐུབ་ཟིག།
འདི་ནི་ང་ལ་ཨ་རི་བ་མང་པོ་ཞིག་གིས་ང་ཚོ་མི་དཀྱུས་མ་ཚོས་རྣམ་སྣང་གི་ཆོས་བདུན་སྒོ་ནས་སྒོམ་རྒྱག་དགོས་པའི་རྒྱུ་མཚན་དྲིས་པའི་ལན་དུ་སྨྲས་པ་ཞིག་ཡིན་ཞིང་། སྐབས་དེར་འཁྲིས་ན་འདིའི་སྐོར་གྱི་འགྲེལ་བཤད་དཔེ་ཆ་ཡང་མེད། ངས་དེ་ཙམ་ཡང་མི་ཤེས་ཟེར་རྒྱུར་ཡང་ངོ་ཚ་ནས་དེ་ལྟར་ལབ་པ་ཡིན། ད་ནི་ཁྱེད་ཅག་གིས་ཁོ་བོར་སྡིགས་མཚམས་ཞོགས་ལ་འགྲེལ་བཤད་རེ་གྱིས་དང་། གཞན་ལ་སྡིགས་པ་ལས་ལྷག་པའི་ལས་ཀ་ལས་སླ་བོ་ཞིག་ཡོད་པ་མ་རེད། ཡིན་ཡང་ལེགས་བཤད་ལས། རྨ་བྱ་རང་གི་ལུས་ལ་རྟོག། །སྲིན་བྱ་གཞན་ལ་ལྟས་ངན་གཏོང་། །ཞེས་པ་ཞིག་ཀྱང་ཡོད་པས། རྨ་བྱ་བྱེད་དང་སྲིན་བྱ་བྱེད་ཁྱེད་ཅག་གི་གདམ་ཀ་རེད།
1.སྨད་ཀྱི་རྩ་རླུང་སྡེམས་ཕྱིར་དཀྱིལ་དཀྲུང་བཅའ།
2. འདུ་བྱེད་གནས་སུ་བཟུང་ཕྱིར་མཉམ་བཞག་བཅའ།
3. རུས་ཚིགས་ཁྲོལ་བུར་སྡེམས་ཕྱིར་ཚིགས་པ་སྲང།
4. སྨྲ་བརྗོད་རྩོལ་བ་གཞོམ་ཕྱིར་མགྲིན་པ་བཀུག
5. གཟུང་འཛིན་གཅུན་ལ་བོར་ཕྱིར་ལྟ་སྟངས་གཟེར།
ཕྱི་མ་གཉིས་པོ་དེར་གཏོགས་རྩོལ་སྒྲུབ་བྱ་མི་དགོས།
འོན་ཀྱང་དེ་ལྟར་ལྔ་རུ་བཤད་པའི་དགོས་པ་ནི།
དུག་ལྔ་རང་སར་གྲོལ་ནས་སྐུ་ལྔའི་གོ་འཕང་ཐོབ།
ལུང་གི་དགོངས་དོན་བཤད་ན་དེ་ལགས་སྐལ་ལྡན་བུ།
མར་སྐྲད་མར་གྱིས་འདུལ་མི་ནུས།
ཆོས་དྲེད་ཆོས་ཀྱིས་མི་འདུལ་བ་དཀའ།
རྒྱལ་ཚིགས་མ་ཡིན་སྒལ་ཚིགས་ཡིན།
དགོངས་འགྲེལ་མ་ཡིན་ལོག་འགྲེལ་ཡིན།
ཀླུ་སྨྱོན་དངོས་གནས་སྨྱོན་པ་ཆགས་ཤག ད་ཁག་པོ་རེད། སྙན་ངག་ཡག་པོ་ཞིག་མི་འབྲི་བའི་སྟེང་ལ།
ཆགས་གཏམ་ཁོ་ན་ལས་བཤད་རྒྱུ་མི་འདུག ཡིད་ཕམ་པ་ལ།
དང་པོ་རྐང་པ་རེའུ་མིག་ལྟར་བསྣོལ་བས་ཐུར་སེལ་གྱི་རླུང་ཟིན་ཅིང་དྲོད་སྐྱེ་བར་བྱེད།
གཉིས་པ་ལག་པ་མཉམ་བཞག་ལྟེ་འོག་ཏུ་གཅེར་བས་མེ་མཉམ་གྱི་རླུང་ཟིན་ཅིང་
རྩ་ཁ་འབྱེད་དེ་བདེ་བ་སྐྱེད་པར་བྱེད།
གསུམ་པ་སྒལ་ཚིགས་མདའ་ལྟར་བསྲང་བས་སྲོག་འཛིན་གྱི་རླུང་ཟིན་ཅིང་རླུང་གནད་དུ་ཆུད་པར་བྱེད།
བཞི་པ་དཔུང་པ་རྒོད་གཤོག་ལྟར་བརྒྱང་བས་ཁྱབ་བྱེད་ཀྱི་རླུང་ཟིན་ཅིང་རླུང་ནད་ཆུང་བར་བྱེད།
ལྔ་པ་མགྲིན་པ་ཅུང་ཙམ་དགུག་པས་གྱེན་རྒྱུའི་རླུང་ཟིན་ཅིང་མི་རྟོག་པ་སྐྱེ་བར་བྱེད།
དྲུག་པ་ལྕེ་ཡ་རྐན་ལ་སྦྱར་ཞིང་མཆུ་དང་སོ་ཅུང་ཟད་མ་རེག་པ་ཙམ་བྱ་བ་དང་།
བདུན་པ་མིག་སྣ་རྩེར་དབབ་པས་ཤེས་པ་གསལ་བ་དང་དམིགས་པ་གསལ་བར་བྱེད་པ་ཡིན་ནོ།།
ཀླུ་སྨྱོན་གྱི་རྟོགས་པ་སད་འདུག དངོས་གནས་སད་འདུག རྣམ་རྟོག་དང་རྨོངས་དག་རིགས་རེ་ཞིག་མགོ་མནན་འདུག དཔེར་ན། གཞུང་ལས། ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་འདོད་ཡོན་ལྔ་ལ་ཆགས་པའི་ཆགས་པ་སོགས་སྤངས་ཟེར་བ་དང་མཚུངས། འོན་ཀྱང་དངོས་གཉེན་བརྟེན་ནས་གཏན་སྤངས་མ་ཡིན་པ་མཁྱེན་པར་མཛོད།
ང་ཚོའི་འགྲེལ་བཤད་ཕལ་ཆེར་འདྲ་བོ་འདུག
