ཀླུ་སྨྱོན།
བདག་དགོང་ཡང་ཤ་ཁུ་ཞིག་བཏུངས་ཤིང་ཤ་རྡོག་ཅིག་ཟོས་པས།
འཁྲུལ་སྣང་ཟ་ཟི་མང་པོ་ཞིག་གི་རྗེས་སུ།
གཞི་ནས་ཁ་སང་དགོང་མོའི་རྨི་ལམ་དེའི་རྗེས་ཟིན་སོང་།
གཙང་པོ་དེའི་ཕ་རོལ་ཏུ་བསླེབས་འདུག
ཡིན་ན་ཡང་བྱིས་པ་དེ་ངའི་འཁྲིས་སུ་མེད་པར།
སློབ་དཔོན་གྲུབ་པའི་དབང་ཕྱུག་ཁོང་ང་དང་ལྷན་དུ་བཞུགས་འདུག
ཁོང་གིས་ལོ་ཉི་ཤུའི་སྔོན་གཤེགས་ཟིན་པའི་སློབ་དཔོན་གཞན་ཞིག་གི་ཞལ་ཆེམས་ཏེ།
རྩ་མེད་པའི་སླ་ལས་རྩིངས་ལས་པོ། །
ཚེགས་མེད་ན་ཞིབ་ལས་དག་ལས་མཛོད། །
ཅེས་པའི་ཚིག་རྐང་གཉིས་པོ་དེ་ཕྱག་བྲིས་གནང་གིན་འདུག་ལ།
ཡིག་འབྲུ་རེ་རེའི་མར་གཤམ་དུ།
སྙིང་རྗེ་བའི་བྱེའུ་ཞིག་གི་གཟུགས་རིས་འབྲི་གནང་གིན་འདུག
ཁོང་གི་ཕྱག་བྲིས་དེ་དག་ལས།
ངས་འདས་ཟིན་པའི་རང་གི་སློབ་དཔོན་གྱི་བཀའ་དྲིན་དྲན་བྱུང་ལ།
ངས་ཁོང་གི་སྒལ་གཞུང་ལ་འཕྲུག་དུས་སུ་ཁོང་གིས་གསུངས་ཤིང་།
ངས་ནམ་ཡང་བརྗེད་མི་ཐུབ་པའི་ཟབ་བརྗིད་ཀྱི་གསུང་ཚིག་ཅིག་སྟེ།
ངའི་ཚེ་གཡང་ཁྱོད་ལ་བྱིན་པ་ཡིན།
ངའི་ཆོས་གཡང་ཁྱོད་ལ་གཡར་བ་ཡིན།
ཞེས་པ་དེ་ཡང་དྲན་ཡོང་།
ངས་གཙང་པོ་དེའི་འགྲམ་རྒྱུད་དུ་བལྟས་པ་ན།
ཧ་ཅང་རྒྱུས་ཡོད་པའི་ཁང་བརྩེགས་འགའ་ཞོགས་པའི་སྨུག་ཞགས་ཀྱི་ཁྲོད་དུ་རབ་རིབ་ངང་མཐོང་ཐུབ་ཅིང་།
གཙང་པོ་དེའི་ཁ་ཞེང་ལ་དཔགས་ན།
ང་རང་ཡང་སྐྱར་གཙང་པོ་དེའི་ཕ་རོལ་དུ་བགྲོད་རྒྱུ་དེ་ནི།
ཧ་ཅང་དཀའ་ཚེགས་ཆེ་ཞིང་།
ཧ་ཅང་ལྐོག་གྱུར་གྱི་གནས་ལུགས་ཤིག་ཡིན་པ་འདྲ།
ཀླུ་སྨྱོན་ལགས།
གང་དུ་ལས་ཀྱིས་འཕངས་པ་དེ།
དེ་རུ་ལས་ཀྱིས་འདྲེན་པར་བྱེད།།
སྣང་བ་སྣ་ཚོགས་རྨི་ལམ་ཡིན།།
རྨི་ལམ་རྨི་ལམ་ཤེས་པར་མཛོད།།
ཨོ་ད་ཡིན་ན་ལུང་བསྟན་ཁ་ཚ་དགོས་གཏུགས་མ་ཞིག་གསུངས་འདུག ཡིད་འོང་མ་ལ་གསོལ་བ་འདེབས། དོ་དགོང་ངའི་རིམ་ལ་ཕེབས་པར་ཤོག
འདང་ནུབ་ང་ལ་བྱུང་བའི་རྨི་ལམ་དེ་ནི་དངོས་ནས་བློ་ཡུལ་དུ་ཤར་མི་ཐུབ་པ་ཞིག་རེད། ཁོམ་པ་མི་འདུག་མ་གཏོགས་དྲ་ངོས་སུ་བཏབ་ནས་སྤུན་ཟླ་དག་གིས་རོ་མྱོང་བྱས་པ་ཡིན་ན། དངོས་ནས་ཧ་ལས་པ་ཞིག་འདུག་མོད། རེད་དེ། རྨི་ལམ་ནི་རྨི་ལམ་དུ་ངེས་འཛིན་གྱིས་བཞག་ཡོད།
ཅི་རེད། ཀླུ་སྨྱོན་གྱིས་རྨི་ལམ་བྲིས་ན་ཁྱོས་ཀྱང་རྨི་ལམ་འབྲི་འདོད་པ་ཨེ་རེད། འབྲི་ན་ཕྲིས་དང་ངེད་ཚོས་བལྟ་ཡ། ད་དུང་མཆན་བུ་འདྲ་ཡང་འདེབས་ཡ།
གཅན་བཟོད་རྒྱམ་ལགས།
བག་ཆགས་རྨི་ལམ་དུ་སྣང་བ་སོ་སྐྱེའི་ཤིས།
རྨི་ལམ་རྨི་ལམ་ཤེས་དང་་་་་རིམ་གྲོའི་དགོས་པ་མེད།
སྔོན་གྱི་བག་ཆགས་ཤིག་གིས། །
རྨི་ལམ་ནང་ནས་ཕྲད་བྱུང་། །
སྐྱིད་པའི་གཉིད་ལས་སད་དུས། །
མཇེ་ངན་ལག་པས་བཙིར་འདུག །
འགྲོ་བཞིན་འགྲོ་བའི་ཀྱག་ཀྱོག་སྲང་ལམ་དུ།
སུ་ཞིག་འཕྲད་པའི་སྣང་བ་རྟག་ཏུ་འཆར།
འགྲོ་བཞིན་འགྲོ་མུར་མི་ལོ་སུམ་བཅུ་བརྒལ།
ད་ནི་འཆི་བདག་མ་གཏོགས་སུ་ཡིས་གཟིགས།