རྔ་རྒོད།
དྲང་མོར་བཤད་ན་ངེད་ཅག་གི་སྣང་ངོར་ལྐོག་གྱུར་འབའ་ཞིག་ལས་གྲུབ་པའི་ལྷ་འདྲེ་རྣམས་ང་ཚོས་མཐར་གཏུགས་ན་འདི་དག་ནི་འདིར་ཡོད་མེད་ཀྱང་ཤེས་ཀྱིན་མེད་སྟབས། འདི་དག་གིས་ང་ཚོར་ཕན་ཐོགས་ཡོད་པ་ཞིག་ཏུ་མ་མཐོང་ངོ་། དེའི་ཕྱིར། ལྷ་འདྲེ་ཡོད་པ་དང་དེས་ཕན་པར་བསྒྲུབས་པའི་ངོ་སྤྲོད་ཡང་དག་ཅིག་འདིར་བཤད་རྒྱུ་མེད་དོ།། རྒྱུ་མཚན་དེས། དོལ་རྒྱལ་སྐོར་ཡང་དེ་དེ་བཞིན་ནོ།།
སྐབས་དོན། ཁྱོད་ཀྱིས་དོལ་རྒྱལ་བསྟེན་མིན་དེ་ནི་ཁྱོད་ཀྱི་རང་དབང་ཡིན་པར་ལྟར། གཞན་གྱིས་དོལ་རྒྱལ་མི་བསྟེན་པ་དེ་ཡང་ཁོང་ཚོའི་རང་དབང་རེད། དེ་བཞིན་༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་མིན་དེ་ཡང་ཁོང་གི་རང་དབང་དང་དེའི་སྐོར་ལ་བཀའ་སློབ་ཅི་ལྟར་བསྩལ་མིན་དེ་ཡང་་ཁོང་གི་སྨྲ་བརྗོད་རང་དབང་སོགས་ཡིན་པར་ངོས་གཟུང་དགོས།
སྤྱིར་ན་༧གོང་ས་མཆོག་གི་མཚན་སྙན་གང་དུ་དར་ན་དེ་ལ་བོད་དོན་འགྲུབ་ཀྱིན་ཡོད་ལ། ས་ཕྱོགས་གང་ན་དོལ་རྒྱལ་ཚོགས་པ་དར་བཞིན་ཡོད་ན་དེ་རུ་བོད་མིའི་རྩ་དོན་འགག་བཞིན་ཡོད། གནས་ལུགས་འདི་གཉིས་མངོན་སུམ་ཡིན་པས། དེ་ལ་རྟགས་བཀོད་མི་དགོས་སོ།། དཔེར་ན། རྒྱ་ནག་སྲིད་འཛིན་གང་དེ་ཚོང་དོན་གྱི་ཆེད་དུ་ཕྱི་རྒྱལ་གང་དུ་ཕེབས་ན་དེ་རུ་ཕྱི་སྡོད་མང་བོས་བོད་ནང་བོད་མིའི་ཆོས་དད་རང་དབང་སོགས་ཀྱི་ཆེད་དུ་ངོ་རྒོལ་བྱས་དང་བྱེད་བཞིན་བྱ་ངེས་སོ།།
གཞན་དེ་ལས་ཟློག་སྟེ་བོད་དོན་དུ་༧གོང་ས་མཆོག་ཕྱི་རྒྱལ་ཁག་གང་ན་ཕེབས་ན་གནས་དེ་རུ་ཕྱི་རྒྱལ་དོལ་རྒྱལ་བ་དང་བོད་པ་དོལ་རྒྱལ་བ་ཁ་ཤས་ཀྱིས་༧ གོང་ས་མཆོག་ལ་མཚན་སྨོད་བྱེད་ཀྱིན་འདུག བོད་པ་དོལ་རྒྱལ་བ་ཚོས་ཤེས་བཞིན་༧གོང་ས་མཆོག་ལ་ཤེས་སྣོག་ཅིག་བྱེད་བཞིན་པ་དང་ཡང་ན་འདིའི་སྐོར་ཁོང་ཚོར་རང་བློ་རང་ལ་ལྒོག་ཏུ་མ་གྱུར་བས་འགྲེལ་བཤད་མི་དགོས་སོ།།