ངའི་འགྲེལ་བཤད་གང་འགྲིགས་མི་འདུག ངའི་འགྲེལ་བཤད་ཚང་མ་འཇིག་རྟེན་མི་སྐྱ་ཚོས་ཀྱང་ལས་སླ་བོར་གོ་ཐུབ་པ། སྒོམ་ཆེན་པ་གུ་ཐུང་གྱོན་མེད་མཁན་ཚོས་འཇིག་རྟེན་པ་ངོ་ཚ་ཅན་ཚོར་རང་གི་རླིག་པ་སྟོན་པའི་ཉེས་པ་ལྡོག་པ། དེ་བཞིན་སྒོམ་ཆེན་པ་ཚོའི་དགྲ་ལྟེ་བ་མཛེས་མར་ཆགས་པ་འགོག་པ་སོགས་གང་ནས་དཔྱད་ཀྱང་ངའི་འགྲེལ་བཤད་དེ་ལ་མི་འགྲིག་པ་ཞིག་མེད་པས། ཁྱེད་ཅག་གིས། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་ནི་སྤྲོད་པ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་འདི་ཙམ་མ་མཐོང་བ་དང་། ཡང་སངས་རྒྱས་ཞལ་བཞུགས་དུས་དགེ་སློང་དང་དགེ་ཚུལ་མང་པོ་ཉེ་འཁོར་གྱི་མཛེས་མ་ཞིག་ལ་ཆགས་ནས་སྒོམ་ཡག་པོ་རྒྱག་མ་ཐུབ་ཅིང་། རེ་ཞིག་གི་དུས་ན་མཛེས་མ་དེ་ནད་ཀྱིས་ཟིན་ནས་ཤི་བའི་བེམ་པོ་དགོན་པའི་ཉེ་འཁོར་དུ་བཞག་སྟེ་དགེ་ཚུལ་སློང་ཆགས་པ་ཅན་དེ་རྣམས་ལ་བལྟ་ཏུ་བཅུག་སྟེ་མི་སྡུག་པ་བསྒོམས་ནས་ཁོ་ཚོའི་མང་པོ་ཞིག་གིས་ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་མཛད་པའི་རྣམ་ཐར་ཙམ་ཡང་མ་མཐོང་བ་དང་། སྟུ་དང་མཇེ་ཞེས་པའི་ཚིག་འདི་མཐོང་བ་ཙམ་གྱིས་ངོ་ཚ་དང་འཇིགས་སྐྲག་ཆེན་པོ་སྐྱེས་ཁུལ་བྱེད་པ་འདི་ངོ་མ་སྟོན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་དགྲ་བཅོམ་པ་གཞན་སེམས་ཤེས་པའི་མངོན་ཤེས་མངའ་མཁན་ཚོར་མགོ་སྐོར་དེ་ལས་ཐུ་བ་ཞིག་གཏོང་རྒྱུ་མེད་པ་མཁྱེན་པར་མཛོད། ད་དུང་སྟོན་པ་རང་ཉིད་ཀྱི་ཞལ་ནས་གསུངས་པའི་དགའ་བོ་མངལ་འཇུག་གི་མདོ་སོགས་ཕོ་མོའི་ལུས་ཀྱི་མཚན་མའི་སྐོར་གསུངས་པའི་མདོ་སྡེ་དེ་ཚོ་ཡང་ཁྱེད་ཅག་ལྟར་ན་མེ་ལ་བསྲེགས་ཤིང་ཆུ་ལ་བསྐྱུར་དགོས་པ་འབའ་ཞིག་ཡིན་པས། སྟོན་པ་ལ་གུ་ཡངས་དང་ཀླུ་སྨྱོན་ལ་ཁ་རྡུང་གཏོང་བའི་ཕྱོགས་རིས་རིང་ལུགས་པ་རེ་མཛོད་དང་། ཁྱེད་ཅག་ལ་འཇིག་རྟེན་པ་ཚོས་དགེ་སློང་འདུལ་བ་འཛིན་པ་དང་། ཁྱིམ་པ་ངོ་ཚ་ཡོད་པའི་ཆོ་ལོ་འདོག་པ་གདོན་མི་ཟའོ།།
གོང་གི་དོལ་སྨྱོན་གྱི་འགྲེལ་བཤད་དེ་ཚོ་ནི་ཉན་ཐོས་ཐེག་པ་བར་མ་གྲགས་པའི་གསང་སྔགས་ཀྱི་ལུགས་རེད། དེ་ཚོ་མི་དཀྱུས་མས་ཤེས་ནི་མ་རེད།
ཀླུ་སྨྱོན་ཧེ་རུ་ཀ་མཁྱེན་ནོ། །
གང་ལ་གང་འདོད་ཆོས་ཀྱིས་སྨིན་མཛད་པ། །
བྱང་ཆུབ་སེམས་དཔའ་ཀླུ་སྨྱོན་ཧེ་རུ་ཀ།
རིས་མེད་བསྟན་པའི་སྒྲོན་མེ་རིན་པོ་ཆེ། །
སྐུ་མཇལ་གསུང་ཐོས་བདག་ཅན་སྐལ་བ་བཟང་། །
ཆགས་ཚིག་མེ་ལྕེ་འདྲ་འདྲ་ཁ་ནས་བཤད།།
ཕོ་མཚན་རྒྱུ་སྣེ་འདྲ་བོ་སྦེད་ཁུལ་བྱས།།
རྣམ་སྣང་ཆོས་བདུན་དེ་ཡང་དེ་ཙམ་འདུག།
ནང་སེམས་གློག་འོད་རྒོད་པོ་ཕྱིར་བཏང་ནས།།
ཆུ་ཤེལ་མིག་འོད་སྣེ་རྩེར་ཕབ་ཁུལ་བྱས།།
རྣམ་སྣང་ཆོས་བདུན་དེ་ཡང་དེ་ཙམ་འདུག།
ཤ་ཚིལ་ཟས་མང་སྤྱད་པས་རྒྱུ་ལོང་ཁེངས།།
རྟིག་དྲི་བཙན་གྱིས་བཀག་པས་སྙིང་རླུང་འཕར།།
རྣམ་སྣང་ཆོས་བདུན་དེ་ཡང་དེ་ཙམ་འདུག།
ཉིན་མོར་ལྷ་མོའི་འཁྲིས་ན་གླུ་ལེན་ཞིང་། །
མཚན་མོར་འདྲེ་མོའི་འགྲམ་ན་གར་འཁྲབ་པའི། །
འཇིག་རྟེན་བཅོས་མའི་མགོ་འབག་གྱོན་པའི་ཁྲོད། །
ལྷང་ལ་བུད་པ་ཁོ་བོ་ཙམ་ཞིག་ཡིན། །
ཕྱི་སྣོད་འཇིགས་རྟེན་ལྷ་ཡི་གཞལ་ཡས་ཁང་།
ནང་བཅུད་སེམས་ཅན་ལྷ་དང་ལྷ་མོའི་ངང།
དག་སྣང་བྱང་བའི་རྣལ་འབྱོར་ཆེན་པོའི་ངོར།
འདྲེ་དང་འདྲེ་མོ་བྱ་བའི་མིང་ཡང་མེད། །
