ཀླུ་སྨྱོན།
ཤ་ཁུ་དེ་དང་ཤ་རྡོག་དེའི་རྐྱེན་གྱིས།
མདང་དགོང་གཉིད་ཡུལ་བདེ་ཞིང་རྨི་ལམ་འཕེལ།
རབ་རིབ་དང་ཟང་ཟིང་མང་པོ་ཞིག་བརྒྱུད་རྗེས།
ད་གཟོད་རྨི་ལམ་དེ་གློག་བརྙན་བཞིན་མགོ་བཙུགས་སོང་།
སུ་ཞིག་གིས་ཇུས་འགོད་བྱས་པ་མི་ཤེས་པར།
ང་རང་བྱིས་གཉོར་བ་ཞིག་ཆགས་འདུག
བྱིས་པ་དེའི་ཁ་སྣ་དང་རྐང་ལག་སྙིང་རྗེ་བོ་དེས།
ངའི་ཁྲག་རྩ་ཡོད་ཚད་དམ་དུ་བསྡམས་ཤིང་།
བྱིས་པ་དེ་དགོད་དུས་སུ་ང་ཡང་དགོད་པ་དང་།
བྱིས་པ་དེ་ངུ་དུས་སུ་ང་ཡང་ངུ་བཞིན་འདུག
རྐྱེན་ཅི་ཞིག་གི་དབང་གིས།
ངས་བྱིས་པ་དེ་རུམ་ནས་ལམ་དུ་ཆས་སོང་།
ལམ་བར་དུ།
གླང་འདྲུད་ཤིང་རྟ་འཁོར་ལོ་མང་པོ་ཞིག་ཞིང་གྲོང་བརྒྱུད་ནས་ངའི་མདུན་དུ་བསླེབས་ཤིང་།
འཁོར་ལོ་རེ་རེའི་ནང་དུ་ཡང་གསོད་སར་འཁྲིད་པ་ལྟ་བུའི་བ་གླང་འགའ་རེ་བཅུག་འདུག་ཅིང་།
ངས་བ་གླང་དེ་དག་མཐོང་བའི་སྐད་ཅིག་མར།
ངའི་སེམས་ཁོང་ཧྲིལ་བོ་སྙིང་རྗེས་བརླན་སོང་།
ངའི་མིག་མཐའ་ཡོངས་རྫོགས་མཆི་མས་སྦངས་སོང་།
བྱིས་པ་དེ་སྙིང་ཇེ་རྗེ་ཡིན་པའི་ཞོགས་པ་ཞིག་ལ།
ངེད་ཅག་གཙང་བོ་ཆེན་པོ་ཞིག་གི་འཁྲིས་སུ་འབྱོར་ཞིང་།
གཙང་བོའི་ཕ་རོལ་ཏུ་བགྲོད་ཐུབ་པའི་གདེང་ཚོད་མེད་པའི་དུས་དེར།
བྱིས་པ་དེས་རི་མོ་ཞིག་བྲིས་བྱུང་།
དེ་ནི་སྙིང་རྗེ་བའི་བྱེའུ་ཞིག་གི་གཟུགས་རིས་རེད།
གང་ལྟར།
བྱེའུ་དེའི་ལུས་སྟེང་དུ་ཚོན་སྣ་གང་ཞིག་འབྱུག་མིན་ཐད་བསམ་བློ་གཏོང་བའི་སྐབས་དེར།
རི་བོ་རལ་ཞིང་ཆུ་བོ་འཁྲུགས་པའི་སྒྲ་སྐད་ཅིག་གིས།
ང་རང་ངའི་སྙིང་རྗེ་བའི་བྱིས་པ་དེ་དང་ཁ་ཕྲལ་བ་དང་།
ང་རང་ངའི་གོ་རིམ་ལྡན་པའི་རྨི་ལམ་འདི་ལས་དཀྲོགས་སོང་།
དེ་རིང་།
ངས་ཡང་སྐྱར་ཤ་ཁུ་ཞིག་དང་ཤ་རྡོག་ཅིག་གྲ་སྒྲིག་བྱས་ཏེ།
དོ་དགོང་།
ཡང་སྐྱར་ངའི་སྙིང་རྗེ་བའི་བྱིས་པ་དེ་ཁྲིད་ནས།
གཙང་བོ་གྱ་གྱུ་མ་དེ་བགྲོད་རྒྱུའི་སེམས་ཐག་བཅད་པ་ཡིན།
༡༠༽ lala ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག
ཀླུ་སྨྱོན་མཆོག
གཉིད་ལ་ཡུར་བའི་མི་དེ་ཁྱེད་ཨེ་ཡིན།
ཡིན་ན་་སྒེག་མོའི་པར་རིས་ཅི་ཡི་ཕྱིར།།
རྨི་ལམ་མངོན་སུམ་གཉིས་ཀྱི་བར་དོ་ན།།
མངོན་སུམ་རྨི་ལམ་ཉིད་ལས་ཅིས་མ་འགོངས།།
གོང་གི་མཛེས་མ་འདིའི་མྱོས་བུམ་མཐོང་ནས་ང་སྨྱོ་ལད་ཅིག་བྱས་སོང་།
འེ། ད་ཅང་མ་འགོར་བར་ཨ་ལག་ཚང་གིས་མཁའ་འགྲོ་མ་ཞིག་བཞེས་རྒྱུ་ཡིན་པ་འདྲ།།
ཀླུ་སྨྱོན་ལགས། ངས་ཁྱེད་ཀྱི་རྨི་ལམ་དེ་ཡང་བསྐྱར་མུ་མཐུད་མཐོང་རྒྱུར་སྨོན་ལམ་འདེབས་ཀྱིན་ཡོད། དེ་འདྲའི་རྨི་ལམ་དེ་ང་ཡང་མཐོང་ན་འདོད།