ཤར་ཕྱོགས་ཁུག་རྟ།
མི་མང་པོ་ཞིག་གིས་ཁོ་མོའི་མིང་ལ་སྒྲོལ་མ་ཟེར་ཞིང་། དེ་ལྟར་འབོད་མཁན་རྣམས་ནི་ཁོ་མོར་རྒྱུས་མེད་ཀྱང་མོའི་མདོ་འཛིན་སྒྱུ་རྩལ་དང་། སྐྱེས་གཟུགས། ལང་ཚོའི་མཚར་སྡུག་ལ་དོ་སྣང་ཡོད་མཁན་བོད་ཕྱི་ནང་གི་རང་རིགས་སེར་སྐྱ་རྒན་བྱིས་མང་པོ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་རླུང་འཕྲིན་ཁང་དུ་སྒྲོལ་མ་འདྲ་བའི་མདོ་འཛིན་ལས་བྱེད་མང་དག་ཅིག་བསྡུས་ཤིང་། སྒྲིག་བཀོད་ཞིབ་ཚགས་ཤིང་དགོས་ངེས་ཅན་གྱི་ལེ་ཚན་སྣ་མང་ཁྲོད་སྒྲོལ་མ་དང་སྒྲོལ་མ་འདྲ་བ་མང་སྟབས་རླུང་འཕྲིན་ཁང་གི་ལས་དོན་ལ་སྣ་སྒོར་མོ་ནས་དོ་སྣང་བྱེད་མཁན་མང་དུ་སོང་ཞིང་། ལས་ཁུངས་དེས་ཀྱང་གླུ་གར་སྒྱུ་རྩལ་དར་སྤེལ་དང་། དམངས་ཁྲོད་རིག་གནས་དངོས་བྲིས། འཚོ་བའི་ལམ་ཡིག་དམར་ཁྲིད། ཁྱད་ལས་མི་སྣ་གསོ་སྐྱོང་སོགས་ཕྱོགས་ཡོངས་ནས་སྤྱི་ཚོགས་ཁྲོད་བརྗེད་མི་སྲིད་པའི་ལེགས་སྐྱེས་ཕུལ་ཡོད་པའང་གོར་མ་ཆག་ལ། འཕགས་ཡུལ་གླུ་གར་གྱི་ཡུལ་ཆེན་པོ་འདིར་དཔེར་བླངས་ནས་བཤད་ན་གླུ་གར་སྒྱུ་རྩལ་ཐད་ད་དུང་ཁ་གསབ་དང་ཐབས་ལམ་གསར་པ་ཅན་གྱི་དར་སྤེལ། གཞས་གདངས་ནང་འདྲེན་བཅས་ཀྱི་ཡར་རྒྱས་གཏོང་དགོས་ས་མང་དག་ཅིག་འདུག་མོད། དེ་དག་སྐབས་གཞན་ནས་གླེང་བར་སྤྲོ་ཞིང་། འདིར་རྨ་ཁུག་གྱི་ལིང་གི་བདག་མོ་མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་སྒྲོལ་མ་དང་ཁོ་མོས་ཐོག་མར་གཙོ་འཁྲབ་བྱས་པའི་༼རྨ་ཁུག་གྱི་ལིང་༽་ཞེས་པའི་གློག་བརྙན་སྐོར་ཅུང་ཙམ་གླེང་འདོད་བྱུང་།
ངས་གོང་དུ་བཤད་པ་བཞིན་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལ་གཟིགས་མྱོང་མཁན་ཞིག་ཡིན་ན་སྒྲོལ་མ་ངོ་མི་ཤེས་མཁན་མེད་ཅིང་། སྒྲོལ་མའི་མདོ་འཛིན་སྒྱུ་རྩལ་དང་སྐད་ཡིག་ཆེད་མཁས་ཀྱི་གཟི་མདངས་རྒྱས་ཡོང་སྐབས། སྒྲོལ་མའི་མིང་མགོར་བདག་བཟུང་དང་ཁོངས་གཏོགས་ཅན་གྱི་མིང་འབོད་སྲོལ་ཡང་དར་མྱོང་ལ། སྤོབས་པ་ངོམས་རྒྱུ་ཟེར་པ་འདི་མི་ལ་ལྷན་སྐྱེས་སུ་ཡོད་པའི་གཤིས་ཀ་ཞིག་ཡིན་སྟབས། སྐབས་ཤིག་ནས་མདོ་འཛིན་པ་སྒྲོལ་མ་ནས་”མགོ་ལོག་སྒྲོལ་མ”་ཞེས་མཛེས་པའི་རྩྭ་ཐང་སྟེང་གི་མཛེས་སྡུག་ལྡན་པའི་འབྲོག་མོ་ཡིད་དུ་འོངས་པ་ཞིག་ཀྱང་ཆགས་མྱོང་ལ། མགོ་ལོག་དང་མགོ་ལོག་རྩྭ་ཐང་གི་བྱུང་བ་དང་མཐའ་ཡས་པའི་མཛེས་ཉམས་དེས་སྒྲོལ་མའི་རུས་རྒྱུད་དང་འཚར་ལོངས་བྱུང་སྟངས་གཉིས་ཀ་དེ་བས་ཀྱང་མཛེས་པ་རྣལ་མ་ཞིག་སྤྲོས་འདུག