གྲྭ་པ་རླིག་པ་ལངས་ན་རྒྱོ་སྐད་ཆེ། ཨ་ཎི་འདོད་ཆགས་ལངས་ན་མཛུབ་མོ་བྲེལ། ཡན་ལག་ལྔ་པ་གྲོགས་ལ་བསྟེན་ནས་ནི། འདོད་པའི་མིག་ཆུ་ཤོར་དུས་སེམས་པ་སྐྱོ། སྐྱོ་བའི་སྨྲེ་ངག་གཟུགས་སུ་བཀོད་ནས་ནི། རང་གི་འདོད་པ་གཞན་ལ་བཤད་ན་བསམ། གཅིག་གཅིག་གཉིས་གཉིས་དངོས་སུ་མ་བརྗོད་ཀྱང་། མ་འོངས་སྐད་གྲགས་མེད་པའི་སྔོན་བརྡ་རེད།
གང་ཡིན་རུང་། ཡི་གེ་འབྲི་བ་ན་ང་རང་མགོ་བྱས། ཡི་གེ་མ་དག་པ་འབྲི་བ་ལ་སྣང་ཆུང་བྱེད་པ། གཏན་ནས་མི་འགྲིག ཇི་སྐད་དུ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞལ་སྔ་ནས། སྔར་བསྟན་པ་དར་བའི་སྐབས་སུ་ཡི་གེ་ཤིན་ཏུ་དག་པོ་བྱུང་། བསྟན་པ་ཉམས་རྨས་པ་ན། ཡི་གེ་ཡང་འཆལ་འཆོལ་དུ་འགྲོ ཞེས་གསུངས་འདུག ངས་བོད་ཀྱི་དག་ཆར་བསམས་ཏེ། རྒྱལ་ཚིགས་མདའ་ལྟར་མ་བསྲིངས་ན་རྟུག་དྲི་ཤོར་འགྲོ་གི་རེད། ཅེས་པ་བཟོ་བཅོས་འོང་བའི་རེ་བས་བྲིས་ཀྱང་། ལན་ཅི་ཡང་མེད་པ་ནི། རང་གི་ནོར་བ་དེ་དག་ཁས་ལེན་མི་བྱེད་པ་ནི་མཁས་པ་ཡ་རབས་ལྟ་ཅི། ཕལ་པ་ཡ་རབས་ཀྱི་གྲལ་དུའང་མི་ཚུད། དེས་ན། གོང་གསལ་བརྗོད་པ་དེ་འདི་ལྟར་དགོས་ཏེ། སྒལ་ཚིགས་མདའ་ལྟ་མ་བསྲངས་ན་རྟུག་དྲི་ཤོར།
སྲང་ བསྲངས་ བསྲང་ སྲོང་། ཞེས་པ་དྲང་པོར་བྱེད་པའི་དོན་ཏེ། རིམ་བཞིན། ད་ལྟ་འདས་མ་འོངས་བསྐུལ་ཚིག་ལགས།
དེ་བཞིན། སྲིང་ བསྲིངས་ བསྲིང་ སྲིངས། སྐྱེལ་བ་དང་། སྒུག་པ་སོགས་ཀྱི་དོན་ལགས་སོ།།
ལ་དྭངས་རྒན་གྱི་གསུངས་པ་མངོན་པར་བསྟོད། དེ་ག་རང་རེད།
ཀླུ་སྨྱོན་གིས་གསང་བའི་མཛོད་ཁ་ཕྱེ་བཞག ད་དུང་འབྲི་རོགས།
3. རྒྱལ་ཚིགས་མདའ་ལྟར་བསྲིངས་ནས་4. དཔུང་པ་བརྒྱངས། །
སྒལ་ཚིགས་ལ་རྒྱལ་ཚིགས་ཞེས་ཀླུ་སྨྱོན་ལགས་ཀྱི་མ་ཕྱི་ཚུར་ལེན་བྱས་ནས་མ་དག་པ་བྱུང་བ་ལ་རྒན་ལ་དྭགས་པ་སོགས་བོད་ཞེན་ཅན་ཚོར་དགོངས་དག་ཞུའོ། །
ཆགས་གཏམ་ཀླུ་སྨྱོན་གྱི་ཁ་འདོན་ཡིན་ལ། ཆགས་སེམས་ཀླུ་སྨྱོན་གྱི་ཐུགས་དམ་ཡིན། དེ་ལ་དགག་པ་དང་སྒྲུབ་པ་གང་ཡང་མེད་དགོས་དོན་ཡང་མི་འདུག ཡིན་ན་ཡང་མཁས་མདོག་དང་གྲུབ་མདོག་གིས་ལྟ་སྒོམ་སྤྱོད་གསུམ་ཆགས་ཚིག་རྐྱང་རྐྱང་གིས་ལྷད་བཞག་ན། ནང་ཆོས་ལ་རྩིས་མཐོང་མེད་པར་མ་ཟད་ལོག་ལྟ་བསྐུལ་འདེབས་བྱེད་འདོད་པའི་ཐབས་ལམ་གསར་བ་ཞིག་ཡིན་པར་སེམས། གང་ལྟར་དེ་ལྟར་མ་གནང་ན་ཡག་པོ་རེད།
ང་ནི་ལས་མ་དག་པས་འདོད་པའི་ཁམས་སུ་སྐྱེས་པས་ཆགས་སེམས་དང་ཆགས་གཏམ་སྤོང་མི་ཐུབ་ཀི ཁྱོད་ཚོ་ངོ་མ་ལས་ཅན་རེད།
བསམ་བཞིན་དུ་འགྲོ་བའི་དོན་དུ་བྱོན་པའི་སྤྲུལ་སྐུ་ཞིག་ལ་ལས་མ་དག་པ་ག་ལ་སྲིད། ཚིག་དེ་ང་ཚོ་སྐྱེ་བོ་ཕལ་བར་གསོད་བྱེད་ཀྱི་ཚིག་ཡིན་པ་འདྲ།
ཀླུ་སྨྱོན་ཁྱོད་ཆགས་པ་སྤོང་མི་ཐུབ་ནའང་སྐྱོན་མི་འདུག ང་ཚོས་བཤད་པ་ནི་ཁྱོད་ཀྱི་ཆོས་དོན་ལོག་ཏུ་འགྲེལ་བ་ནོར་འདུག་ཟེར་གྱི་ཡོད། ངས་དང་པོ་ཁྱོད་ཀྱིས་རྩེད་མཚར་ཙམ་བྲིས་པ་རེད་དྲན་ཡང་ཁྱོད་ཀྱིས་ཕྱི་རྒྱལ་གྱི་མི་ལ་དེ་ལྟར་བཤད་ཡོད་ཟེར་དུས་ཁྱོད་ནི་ངོ་མ་བསྟན་བཤིག་ཅིག་ལོས་ཡིན་སྙམ། ད་དུང་ཨ་རིག་གིས་བཤད་སྟངས་ལ་ལྟོས་དང་ཆོས་དད་བྱེད་མཁན་ལ་རྨོངས་དད་ཟེར་གྱི་ཡོད་པ་རེད། རྒྱ་གུང་ཕྲན་གྱི་སློབ་གསོ་ཐོབ་པའི་གསར་བརྗེ་བ་ཞིག་ལོས་ཡིན་སྙམ། ང་ཚོ་བོད་མིའི་ནང་རྨོངས་གཉིད་ལས་སད་མཁན་ཨ་རིག་དགེ་མཐོང་དང་ཀློ་སྨྱོན་ཁྱོད་མ་གཏོགས་ཡོད་རྒྱུ་མ་རེད། རྨོངས་གཉིད་སད་དུས་ངོ་ཚ་ཡོངས་སུ་སྤངས་ཏེ་བཤད་ཚད་ཆགས་གཏམ་ཡིན་དགོས་པ་དེ་རིང་མ་གཏོགས་ང་ཚོས་ཤེས་མ་སོང་།
ད་ཀླུ་སྨྱན་ཁྱོད་ཀྱིས་ལུས་ལ་ཟན་གཤམ་ཞིག་གྱོན་སྤྲུལ་མིང་རྫུན་མ་ཞིག་ཁྱེར། ནང་ཆོས་ཀྱི་གོ་རྟོགས་ཞན་པའི་མི་དག་ལ་འདི་ལྟ་བུའི་འགྲེལ་བཤད་ལོག་པ་རེ་རྒྱབ། ཨ་ཙི་ཙི། དེ་ལས་ཟན་གཤམ་ཕུད་ནས་རང་དགའ་བའི་འཚོ་བ་ཞིག་སྐྱལ། ཚེ་སྐྱིད་མ་རག་རུང་། བུ་མོ་གཞན་མ་རག་གི་རེད། དེ་ཚོ་དང་མཉམ་དུ་ཉིན་མཚན་མེད་པར་རྒྱོ་རྒྱོབས། ཆགས་གཏམ་གྱི་སྙན་ངག་ཏག་ཏག་བྲིས་དང་། དངོས་གནས་ཕྱི་གཙང་ནང་གཙང་རེད།
སྙིང་གཏམ་ཆེན་པོ་ཡིན། སེམས་ལ་ཟུངས་ཤིག
ད་དོན་ངོ་མར་ཁྱོད་ཚོས་རྒྱ་ནག་དམར་ཕྱོགས་པ་གདུག་རྩུབ་ཅན་ཚོ་ནང་བཞིན་ངའི་རྩོམ་འབྲིའི་རང་དབང་འཕྲོག་གི་ཡིན་ཟེར་ནས་འུར་རྒྱག་གི་ཡོད་ནི་རེད་ལ། དེ་ནི་ཁྱོད་ཚོའི་མ་གཉིད་པའི་རྨི་ལམ་རང་རེད། ངས་བོད་བཙན་གནོན་ལུང་པ་ནས་ལོ་བཅུའི་རིང་རྩོམ་བྲིས་ནས་བསྡད་ཀྱང་དམར་ཕྱོགས་པ་སུས་ཀྱང་ངའི་རྩོམ་འབྲི་རང་དབང་འཕྲོགས་མ་ཐུབ་ཐལ། ང་བལ་ཡུལ་དམར་ཕྱོགས་ལུང་པ་ནས་ལོ་དྲུག་བསྡད་པའི་རིང་ཅང་གིས་དེ་འཕྲོག་མ་ཐུབ་ཐལ། ང་རྒྱ་གར་དམངས་གཙོའི་ལུང་པ་ནས་ལོ་གཅིག་ལ་བསྡད་པའི་རིང་ལ་ཡང་སུ་གཅིག་གིས་ངའི་རྩོམ་འབྲིའི་རང་དབང་འཕྲོག་མ་ཐུབ་ཐལ། དེང་སྐབས་ཨ་རི་རང་དབང་ལུང་པ་འདི་ནས་སུས་ཀྱང་ངའི་རྩོམ་འབྲི་རང་དབང་འཕྲོག་ཐུབ་ནི་མ་རེད། ཁྱོད་ཚོས་དེ་འདྲ་བྲིས་ན་ང་ཚོའི་ཆོས་ལུགས་ལ་གནོད་སྐྱེལ་གིན་འདུག་ཟེར་ནས་རྩོམ་པ་པོ་ཚོའི་ལག་གི་སྨྱུ་གུ་འཕྲོག་ཅི་ཐུབ་བྱེད་པ་དང་། རྒྱ་ནག་དམར་ཕྱོགས་པ་ཚོས་དེ་ལྟར་བྲིས་ན་ང་ཚོའི་ཏང་ལ་གནོད་སྐྱེལ་གིན་འདུག་ཟེར་ནས་རྩོམ་པ་པོ་ཚོའི་ལག་གི་སྨྱུ་གུ་འཕྲོག་ཅི་ཐུབ་བྱེད་པ་གཉིས་དམིགས་ཡུལ་མི་འདྲ་བ་མ་གཏོགས་བྱེད་སྟངས་གཅིག་པ་གཅིག་རྐྱང་མ་རེད་པས། ཁྱོད་ཚོ་དང་ཁྱོད་ཚོའི་རིགས་སུ་གཏོགས་པ་ཚོས་དང་པོར་དགེ་འདུན་ཆོས་འཕེལ་གྱི་རང་དབང་གི་སྨྱུ་གུ་འཕྲོགས། དེ་ནས་ཟླ་བ་ནོར་བུའི་སྨྱུ་གུ་འཕྲོགས། དེ་རྗེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་སྨྱུ་གུ་འཕྲོགས། དེ་ནས་འཇམ་དབྱངས་ནོར་བུའི་སྨྱུ་གུ་འཕྲོགས། དེ་རྗེས་པད་མ་འབུམ་གྱི་སྨྱུ་གུ་འཕྲོགས། དེང་སྐབས་ཧོར་འཇིགས་ལ་གྲག་འགུལ་མེད་པ་དེ་ཡང་ཁྱོད་ཚོས་འདྲེ་ལག་བསྲིངས་ནས་ཅིག་བྱས་པ་ཡིན་སྲིད། གལ་སྲིད་ང་ཚོ་བསྟན་དགྲ་ཡིན་ན་ཁྱོད་ཚོ་ནི་རྩོམ་དགྲ་རེད། ཁྱོད་ཚོས་རང་རང་གི་རྩོམ་འབྲིའི་ཐོབ་ཐང་གསང་སྤྱོད་ནང་དུ་འཕེན་མི་འཕེན་དེ་ཁྱོད་ཚོའི་རང་དབང་རེད། ཐོབ་ཐང་རེད། ང་ལ་བླ་མ་རྫུན་མ་དང་རྐུན་མ་དམར་པོ། རྒྱ་མིའི་སོ་བ། བསྟན་པའི་དགྲ་བོ། སྙིང་ཁྲག་བཞེས་རྒྱུ་བོ། རྒྱུ་མ་ལག་མགོར་དཀྲི་རྒྱུ་བོ། ཁ་གཅུ་རྒྱུ་བོ། སྣ་ཡོན་རྒྱུ་བོ། དམྱལ་བར་སྐྱེ་རྒྱུ་བོ། མིག་ཕོ་རོག་གིས