འཇིགས་མེད།
ཁྱོད་ཀྱིས་སུ་དང་གང་ལ་མ་བཤད་པ།།
བདག་གིས་ད་དུང་རྣ་བས་མ་ཐོས་པའི།
འཇིག་རྟེན་ཁ་ལ་མངར་བའི་སྦྲང་རྩི
ནམ་ཞིག་བཤད་དམ་བདག་གིས་ནམ་ཞིག་
ཉི་མ་རེ་རེ་ཕར་ལ་འདས་པའི་ཤུལ།།
དྲན་པའི་རྐང་རྗེས་ས་ལ་སྤོས་པའི་
རྨི་ལམ་བཞིན་དུ་གསལ་ལ་མི་གསལ་
བདག་གི་མདུན་དུ་ག་དུས་སླེབས་ཡོ
འཇམ་རྩུབ་མི་ཤེས་ཚོར་བའི་རྨ་ཁ་
དབྱིབས་དང་ཁ་དོག་མི་མཐོང་མིག་ཟུ
གཉིད་མ་སད་ཀྱི་གཅོང་རོང་ཁྱིམ་བྱ
གསོ་བྱེད་ལྷ་ཆབ་སྨན་གྱི་འཕྲིན་
མེ་ལོང་གཟུགས་ཀྱིས་སྟོང་ན་བཀྲག་
སེམས་ཀྱི་རེ་སྙེག་བོར་ན་བདེ་བ་
ངང་སྒུག་ས་སྲོད་མེ་ཕུང་འབར་བྱེ
སྐར་ཚོམ་མེ་ཏོག་མཆོད་པའི་དྲན་རྟེ
ལྷིང་འཇགས་མཚན་མོ་དྲན་པའི་རྨི་
ཉིན་མོའི་འཚོ་བ་གདུང་བས་མཆི་མས་
ཐུག་འཕྲད་གསེར་བུམ་བདུད་རྩིས་
དགའ་སྤྲོའི་ལྷ་རྔ་དཀར་པོ་ནམ་ཞི
དྲོད་ཁོལ་མ་ཡལ་བརྩེ་བ་མ་འཁྱགས་
ཁྲག་དང་རྣག་གི་འདྲེས་སྦྱོར་མ་
ཕྱི་མའི་མགྲོན་ཤོག་ལག་ལ་མ་འབྱོ
ལག་པའི་ནང་ཤའི་རི་མོ་སྟོན་ཤོག་
རེ་སྒུག་གི་མི་ཚེ། ངང་སྒུག་གི་དུང་བ།
འཕྲད་ཐུག་གི་སྡུག་བསྔལ། ཟ་འདོད་ཀྱི་ཧམ་སེམས།
དེ་དག་ཐམས་ཅད་ནི་སྟོང་པ་ཉིད་ཁོ་ནའོ།།