གཞན་ཕྱི་རྒྱལ་བ་ལ་ཤེས་སྣོག་བྱེད་མཁན་ཞིག་དང་མ་ཤེས་མཁན་གཉིས་ཡོད་པར་འདོད། རྒྱུ་མཚན། ཆོས་སྲིད་གང་ལ་སྦྱར་ན་ཡང་རེད། ཕྱི་རྒྱལ་ཆོས་པ་གང་མང་ཞིག་དངོས་ནས་དེང་སང་བོད་པའི་འབྲོག་པ་ལས་ཀྱང་གློས་གློས་ནག་རེད། འོན་ཀྱང་དེང་སང་རྒྱ་རིགས་ཕྱི་སྡོད་པ་ཚོ་རང་རྒྱལ་ལ་དུངས་ཤིང་མཁས་པ་ཡིན་མོད། ༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གཅིག་ཀྱང་འདིར་མཐོང་རྒྱུ་མེད་དོ།།
མཇུག་གཏམ། ལོ་བཅུའི་ཡར་སྔོན་ཏུ་ཁོ་བོས་དོལ་རྒྱལ་སྐོར་ལ་དགག་བཞག་མཛད་པའི་རང་རེའི་མཁས་བླུན་མང་བོས་བརྩམས་ཆོས་གང་མང་ཞིག་བཀླབས་ཏེ་དཔྱད་པ་བཏང་བ་ཡིན་མོད། མཁས་བླུན་དེ་དག་གི་བཤད་ཚུལ་ནི་གནའ་དེང་གི་རྒད་པོ་ཚོས་དངོས་པ་གང་ཞིག་བརྩད་པར་ལྟར། ཐོག་མར་བཀའ་བསྟན་གྱི་ལུང་དྲངས་འདུག་ལ་། བར་དུ། ཚིག་གྲུབ་གང་ཡག་དང་ཁ་གང་མཁས་བགྱིས་ཏེ་དཔེ་དང་དཔེ་བཞག་འགའ་བྱས་ཡོད། མཇུག་མཐར། ང་བཟང་ཁྱོད་ངན་གྱི་སྤྱོད་ངན་འཇིགས་སྐུལ་རིང་ལུགས་ཙམ་ལས་ཅི་ཡང་མ་རྙེད་ལ་གང་ཡང་མ་མཐོང་ཕྱིར། དུས་དེ་ནས་བཟུང་སྟེ་ཁོ་བོས་དོལ་རྒྱལ་སྐོར་གྱི་རྩོམ་རྙོག་དག་གཏན་ནས་ཀློག་འདོད་མེད་པར་གྱུར་རོ།།
འོན་ཀྱང་ཁོ་བོ་ནི་དོལ་རྒྱལ་མ་བསྟེན་ན་བཟང་བའི་ཕྱོགས་འདོད་མཁན་ཞིག་ཡིན། རྒྱུ་མཚན། ༧གོང་ས་མཆོག་གི་བཀའ་སློབ་ཙམ་མིན་པར། རྟག་པར་གུས་པའི་བསམ་པར་དོལ་རྒྱལ་གཙོས་རྙོང་འཛིང་ཅན་གྱི་སྲུང་མའི་རིགས་གང་དེ་བསྟེན་མཚམས་བཞག་པ་དང་དེ་ཚོ་བཀག་ན་བོད་ནང་ཁུལ་ལ་མཚོན་ན་མཐུན་སྒྲིལ་ལ་ཕན་པ་ཞིག་ཡིན་པ་དང་། དེ་ནི་ང་ཚོའི་ཁེ་བཟང་ལས་དེ་གྱོང་ཞིག་ལ་གཏན་ནས་མ་འདོད་པས་སོ།། མཐའ་མའི་ཆེད་ཚིག རང་གཞན་སུ་གང་ལ་ཕན་ཐོགས་ཡོད་མེད་གང་ལྟར། ༧གོང་ས་མཆོག་འདི་བ་ཚང་སྙིང་རྗེ་ནས་ཁོ་བོས་མིག་ཆུ་བཏོན་པ་ཐེངས་ཅིག་མིན།།
ཞེས་རྔ་རྒོད་ཀྱིས་༢༠༡༤/༨/༢༦ ལ་དབྱིན་ཡུལ་ནས།།
