ཀླུ་སྨྱོན།
མཛེས་དང་མི་སྡུག་ཚོན་གྱིས་མ་བྲིས་རང་བྱུང་རིག་པའི་ལྷ་མོ་ཁྱེད། །
གཅིག་དང་དུ་མའི་རྣམ་རྟོག་ལས་འདས་སེམས་ཀྱི་ཟབ་སར་བཞུགས་ནས་བཟུང་། །
ཉིན་དང་མཚན་མོའི་དུས་ཀྱི་འཁོར་ལོར་སྙན་ངག་བདུད་རྩིའི་རོ་མཆོག་སྩོལ། །
གང་དང་གང་ལ་སྙིང་ནས་དུང་བའི་རྨི་ལམ་ཞིང་གི་མཛའ་མོ་དྲན། །
དགའ་སྐྱོ་ཆགས་སྡང་སེམས་ཀྱི་ཚོར་བ་མ་ལུས་སྨྱུ་གུའི་རྩེ་རུ་འདྲེན། །
འབྲོག་པའི་རྩྭ་ཐང་རོང་པའི་ཞིང་ཁར་རྐང་རྗེས་འཇོག་བཞིན་འཇོག་བཞིན་འོངས། །
ཆབ་རོམ་མ་ལུས་སྨུག་སྤྲིན་ལ་བསྒྱུར་རི་བོའི་སུལ་་དུ་གཉིད་ཀྱང་ལོག །
དཔྱིད་ཀྱི་དཔལ་མོའི་མགུལ་དུ་འཁྱུད་པའི་དུས་སྟོན་དེ་ཡང་རིངས་པར་བསླེབ། །