་འབྲུ་རྒྱུ་བོ། རོ་བྱ་རྒོད་སྟོང་གིས་ཟ་རྒྱུ་བོ། སྐེ་སྐྲང་གིས་འཆི་རྒྱུ་བོ། ངོ་མིག་གིས་མི་རིག་རྒྱུ་བོ། གསོན་པོར་པགས་པ་བཤུ་རྒྱུ་བོ། དྲུག་ཅུ་བ་བཞི་སྔོས་བྱེད་རྒྱུ་བོ། རྒྱ་ལག་ག་འཇོག་རྒྱུ་བོ། རྐང་བ་ཆག་རྒྱུ་བོ། ལག་པ་ཞ་རྒྱུ་བོ། མིག་ཞར་རྒྱུ་བོ། རྣ་འོན་རྒྱུ་བོ། སྣ་འཚང་རྒྱུ་བོ། སྙིང་འདར་རྒྱུ་བོ། གློ་ན་རྒྱུ་བོ། མཆིན་པ་འཚིག་རྒྱུ་བོ། སོགས་ཚིག་རྩུབ་ཀྱི་ཚིག་མཛོད་ཅིག་བརྩམས་ཀྱང་ངས་མ་ཤི་བར་དུ་ལག་གི་སྨྱུ་གུ་འདི་ས་ལ་གཅིག་བཞག་བཏང་ན་ངས་ཁྱོད་ཚོའི་གཅིན་ཚ་བོ་འཐུང་བ་དང་གཅིག་པ་ཡིན། ཧ་གོ་ན་སེམས་ལ་འདི་ཟུངས། མི་གོ་ན་མར་ར་སྒོར་བུད།
ཀླུ་སྨྱོན་ཧེ་རུ་ཀ་ཁྱེད་རེ་བདེན། སྨྱུ་གུ་ས་མི་འཇོག་པའི་ཐུགས་དམ་ལ་ཡི་རང་དང་བསྔགས་བརྗོད་ཡོད། བྱང་སེམས་བདག་ཉིད་ཆེན་པོ་ཞིག་གི་གསུངས་སུ་སྣང་ངོ། ། ཀུན་གཟིགས་པན་ཆེན་སང་ལ་ཚོང་པ་རྒྱག་པ་བཏགས་ནི་རེད། དོལ་རྒྱལ་ཚོགས་པས་ཏྰ་ལའི་བླ་མ་ལ་ག་ཚད་བཏགས་འདུག མི་ནག་འདི་ཚོ་ངོ་ཞིག་རྫོགས།
ཀླུ་སྨྱོན་ལགས། རྩོམ་འབྲི་རང་དབང་འཕྲོག་མི་འཕྲོག་གི་ཐོབ་ཐང་རྩོད་མཁན་རྣམས་ནི་སྨྱུག་རྩེ་དགྲ་ལ་གཏད། བརྗོད་བྱར་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་སྡུག་གླེང་། ལྐོག་ཟ་རུལ་རུངས་ལ་ངོ་རྒོལ་བྱེད། གཞུང་སྐྱོན་ཐེར་འདོན་དང། རང་སྲོག་རྒྱུ་ནོར་དང་བཅས་པ་མི་རིགས་དང་རིག་གཞུང་གི་དོན་དུ་ལེགས་སྐྱེས་འབུལ་མཁན་གྱི་རྩོམ་པ་པོ་རྣམས་རེད་མ་གཏོགས། ཚིགས་བཅད་མར་བྲིས་ན་ཆགས་བཅད། སྒྲུང་རྩོམ་བྲིས་ན་འཁྲིག་སྒྲུང་། ལྷུག་པར་བྲིས་ན་མོ་ལྷུག་མ་གཏོགས་བྲིས་མི་ཤེས་མཁན་ཞིག་གིས་རྩོམ་འབྲི་རང་དབང་གླེང་བ་ནི་ཝ་སེང་གེར་འགྲན་པ་དང་མཚུངས།
ཀླུ་སྨྱོན་ལགས། སྟོན་པས་གསུངས་པའི་ཆོས་སྡེ་སྣོད་གསུམ་དང་བྱེད་པའི་ལས་བསླབ་པ་གསུམ་རེད། དེ་ནང་བཞིན་གནང་ཐུབ་ན་ཁྱེད་ལ་བསྔགས་བརྗོད་ལོས་བྱེད། དེ་མིན་ཁས་བུད་བུད་ཐམས་ཅད་ཚིག་དང་། རྐུབ་ནས་ལྷུང་ལྷུང་ཐམས་ཅད་བུ་ཡིན་རྒྱུ་མ་རེད་གོ། དོག་ཟོན་མཛོད་མ་གཏོགས་བསྟན་པ་འདི་ཕྱི་ནས་མི་བཤིག་ནང་ནས་བཤིག་དང་ང་མིན་ང་འདྲ་ཞིག་གིས་བཤིག་གསུངས་པའི་ལུང་བསྟན་ཐོག་དུ་ཁེལ་བ་དང་འདྲ་འདུག
ང་ཚོས་ཁྱོད་ཀྱི་སྙན་ངག་གི་སྐོར་ཤོད་ཀྱི་མེད།
ཁྱོད་ཀྱི་ཕུང་གསུམ་པའི་བྱེད་ཕྱོགས་སྐོར་ནས་ཛོད་ཀྱི་ཡོད།
དེ་བདེན་པ་རེད་ལ་དངོས་ཡོད་རེད།
ཁྱོད་ཀྱིས་རྣམ་སྣང་ཆོས་བདུན་གྱི་འབྲེལ་བཤད་ལ་ལྟོས་དང་ཤེས་ནི་རེད།
ཁྱོད་ཀྱི་རྩེད་མཚར་ཙམ་ཡིན་ན་མཆོག་མོད། ད་དུང་མགོ་སེར་ཚོར་འགྲེལ་བཤད་བྱས་པ་ཡིན་ཟེར།
དངོས་གནས་ཁྱོད་མཁྱེན་མཚར་རེད།
ཡིན་ནའང་ཁྱོད་ཀྱི་སྙན་ངག་འབྲི་བའི་སེམས་ཤུགས་ལ་བསྔག་བརྗོད་ཡོད།
ཁ་ཕོ་དང་མཐུན་པའི་སྙན་ངག་ཡག་པོ་རེ་འབྲི་བའི་རེ་བ་ཡོད།
ང་ནམ་རྒྱུན་ཁྱོད་ཀྱི་སྙན་ངག་ལ་ཤིན་ཏུ་དགའ།
འོན་ཀྱང་དེང་སྐབས་ཁྱོད་ཀྱི་པར་འདྲ་འཇོག
སྙན་ངག་གི་དྲོ་བ་མེད་པའི་ཆགས་གཏམ་འདྲ་བྲིས།
དངོས་གནས་ཡག་པོ་མི་འདུག
དེ་ལས་་་་འབྲུག་པ་ཀུན་ལེགས་དང་འབྲུག་མོ་ཚོ་་་་་ལྟ་བུའི་སྙན་ངག་མེ་འབར་བ་རེ་བྲིས་དང་།
