རྨི་ལམ་ནི་བསམ་བློ་ཞིག་ལས་གཞན་གང་ཡང་མིན། ཡང་ན་དེ་བསམ་བློ་དང་འཚོ་བ་གཉིས་གདོང་ཐུག་རྒྱབ་པ་ལས་འཕྲོས་པའི་མེ་སྟག་ཅིག་ཡིན་ཞེས་བཤད་ན་ཡང་མ་འགྲིགས་པ་ཅི་ལ་ཡོད། རྨི་ལམ་ནི་བསམ་བློ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཀྱི་མི་ཚེ་དང་ནམ་ཡང་འབྲེལ་བསྡད་ཡོད་པར་མཐོང་།
རྨི་ལམ་ནི་རེ་བ་ཡིན་ཞེས་ཀྱང་བརྗོད་པར་འདོད། རྨི་ལམ་གྱིས་ནམ་ཡང་ཁྱེད་རང་སྔོན་དུ་ཁྲིད་ནས། ཁྱེད་རང་མངོན་འགྱུར་གྱི་ཞིང་ལ་ཁྲིད་ནས། ཁྱེད་ལ་སྔོ་ལྗང་གི་འཇིག་རྟེན་དེ་སྟོན་ངེས། གལ་སྲིད་རྨི་ལམ་ལ་བདག་ཉར་ཡག་པོ་བྱས་ན།
དེ་བས་རང་གི་བྱིས་པ་བཞིན་རྨི་ལམ་ལ་བདག་སྐྱོང་ཡག་པོ་གྱིས། གལ་སྲིད་རྨི་ལམ་ནི་དགོས་མེད་ཀྱི་དངོས་པོ་ཞིག་བཞིན་གཡུག་བཞག་ན་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་ཞེས་ཀྱང་ཡིན་སྲིད།
རྨི་ལམ་ནི་གསང་བ་ཞིག་ཀྱང་ཡིན། དེ་ནི་རྨི་ལམ་གྱི་གསང་བ་མ་ཡིན་པར་བསམ་བློའི་གསང་བ་ཡིན།
ཨོ་རྨི་ལམ་ནི་སྦྱང་གཞིའི་རིག་པ་ཞིག་ཡིན། རྨི་ལམ་ནི་སེམས་ཁམས་རིག་པ་ཡིན།
ཡོད་པས་ཡོད་གོ་མི་ཆོད་རྨི་ལམ་གྱི་མཛེས་མ།
མེད་པས་མེད་གོ་མི་ཆོད་རྨི་ལམ་གྱི་བཙོན་ཁང་།
རེ་དོགས་གཅིན་སྐྱག་བརྫིས་པའི་རྨི་ལམ་གྱི་བག་ལེབ།
དུག་གསུམ་ཡི་དྭགས་འགོང་བོའི་ཁ་ཟས་སུ་བྱིན་ཤོག
ཡོད་པས་ཡོད་གོ་མི་ཆོད་རྨི་ལམ་གྱི་མཛེས་མ།
མེད་པས་མེད་གོ་མི་ཆོད་རྨི་ལམ་གྱི་བཙོན་ཁང་།
རེ་དོགས་གཅིན་སྐྱག་བརྫིས་པའི་རྨི་ལམ་གྱི་བག་ལེབ།
དུག་གསུམ་ཡི་དྭགས་འགོང་བོའི་ཁ་ཟས་སུ་བྱིན་ཤོག
བྱིས་པ་བྱིས་པའི་ཚོད་ཀྱི་རྨི་ལམ་ཞིག།
རྟོགས་ལྡན་རྟོགས་ལྡན་ཚོད་ཀྱི་རྨི་ལམ་ཞིག།
རང་རང་ས་ན་དེ་ལ་འགྲེལ་བ་རེ།།
མི་རེའི་སེམས་ན་དེ་ལ་ལྟ་སྟངས་རེ།།
ཇི་སྲིད་ལུས་ཀྱི་སྨེན་གོང་མ་ཞིག་པར།།
ཇི་སྲིད་ཀླད་རྩའི་རྒྱུ་མཚམས་མ་བཞག་པར།།
རྨི་ལམ་རྨིས་ནས་ཚར་དུ་ག་ལ་ཡོད།།
སུ་ལ་བྱིན་འཇོག་ས་ཞིག་གང་ན་ཡོད།།
སྙན་ངག་གི་ནང་དུ་བྱིན་ཟེར་བ་ཐམས་ཅད་ལག་པས་བཟུང་ནས་སྟེར་རྒྱུ་ཞིག་ཡོད་དགོས་ན། ཅིག་ཅིག་ལ་དགའ་བ་བྱིན་དང་། ཅིག་ཅིག་ལ་མྱ་ངན་བྱིན་ཞེས་པ་ཐམས་ཅད་གང་ལ་འཁྱེར།
སུ་ལ་བྱིན་འཇོག་ས་ཞིག་གང་ན་ཡོད་ཅེས་བྲིས་པ་མ་གཏོགས་ལག་པས་བཟུང་ནས་བྱིན་ཟེར་ནས་བྲིས་མེད།
རྨི་ལམ་བསམ་བློ་ཁོ་ནའི་གསང་བ་ཡིན་ན་འཆི་ལྟས་སོགས་ག་རེ་ཡིན་ནམ།
རྨི་ལམ་མི་བདེན་རྨི་ལམ་བདེན། གཅུན་རྡོ་ཐོག་བཏང་བ་བརླ་ཐོག་ཡིན། ཞེས་དཔེ་ལྟར། རྨི་ལམ་ལ་ཡིད་ཆེས་དང་ཡིད་སྟོན་བྱེད་ས་གཏན་ནས་མེད།
རྨི་ལམ་ནི་འོངས་པའི་ལུང་བསྟན་རེད།