རྔ་བ་རྒྱལ་ཁམས་པ།
ང་ཚོ་བོད་ཀྱི་ཁ་རྒྱུན་ཞིག་ཏུ༼རྨི་ལམ་མི་བདེན་རྨི་ལམ་རྫུན།། གཤིན་རྡོ་ཐོག་བཏང་བ་བརླ་ཐོག་ཡིན།།༽ཞེས་ཤོད་སྲོལ་ཡོད་པ་ལྟར། སྤྱིར་རྨི་ལམ་ཟེར་བ་གཉིད་སད་ཚེ་ཅིའང་མེད་པས། ཆ་འཇོག་བྱ་རྒྱུ་ཆེར་མེད་རུང་། སྐབས་ལ་ལར་རྨི་ལྟས་ཁྱད་པར་ཅན་རེ་ཟུང་གིས། དུས་གསུམ་གྱི་བྱ་དངོས་དང་འབྲེལ་བའི་ལྐོག་གྱུར་རིགས་ཀྱང་། གསལ་བོར་སྟོན་ཐུབ་ཀི་ཡོད་རབས་འདུག ངས་འདི་ནས་རང་གི་རྨི་ལམ་ཟིན་ཐོ་ལས། ང་ཚོ་བོད་ཀྱི་གནས་ཚུལ་དང་འབྲེལ་བའི་རྨི་ལམ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། རྨི་ལམ་འདི་ཉིས་སྟོང་ལྔ་ལོའི་རྨི་ལམ་ཚོར་ཤུགས་ཆེ་ཤོས་དེ་ཡིན་སྟབས། ད་ལྟའང་སེམས་ནང་ལྷང་ལྷང་དྲན་ཡོང་གི ཕྱོགས་བཞིའི་ལམ་ཆེན་བསྣོལ་མཚམས་ཀྱི་རྔ་རྫོང་སྲང་ལམ་ཞིག་ཏུ། ཤིང་གི་བཞུགས་སྟེགས་སྟབས་བདེ་བོ་ཞིག་གི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞེངས་སྟབས་སུ་བཞུགས་འདུག རྟ་དང་། ནོར། བོང་བུ་སོགས་ཞོན་པའི་བོད་ཀྱི་ཞིང་འབྲོག་ཁྲི་འབུམ་མང་བོས། ལག་ན་ཁ་དོག་སྣ་ཚོགས་པའི་མཇལ་དར་ཐོགས་ནས་༧གོང་ས་མཆོག་སྐོར་ཡོང་གི་འདུག ལྷག་པར་ཚོར་སྣང་གསལ་ཤོས་ཤིག་ལ། རྒྱལ་བའི་མདུན་ངོས་ཀྱི་ལམ་ཆེན་ཐོག ཞོགས་པའི་ཉི་ཟེར་གྱིས་འཁྱུད་པའི་རྒྱ་ནག་གི་རྒྱལ་དར་དམར་བོ་མཁའ་དབྱིངས་སུ་ལྷབ་ལྷུབ་གཡོ་ཞིང་། དེའི་གཡས་གཡོན་ན་མདོ་སྔགས་ལུགས་སུ་བྲིས་པའི་བོད་ཀྱི་གོས་སྐུ་ཆེ་ཆུང་། མདངས་རབ་ཏུ་འཚེར་ཞིང་། རི་མོའི་རྣམ་པ་ཕྲ་རགས་ཚང་མ་གསལ་བོར་མཐོང་རྒྱུ་ཡོད་པ། མཐིང་མདོག་གི་ནམ་མཁའ་དང་འདྲེས་པ། གཙང་ཞིང་ཡིད་དུ་འོང་བའི་རབ་བྱུང་གི་སྡེ། ཤ་མདོག་དཀར་ཞིོང་བརྗིད་ཉམས་ཆེ་བ། ན་བཟའ་གཙང་ཞིང་ཡིད་དུ་འོང་བ། ཆོས་གོས་དང་སྣམ་སྦྱར་གྱི་མདོག་ཅུང་སེར་ནག་གྱོན་པ། བཞུགས་གདན་ཤིན་ཏུ་གཙང་མའི་ཐོག་ཡར་ལངས་ནས། ༧གོང་ས་མཆོག་ལ་ཕྱག་འཚལ་བཞིན་པའི་མོད་ལ་གཉིད་ལས་སད། སྐབས་དེར་ཞོགས་ཀའི་ཆུ་ཚོད་ལྔ་བ་ཡས་མས་ཤིག་གི་སྒང་རེད། ཅིག་བྱས་ན་རྨི་ལམ་འདིས་ང་ཚོའི་མ་འོངས་པར་འགྲེལ་བརྗོད་ཅིག་བྱས་ཡོད་ཤས་ཆེ། རྨི་ལམ་ཤེས་མཁན་ཚོས་འགྲེལ་བཤད་རེ་གནང་རོགས། གལ་སྲིད་ཁྱེད་རྣམ་པས་ངའི་རྨི་ལམ་འདི་དོན་མེད་རྟོག་འཆར་ཁོ་ན་ཞིག་ཡིན་པར་དགོངས་ཚེ། འདིའི་ཐད་དུས་ཚོད་འཕྲོ་བརླག་མི་གཏོང་རོགས་ཞུ་བ་ཡིན།
IôGÅ-qô-¾GÅü Eôh-zhï-¤ô-»Ûm-m¤ü P-h-hÝP-¤-ÁÛ-z¼-ºWÛG-dïm-ºhÛ¼-»ôhü hÝÅ-±ôh-¼ï-»ôh-hÝÅ-JÀôG-ºyÛm-¼ï-zÇ+ݼ-¼ôGÅü PÅ-©Û-¾¤-¤P-zô-GbôP-GÛ-»ôhü hïºÛ-mP-mÅ-hïP-hÝÅ-ˆÛ-ÇeïP-¿Ë-»Þ¾- Í-¼ÛºÛ-hG-ŸÛP-im-ŸÛP-©Û-¾¤-GbôP-GÛ-»ôhü hïºÛ-Ÿô¼-¾-zôh-ˆÛ-¤-ºôPÅ-q-©Û-¾¤-GbôP-hGôÅ-q-¤Ûm-ºIôü W-¼ï-ºfÞP-ü Gb¤-¼ï-Áôh-hP.ü ºhÛ¼-hÝÅ-±ôh-ºzï¾-zô-»ôhüÈ-!È-!ÎÈ-!ÎÈÏ-ÈÏ-¾z-¼ÛP-»Ûmü
རྒྱལ་ཁམས་པ་འདི་ཡང་ང་དང་འདྲ་བར་རྨི་ལམ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་འདྲ།
རྨི་ལམ་འདི་ལ་བལྟས་བཟང་བོ་ཞིག་ཤོད་རྒྱུ་ཡོད་པ་ཏན་ཏན་ཡོད་ཤག་རེད།
བོད་རྒྱ་མཉམ་གནས་དབུ་མའི་ལམ་བཟང་མཚོན་ས་རེད། གཞན་མི་ཤེས།
རྨི་ལམ་བརྟག་པ་ལ་མཆོག་ཏུ་གྱུར་པ་ཟླ་མེད་ཕེབས་ནས་བརྡ་དཀྲོལ་གནང་རྒྱུ་རེད་པས་དེ་བར་དུ་ཚང་མས་སྒུགས་རོགས་ཞུ།།
དབུ་མའི་ལམ་གྱི་འབྲས་བུ་སྨིན་རྟགས་སུ་མཐོང་། །