མགོ་ལོག་གི་བྱུང་འཕེལ་འཇིག་གསུམ་ནི་མཚོ་བོད་མཐོ་སྒང་གི་ལྷ་མོའི་སྒེག་ཉམས་ཇེ་དོད་དུ་གཏོང་བའི་ཡ་ཐོད་ཀྱི་གོར་གོར་མིག་ཟུང་ལྟ་བུ་ཡིན་པས། ངས་སྒྲོལ་མ་ལ་ཐོག་མ་ཉིད་ནས་”འབྲུ་བཟའ་སྒྲོལ་མ་”ཞེས་བཏགས་ན་བསམས་ཤིང། སྒྲོལ་མའི་ཆུང་ཆུང་སྐབས་ཀྱི་ལྷན་སྐྱེས་གཤིས་ལ་འབྱར་བའི་རྩ་ཐང་སྟེང་གི་འཚོ་བ་འདིས་ཁོ་མོ་ད་ཐེངས་རྨ་ཁུག་གྱི་ལིང་གི་བདག་མོ་རྣལ་མ་ཞིག་བྱེད་ཐུབ་སོང་བ་རེད་ཅེས་བཤད་ན་འགྲིག་མོད། འོན་ཀྱང་སྒྲོལ་མས་རྨ་ཁུག་གྱི་ལིང་རྩྭ་ཐང་ནས་པེ་ཅིང་དུ་ཁྲིད་དེ། མཐའ་ཡས་པའི་རྩྭ་ཐང་ལས་རྒྱལ་སྤྱིའི་རྟ་རྒྱུགས་འགྲན་རྩོད་ཁྲོད་བསྐྱལ་འདོད་ཡོད་ཅིང་། འདི་ནི་སྒྲོལ་མ་ཁོ་ན་མིན་པར། སྒྲོལ་མ་ལྟར་ཆེད་ལས་སྣ་ཚོགས་སློབ་ཐོན་ཟིན་པའི་མི་རབས་གསར་པ་ཚོའི་རང་གི་མི་རིགས་འདིའི་ཁ་ཕྱོགས་ཁྲིད་སྟངས་ཀྱི་བསམ་ཚུལ་དང་གྲ་སྒྲིག་ཀྱང་ཡིན་སྲིད།
འོན་ཀྱང་། མཇུག་མཐར་སྦྲ་ནག་སྤོས་ཏེ་རྩྭ་ཐང་དང་ཐག་མི་རིང་པའི་ཁང་བརྩེགས་ཉུང་ཉུང་ཅན་གྱི་སྡེ་བ་དེ་ནས་རྨ་ཁུག་གྱི་ལིང་མུ་མཐུད་པེ་ཅིང་དུ་མ་ཁྲིད་པར། གྱི་ལིང་རྟ་མཆོག་རང་གི་ཕ་ས་ཕ་ཡུལ་གཡུ་འབྲུག་ས་ལ་ཉལ་འདྲའི་མཐའ་ཡས་པའི་རྨ་ཁུག་རྩྭ་ཐང་སྟེང་ཕྱིར་བསྐྱལ་བ་རེད། དེའི་ཆ་ནས་ངས་སྒྲོལ་མར་རྨ་ཁུག་གྱི་ལིང་གི་བདག་མོ་རྣལ་མ་ཞེས་ཀྱང་འབོད་འདོད་བྱུང་། གཤམ་དུ་ང་ཚོས་༼རྨ་ཁུག་གྱི་ལིང་༽གི་འཁྲབ་གཞུང་རགས་ཙམ་ལ་ལྟ་དཔྱད་ཅིག་བྱེད།
བོད་བྱང་ཐང་གི་འབྲོག་པ་ཚོས་རང་གི་རྟ་མཆོག་གསོ་སྐྱོང་བྱེད་སྟངས་ནི་པེ་ཅིང་དང་ཝ་ཞོན་ཀྲོན། ཉི་ཧོང་གི་ཀྲོ་ཁྱོག རྒྱ་གར་གྱི་ངྷེ་རུ་ངྷུན་ལྟ་བུར་གསོས་པའི་གཟུགས་བོང་ཆེ་བའི་དམག་རྟ་ཁང་དེ་ཚོ་དང་མི་འདྲ་ལ། ཁོང་ཚོར་རྟ་ནི་རྟ་ཡིན་པ་ལས་གཞན་གང་ཡང་མིན། ཁོང་ཚོས་རྟ་གསོ་སྟངས་ཀྱང་བློ་གྲོས་ཀྱིས་ཨང་དང་པོ་ཐོབ་ཆེད་རྨ་ཁུག་གྱི་ལིང་ལ་སྨྱོ་ཁབ་བརྒྱབས་པ་དང་གཅིག་མཚུངས་ཡིན་ལ། སྒྲོལ་མ་གྲོང་ཁྱེར་ནས་ཡོང་པས་དེ་དག་མཐོང་སྐབས་ཧ་ལས་མེད། རྨ་ཁུག་གྱི་ལིང་ནི་དང་པོར་གོམ་ཁ་མི་ཐུབ་དུས་ནས་བྱིས་པ་མགོན་པོ་སྐྱབས་དང་འགྲོགས་ནས་འཚར་ལོངས་བྱུང་ཞིང་། རྟ་ལ་སྟེར་བའི་སྐྱ་རེངས་ཤར་ལ་ཉེ་སྐབས་ཀྱི་རྩྭ་ཆུ། རྟ་ཁྲུས་བྱེད་སྟངས། བཙོང་འདོད་རྟ་བདག་གི་ཡིད་ལ་འཁོར་མ་མྱོང་བ། རྟ་བདག་རང་དང་གཅིག་པ་གཅིག་རྐྱང་གིས་རང་གི་རྟའི་ཚེ་སྲོག་ཀྱང་རྩ་ཆེར་བརྩིས་པ་སོགས་ཀྱིས་སྒྲོལ་མར་པེ་ཅིང་ནས་ཆེད་མཁས་པས་བསླབས་པའི་ཤེས་བྱ་དེ་དག་གོང་ཆུང་ནས་འདང་མེད་ལྟར་གྱུར་ཡོད། སྒྲོལ་མས་རྩྭ་ཐང་སྟེང་གི་བྱུང་བ་ཞིག་དང་འབྲེལ་ཏེ་རྨ་ཁུག་གྱི་ལིང་བློ་གྲོས་ལ་སྟེར་སྐབས། མནའ་བསྐྱལ་དམ་བཅའ་ནི་མི་རབས་ནས་མི་རབས་སུ་ཅི་ཙམ་རྩ་ཆེར་འཛིན་མིན་གྱི་རྩྭ་ཐང་སྟེང་གི་སྟག་ཤར་དེ་ཚོའི་གཟི་ཉམས་མཐོང་ཞིང་། སྟག་ཤར་དེ་ཚོས་ཚེ་སྲོག་ལས་གཅེས་པའི་ཕན་ཚུན་རྩིས་ཐང་ཆེན་པོའི་ཁྲོད་དུ་གྱི་ལིང་རྟ་མཆོག་ཡོད་ན་ཁྱིམ་གྱི་གཡང་དང་ཞོན་ན་སྙིང་གི་ཤེད་ཡིན་པ་དངོས་སུ་མཐོང་ཡོད།
དེང་དུས་ཀྱི་རླངས་འཁོར་གསེར་ཉའི་འོད་དང་གཟུགས་སུ་བྱས་པ་བསྐོར་མཁན་སྒྲོལ་མའི་སེམས་སུ་ཉིན་རེ་ནས་ཉིན་རེར་རིག་གནས་རྣལ་མ་ཞིག་དང་ཕུགས་འཕེར་མེད་པའི་ལྟ་ཚུལ་གཉིས་འགལ་བ་ལྟག་སྤྲོད་དུ་ཡོང་གི་ཡོད་ཅིང་། དེ་གཉིས་གདོང་ཐུག་རྒྱག་སྟངས་རེར། སྒྲོལ་མས་རྨ་ཁུག་གྱི་ལིང་གི་གནས་ཚུལ་ཁྱབ་ཆེ་བའི་དྲ་རྒྱའི་རྒྱུད་ལམ་ཁག་ཏུ་བཀོད་ཅིང་། ཨ་མྱེ་དང་རྩྭ་ཐང་། རྟ་བདག་ཕ་བུ་གཉིས་དང་རྨ་ཁུག་གྱི་ལིང་བར་གྱི་འབྲེལ་བ་བཅས་ཀྱིས་སྒྲོལ་མ་ལ་རྩྭ་ཐང་སྟེང་སྔོགས་མི་ཚར་པའི་རྨ་ཁུག་གྱི་ལིང་འདྲ་བ་སྟོང་ཕྲག་མང་པོ་ཡོད་ངེས་པའི་བློ་སྤོབས་བྱིན།
རྟ་མཆོག་མགྲོན་ཁང་གི་སྒོ་རྭར་བཏགས་པའི་རྨ་ཁུག་གྱི་ལིང་དང་སྟེར་བཞིན་པའི་བཟའ་ཆས། རྨ་ཁུག་གྱི་ལིང་དྲན་པའི་གདུང་བ་མ་བཟོད་པའི་བྱིས་པ་མགོན་པོ་སྐྱབས་རང་གི་ཆུང་འདྲིས་བྱམས་པ་ལྟ་བུའི་རྟ་ལ་འཐམས་སྟངས། རྨ་ཁུག་གྱི་ལིང་གིས་སྐྱ་ཐིང་ངེར་ཡོད་པའི་ཁང་མིག་གྲུ་བཞིར་མགོ་ཐུར་དུ་དཔྱངས་སྟངས། མིག་རྩར་མཆུ་འཁྱིལ་སྟངས། རྣ་མར་ཕབ་པ། ལུང་ནང་དུ་རྡིབ་ཚུལ་སོགས་རིམ་པ་བཞིན་དུ་གྲོང་ཁྱེར་ནས་ཡོང་པའི་རྟ་ཡི་ཆེད་མཁས་པ་སྒྲོལ་མས་མཐོང་སྐབས། མི་དང་སེམས་ཅན་གཞན་བར་གྱི་འབྲེལ་བར་ལྟ་བའི་འདུ་ཤེས་གསར་པ་ཞིག་ཁོ་མོས་རྙེད་ཅིང་། འབྲོག་པ་གནས་སྤོ་དང་དཔལ་འབྱོར་ཁྲོམ་རྭའི་སྤྱི་ཚོགས་ནང་ཐོད་བརྒལ་བྱས་པའི་རྩ་ཐང་སྟེང་གི་དཔའ་བོའི་བུ་རྒྱུད་བློ་གྲོས་སོགས་ཀྱི་འཚོ་གནས་འདུ་ཤེས་ལ་དྲི་བ་སྣ་ཚོགས་འཁོར་ཞིང་། དེས་ཁོ་མོས་བློ་གྲོས་དང་བློ་གྲོས་འདྲ་བ་མང་པོ་ཞིག་གློ་བུར་དུ་ཁང་བརྩེགས་མཐོན་པོ། ཆང་ཁང་འོད་ཅན། རླངས་འཁོར་རྫིག་པོ་སོགས་དང་འཕྲད་ཡོང་སྐབས། འཚོ་གནས་སྒྲིག་གཞིའི་སྲོལ་རྒྱུན་འདུ་ཤེས་བརྟན་པོ་ཉར་ཐུབ་ཀྱི་མེད་པ་ཤེས་པས། སྒྲོལ་མའི་སེམས་ལ་རང་གིས་བསྐོར་ཡོང་པའི་རླངས་འཁོར་རྫིག་པོ་དེའང་མཐའ་ཡས་པའི་རྩྭ་ཐང་འདི་བསླུ་བྲིད་གཏོང་བྱེད་ཀྱི་དངོས་པོའི་ཁྱབ་ཁོངས་སུ་ངོས་འཛིན་ཐོབ་ཅིང་། བརྟན་བརླིང་ཅན་གྱི་འཕེལ་རྒྱས་དང་ཁོར་ཡུག་གི་བསླུ་བྲིད་མི་ཡོང་རྒྱུ་ནི་རྩྭ་ཐང་ནས་གྲོང་ཁྱེར། གྲོང་ཁྱེར་ནས་སླར་ཡང་རྩྭ་ཐང་ལ་སླེབས་པའི་སྒྲོལ་མ་ལགས་ཀྱི་རྫོགས་མཐའ་མེད་པའི་བསམ་གཞིགས་ཤིག་ཆགས་ངེས་སྙམ་ལ། ང་དང་ང་ལྟ་བུའི་ལྟ་བ་པོ་རྣམས་ལའང་དེ་འདྲའི་བསམ་གཞིགས་ཤིག་ཀྱང་ཡོད་སྲིད།
བསམ་གཞིགས་དེས་སྣ་དྲངས་ཏེ་འབྲུ་བཟའ་སྒྲོལ་མས་དབུས་གཙང་གི་ཕྱུ་པ་གྱོན་ཞིང་རྟ་མཆོག་ཞོན་ནས་རྩྭ་ཐང་འཕྲེད་ཀྱིས་ཐེངས་འགར་གཏུབ་ཅིང་། གྱ་རྩལ་རྫོགས་པའི་སྟག་ཤར་ཞིག་དམན་སར་བཀོད། ཡིན་ནའང། ཆེད་ལས་ཉམས་ཞིབ་པའི་ཐེངས་འདིའི་ཞིབ་འཇུག་གི་དུས་ཡུན་དེ་ལྟར་བསམ་གཞིགས་གྱ་ནོམ་པའི་ཁྲོད་རྫོགས། སེམས་པ་ལྷང་ལྷོང་པོར་གྱུར་ཏེ་ཕྱིར་པེ་ཅིང་དུ་ཆས། དེ་ནི་ཏག་ཏག་ཞོགས་ཀ་ཞིག་སྟེ་བསང་དུད་གནམ་མཁར་འཐེན་པའི་སྐབས་ཤིག་ཏུ་འཁེལ་བས་ཉི་མས་འོད་ཀྱིས་འབྲུ་བཟའ་སྒྲོལ་མ་རྩྭ་ཐང་དང་དམ་དུ་བཏགས་པ་ལྟ་བུའི་ཚོར་སྣང་བྱུང་ཞིང་། རྨ་ཁུག་གྱི་ལིང་གིས་ཀྱང་མགོ་བོར་གནམ་མཁར་བཏགས་ཏེ་འབྲུ་བཟའ་སྒྲོལ་མའི་ཕྱོགས་སུ་བལྟས་ཤིང་འཚེར་སྐད་ལྷང་ལྷང་ཞིག་བསྒྲགས། འབྲུ་བཟའ་སྒྲོལ་མ་པེ་ཅིང་དུ་སླེབས་རྗེས་ཐེངས་འདིའི་ཞིབ་འཇུག་སྙན་ཐོ་ག་འདྲ་ཞིག་འདོན་གྱི་རེད་དམ།
༢༠༡༤། ༢། ༡༥། ཉིན་ཤར་མར་གང་དྲན་བྲིས།
ཟུར་བརྗོད།
༡༽ པར་གྱི་ཡོང་ཁུངས་མཚོ་སྔོན་བོད་སྐད་དྲ་བ་ནས་བཤུས།