རྔ་རྒོད་ལགས་ཀྱིས་གསུངས་པར་དོན་ལ་གནས་འདུག། རང་རེའི་མི་རིགས་འདི་སྔར་ནས་ད་བར་རྨོངས་དད་ཀྱི་འཆིངས་ཐག་ལས་ད་དུང་གྲོལ་མེད་ལ། དུས་རབས་ཉེར་གཅིག་པ་འདིར་སླེབས་ན་ཡང་ད་དུང་གཟུགས་འདས་ལྷ་འདྲེ་ལ་ཡིད་བརྟེན་བཅོལ་བའི་ལམ་ལུགས་མཇུག་སྒྲིལ་མེད་པ་མ་ཟད། རྨོངས་དད་ཀྱི་ལམ་ལུགས་རྒྱུན་འཛིན་དང་རྒྱ་སྐྱེད་ཆེད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ནི་གལ་མི་ཆེ་ལ་མཐའ་ན་རང་ཉིད་བཙན་བྱོལ་ལ་སླེབས་དགོས་པའི་རྒྱུ་མཚན་ཡང་རྦད་དེ་བརྗེད་སོང་བ་དེ་རེད། གནད་དོན་འདིའི་འོག་ནས་གཞིས་ལུས་སྤུན་ཟླའི་ཚེ་སྲོག་མེད་མདའི་སོ་ཁའི་འོག་དམར་གསོད་དང་བཙོན་འཇུག། མི་ཆོས་ལས་འདས་པའི་མནར་གཅོད་མྱང་དང་མྱོང་བཞིན་པའི་སྐབས་འདིར་འདི་ན་དད་མོས་རང་དབང་གཙང་མ་ཡིན་བཞིན་དུ་ལྷ་འདྲེ་ཞིག་གི་དོན་དུ་ངུ་འབོད་གནམ་ས་གང་བ་བྱེད་སྟངས་ལ་བལྟས་ན། གལ་ཏེ་གུང་ཁྲན་ལྟ་བུ་ཞིག་གིས་རང་མོས་ཕྲོགས་དབང་དུ་བཏང་ན་རང་བསྲེག་བྱེད་རྒྱུ་ཡིན་ནམ། ཡ་མཚན་རེད། ལྷ་འདྲེ་ཞིག་གི་དོན་དུ་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ། མི་རིགས་ཀྱི་ལྟ་བ། ཁྲག་རྒྱུན་གཅིག་པའི་སྤུན་ཟླའི་འདུ་ཤེས་ཡོངས་སུ་དོར་སོང་ལ། མི་རིགས་འདིའི་ལྷན་སྐྱེས་རང་བཞིན་གྱི་འཐོབ་ཐང་དང་ཁ་རྗེ་དབང་ཐང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བཙན་འཕྲོགས་བྱེད་མཁན་དང་མཉམ་དུ་ཁ་འབྲེལ་ལག་འབྲེལ་རྐུབ་འབྲེལ་གཏོང་བ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ།
རྩོད་པ་ཅན་གྱི་རིགས་མ་སྐྱིད་པོ་ཡོད་འགྲོ། རྩེད་མོ་ཡིན། དོན་དག་ལེགས།
རྩོད་ཅན་སྲུང་མ་དོལ་རྒྱལ་ཤུགས་ལྡན་ཁྱོད། །
རྒྱུ་ནི་སྨོན་ལམ་ལོག་པ་རྩོད་མེད་རེད། །
ངོ་བོ་འབྱུང་པོ་ཡིན་པ་རྩོད་མེད་རེད། །
འབྲས་བུར་འགྲོ་བསྟན་གནོད་པ་རྩོད་མེད་རེད། །
ཡོད་པ་བཞག་ནས་མེད་པ་བཙལ་ཟེར་བ་ནང་བཞིན། བོད་མི་ཚོ་ནི་ཡོད་པ་བཞག་ནས་མེད་པ་རྩོད་མཁན་གྱི་གྲས་ཡིན་པ་འདྲ།། རྩོད་དགོས་རྒྱུའི་རང་དབང་རང་བཙན་མི་རྩོད་པར། ཡོད་མེད་ཁ་ཚོན་གཅོད་དཀའ་བའི་འདྲེ་ཞིག་བརྩད་དེ་མི་ལོ་སུམ་བརྒྱ་ལྷག་ཆས་སོང་། ད་དུང་ཡང་མུ་མཐུད་ནས་རྩོད་པ་ཇེ་ངར་ལ་འགྲོ་བཞིན་པའི་སྐབས་ཤིག་རེད། ལྷ་རྩོད་རྙོག་ཅན། མི་རྩོད་རྙོག་ཅན། དཔོན་པོ་རྩོད་རྙོག་ཅན། བླ་མ་རྩོད་རྙོག་ཅན།……….
སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ཏུ་བག་འཁུམ་ནས་བསྡད་ཚེ་འ་རོ་ཟེར་མཁན་ཞིག་མེད་པ་ཆོས་ཉིད་རེད། དེ་མིན་མིའི་སྤྱི་ཚོགས་ནང་འབུར་དུ་ཐོན་མཁན་ཞིག་ཡིན་ན་ལབ་རྒྱུ་གླེང་རྒྱུ་མེད་མཁན་ཉུང་ཉུང་ཡིན། སྤྱིར་རྩོད་རྙོག་ཅན་ཚང་མ་གཅིག་ཏུ་འདོར་བྱར་བརྩིས་ན་དེ་འོས་འཚམས་ཤིག་མིན། དེར་བརྟེན་ང་ཚོས་ངེས་པར་དུ་རྩོད་པའི་རྩ་བ་གཟུར་གནས་བློ་ཡིས་སྔོག་འདོན་བྱས་ཏེ་རང་གི་སེམས་ནས་ཐག་ཆོད་གཙང་མ་ཞིག་བྱེད་རྒྱུ་ནི་མི་བུ་རང་རང་གི་འགན་འཁུར་རེད།
བོད་ཀྱི་ཤེས་ལྡན་པ་ཡོངས་ཀྱིས་དོལ་རྒྱལ་གྱི་སྐོར་ལ་དཔྱད་རྩོམ་དང་།ཡང་ན་ཕྱི་རྒྱལ་མགོ་སེར་སོགས་མི་གཞན་ལ་ངོ་སྤྲོད་དང་འགྲེལ་བཤད་གནང་སྐབས། ༧གོང་ས་མཆོག་གིས་གསུངས་སོང་མ་ཟེར་བར་མི་ལོ་བཞི་བརྒྱ་ཙམ་རིང་གི་ལོ་རྒྱུས་གུང་བསྒྲིགས་ནས་གནང་རྒྱུ་གལ་ཆེན་དུ་མཐོང་། དེ་ཡང་མགོ་སེར་ཞིག་གིས་ཀྱང་བསམ་ཚུལ་དེ་ལྟར་གནང་གི་འདུག
ལྷག་ཏུ་མགོ་སེར་ཚོ་ལ་ལོ་རྒྱུས་གུང་བསྒྲིགས་ནས་བཤད་དགོས་པ་གལ་ཆེན་པོ་འདུག དེ་ལྟར་གནང་རོགས་ཞེས་རེ་སྐུལ་ཞུ།
དོལ་རྒྱལ་བ་ཚོ་དོལ་རྒྱལ་ལ་དད་པ་ཆེ་དྲག་ནས་སྐད་རྒྱག་གི་ཡོད་པ་མ་རེད། ཁོང་ཚོས་སྐད་རྒྱག་དོན་ནི་པད་ཤག་གི་ཆེད་དུ་རེད།
