དོན་གྲུབ་རྡོ་རྗེ།
ཉི་ཟེར་དང་ས་གཞི་ལ་རང་དབང་ཡོད་དུས།
སུ་ཞིག་གིས་ཁྱོད་ཀྱི་སྐུ་སྲོག་ལ་རལ་གྲི་སྦྱར་སོང་།
ལོ་རྒྱུས་དང་གླེགས་བམ་ལ་སྙན་ཆ་ཡོད་དུས།
སུ་ཡིས་ཁྱོད་ཀྱི་སྨྲ་ལྕེ་ལ་དུག་རླངས་བཏང་སོང་།
སྙིང་རྗེ་དང་ཞི་བདེ་ལ་འཚོ་བ་རོལ་དུས།
སུ་ཡིས་ཁྱོད་ཀྱི་སེམས་ཁ་རུ་མིག་ཆུ་བཏབ་སོང་།
༢༠༡༣ ༣ ༡༠