རླུང་དམར།
དེ་རིང་། ངས་འདི་ལྟར་སྐུ་ངོ་སྤེན་པ་ཚེ་རིང་གི་རྩ་དོན་བདེན་སྲུང་གི་བསམ་བློའི་སྙིང་སྟོབས་གླེང་གིན་ཡོད། ང་ཚོ་བཙན་བྱོལ་གྱི་བོད་མི་ཆེ་ཆུང་བར་གསུམ་སུ་ཞིག་ཡིན་ཡང་འུ་ཚོས་ད་ལྟའི་བོད་ཀྱི་བཙན་བྱོལ་གནས་བབ་ལ་བལྟས་ཏེ་མནོ་བསམ་རེ་བཏང་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཆབ་སྲིད་བསྒྲུབ་སྟངས་ནི་ཆེས་མུན་ནག་གི་སྤྱོད་ཚུལ་ཞིག་རེད། ཉེ་ཆར་བཙན་བྱོལ་བོད་མིའི་བཀའ་ཤག་དང་སྲིད་སྐྱོང་གིས་རང་རེའི་ལྷག་བསམ་སྙིང་སྟོབས་ཅན་གྱི་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་དོན་གཅོད་ནས་ལས་མཚམས་བཞག་ཏུ་བཅུག དོན་མེད་དུ་ནག་ཉེས་མེད་པའི་“ཉེན་བརྡ་མཐའ་མ་“ཟེར་བའང་བཏང་། ཡིན་ཡང་། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་བོད་ཀྱི་རྩ་དོན་སྙིང་བཅངས་བྱེད་མཁན་ཞིག་ཡིན་ལ། བདེན་པ་རང་སྲུང་གི་དཔའ་བོ་ཞིག་ཡིན་པས། ཁོང་གིས་རང་ཉིད་ཀྱི་ལས་མཚམས་མཇུག་མ་སྒྲིལ་བར་ཏུ་བཀའ་ཤག་དང་སྲིད་སྐྱོང་གི་མ་ཉེས་ཁ་གཡོག་གི་རྙོག་གཏམ་དེ་དག་ལ་ལན་འདེབས་བྱས་མེད་ཀྱང་། རྒྱུ་མཚན་ནི། བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས་ལ་བརྩི་བཀུར་བླ་མེད་བྱས་ཏེ་བསྡད་པ་རེད། ཡིན་ཡང་། བློ་སངས་དང་བཀའ་ཤག་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ལ་བརྩི་མཐོང་མ་བྱས་པར་སྐུ་ངོ་སྤེན་པ་ཚེ་རིང་ལ་དོན་མེད་དུ་རྒྱུ་མ་ནག་འདེད་བགྱིས་ཏེ་བཙན་བྱོལ་བོད་མིའི་བར་ལ་ཕུ་དཀྲུག་མདའ་དཀྲུག་བྱས་སོང་། དེ་དག་ནི་བཙན་བྱོལ་ལོ་རྒྱུས་ནང་གི་ནག་ཉེས་ཚབས་ཆེན་དེ་རེད། ལར་ནས་གླེང་ན། ༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་རྒྱ་ཆེན་བཞེས་ཏེ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་དོན་གཅོད་ལ་བསྐོས་པ་ནི་བཙན་བྱོལ་བོད་མི་སྤྱིའི་མ་འོངས་མདུན་ལམ་ཞིག་གི་ཆེད་དུ་ཡིན་ལ། དེ་ལྟ་ནའང་། ང་ཚོས་ངེས་པར་ཏུ་ཤེས་དགོས་རྒྱུ་ནི་སྐུ་ངོ་མཆོག་ཨ་རིའི་དོན་གཅོད་ལ་བཞུགས་པའི་རིང་བོད་ཀྱི་རྩ་དོན་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་དང་། ཨ་རིའི་ནང་གི་གཞུང་འབྲེལ་མི་སྣ་གལ་ཆེན་རིགས་ལ་འབྲེལ་འདྲིས་བྱས་ཏེ་བོད་དོན་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ཧུར་ཐག་འབད་ཐག་མང་པོ་གནང་འདུག མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་སྐད་གྲགས་ཅན་འགའ་ཡང་རྡ་སར་གདན་འདྲེན་བྱས་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་གནང་དུ་བཅུག་སྟེ་བོད་ཀྱི་རྩ་དོན་ཐད་ལ་བཀའ་མོལ་ལེགས་པོ་སོགས་གནང་ཐུབ་པའི་ལས་ཀ་ཤིན་ཏུ་ཡག་པོ་བསྒྲུབ་པ་རེད། དེ་མིན། ཨ་རིའི་ནང་དུ་ཡོད་པའི་གཞུང་འབྲེལ་གྱི་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ། ཆོས་ཚོགས་ཁག་སོགས་ལ་འབྲེལ་བ་མང་ཙམ་བཙུགས་ཏེ་བོད་ཀྱི་ཆོས་དང་། རིག་གཞུང་། རྩ་དོན་གྱི་སྐོར་ལ་གོ་རྟོགས་མང་པོ་སྤེལ་ནས་རང་ནུས་གང་ལྕོགས་ཀྱིས་བདེན་པ་རང་སྲུང་གི་ཕྱག་ལས་དཔེ་ཡག་པོ་གནང་ཡོད་འདུག ང་ཚོའི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཁོག་ལ་གདོན་ཞུགས་པའམ་མགོ་ལ་རྭ་ཅོ་སྐྱེས་ཏེ་བཙན་བྱོལ་བོད་མིའི་མི་སྣ་འཇོན་ཐང་ཅན་དང་། ཕྱི་གསལ་ནང་གསལ་ཅན། ལྷག་བསམ་གཞུང་དྲང་གི་མི་སྣ་གལ་ཆེན་སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུ་ཞིག་ལ་སྐྱོན་མེད་སར་སྐྱོན་བཏེགས། ནག་ཉེས་མེད་སར་ནག་པོ་བཟོས། རྩ་དོན་སྙིང་བཅངས་ཀྱི་བདག་པོ་ངོ་མའི་རྐུབ་སྟེགས་ཐོག་ལ་སོ་སོའི་བློ་མཐུན་གྱི་གྲོགས་པོ་བཞག་སྟེ་འདུག་མོད། དེ་ནི། སྲིད་སྐྱོང་བློ་སངས་ཀྱི་བསམ་བློ་མེད་པའི་སྤྲེའུ་ལད་ཀྱི་བྲོ་གར་འཁྲབ་སྟངས་ཤིག་རེད་ལ། བཙན་བྱོལ་གྱི་བོད་པ་མི་མང་ལ་བསླུ་བྲིད་དང་། མགོ་གཡོག་མགོ་སྐོར། མུན་དོང་ལ་གཡུག་པའི་སྣང་ཚུལ་དངོས་མ་ཞིག་ཡིན། དེ་ན་ང་ཚོས་ཅི་བྱེད་དགོས་ཟེར་ན། ང་ཚོ་ལ་ཡོད་པ་ནི་༧གོང་ས་མཆོག་གིས་མི་མང་ལ་བསྩལ་གནང་བའི་མང་གཙོ་ཡང་དག་པ་དེ་ཡིན་པས། ནམ་ཡང་རང་དབང་དང་། འདྲ་མཉམ། དྲང་བདེན། མང་གཙོའི་ཐོབ་ཐང་བེད་སྤྱད་དེ་ད་ལྟའི་སྲིད་སྐྱོང་གི་མ་རུང་བའི་བྱས་ཉེས་དེ་དག་ལ་ཞི་རྒོལ་