ཁ་དང་ཁ་སྤུ་དབྱེ་འབྱེད་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་པ་བཟོས་པ་བརྟེན་ནས་ཤུགས་ལྡན་བརྟེན་མཁན་ཚོ་འ་ཆད་འུག་ཐུག་ནས་སྐད་འབོད་བྱས་པ་རེད། དེ་འདྲ་བཟོས་མེད་པ་ཡིན་ན་སྐད་འབོད་བྱེད་དགོས་དོན་མེད་་
རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༡༩༧༦ནས་་༢༠༠༨བར་ཤུགས་ལྡན་སྐོར་དམ་བསྒྲགས་གནང་བ་རེད། དེ་སྔར་སྐད་འབོད་གཅིག་ཀྱང་བྱེད་མེད།
ཁྱོད་ཚོས་མ་ཉེས་ཁ་གཡོགས་རྐྱང་རྐྱང་བྱེད་ཀྱིན་འདུག་་་དེ་འདྲ་བཤད་ན་རང་གཞན་གཉིས་ཀ་ལ་ཕན་ཐོག་ཡོད་དམ་་་
ད་ག་རེ་མ་འགྲིག་པ་རེད། དོལ་རྒྱལ་མ་གཏོགས་གླེང་མི་ཤེས་པའི་མི་ཚོགས་ཤིག་གྲུབ་འདུག རྒྱ་ནག་གཞུང་གིས་བོད་འཕྲོག བོད་མི་བསད། ཆ་ཚང་གཏོར། ད་དུང་རྒྱུན་མཐུད་ཀྱིན་ནའང་། བྱེས་གྱར་པ་ཚོས་མ་གོ་མ་ཐོས་པ་བྱེད་ཀྱིན་པ་དང་། གནད་དོན་ཡོད་ཚད་དོལ་རྒྱལ་སྒང་ལ་འདེད་ཀྱིན་པ་འདི་ནི་ཤིན་ཏུ་ཡིད་ཕངས་དགོས་པར་མ་ཟད། བོད་སྐྱེལ་མཁན་ཚོ་རྒྱ་ཡན་དུ་གཏོང་བཞིན་པ་འདིའང་དུས་ཡུན་ཆེས་རིང་པོ་མེད་པའི་ཉི་ཚེ་བའི་ལས་ཀ་འབའ་ཞིག་མ་རེད་དམ།
དོལ་རྒྱལ་བ་ཚོས་ལས་ངན་སྣ་དགུ་དེ་དག་རྩོམས་མེད་ན་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དོན་མེད་པ་རེད། ཆོས་དང་ཟང་ཟིང་གི་འབྲེལ་བ་མ་བཅོད་སྔོན་ལ་དོལ་རྒྱལ་བ་ཚོས་བྱ་བ་ཅི་འདྲ་ཞིག་སྒྲུབ་འདུག་ཡག་པོ་ལྟོས་དང་། དེ་ནས་ལན་པ་སུ་ཡོད་མིན་ཤེས་ཡོང་། དེ་མིན་དོལ་རྒྱལ་བ་ཚོས་ག་རེ་བྱས་ཀྱང་ཆོག་པ་དང་། གོང་ས་མཆོག་དང་བོད་མི་མང་གིས་དེ་ལ་གདོང་ལེན་ཙམ་ཡང་བྱེད་མི་ཆོག་ཟེར་ན་ཕྱོགས་ལྷུང་གི་སྐད་ཆ་རེད།
ཧ་ཧ་ཧ། གོང་ས་མཆོག་གིས་ག་རེའང་བྱས་ཆོག་པ་དང་དོལ་རྒྱལ་དང་བོད་མི་མང་གིས་གང་ཡང་གླེང་མི་ཆོག་པའི་གནས་ལུགས་ཤིག་ལུང་རྟོགས་མཆོག་གིས་ག་བ་ནས་བརྙེད་སོང།
གོང་ས་མཆོག་གིས་མ་འོས་མ་འཚམས་པ་ག་རེ་གནང་སོང་། ཅིག་གསུང་དང་། དེ་ནས་ལྟ་ཆོག
