བྲག་རྗེ་སྐལ།
ཕྱག་ན་པད་མོའི་ཐུགས་བསྐྱེད་རྨད་དུ་བྱུང་།།
བཙན་བྱོལ་གཞུང་གི་སྒྲིག་འཛུགས་བརྟན་ཞིང་བརླིང་།།
གདོང་དམར་ན་གཞོན་ལ་རྒྱའི་དཔུང་སྟོབས་མཐོ།།
གངས་ཅན་བོད་ཀྱི་བདེན་མཐའ་གསལ་ལ་ཉེ།།
བློ་སེང་བཀའ་བློན་ཁྲིམས་ལུགས་ཀླད་པ་མཐོ།།
རྒྱ་དམར་གཞུང་གི་རྫུན་རྐུབ་བརྡོལ་ཐེངས་མང་།།
གྲོས་ཚོགས་མང་པོར་བོད་དོན་གྲོས་ཆོད་བཞག །
གངས་རིའི་རྩ་དོན་རྒྱལ་སྤྱི་ཅན་དུ་གྱུར།།
གཞིས་བཞུགས་བོད་འབངས་འཐབ་རྩོད་དམིགས་ཡུལ་བརྟན།།
ཕྱི་སྡོད་སྤུན་ཟླའི་ཚོགས་པའི་སྡེ་ཁག་གྲུང་།།
རྒྱ་རིགས་ཤེས་ལྡན་རྒྱབ་སྐྱོར་གྲངས་འབོར་འཕར།།
རྒྱ་དམར་བོད་ནས་མཐའ་སྐྲོད་གཏོང་ལ་རན།།
ཨ་ཡོར་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག །
གཤིས་གྱོང་དམར་གཞུང་མིག་ནང་ཚེར་མར་གྱུར།།
སུ་གང་དཔུང་རོགས་མེད་པའི་སྒེར་གཅོད་ཏང་།།
མགོ་རྟིང་སློག་པའི་ཚེ་ཚད་སླེབས་ལ་ཉེ།།
དཔུང་རྡང་སྦྲེལ་དང་གདོང་དམར་སྤུན་ཟླ་ཚོ།།
མི་རིགས་ཆེད་དུ་ལུས་སྲོག་གཏོང་མཁན་ཚོ།།
ཕྱི་མའི་ཡུལ་ནས་ཐུགས་ཕམ་མི་ཡོང་བར།།
རྩ་དོན་ཆེད་དུ་གོམ་པ་མཉམ་དུ་སྤོས།།
ལས་གནས་ཕོ་མོའི་ཁྱད་པར་ཡོད་མ་ཡིན།།
ཕྲག་ཏུ་བབ་པའི་འོས་འགན་གཅིག་པ་རེད།།
མེས་པོ་དག་གི་ཤ་ལན་མ་ལོན་ཀྱང་།།
རང་ས་རང་གིས་འཛིན་ལ་ནུས་ཤུགས་སྤུངས།།
དགོས་པའི་དུས་སུ་སྲོག་ཀྱང་གཏོང་བའི་སྙིང་སྟོབས་ང་ཚོར་ཡོད།། གནའ་དེང་ཤེས་ཡོན་ཕྱུག་པའི་གཞོན་སྐྱེས་མང་པོ་ང་ཚོར་ཡོད།།མགོ་ལ་རྣ་བ་ཁ་ལ་ཕོ་རུས་བོད་མི་ང་ཚོར་ཡོད།། རྒྱལ་གཅེས་རིགས་ཞེན་ཆིག་སྒྲིག་གསུམ་པོ་ང་ཚོར་ཚང་ནས་ཡོད།།
བཙན་བྱོལ་གཞུང་འདི་བརྟན་བརླིང་མེད།
བློ་སེང་ཁ་བཤད་ཆུའི་ལྦུ་བ།
ཡིན་ཡང་་གཞིས་ལུས་དཔའ་བོ་ཡི།
ཞལ་ཆེམས་སྒྲུབ་པ་ལས་འགན་ཡིན།
བཙན་བྱོལ་སྒྲིག་འཛུགས་ཤིནད་ཏུ་བརྟན་ཅིང་བརླིང་། །