༢༽ བོད་མི་རང་གིས་བརྩམས་ཤིང་འཁྲབ་པའི་༼རྨ་ཁུག་གྱི་ལིང་༽ཞེས་པའི་གློག་བརྙན་འདིར་གཟིགས་མྱོང་མེད་མཁན་ཞིག་ཡིན་ན་གོང་དུ་ངས་བརྗོད་པའི་བལྟས་མ་ཐག་གི་བསམ་ཚུལ་ལ་གོ་བ་ཆ་ཚང་ལོན་ཁག་པས། ཡང་བསྐྱར་ལྷོད་ལྷོད་ཅིག་ལྟ་རྒྱུ་རེག་མཚམས་༼བོད་ཀྱི་གློག་བརྙན་བརྩམས་ཆོས་ལ་ཞིབ་ལྟ་དང་དེའི་དགེ་སྐྱོན་༽ཞེས་པའི་བདག་གི་དཔྱད་རྩོམ་དེ་སྒོར་ཐོན་ངེས་ཡིན། འདིའི་ནང་བོད་ཕྱི་ནང་གི་གློག་བརྙན་རྣམས་ཞིབ་བསྡུར་དང་། བོད་ལ་གློག་བརྙན་རིག་གནས་འདི་དགོས་གལ་ཆེ་མིན་སོགས་གླེང་ཡོད་པས་སྐབས་དེར་གཞུང་ལུགས་རང་བཞིན་དང་། དཔྱད་བརྗོད་རང་བཞིན་གྱིས་རང་གི་སེམས་ཚོར་དོར་ཏེ་ཁ་བརྡ་ལྷོད་ལྷོད་བྱས་ཆོག་གི་རེད།
མཛེས་མ་ཇེ་མཛེས་བཏང་འདུག
ཆབ་བྲག་གི་རྒྱུགས་རྟ་ཡག་ཐལ། ད་དུང་རྨ་ཁུག་གི་རྟ་མཆོག་ལ་ཡིད་སྨོན་འཁོར་ནས་འདུག་གི་ར། ཡིན་ཡང་དེང་ཐེངས་རྟ་རྒྱུགས
འདི་ཞེ་ཡག་ཐལ
ཕྱོགས་གཅིག་གི་ཟུར་ངོས་ཙམ་ཞིག་མ་གཏོགས་མཐོང་མི་འདུག་ག། ཁག་མི་འདུག་གློག་བརྙན་སྐོར་གྱི་གཞུང་ལུགས་བོད་ཡིག་ཐོག་མེད་སྟབས། ཁྱེད་ལ་གློག་བརྙན་སྒྱུ་རྩལ་ཕྱོགས་ནས་མིག་མེད་པ་དེར་བསམ་ཤེས་ཐུབ་ཀྱི་འདུག དྲང་མོར་བཤད་ན། ཁྱེད་ཀྱི་རྩོམ་ཡིག་འདིས་ཁྱོད་རང་གློག་བརྙན་གཏམ་རྒྱུད་ལ་ལྟ་མཁན་མང་ཚོགས་རང་ག་ཞིག་ལས། གློག་བརྙན་སྒྱུ་རྩལ་བརྩམས་ཆོས་ཀློག་མཁན་ཞིག་མིན་པ་གསལ་བོར་བསྟན་འདུག ངོ་མས་བཤད་ནས།
བློ་བཟང་ཆོས་འབྱོར་གྱིས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་འདི་ཡང་བརྫོད་ཀྱི་རེད། དེ་བ་ཚང་རྒྱ་རྩོམ་འབྲི་རུང་རྒྱ་དར་མི་འཕྱར་བའི་གདོང་དམར་བ་ཤ་སྟག་ཅིག་རེད། གློག་བརྙན་འདི་འབྲི་མཁན་ཡང་ཁོང་རེད།
མི་གོ་མེད་རྟ་བདག་ཆབ་གློས།། ཤར་བོང་སྐྱར་རྟ་འདང་བཞག་ནས།། ཚིག་གཏོར་མའི་བསྐང་གསོལ་ངུར་ནས།། གླིང་ཉི་མ་གཉིས་ཀར་སྒྲོག་གི། བོང་སྐྱ་ལུ་མཐུར་མེད་གན་གི། ཧི་ཧ་བོ་གཉིས་ཀ་ངུར་ནས།། རྒྱུགས་མེད་རུང་རྔ་མ་གཡུགས་ནས།། ནངས་ནམ་ཚད་འཛིན་རྒྱུ་ཟེར་གི། རྟ་འདོ་བས་བང་ཁ་འགྲན་ནས།། ལམ་སྐྱ་མོ་རྡུལ་གྱིས་བཀང་དུས།། བོང་སྐྱ་ལི་སྐྱབ་བ་བྱེད་རྒྱུས།། ནང་རྟ་བརྒྱའི་རྟ་ལུད་བཏུས་ཐལ།། གན་རྟ་བདག་ཆབ་གློ་ཤོད་ལ།། ཤར་བོང་སྐྱ་བླ་མར་འབུལ་ནས།། བློ་བདེ་མོས་གཉིད་ལ་སྡོད་ར།། ཁྱོད་ཡོང་སྒོ་ཅན་པོ་དེ་རེད།།