༧གོང་ས་མཆོག་ནས་གང་དུ་ཕེབས་ཀྱང་འདྲེ་དེའི་སྐོར་ལ་གསུང་གི་འདུག་པ་བརྟེན་དེར་དོལ་ཚོགས་ནས་ངོ་རྒོལ་ཞུ་གྱི་འདུག་ དིང་སྐབས་ང་ཚོ་ཚང་མས་དེའི་སྐོར་ཤེས་ཀྱི་ཡོད་པ་མ་ཟད་བོད་ནང་ནས་ཀྱང་ཤེས་ཀྱི་འདུག་ དེར་བརྟེན་ད་དེའི་སྐོར་མ་གསུང་ན་གང་འདྲ་འདུག་ མི་རབས་གསར་པ་རྣམས་ལྷ་འདྲེའི་རྙོག་དྲའི་སྐོར་ལ་གོ་བསྡོད་མིན་འདུག་ལ་ཤེས་སྡོད་ཀྱང་མིན་འདུག་ ལྷག་པར་དུ་སྲིད་སྐྱོངས་དང་སྤྱི་མཐུས་ནས་ལྷ་འདྲེའི་སྐོར་ཤེས་ཀྱི་མ་རེད་ལ་དེའི་སྐོར་རྩ་བ་ནས་མ་གསུང་བའི་རེ་བ་ཞུ་བཞིན་ཡོད་
ཨ་ཀོང་རིན་པོ་ཆེའི་སྐོར་ལ་གསར་འགྱུར་འདུག
http://www.telegraph.co.uk/news/worldnews/asia/tibet/11059695/Founder-of-the-first-Tibetan-monastery-in-the-West-murdered-in-fight-over-money.html
རྣམ་པ་ཚོས་བསམ་ཚུལ་རེ་གནང་བ་ཐུགས་རྗེ་ཆེ འོན་ཀྱང་༧ གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པས་ངེང་ཅག་ལ་འབྲས་བུ་བཟང་བོ་ཞིག་ཐོབ་རྒྱུ་ཡོད་ན་ནི་ངོ་རྒོལ་བྱ་འོས་ཤིང་། འོན་ཀྱང་དེའི་བཟང་འབྲས་ནི་རི་བོང་རྭ་རེད། གཞན་དོལ་རྒྱལ་སྟེན་མཁན་གང་ཞིག་ཆབ་སྲིད་ཀྱི་རྙོག་འཛིང་ནང་ཁོང་ཚོ་མ་ཞུགས་ན་ཕྲན་གྱིས་དེ་ཙམ་བཀག་འགོག་བྱས་དང་བྱ་ངེས་མིན་ནོ།།དེ་ཙམ་ལས་འདིར་ཅི་ཡང་བཤད་རྒྱུ་མེད།།
རྩོད་གཞི་འདི་བཤད་ནས་མི་ཐོགས་པ་ཤེས་གསལ་རེད། གནས་ཚུལ་འདི་སྐོར་མང་པོ་ཀློག་གི་མེད། འོན་ཀྱང་ག་རེ་གོ་བའི་སྐད་ཆ་རེ་གཉིས་གསལ་འདེབས་བྱེད་འདོད། དོལ་འདྲེ་བསྟེན་གསོལ་སྐོར་བདུན་ཅུའི་ནང་ནས་སྐུ་མདུན་གིས་གསུངས་ཀི་ཡོད་ཚོད་འདུག ཡིན་ཡང་སྐབས་དེར་ཕན་ཚུན་དེ་ཙམ་གྱིས་འཐབ་འཁྲུག་བྱེད་ཀྱི་མེད་ཚོད་འདུག