ཁྱོད་ནམ་ཡང་ཕོ་ཁྱོ་ག་ཡིན། ནམ་ཡང་སྙན་ངག་མཁན་པོ་ཡིན།
ཆོས་ཅི་ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་མ་བླངས་ན་ཉན་བཞིན་ཉན་བཞིན་རང་རྒྱུད་ཇེ་གྱོང་། ཐོས་པ་བསགས་བཞིན་བསགས་བཞིན་དམུ་ཇེ་རྒོད། མཐར་སྡིག་ཆེན་ཆོས་ཀྱིས་ཐུལ་ཡང་། ཆོས་དྲེད་ཆོས་ཀྱིས་མི་ཐུལ། གྱོང་པོ་སྣུམ་གྱིས་ཐུལ་ཡང་། མར་སྐོགས་སྣུམ་གྱིས་མི་ཐུལ།ལས་མཐའ་ལོག་པར་དུས་གསུམ་སངས་རྒྱས་དངོས་སུ་བྱོན་ཀྱང་མཐུ་རྡུགས་ནས་ཕན་མི་ཐོགས་པའི་དུས་ལ་སླེབས་པའི་སྔ་ལྟས། དོན་མེད་དུ་རྒྱུད་ཀྱི་གསང་བ་ཁྲོམ་བསྒྲགས་བྱེད་པ་འདི་ནི་ཆེས་ཐ་ཤལ་གྱི་ལས་ཀ་རེད། ཁྱེད་ཚོ་ནི་ཆོས་འཆད་མཁན་དང་ཉམས་སུ་ལེན་མཁན་ལགས་ན་འདི་འདྲའི་ཚུལ་མིན་གྱི་རྩོམ་ཡིག་སྤེལ་ན་དམ་ཚིགས་དང་འགལ་ཡོད་མོད་བསམ་ཀི རྣམ་སྣང་ཆོས་བདུན་དང་གྲོལ་ལམ་ཆོས་བདུན་གཉིས་ཕལ་ཆེར་འདྲ་བོ་རེད། གཙོ་བོ་འདུག་སྟངས་ཀྱི་ཕྱོགས་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གལ་ཤིན་ཏུ་ཆེ་སྟེ། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་གསུངས་པ་ལྟར་རང་གཞན་ཐ་མལ་དུ་བསྡད་ནས་སྒོམ་པ་དང་འདུག་སྟངས་སྟེང་ནས་སྒོམ་བརྒྱབ་པ་གཉིས་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་མ་གཅུས་ན་མི་མངོན་པ་བཞིན། རྡོ་རྗེའི་ལུས་ལ་གནད་དུ་མ་བསྣུན་ན་ཉམས་རྟོགས་མི་སྐྱེ་ལ། བཞུགས་སྟངས་ལ་བརྟེན་ན་ཡོན་ཏན་འཆར་སྟངས་མི་འདྲ་བས་དེ་ཡང་ཅི་ནས་ཀྱང་གལ་ཆེ་བས་དང་པོར་བསླབ་དགོས། གཞན་འདུག་སྟངས་རེ་རེའི་ནུས་བ་གསང་རྒྱ་ཡིན་པས་དེ་ལུགས་ཤེས་པར་སྤྲོ་ན་དངོས་བརྒྱུད་བླ་མའི་མྱོང་ཁྲིད་འཐོབ་དགོས་སོ།། དེང་ཕྱིན་སྔགས་ཀྱི་སྐོར་གསང་དགོས་པ་ཤེས་བཞིན་དུ་རྩོམ་ཡིག་འདྲ་མིན་འདི་འདྲ་མ་སྤེལ་ན་ལེགས།།
རང་དབང་ཟེར་ནས་ཆོས་དོན་ལོག་པར་འགྲེལ། །
རང་དབང་ཟེར་ནས་ཁ་ནས་གང་བྱུང་བཤད། །
རང་དབང་ཟེར་ནས་ལག་གིས་འཆལ་རྩོམ་འབྲི། །
རང་དབང་ཟེར་ནས་ལས་འབྲས་རྡོག་རོལ་བཏང་། །
རང་དབང་ལའང་ཆོས་དང་འཇིག་རྟེན་གང་ལ་ལྟོས་ཀྱང་ས་མཚམས་ཤིག་དང་སྒྲིག་སྲོལ་ཡོད་པ་རེད།
སྨྱུག་ཐོགས་པ་ཀླུ་སྨྱོན་ལགས་ཀྱིས་བྲིས་པའི་བོད་རྩོམ་ཡོད་ཚད་ལ་རྒྱབ་སྐྱོར་གཙང་མ་ཡོད་ལགས། མུ་མཐུད་ནས་འབྲི་་རོགས་གནོངས། ཀླུ་སྨྱོན་ལགས།
རྒྱ་གར་ལྷོ་ཕྱོགས་ན་ཡོད་པའི་བོད་ལ་ཞེན་དང་བལ་ཡུལ་རྒྱལ་ས་ན་ཡོད་པའི་མི་ནག་མདུང་ཐུང་སོགས་ཀྱིས་ངས་བྲིས་པའི་རྩོམ་ཡིག་དག་གི་ཁྲོད་ནས་ཆགས་པའི་སྐོར་མ་གཏོགས་ཅི་ཡང་མ་རིག་ནི་རེད། ཁྱོད་ཚོས་བལྟས་ན་དེ་ཨེ་རེད།
ད་དུང་གཅིག་ཡོད། ངས་བསྟན་པ་བཤིགས་ན་ང་དམྱལ་བར་འགྲོ་གི་རེད་མ་གཏོགས་ཁྱོད་ཚོ་དམྱལ་བར་མི་འགྲོ་བས། ཁྲུང་ཁྲུང་བྱང་ལ་འགྲོ་བར། ཕག་པར་ཇུས་གཏོགས་ཅི་ཡོད། ཅེས་པའི་གཏམ་དཔེ་ཞིག་གོ་མྱོང་ངམ།
ཀླུ་སྨྱོན་ནས་བསྟན་པ་ལ་གནོད་པ་བྱས་ན་བབས་ས་ཀླུ་སྨྱོན་ཡིན་ཞིག་གསུང་པ་ནི་ལུས་བདེན་ཞིག
ཁོང་ལ་ནི་དམྱལ་བ་རུ་སྐྱེ་ནི་རེག་སོགས་གསུང་མི་དག་ལ་ནི་ཕན་སེམས་ཆེ་བ་ཡིན་ནམ་དེ་ལས་གཞན་???????????????