ཚ་ནན་བགྱི་དགོས་ལ། སྲིད་སྐྱོང་གི་ཆབ་སྲིད་ལས་དོན་མ་འགྲིག་པའི་རིགས་ལ་གཏན་དུ་དགག་རྒྱག་ནན་མོ་བྱེད་རྒྱུ་ནི་འུ་ཚོ་མི་མང་སྤྱིའི་གཡོལ་དུ་མེད་པའི་ལས་འགན་གལ་ཆེན་ཞིག་ཡིན། དེ་བཞིན་དུ། སྲིད་སྐྱོང་གིས་ཆབ་སྲིད་དོན་གཉེར་མི་བྱེད་པར་ཕྱི་རྒྱལ་ཁག་ལ་སོང་ནས་གླུ་གཞས་སོགས་འཁྲབ་ནས་ཁ་སྟོང་ནང་གི་ཚིག་སྟོང་མང་པོ་གླེང་ཞོར་སྐྱིད་པོ་བཏང་གིན་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་ཆོས་འབྲེལ་གྱིས་གདན་ས་ཁག་ལ་ཕེབས་ཏེ་བཀའ་ཆོས་གནང་བཞིན་ཡོད་ནའང་། དེ་ནས། རང་རེའི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱང་དོན་མེད་དུ་གདན་ས་ཁག་ལ་ཆབ་སྲིད་ཀྱི་སྟེགས་བུ་ལྟ་བུར་བཞེངས་དུ་སོང་བ་དང་། གདན་ས་ཁག་གི་དགོན་པ་རེ་འགས་ཀྱང་སྲིད་སྐྱོང་བློ་སངས་ལ་ངོ་དགའ་སྤྲེའུ་ལད་འཁྲབ་ཕྱིར་བསྟོད་ཚིག་སྐམ་པོ་རེ་བྲིས་ཏེ་མགྲོན་འབོད་བྱས་པ་ནི་ངོ་ཚ་དགོས་པའི་གནས་སུ་མཆིས། གལ་ཏེ། དགོན་པ་དང་གྲྭ་བ་ཡང་དག་ཅིག་ཡིན་ན་ཆོས་འབྲེལ་གྱི་སྐོར་ནས་མི་མང་ལ་བཀའ་ཆོས་སོགས་གནང་དགོས་པ་ལས་སྲིད་དོན་ལ་ཐེ་གཏོགས་བྱས་ཏེ་སྲིད་སྐྱོང་དགོན་པའི་བླ་མར་བསུ་བ་ལྟ་བུ་བྱས་པ་ནི་དངོས་གནས་རྒྱུ་འབྲས་མེད་པའི་ལས་ཀའི་རིགས་ཤིག་རེད། དེ་དང་ལྷན་དུ་སྲིད་སྐྱོང་གིས་ལོ་རྒྱུས་དང་ཆོས་བཤད་མི་ཤེས་ས་ནས་ཧམ་བཤད་དང་རྫུན་བཤད་བགྱིས་ཏེ་འདུག་དུས་ང་ཚོོའི་སྲིད་སྐྱོང་ནི་མགོ་བདེ་དྲན་འཕྲུལ་ཙམ་ཞིག་རེད། དེ་བས། སྲིད་སྐྱོང་འདི་ལྟ་བུ་ང་ཚོས་ནམ་ཡང་ངོས་ལེན་བྱ་ཐབས་མེད། ཨ་རིའི་ནང་གི་གཏམ་བཟང་ཞིག་ལ། ཟླ་འདིའི་ཚེས་༢༣ཉིན་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་ཨ་རིའི་ནང་གི་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་གིས་“བཀའ་དྲིན་རྗེས་དྲན“གྱི་མཛད་སྒོ་ཞིག་འཚོགས་པ་ནི་བདེན་པ་ལ་རྒྱབ་སྐྱོར་དང་། བདེན་པ་རང་སྲུང་གིས་བོད་ཀྱི་རྩ་དོན་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་སྣ་ཁོང་ལྟ་བུ་གཞི་ནས་ངོ་ཤེས་སོང་བ་རེད། དེར་བརྟེན། ང་ཚོས་བདེན་པ་མིན་པའི་སྲིད་སྐྱོང་གི་ཆབ་སྲིད་གཡོ་ཇུས་རིགས་ལ་དོགས་ཟོན་དང་། འབྱུང་འགྱུར་གྱི་དུས་ཚོད་ནང་ང་ཚོས་མུ་མཐུད་དུ་སྲིད་སྐྱོང་གི་གདོང་འབག་རྫུན་མ་དེ་དག་བཤུ་དགོས་པས། སྐུ་ངོ་སྤེན་པ་ཚེ་རིང་གི་བདེན་མཐའ་ལ་གཡོ་བ་མེད་པས། ཡར་ལོངས་ཤོག བདེན་པའི་རྒྱབ་རྩར་ལངས་ཤོག
2017-12-26ཉིན།
བདེན་པ་ནི་ཕྱོགས་ལྷུང་བྲལ་བར་ཟེར། སྲིད་སྐྱོང་ལ་ནོར་འཁྲུལ་ལོས་ཡོད། དེ་བཞིན་སྤེན་ཚེ་ལ་ཡང་ནོར་འཁྲུལ་ཡོད་པ་རྣམས་ཁྱེད་ཀྱིས་བཤད་མི་འདུག ངས་འདིར་བཤད་ན་དོན་ཅང་མེད་ཀི། ཚང་མས་ཤེས་ཤེས་པ་རེད། སྲིད་སྐྱོང་སྤྱང་ཀི་ཡིན་ན། སྤེན་ཚེ་ཝ་མོ་ཞིག་ཡིན་ཚོད། སྲིད་སྐྱོང་འཇག་པ་ཡིན་ན། སྤེན་ཚེ་རྐུན་མ་ཞིག་ཡིན་ཚོད། འདི་ལ་བདེན་པ་ཟེར།
སྐྱག་དོང་མ་དཀྲུག དྲི་མ་ཁ་གི།
བློ་སེང་ཕྱོགས་གཏོག་པ་དེ་ཚོར་ག་དུས་ཡིན་རུང་རྒྱུ་མཚན་བཤད་རྒྱུ་རྩ་བ་ནས་མེད་པར་ཚིག་ངན་དང་སྡིག་ར་ཤ་ཏག་་བཤད་པ་ཙམ་རེད་བདེན་པ་རྒྱལ་གྱུར་ཅིག
བསམ་ཤེས་ལགས་ཀྱིས་གསུང་ན་ནོར་འཁྲུལ་སྤེན་ཚེ་དང་བློ་སེང
གཉིས་ཀར་ཡོད་ན་སྤེན་ཚེ་ཕྱིར་འཕུས་གཏང་ཚར་བ་རེད་བློ་སེང་རང་ཁུལ་གྱིས་ནོར་འཁྲུལ་ཁས་བསླང་ནས་དགོང་སྲིད་སྐྱོང་དགོང་པ་མི་ཞུ་བ་ཅི་ཡིན་ནམ་
བསམ་ཤེས་ལགས་ཀྱིས་གསུང་ན་༼།༽ ནོར་འཁྲུལ་སྤེན་ཚེ་དང་བློ་སེང༼་༽
གཉིས་ཀར་ཡོད་ན་སྤེན་ཚེ་ཕྱིར་འཕུས་༼ཕུད།༽གཏང་༼བཏང་༽ཚར་བ་རེད་༼།༽ བློ་སེང་རང་ཁུལ་གྱིས་ནོར་འཁྲུལ་ཁས་བསླང་༼བླངས་༽ནས་དགོང༼ཁོང་༽་སྲིད་སྐྱོང་༼ནས་༽དགོང་༼དགོངས་༽པ་མི་ཞུ་བ་ཅི་ཡིན་ནམ་༼།༽
ལན་དུ། བློ་སེང་གིས་ནོར་འཁྲུལ་ཁས་ལེན་གྱི་མི་འདུག ཁོང་ངོ་ཚ་རྒྱུ་མེད་པ་དང་། གདོང་པགས་མཐུག་པས། དགོངས་ཞུ་བྱེད་རྩིས་མི་འདུག ཁྲིམས་ཁང་ནང་ལ་བསྐྱལ་ནས་ཁྲིམས་གཅོད་བྱེད་དགོས་འདུག
ངས་ཐེངས་མང་ཞུས་ཡིན་་་་དྲ་རྒྱའི་ནང་ལ་ཁ་དམག་མ་རྒྱག་རོགས།
ཤེས་ཡོན་མེད་པའི་ཁ་དམག་སྟོང་བཤད་མ་གནང་རོགས། དྲང་མིན་དང་་་བདེན་མིན་གཉིས་
ཁུང་འཕེར་ར་འཕྲོད་བསྟན་བཤད་བྱ་རྒྱུ་ཡོད་ན་་་་ཕྱི་ནང་གཉིས་ཀྱི་ཁྲིམས་ལ་གཏུགས་དང།
ཁྲིམས་ཁང་སྟོང་པ་རེད། དེ་མིན་སྟོང་བཤད་མ་རྒྱག་རོགས་ ཞེན་པ་ལོག་སོང་། ཉན་འདོད་རྩ་མ་ནས་