ཧ་ཧ།འོས་བསྡུ་ལྷན་ཁང་གི་སྐུ་ངོ་ཀླད་དཀར་དེས་མགོ་ཚོས་ལ་མ་ཚོས་ཀྱི་འགྲེལ་བཤད་སྣ་ཚོགས་ཤིག་བརྒྱབས་པ་དེས།མདོ་སྨད་ཀྱི་འོས་མི་ཁ་ཤས་ལ་གནོད་པ་དང་ཁ་ཤས་ལ་རླུང་རྟ་ཡག་པོ་རྒྱུགས་བཅུག་སོང་།དཔེར་ན།དང་པོ་སྐུ་ངོ་ཚོགས་གཙོའི་བཀའ་ཡིན་པ་དང་འགྲོ་སོང་འབུམ་༢༦ཡིན་པ།ཀླུ་མཁར་བྱམས་བཀག་པའི་བཟོ་འདྲ་བོ་དུས་བབ་གསར་འགོད་པ་དང་གཉིས་ཀས་ཕན་ཚུན་གོ་བརྡ་ཡག་པོ་ཅིག་མ་འཕྲོད་པ་རེད།
མ་གཞི་གཉིས་ཀ་ལ་ཁག་མེད།སྐུ་ངོས་ནི་ཁྱད་མཚར་དེ་འདྲ་ཡོད་ཚད་བསྲེས་བསྲེས་བཏང་སྟེ་གང་ཡིན་ངོས་མི་ཟིན་པ་ཅིག་ལབ་ཡོང་གི་རེད།དུས་བབ་གསར་འགོད་པ་དེ་ནི་དབུས་སྐད་ཡག་པོ་འགོ་མི་ཚོས་མཁན་དང་།བཙན་བྱོལ་ནང་གི་སྲིད་དོན་ཉམས་མྱོང་དང་རྒྱུན་ཤེས་ཅི་གང་མེད་པར།བསླབ་གྲ་ཁག་ནས་འཐོན་ཡོང་བ་དེ་འདྲ་རེད།དུས་བབ་གསར་འགོད་པ་དེས་སྤྱི་འཐུས་ཚོགས་གཙོས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཟེར་བ་ཧ་མ་གོ་བར།མང་གཙོ་རྩིས་ཁྲ་ཚོགས་ཆུང་ཞེས་བྲིས་པ་ཐེངས་མང་མཐོང་སོང་།
གང་ལྟར།དེ་འདྲ་གོ་བ་ལོག་སྒྲུབ་ཀྱི་བར་ནས་མདོ་སྨད་མི་དམངས་མང་ཆེ་བས་གཞུང་གིས་ཆབ་སྲིད་བརྩིས་ཏེ་ཀླུ་མཁར་བྱམས་བཀག་པ་རེད་བསམ་ནས་ཁོང་ཁྲོ་ཆེན་པོ་གནང་གི་འདུག་པས།བཀྱག་བཀྱག་བྱས་ཏེ་མང་ཆེ་ཤོས་ཀྱིས་ཀླུ་མཁར་བྱམས་བླུགས་ཀི་འདུག་པས།ཀླུ་མཁར་ལ་དེ་རྐྱེན་ངན་གྲོགས་ཤར་རེད།དེ་ཀླུ་མཁར་ཁོ་རང་གི་བསོད་ནམས་རེད།འོས་མི་གཞན་ཚོར་སྐུ་ངོ་དང་གསར་འགོད་པ་དེ་གཉིས་ཀྱིས་གནོད་པ་ཆེན་པོ་བཟོས་རེད།
US President Barack Obama will meet exiled Tibetan spiritual leader the Dalai Lama on Friday, US officials say.
China has urged the US to cancel the meeting, saying it will “seriously impair China-US relations”.
China describes the Dalai Lama as a separatist, while the spiritual leader says he only advocates greater autonomy for Tibet, not independence.
Officials say the US does not support Tibetan independence but is concerned about human rights in China.
The two men last met in 2011, in talks that angered China.
Tibet is governed as an autonomous region in China.
China has been widely accused of repressing political and religious freedoms in Tibet. Beijing rejects this and says economic development has improved Tibetans’ lives.
