མཚན་མོ་དེ་ནས་ཞོགས་པའི་སྐྱ་མདའ་མ་བཏང་བར།
རྨི་ལམ་གྱི་གྲོང་།
ཁྱེད་ཀྱི་ནི་འཇིགས་སྣང་དང་། དངངས་སྐྲག་འོག
མེ་མདའི་སྐད་སྒྲ་དང་། འབར་རྫས་ཀྱིས་མུན་ནག་འོག
སྙིང་རྗེ་མེད་པའི་མི་སྣ་འགས
རང་དབང་དང་། ཞི་བདེར་སྤྱོད་པའི་སྐྱེས་བོ་དེ་ཚོའི
ཆེས་བླ་མེད་ཀྱི་ཚེ་སྲོག་དག་བཅད་སོང་།
རྒྱང་རིང་རྒྱང་རིང་ནས།
གནས་དེ་ལ་སྨོན་ལམ་དང་།
མྱ་ངན་རེ་མཚོན་པར་བྱེད་རྒྱུ་ཙམ།
ནམ་ཞིག
དུས་བདེ་དང་།
འཇིགས་སྐྲག་བྲལ་བའི
སྤྱི་ཚོགས་ཤིག་ཡོང་བར་ཤོག