མི་འདུག་
སྦལ་བ་རྒྱ་མཚོའི་གཏིང་ནས་སྐད་ཅོར་ག་ཚོད་བརྒྱབ་ཀྱང།
ལྷའི་དབང་པོ་རྒྱ་སྦྱིན་གྱི་རྩ་བ་ཉིད་ནས་ཉན་གྱི་མ་རེད།
དེར་བརྟེན་་ཁུངས་ལྡན་དྲང་བདེན་གྱི་ཡིག་ཆ་སྒྲ་འགྲིག་བྱེད་དེ་ཁྲིམས་ལ་གཏུགས།
འཆལ་གཏམ་ཤ་སྟག་བཤད་དེ་བསྡད་ན་ཁ་ན་རོགས་མ་ཚད་སུ་གཅིག་གི་བདག་པོ་རྒྱག་གི་མ་རེད།
སྔ་མོ་བོད་ཀྱི་གཏམ་དཔེ་ལ། ཕོ་རབ་ཅིག་གི་བློ་རྩལ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། ཟེར་སྲོལ་ཡོད་རེད་དོ།།
སྐྱབས་བཅོལ་བའི་གོད་ཆག་སྐྱབས་བཅོལ་བའི་གནད་དོན་མ་ཡིན་པར་ང་ཚོའི་གནད་དོན་ཡིན།
http://tibettimes.net/2018/02/07/166724/
་
་་་་་་་ ནུབ་ཕྱོགས་པར་ཆ་རྐྱེན་ཚང་མ་འཛོམས་ཡོད་ཀྱང་འགྲོ་བ་མིའི་འདུ་ཤེས་དོར་ཟིན་པ་དང་། ་་་་་་་་་
བསམ་ཤེས་ལགས་ཀྱིས་ཡིག་ནོར་ལ་དག་བཅོས་གནང་བར་ཤིན་ཏུ་ནས་བཀའ་དྲིན་ཆེ།
Jigwang ལགས་ཀྱི་གསུང་ན་བློ་སེང་ལྷའི་དབང་པོ་རྒྱ་སྦྱིན་ཡིན་ནམ་ཡང་ན་བདུད་ལྷད་བྱིན་ཡིན་མི་ཤེས་རྒྱ་མཚོའི་ནང་གི་སྦལ་པ་སུ་ཡིན་མིན་སོ་སོས་ཤེས་རྒྱ་རེད།
འདིའི་སྐོར་ལ་ཕན་ཚུན་གཉིས་ཀས་མུ་མཐུད་བརྒྱ་བཤད་སྟོང་བཤད་བྱས་སོང་། མདོར་བསྡུས་ན་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་དུས་ཡུན་གཉིས་པའི་རིང་ནས་བཙན་བྱོལ་སྒྲིག་འཛུགས་ཉམས་སྒུར་དང་ཆོལ་གསུམ་བོད་མིའི་རྡོག་རྩ་གཅིག་སྒྲིལ་འཐོར་བཤིག་ཏུ་འགྲོ་འགོ་ཚུགས་པ་ངོ་བའི་གནས་ཚུལ་རེད། འདི་ནི་ཁོང་གིས་རྐང་བཙུགས་ནས་བྱས་པའམ་ཡང་ན་ཐབས་ཇུས་ཤིག་ལམ་འགྲོ་མ་རྒྱུག་པ་གང་ཡིན་མི་ཤེས། སྤེལ་ཚེ་འཕོ་འགྱུར་བཏང་པ་འདིས་བློ་སངས་མི་ཐབས་མཁས་ཤིག་མིན་པ་དང་ཡང་ན་སྤྱི་དོན་ལ་ལྷགས་སམ་མེད་མཁན་གང་རུང་ཞིག་ཡིན་པ་གསལ་བོ་བསྟན་ཡོད།
རེད་རེད། བདེན་པ་རེད། བློ་སངས་གིས་ཆིག་སྒྲིལ་གཏོར་བ་མ་ཟད། མདོ་སྟོད་ཆོལ་ཁ་ནག་པོ་བཟོས་པ་དང་བྱས་རྗེས་ཅན་གྱི་མདོ་སྟོད་རྒན་རབས་པ་ཁག་ཅིག་གི་མི་ཚེ་ལོ་རྒྱུས་ཡང་རྐང་རྗེས་ལག་བསུབ་བཏང་སོང་། འཁོར་ལྷ་ཚང་བསོད་སྟོབས་དང་གཡའ་ཐོག་ཀརྨ་དགེ་ལེགས། བརླ་དྲུང་འཕགས་