༼དགེ་འདུན་ཆོས་འཕེལ་གྱི་རང་དབང་གི་སྨྱུ་གུ་འཕྲོགས། དེ་ནས་ཟླ་བ་ནོར་བུའི་སྨྱུ་གུ་འཕྲོགས། དེ་རྗེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་སྨྱུ་གུ་འཕྲོགས། དེ་ནས་འཇམ་དབྱངས་ནོར་བུའི་སྨྱུ་གུ་འཕྲོགས། དེ་རྗེས་པད་མ་འབུམ་གྱི་སྨྱུ་གུ་འཕྲོགས།༽ བདག་གིས་ནི་འདི་དག་བཞིན་མ་འོང་བའི་སྨོན་ལམ་དང་བཅས་ཏེ་ཁོང་གི་སྙན་རྩོམ་དག་ལ་ནི་རྟག་ཏུ་དགའ་གསུ་ཞུ
དེ་ཚོའི་སྨྱུ་གུ་ཙམ་འཕྲོག་ན་ད་འོ་ཙམ་རེད། སྲོག་ཀྱང་འཕྲོག་གྲབས་བྱས་པ་རེད་ད། གལ་སྲིད་ཀླུ་སྨྱོན་ཡང་རྒྱ་བལ་ཞིག་ན་ཡོད་ན་ཕལ་ཆེར་མྱང་ཚར་སོང་།
ཀླུ་སྨྱོན་རིནཔོ་ཆེར་ཀླན་ཀ་དང་བསྟོད་པ་འགའ་ཞིག་ཀྱང་འདུག་པས།
བསྟོད་པས་དགའ་བར་མི་འགྱུར་ལ།
སྨད་པས་མི་དགར་མི་མིགྱུར་ཞིང་།
རང་གི་ཡོན་ཏན་ལེགས་གནས་པ།
སྐྱེས་བུ་དམ་པའི་མཚན་ཉིད་ཡིན།། ༢༤ །། ས་སྐྱ་ལེགས་བཤད། ལེའུ་༢པ།
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
དེ་བཞིན་ལྕེ་དང་ལུས་སེམས་ཚད་མ་མིན།
གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
འཕབས་པའི་ལམ་གྱིས་སུ་ལ་འབྲས་བུ་འབྱུང་།། ༢༣ །། ཏིང་ངེ་འཛིན་རྒྱལ་པའི་མདོ། ལེའུ་༢པ།
རྒན་ལ་དྭགས་པས་ཀླུ་སྨྱོན་ལ་དྲན་གསོ་བྱས་པ་ལེགས།
ངས་ཀྱང་ཁྱེད་ལ་དྲན་གསོ་ཞིག་འབུལ།
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།ཚིགས་བཅད་རྐང་མཐར་ཉིས་ཤད་ཐོབ།།
དོན་ཚན་ཆེན་པོ་རྫོགས་པ་དང་།།ལེའུའི་མཚམས་སུ་བཞི་ཤད་དགོས།།
བྱིས་པ་དག་ཡིག སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག
དོལ་སྨྱོན་ལེགས།
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།ཚིགས་བཅད་རྐང་མཐར་ཉིས་ཤད་ཐོབ།།
དོན་ཚན་ཆེན་པོ་རྫོགས་པ་དང་།།ལེའུའི་མཚམས་སུ་བཞི་ཤད་དགོས།།
ཞེ་ས་གསུངས་པ་བོད་དཔེ་གཟུགས་སུ་ཡོད་པ་ན། ཚིགས་བཅད་དང་ཚིག་ལྷུགས་དབྱེ་བ་བསྟན་པའི་ཕྱིར་དུ། ཤད་ཟུང་རེ་རྒྱབ་དགོས། བདག་སོགས་ཀྱིས་བྲིས་པ་དག་ལ་ཡིག་འཕྲེང་རེ་རེ་བཞིན་དུ། ཚིང་རྐང་རེ་ཡོད་པས། ཚིག་ལྷུགས་དང་ནོར་བའི་དོགས་པ་མེད། རྒྱ་གར་ལེགས་སྦྱར་བྲིས་མ་དག་ལ་བོད་དཔེ་བཞིན་ཤད་གཉིས་རེ་ཡོད་དམ་སྙམ། དེ་དག་དེབ་གཟུགས་སུ་བཀོད་པ་ན། ཚིགས་བཅད་དག་ལ་རེ་རེ་བབཞིན་ཨང་གྲངས་དང་། ཤད་བཞི་རེ་བཀོད། སངས་རྒྱས་པའི་གཞུང་དཔེའི་མདོ་རྒྱ་ཆེར་རོལ་པ་དང་། བསྟན་བཅོས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་ལ་དེ་ལྟར་ཡོད་པ་མཛེས་པར་མཐོང་།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་བསྒྱུར་མཛད་པའི་སྐད་གཉིས་ཤན་སྦྱར་ཅན་གྱི་ས་སྐྱའི་ལེགས་གཤད་དེ་མཇལ་ནས་རྒན་ཁྱེད་ལ་གུས་འདོད་བསྔགས་བརྗོད་ཅིག་ཞུ་འདོད་བྱུང་ཡང་གོ་སྐབས་མ་ཐོབ། དེ་རིང་དྲ་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངོ་མ་ཡ་མཚན་ཆེ་རྩ་ཡང་ཆེན་པོ་ཡོད་ངེས་འདུག རང་གི་རྐང་པ་མ་བསྣོལ་ན་ཚེ་རིང་སྐྱིད་ཀྱིས་རླིག་པ་མཐོང་ཉེས་ཆེ། དེ་བཞིན་ལག་གཉིས་མཉམས་བཞག་མ་བྱས་ན་ཚེ་རིང་སྐྱིད་ཀྱི་ནུ་མར་འཆང་ཉེས་ཆེ། རྒྱལ་ཚིགས་མདའ་ལྟར་མ་བསྲིངས་ན་ཚེ་རིང་སྐྱིད་ཀྱི་འགྲམ་དུ་རྟུག་དྲི་ཤོར་ཉེས་ཆེ། དཔུང་པ་མ་བརྒྱངས་ན་མཆན་ཁུང་བར་དུ་ཚེ་རིང་སྐྱིད་ཀྱིས་མཁྱུད་ནས་རྔུལ་ནག་བསགས་ཉེས་ཆེ། མགྲིན་པ་མ་གུག་ན་ཚེ་རིང་སྐྱིད་ཀྱི་རྐུབ་དང་མཚན་མ་ནོར་ཉེས་ཆེ། ལྕེ་ཡ་རྐན་ལ་མ་སྦྱར་ན་ཚེ་རིང་སྐྱིད་ལ་དགའ་ཡི་འདུག་ལབ་ཉེས་ཆེ། མིག་སྣ་རྩེར་མ་ཕབ་ན་ཚེ་རིང་སྐྱིད་ཀྱི་སྟུ་མཐོང་བའི་ཉེས་ཁ་ཆེ་ཅེས་པ་འདི་ནི་ཁྱེད་ཀྱི་འགྲེལ་བཤད་བཞིན་དུ་གུས་ངོས་ནས་ཀྱང་གོ་སླ་བའི་ཕྱིར་བྲིས་པའོ།།
གོང་གི་རྣམ་སྣང་ཆོས་བདུན་གྱི་ཡང་འགྲེལ་འདིའང་སྐུ་ཉིད་ཀྱི་རྗེས་འབྲངས་པ་ཁོ་བས་ཆགས་འདོད་རྣམས་ཀྱི་ཕྱིར་དུ་གོ་སླ་བའི་ཕྱིར་བྲིས་པའོ།། འོན་ཀྱང་གནས་ལུགས་མ་ཡིན་པ་མཁྱེན་མཚལ་་་།།།།།