‘Respected leader’
Mr Obama will host the Dalai Lama in a private meeting in the White House Map Room on Friday morning, US officials said.
Mr Obama traditionally hosts foreign leaders in the Oval Office, so the decision to use the Map Room is viewed as an attempt to give the visit a lower-profile.
Caitlin Hayden, a spokeswoman for the National Security Council, said Mr Obama would meet the Dalai Lama “in his capacity as an internationally respected religious and cultural leader”.
“We do not support Tibetan independence,” she said, adding that the US “strongly supports human rights and religious freedom in China.
“We are concerned about continuing tensions and the deteriorating human rights situation in Tibetan areas of China.”
Meanwhile, Chinese foreign ministry spokeswoman Hua Chunying said that Beijing was “firmly opposed” to the meeting.
“The US leader’s meeting with the Dalai is a gross interference in China’s internal affairs, a severe violation of codes of international relations and will seriously impair China-US relations,” she said in a statement.
China had “already lodged solemn representations” with the US on the matter, she added.
In recent years more than 110 ethnic Tibetans – mostly young monks and nuns living in areas outside Tibet – have set themselves on fire in apparent protest against Beijing’s rule.
The Chinese government accuses the Dalai Lama of orchestrating the protests, a charge he strongly rejects.
The Dalai Lama fled to India in 1959, after Chinese troops crushed an attempted uprising in Tibet.
He now advocates a “middle way” with Beijing, seeking autonomy but not independence.