པ་གསུམ་གྱིས་གཞུང་གི་སྲི་ཞུ་བ་དྲུག་བརྒྱ་ལྷག་གི་མཚན་མཐོང་ཆུ་ལ་གཡུགས་སོང་། གང་ལྟར། བོད་མིའི་སྒྲིག་འཛུགས་འཁྲུགས་སོང་། བོད་ཕྱི་ནང་མི་མང་གིས་ཡིད་ཆེས་བརླག་སོང་། ལྷག་བསམ་ལྡན་པའི་ཕྱི་རྒྱལ་བའི་རྒྱབ་སྐྱོར་བརླག་སོང་། མཐའ་དོན་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་མ་དངུལ་དེ་ཧམ་ཟ་བྱེད་པའི་གོ་སྐབས་ཡང་ཤོར་སོང་། ཨ་རིའི་དོན་ཁང་བདག་འཛིན་བྱེད་བསམ་པའི་རྨི་ལམ་དེ་ཡང་བརླགས་སོང་། མཐའ་མ་སློབ་བཟང་སངས་རྒྱས་འཇུ་ཆེན་གྱི་གནས་སྟངས་ལས་ཀྱང་སྡུག་ཅིག་ཆགས་རྒྱུ་ཡིན་པ་ཨེ་མ་ཧོ།
་་་་་་་་་ སྤེལ་ཚེ་འཕོ་འགྱུར་བཏང་པ་འདིས་བློ་སངས་མི་ཐབས་མཁས་ཤིག་མིན་པ་དང་ཡང་ན་སྤྱི་དོན་ལ་ལྷགས་སམ་མེད་མཁན་གང་རུང་ཞིག་ཡིན་པ་གསལ་བོ་བསྟན་ཡོད། ་་་་་་་་་་
བརྒྱད་བཤད་སྟོང་བཤད་རུང་ནད་ཡམས་ལ་ནམ་ཡང་བཅོས་ཐབས་མེད་དོ་འདི་ནི་དུས་ངན་སྙིམས་མའི་དུས་ཟེར་བ་དེ་ཡིན་རྒྱུ་རེད་སྔོན་བྱུང་མྱོང་མེད་པའི་རྙོག་དྲ་ཆོལ་གསུམ་གཏོར་བརླག་གཏོང་ཚར་སོང་ནག་ཉེས་ཆེན་པོ་རེད་ནམ་ཡང་དགས་ཐབས་མེད་བཅོས་ཐབས་མེད་བསུབ་ཐབས་མེད་དོ།
སྤེན་ཚེ་གཞིས་ཆགས་ཨ་ཕྲུག་རེད། །
ཆོལ་བརྒྱུད་ཆོས་ལུགས་ཐེན་འཁྱེར་མེད། །
་
སྤེན་ཚེ་༸གོང་ས་མཆོག་གི་འོག །
བཀའ་སྒྲུབ་ལས་བྱེད་རྙིང་པ་རེད། །
་
སྤེན་ཚེ་མི་རབས་གཞོན་པའི་ནང། །
ཚོགས་གཙོ་ལས་འཁུར་གཟེངས་ཐོན་བྱུང་། །
་
སྤེན་ཚེ་ཟམ་གདོང་བླ་མ་ཡི། །
ཆོས་སྲིད་ལས་སྟངས་ཉམས་མྱོང་ཐོབ། །
་
སྤེན་ཚེས་གནས་དབྱུང་མ་འབྱུང་སྔོན། །
གཞུང་དོན་ལས་འཁུར་ཚགས་ཚུད་བྱས། །
་
སྤེན་ཚེ་གནས་སྤོར་མ་བྱས་པར། །
ལས་མེད་འཁྱེར་རྐྱང་བཞག་པས་ཉེས། །
་
སྤེན་ཚེ་གཞོན་གྲས་མཁས་འཇོན་ལྡན། །
ནང་ཁུལ་མ་འཆམས་བཀའ་ཤག་ཉམས། །
་
སྤེན་ཚེས་་་་་
༄༅། ནོར་དང་མ་ནོར་སྤེན་ཚེ་ནོར། རྒྱལ་ཁབ་དམངས་ལ་གནོད་པ་ཡིས།
ཟླ་བ་སྒྲོན་མར་ངན་ན་བསླབ་བརྒྱབ། ཟླ་སྒྲོན་མ་ནོར་གསང་གནས་རྣམས།
སྲིད་སྐྱོང་མཆོག་གི་སྙན་ལ་བསྒྲོན། དེ་རྗེས་བཀའ་ཤག་ཡིད་ཆེ་བརླགས།
སྤེན་ཚེ་ལས་གནས་འཕོ་འགྱུར་བཏང། དེར་བརྟེན་དང་པོ་སུས་ནོར་ལྟོས།