ཚང་མ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
ངའི་གོ་ལ། ངའི་མ་ཁྱིམ། ངའི་འགན་ཁྲི།
My Earth, My motherland, My Rersponsibility,
1༽ ཕྱི་ལོ་དང་དུས་རབས་མེད་པའི་སྐབས་སུ་དཔལ་འབྱོར་རིག་པ་དང་། ཚན་རྩལ་རིག་པ་ནང་དོན་རིག་པ་སོགས་ཀྱི་ཁྱད་ཆོས་དེ་ཙམ་དར་ཁྱབ་མེད་ན་ཡང་ས་ཡི་གོ་ལ་ནི་ཆེས་མཛེས་སྡུག་ལྡན་ལ་རྒྱ་ཆེ་ཞིང་། ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་མཐའ་སྐོར། འབྲས་ལྡན་ལྗོན་ཤིང་སྣ་ཚོགས་ཀྱི་བསིལ་གྲིབ་སྙོམས། དེར་གནས་སྡོད་བྱེད་མཁན་གྱི་འགྲོ་བ་ཡང་རང་བཞིན་བཟང་ལ་བྱམས་སྙིང་ཅན་ཤ་དག་རེད། ང་ཚོའི་ཁྱིམ་གཞི་དེ་ནི་ཅི་འདྲའི་དྭངས་ཞིང་གཙང་བ་དང་འགྲོ་བ་དེ་དག་ཡང་ཅི་ཕན་གཅིག་གྲོགས་ཀྱི་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་སྨོས་མེད་རེད། ཚང་མས་གོ་ལ་འདི་ནི་རང་ཉིད་ཀྱི་ཁྱིམ་གཞི་ཡིན་པ་ངོས་འཛིན་དང་སྦྲགས་གཅེས་སྤྲད་དང་གཅེས་སྐྱོང་ཁོ་ནར་འབད་པའི་འབྲས་རྟགས་ཡིན།
2༽ཕྱི་ལོ་དང་དུས་རབས་ཡོད་པའི་དུས་འདིར་དཔལ་འབྱོར་རིག་པ་དང་། ཚན་རྩལ་རིག་པ་ནང་དོན་རིག་པ་སོགས་ཀྱི་དར་ཁྱབ་ཆེ་ལ་ས་ཡི་གོ་ལ་འདིའི་ས་བཅུད་ཐམས་ཅད་ཉམས་ཞིང་། མཛེས་སྡུག་ཡིད་དབང་ཕྲོག་པའི་ཡུལ་ལྗོངས་དག་ནག་ནོག་ཏུ་འགྱུར། དྭངས་གཙང་ཆུ་བོ་བརྒྱད་ལྡན་ཡང་འདབ་རྫོག་གི་ངོ་བོར་འགྱུར། བསིལ་གྲིབ་སྙོམས་པའི་འབྲས་ལྡན་གྱི་ལྗོན་ཤིང་ཐམས་ཅད་བྱང་ཐང་གི་ཐལ་བར་འགྱུར། དེར་གནས་པའི་འགྲོ་བ་ཀུན་འདོད་ཆགས་དང་འགྲན་སེམས་འཐབ་རྩོད་ཁོ་ནས་བྱམས་སྙིང་དང་ཞི་བདེ་བྲལ་ལ། ང་ཚོའི་ཁྱིམ་གཞི་འདི་ཡང་གྱས་དོར་དུ་འགྲོ་བའི་མཚམས་ལ་སླེབས་འདུག རེད་ཡ། ང་ཚོས་ཇི་ཙམ་འཇོན་ཐང་ཡོད་མེད་ལ་ལྟོས་དང་། རང་ཉིད་ཁྱིམ་གཞི་ངོ་ཤེས་ཀྱི་འདུག་གམ། མཐུན་སྒྲིལ་དང་ལྷིང་འཇག་འདུག་གམ། ཡ་རབས་དང་ད྄ང་བདེན་གྱི་ལམ་ལུགས་འདུག་གམ། རང་ཉིད་ཀྱི་སྡོད་གནས་ལ་སྲུང་སྐྱོབ་དང་གཅེས་འཛིན་གནང་གི་འདུག་གམ། རང་ཉིད་ཀྱི་ཁྱིམ་གཞི་འདི་ད་ལྟ་ཡ་ངའི་དབང་དུ་དབང་དུ་སོང་ནས་གྱས་དོར་འགྲོ་ངེས་ཡང་ད་དུང་ང་ཚོས་ཕ་སྤུན་འཐབ་རྩོད་དང་། འགྲན་སེམས་མ་རབས་སྤྱོད་ངན་གྱི་ལམ་ལ་འཇུག ད་དུང་དེས་ག་ལ་ཚད།
ཁྱིམ་གཞིའི་ནོར་བུ་བརྐུ་མཁན་གྱི་ཇག་པ། ཞི་བདེ་དང་ལྷིང་འཇག་དཀྲུག་མཁན་གྱི་སྟེར་པོ། འཛམ་གླིང་ཁྱིམ་གཞི་གཏོར་བཤིག་གཏོང་མཁན་གྱི་ལག་དམར། ངེས་མེད་རི་དྭག་མེད་པར་བཟོ་མཁན་གྱི་གཤེད་མ། སྤང་ལྗོངས་དང་ནགས་ཚལ་ཐམས་ཅད་གཏོར་བཤིག་གཏོང་མཁན་གྱི ་ནག་ཅན། ཆུ་གཏེར་དང་ས་གཏེར་སྔོག་འདོན་བྱེད་མཁན་གྱི་གཤེད་མ། ཉེས་མེད་སེམས་ཅན་གྱི་སྲོག་ཕྲོག་མཁན། ལས་འབྲས་དང་བྱམས་སྙིང་མེད་པར་སྨྲ་མཁན་གྱི་ལྟ་ལོག་ཅན་སོགས་ཀྱི་ལམ་ལུགས་ངན་པ་དེ་དག་བསྒྱུར་བཅོས་བྱེད་ཐུབ་ན་ང་ཚོའི་ཁྱིམ་གཞི་འདི་སྔར་བཞིན་ཡོང་ངེས་ལ། ཞི་བདེ་དང་ལྷིང་འཇག་བདེ་བས་ཡོང་ངེས། འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་ཡང་ཚད་མེད་ཞི་བའི་ལམ་ལུགས་ལ་འཇུག་པ་མ་ཟད་ཆིག་སྒྲིལ་དང་བདེ་སྐྱིད་ཡང་འཐོབ་ངེས། ཚང་མས་འགན་འཁུར། ཚང་མས་གཅེས་སྤྲད་བྱེད།
ཡར་འབྲོག་སྨྱོན་པས།
1. རྐང་གཉིས་བསྣོལ་བས་དྲན་ཤེས་འོངས། །
2. ལག་གཉིས་མཉམ་བཞག་བྱིང་རྒོད་འགོག །
3. རྒྱལ་ཚིགས་མདའ་ལྟར་རྩ་རླུང་དྲོང་། །
4. དཔུང་པ་བརྒྱངས་བས་བྱིང་བ་བསལ། །
5. མགྲིན་པ་གུག་ནས་རྒོད་རྟར་བཞོན། །
6. ལྕེ་རྐན་སྦྱར་ན་མཆི་མ་འགག །
7. མིག་གཏད་སྣ་རྩེར་ཕབ་ནས་སྒོམས། །
་
རྣམ་སྣང་ཆོས་བདུན་འགྲེལ་གསར་འདི། །
ཀུན་ལ་ཕན་ཕྱིར་རང་རྩོམ་བྱས། །
ཀླུ་སྨྱོན་ཆགས་ཚིག་བཀྲལ་བ་ལ། །
བྱིང་རྒོད་བསལ་ཕྱིར་དྲན་ཤེས་བཀྲལ། །
ཀརྡོས།