བློ་སེང་བཤད་ཚད་བོད་དོན་སྲིད་དོན་རེད། །
མེས་པོའི་ཤ་ལན་བྱེད་པར་མི་འོས་ཀྱང་། །
རང་ས་རང་གིས་འཛིན་དགོས་གསུངས་པ་བདེན། །
ལ་ལས་རང་བཙན་རང་བཙན་ཟེར།
། ལ་ལས་དབུ་མ་དབུ་མ་ཟེར།
།དབུ་རང་གཉིས་ལ་རྩོད་པ་ཤོར།
།ལོ་ཟླའི་དུས་ཚོད་ཆུད་ཟོས་འགྲོ
ཟམ་གདོང་བླ་མའི་རང་བཙན་ཁུངས་མེད་ཟེར།
གཞིས་ལུས་དཔའ་བོའི་རང་བཙན་སྐད་བཟང་མཐོ།
རྡ་སའི་ཆབ་སྲིད་རང་བཙན་འདོད་མཁན་སྡང་།
མི་ཡུལ་ས་མཐར་ཌོ་ལར་བསགས་ན་དགའ།
བོད།
རང་བཙན་ཡོད་ན་ཕྱུག་རྒྱུ་ཨ་ཡོད་ལགས། །
རང་བཙན་མེད་ན་འཆི་དགོས་ཨ་ཡོད་ལགས། །
རྒྱ་བོད་མཉམ་གནས་སྡུག་རྒྱུ་ཨ་ཡོད་ལགས། །
བོད་མིར་རང་དབང་ཐོབ་རྒྱུ་མེད་ལགས་སམ། །
ནུབ་ཕྱོགས་ཡུལ་ན་འཁྱམ་པའི་མི་བུ་ཁྱོད།།
གངས་ཕྲུག་ཅེས་པའི་མིང་དེ་དོར་ན་བཟང་།།
གངས་རིའི་ལས་དོན་མ་བསམ་སྒྲོ་ལར་བསམ།།
དེ་འདྲའི་མི་ཞིག་བོད་ལ་དགོས་མཁོ་མེད།།
ཁ་བཤད་ཆུ་ཡི་ལྦུ་བ་མང་།
ལག་ལེན་གསེར་གྱི་ཐུགས་པ་མང་།
ཁ་ནས་བོད་དོན་གླེང་མཁན་མང་།
དངོས་སུ་རང་དོན་སྒྲུབ་ནི་མང་།
དགྲ་ལ་མི་ཐུབ་བྱམས་པ་མང་།
གཉེན་ལ་མི་བསྐུར་དཔའ་པོ་མང་།
དབུ་མས་འཇོན་ཚུལ་རང་གཙན་འཕྱ་།
ང་དང་ཁྱོད་ཀྱིས་རྩོད་པའི་བར་།
ང་ཚོར་ལས་དབང་སྐྱུར་མོ་ཞིག་།
རྡ་སའི་ལས་བྱེད་པ་དང་སློབ་གྲྭ་བ།
ལྷོ་ཕྱོགས་སེར་མོ་བ་དང་གཞིས་ཆགས་ཁག
བལ་ཡུལ་འབྱོར་ལྡན་གཞན་ཡང་གསར་འབྱོར་བཅས།
ཚང་མ་ཌོ་ལར་དོན་དུ་ནུབ་ཕྱོགས་སླེབས།
གོང་གི་ཤོལྐཽ་འདི་ལུང་རྟོགས་ཀྱི་ཆེད་དུ་ཡིན།
མཐོན་པོའི་ཁྲི་ལ་འགྱིང་བའི་བླ་མ་ནས།།
དམའ་མོའི་སྲང་མདོ་འགྲིམ་པའི་སྤྲང་པོའི་བར།།
སྒྲོ་ལར་གཅིག་པུ་དོན་དུ་མཉེར་མཁན་ཞིག།
སུ་ཡིན་གངས་ཅན་བོད་ལ་དགོས་མཁོ་མེད།།
དོན་ལ་དོན་གྱི་རྩ་བ་འདུག།
སྦྱོར་ཚིག་ཁ་གསལ་གོ་བདེ་འདུག།
ཀློག་ན་ངག་ལ་བདེ་བོ་འདུག།
བྲག་རྗེ་སྐལ་ལ་འབྲི་རྩལ་འདུག།