ས་ག་ཟླ་བ་སླེབས་ལ་ཉེ་བས། རྩམ་པ་ཉོ་དགོས་མཁན་ཡོད་ན་ང་ཚོའི་རྩར་ཕེབས།
ས་ག་ཟླ་བའི་ནང་། ང་ཚོས་ཨ་རིའི་མངའ་སྡེ་བྱང་ཀ་ལི་ཕོར་ཉའི་(Northern California)ནང་བཞུགས་མཁན་དག་ལ་རྩམ་པ་སྒོ་འགྲམ་ལ་སྐྱེལ་གི་ཡིན། སྦྲགས་གླ་གནང་མི་དགོས། ཐག་རིང་དུ་བཞུགས་མཁན་རྣམས་ལ་སྦྲགས་གླ་ཕྱེད་བཅག་བྱེད་གི་ཡིན།
ཐུགས་རྗེ་ཆེ།
བོད་ཀྱི་རྩམ་པ་ཚོང་ཁང་ནས།
www.tibetantsampa.com
འབྲེལ་གཏུགས་ཁ་པར་ཨང་གྲངས།510-230-8152
མྱུར་འཕྲིན་ཁ་བྱང་། dt@tibetantsampa.com
ས་ག་ཟླ་བ་དང་། རྩམ་པ་གཉིས་ལ་འབྲེལ་བ་ག་རེ་ཡོད་རེད། ཧེ་ཧེ།
ཨོ་བདེན་པ་རེད། རྩམ་པ་ཞིག་ཉོ་དགོས་ཡོད་ཡ། ལྷ་ལ་མཆོད་རྒྱུའི་གཏོར་རྩམ། འདྲེ་ལ་སྦྱིན་རྒྱུའི་ལན་ཆགས། ཤི་གསོན་གྱི་ཆེད་དུ་བསང་གསུར་བརྔན་པ། །ཚེས་བཅུ་འཚོགས་རྫས་ཚོགས་གཏོར་སོགས་ཕ་མེས་ཀྱི་རིག་གཞུང་རྒྱུན་གནས་ཕྱིར་དང་། བུ་རང་གི་ཟ་རྒྱུ། །དྲིན་ཆེན་མ་རྒན་ལ་འབུལ་རྩམ་པ་ལས་དགའ་ཞིག་མི་འདུག་ཡ། །
ཁོ་ཐོག་ཉག་ཐོག་ཡིན།
ཧ་ཧ།
དུས་མཆོད་དགའ་སྟོན་སྤེལ་ལ་རྩམ་པ་དགོས། །
དགྲ་བགེགས་གཏོར་བའི་མཚོན་ཆ་རྩམ་པ་དགོས། །
དཀོན་མཆོག་མཆོད་པའི་ཞལ་ཟས་རྩམ་པ་དགོས། །
ཆོས་སྐྱོང་བརྔན་པའི་མཆོད་གཏོར་རྩམ་པ་དགོས། །
བླ་མ་དགྱེས་པའི་ཕྱེ་ཕུར་རྩམ་པ་དགོས། །
ཕ་མ་གསོ་བའི་འཕྲོད་བརྟེན་རྩམ་པ་དགོས། །
ཡར་མར་བསང་གསུར་ཆེད་དུ་རྩམ་པ་དགོས། །
ཤི་གསོན་བར་དོ་ཀུན་དུ་རྩམ་པ་མཁོ། །
མཁོ་ཉག་ཆེ་བའི་ཟས་མཆོག་རྩམ་པ་ལ། །
ཁ་བ་ཅན་གྱི་ལ་རྒྱ་ཞིག་ཀྱང་ཡོད། །
རྩམ་སྒྲ་ཐོས་ནས་བསྟོད་པ་མདོར་བསྡུས་ཡིན། །
དངོས་རྒྱུད་ལག་ཏུ་སྤྲོད་དང་བརྔན་པ་ཡོད། །
ཡིག་ཟོམ་ཁ་བྱང་རྒྱུད་དེ་མཇལ་འཕྲད་ཆོག །
བཀྲ་ཤིས་བདེ་ལེགས་རྩམ་པའི་བདག་གཉེར་དང་། །
བཟོ་གྲྭ་མི་སྣ་ཀུན་ཁ་བྲོ་ཞུ། །
ཤྲྰིས། །
དཔལ་དགྱེས་པའི་རྡོ་རྗེ་དགྱེས་སོང་ངོ་། །
ཟས་རྩམ་པར་བསྟོད་བསྔགས་སྐྱོན་སོང་ངོ་། །
ད་རྩམ་ཚོང་ལམ་འགྲོོ་རྒྱུག་ངེས་རེད། །
ཕྱོགས་ཀུན་ཏུ་རྩམ་པས་ཁྱབ་གྱུར་ཅིག །
བོད་ཀྱི་རྩམ་པ་ཡིན་ནམ། ཨ་རིའི་རྩམ་པ་ཡིན། ཡང་ན་ལ་དྭགས་ཀྱི་རྩམ་པ་ཡིན། རིན་གོང་ག་ཚོད་ཡིན།
ང་ལ་ཁེ་ལོ་ལྔ་ཅུ་དགོས། གྲོགས་པོ་ལ་ཁེ་ལོ་སུམ་ཅུ་དགོས།
ཉིན་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ། ཟ་མཁན་ཉུང་ཉུང་དུ།
ཟ་མཁན་ཉུང་དུ་ཉུང་དུ།