IôGÅ-qô-¾GÅü Eôh-zhï-¤ô-»Ûm-m¤ü P-h-hÝP-¤-ÁÛ-z¼-ºWÛG-dïm-ºhÛ¼-»ôhü hÝÅ-±ôh-¼ï-»ôh-hÝÅ-JÀôG-ºyÛm-¼ï-zÇ+ݼ-¼ôGÅü PÅ-©Û-¾¤-¤P-zô-GbôP-GÛ-»ôhü hïºÛ-mP-mÅ-hïP-hÝÅ-ˆÛ-ÇeïP-¿Ë-»Þ¾- Í-¼ÛºÛ-hG-ŸÛP-im-ŸÛP-©Û-¾¤-GbôP-GÛ-»ôhü hïºÛ-Ÿô¼-¾-zôh-ˆÛ-¤-ºôPÅ-q-©Û-¾¤-GbôP-hGôÅ-q-¤Ûm-ºIôü W-¼ï-ºfÞP-ü Gb¤-¼ï-Áôh-hP.ü ºhÛ¼-hÝÅ-±ôh-ºzï¾-zô-»ôhüÈ-!È-!ÎÈ-!ÎÈÏ-ÈÏ-¾z-¼ÛP-»Ûmü
༧ རྒྱལ་བ་རིན་པོ་ཆེ་ལ་ཁོང་རང་གི་སྐུ་ཚེ་ལ་རང་སྐྱོང་ཐོབ་པའི་ཐུགས་སྟོབས་ཡོད་ན་དབུ་མའི་ལམ་འགྲིགས་པ་རེད། དེ་ཐོབ་རྗེས་ལམ་ཁ་གང་བསྒྱུར་རེད། དེ་འདྲའི་ཐུགས་སྤོབས་མེད་ན་རྒྱ་བོད་མཉམ་གནས། མཉམ་འབྲེལ། མཉམ་སྐྱོང་། མཉམ་འདྲེས། བུད་མེད་ཀྱི་མལ་ས་ནས་མི་རིགས་གཅིག་ཏུ་འགྱུར་བའི་ལམ་རང་རེད། རྒྱ་ནག་གིས་མི་རིགས་སྲིད་འཇུས་དང་ཁྱད་པར་ཡོད་པ་མ་མཐོང་། ཁོང་གི་དབུ་མའི་ལམ་དང་ཟམ་གདོང་གི་གསལ་བཤད་བཅས་ལ་ལེགས་པར་བལྟས་པ་ཡིན། དང་པོ་དབུ་མའི་ལམ་གུ་ཡངས་པོ་ཞིག་སྣང་ཡང་རྒྱ་བོད་འཕྲད་ཐེངས་རེ་དང་གསལ་བཤད་བྱེད་ཐེངས་རེར་ཁ་གསལ་ཏུ་སོང་རྒྱ་ཆུང་རུ་སོང་ནས་ད་རྐང་ལམ་ཕྲ་མོ་ཀྱོག་ས་མེད་པ་ཞིག་ཏུ་འཛུལ་ཚར་བ་འདྲ། ད་ཅི་བྱ་ཞེ་ན་རྒྱལ་བ་ཐམས་ཅད་མཁྱེན་པ། རང་རེའི་སྐྱབས་གནས་ཀྱི་དགོངས་པ་ཟབ་མོ་འདི་ཤེས་དཀའ་བས་དགོས་པ་རེ་ཡོད་རྒྱུ་རེད་ཟེར་ནས་དག་སྣང་སྦྱང་ནས་བསྡད་ན་འདི་ཕན་ཕྱི་ཕན་རེད། རྩོད་པ་བྱེད་མཁན་རྣམས་ཀྱིས་སྐྱོན་བརྗོད་ལས་ལམ་ཁ་གསར་བ་མ་རྙེད་ཚེ་ཀུན་ཀྱིས་བཀུར་བའི་མི་དེར་ཐག་གཅོད་བྱེད་བཅུག་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ན་ཕན་པ་ཆེ་སྙམ།
མཆན་འབྲི་ས་ནོར་སོང་། རྨི་ལམ་མཁན་པོ་ཟླ་མེད་ཕེབས་ཤིང་ཚེ་རིང་མའི་བརྡ་མོ་མངོན་ཤེས་གསལ་བྱེད་ཀྱི་སྒོ་ནས་འགྲེལ་བཤད་ཡག་པོ་ཡོངས་པའི་རེ་བ་ཡོད།