In recent years more than 110 ethnic Tibetans – mostly young monks and nuns ༼living in areas outside Tibet༽ – have set themselves on fire in apparent protest against Beijing’s rule.
living in areas outside Tibet མགོ་གཅོད་རྒྱུ་འདི་ཚོ་ལ་བཤད་རྒྱུ་མང་། བོད་ཕྱི་ལོག་ཡིན་པ་གང་ལ་གཏུག་གི་ཡོད་པ་རེད། དབུས་བ་འདི་ཚོས་བོད་ལ་བཞག་པའི་རྨ་ཁ། ཆོལ་ཁ་བཤད་བཞིན་བཤད་བཞིན་སད་པའི་ལོས་རྒྱུས། གོ་ཆག། ན་ཚ་འདི་ཕྱི་རྒྱལ་ཁག་ལ་ཡང་བགོས་ཡོད་པ་རེད། ལྟོས་དང་། འདི་ན་གསལ་པོ་དག་པོ་ཞིག་བཟོ་ཡ་ཡོད་པ་དེ། བཟོས་ན་ཡག་པོ་རེད།
སྐར་མའི་ནང་གི་འོད་ཆེན།། གོར་གོར་མིག་ལ་ཟུག་ནོ།། ཚེས་པ་བཅོ་ལྔའི་མཁའ་ན།། འཛུམ་པའི་མདངས་ཀྱིས་ཤར་འདུག།
བུ་མོའི་ནང་གི་ཞང་བཟང།། མཛེས་མའི་ནང་གི་རྩེ་གྲ། བོད་ཀྱི་བུ་མོའི་ཁྲོད་ན།། རྗེ་བཙུན་སྒྲོལ་མར་ཤར་འདུག།
སྙན་པའི་སྐད་དེ་སྙན་པ།། འཇམ་པའི་གཤིས་དེ་དྲན་པ།། སྨྲ་དག་ལྕེ་དེ་འཁྱུག་དུས།། གླིང་གི་འབྲུག་མོར་ཤར་འདུག།
ལས་དང་སྐལ་བ་མེད་པས།། འཛམ་གླིང་ཤར་ནུབ་དེད་ཀྱང།། ཨ་རིའི་རྒྱལ་སའི་འདབས་ནས།། ཟི་ལིང་སྒྲོལ་མ་དགའ་གི།
མཐོང་ས་བརྙན་འཕྲིན་ཙམ་རེད།། མཇལ་རྒྱུ་ཡོད་རེ་མེད་ཀྱང།། སྒེག་མོ་ཁྲོམ་འདུས་ཁྲོད་ནས།། སེམས་པ་སྒྲོལ་མར་ཤོར་འདུག
བཀླགས་ནས་ཡོད། རང་ཉིད་ཀྱི་ཚོར་བ་ཐད་བརྗོད་བྱས་པ་ཡག་བྱུང།
ཁུག་རྟ་ཡ་ཁུག་རྟ། ཁྱོད་ཀྱིས་བཤད་ནོ་འདི་དག་གློག་བརྙན་དངོས་དང་བར་ཐག་རིང་བ་ལྟ་བུ་ཞིག་འདུག ལྷག་པར་དུ་ཁྱོད་ཀྱིས་སྒྲོལ་མ་ལ་འབྲུ་བཟའ་སྒྲོལ་མ་ཞེས་འདོགས་དོན་ཡང་དེ་ལས་ཀྱང་ཐག་རིང་ནས་ཐག་རིང་ཞིག་ལ་སོང་བ་མིན་ནམ། དྲང་མོར་བཤད་ན། རྩོམ་ཡིག་འདི་ཀློག་པ་ལས་ཤེས་པ་ནི། སྒྲོལ་མ་ཁྱོད་ཀྱི་བློ་ལ་བབ་པས་སྒྲོལ་མ་ལ་དགའ་བའི་སེམས་ཀྱི་རི་མོའི་གཟུགས་རིས་དེ་རྨ་ཁུག་གྱི་ལིང་ལ་ཁ་གཡར་ནས་བྲིས་པ་ཞིག་རེད་བསམ་འོང་གི་འདུག ཁྱོད་ཀྱིས་དེ་རིང་འདི་ནས་མ་གླེང་བར་དུ་སྒྲོལ་མ་མདོ་འཛིན་པ་གྲགས་ཅན་ཞིག་ཡིན་པ་སྐད་ངག་གཉིས་ཐོག་ནས་གོ་མ་མྱོང་ལ་གང་དུ་བཀོད་ཡོད་པ་མཐོང་འང་མ་མྱོང། གཅིག་བྱས་ན་མཚོ་སྔོན་ཚང་གི་མདོ་འཛིན་པ་ཚང་མ་གྲགས་ཅན་ཡིན་སྲིད་གི་རེད། དེ་ལྟར་ཡིན་ན་ངས་ལྟ་སྟངས་ནོར་བ་རེད། ད་དུང་བཤད་རྒྱུ་ཞིག་ལ་ཁྱོད་ཀྱིས་ངོ་མ་གློག་བརྙན་དེ་གླེང་འདོད་ཡོད་ན་གློག་བརྙན་དེར་ཡང་བསྐྱར་ཞིབ་ལྟ་ཞིག་བྱེད་དགོས་པ་འདྲ།