འོན་ཀྱང་སྐབས་ཤིག་གཙུག་ལག་ཁང་དུ་གུ་རུའི་འབུམ་ཚོགས་ཚོགས་པ་དང་། གུ་རུ་རིན་པོ་ཆེའི་སྐུ་འདྲ་གཙུག་ལག་ཁང་དུ་བཞེངས་པ་ལ། དོལ་རྒྱལ་ཕྱོགས་ཁག་མ་དགའ་བ་དང་འདོད་པ་མ་ཁེངས་པར་རྩོད་པའི་འགོ་དངོས་སུ་བསླངས་འདུག་བསམ། ཕ་རྒོལ་བླ་མའི་ཞལ་ལུང་ཟེར་བའི་དེབ་ཅིག་བྲིས་ནས་གཙུག་ལག་ཁང་དུ་སྤེལ་བཞིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བར་ཆད་བརྩམས་འདུག་དྲན། དཔེར་ན་དགེ་ལུགས་པ་ཞིག་ཡིན་ན་གཙུག་ལག་ཁང་དུ་འགྲོ་མི་རུང་བའི་བཀག་འགོག་དང་འཇིགས་སྣང་བསྐུལ་བར་བརྟེན་ནས། ཨ་ནེ་མང་པོ་ཞིག་དངོས་སུ་གཙུག་ལག་ཁང་དུ་ཆོས་ཞུར་ཡོང་མ་ཕོད་པའི་གནས་ཚུགས་རྙོག་དྲ་ཅན་དེ་བྱུང་འདུག བྱེད་ཐབས་འདི་ནི་སྐབས་དེར་ཐོག་མར་དོལ་ཚོགས་ཀྱིས་དགེ་ལུགས་པའི་དངོས་ནས་གཙུག་ལག་ཁང་དུ་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་པའི་༧རྒྱལ་བ་རིན་པོར་ཆོས་དང་ཟིང་ཟིང་གི་འབྲེལ་བ་བྱེད་མི་རུང་བའི་ངན་བསྐུལ་དང་འཇིགས་སྣང་བསྐུལ་བ་ཞིག་རེད་འདུག དེ་ནས་༧སྐུ་མདུན་གྱིས་སྔ་ལས་མངོན་གསལ་གྱིས་བཀའ་སློབ་ཤུགས་ཆེ་རུ་གནང་འདུག་དྲན། དྲང་པོ་བཤད་ན་གུ་རུའི་འབུམ་ཚོགས་དང་གུ་རུའི་སྐུ་འདྲ་ལ་ཁག་བཞག་ནས་རྡ་རམ་ས་ལའི་གཙག་ལག་ཁང་དུ་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་པའི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་ལུགས་པ་ཚོས་འབྲེལ་བ་བྱེད་མི་རུང་བའི་དམ་བསྒྲགས་འཇིགས་བསྐུལ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་སུ་གཙུག་ལག་ཁང་ཆོས་ཞུ་རུ་འགྲོ་མིན་ཨ་ནེ་ཚོ་རང་རང་གི་འདོད་པ་རེད། དེ་ལ་འགྲོ་མི་རུང་ངན་བསྐུལ་དང་ཞེད་སྣང་བསྐུལ་ནས་འབྲེལ་བ་གཅོད་ཨེ་ཐུབ་ལྟ་བ་ནི་མི་འོས་པ་དང་། རྙོག་དྲའི་འགོ་དངོས་སུ་སླངས་པ་ཞིག་རེད་དྲན།
ཞིབ་དུ་ཉན་ན། ཐོག་མར་ཛེར་སྨད་ཟེར་བ་སོགས་ཀྱིས་དོལ་འདྲེར་ཁག་བཞག་ནས་༧གོང་ས་མཆོག་དང་གཙུག་ལག་ཁང་ཟུར་བཅད་བྱས་འདུག མ་རེད་དམ།
ཡ་བློ་བཟང་དབང་འདུས་ལགས། ཡང་ང་གཉིས་འཛོམས་སོང་། སྔོན་མ་མཆན་གཞན་པའི་ནང་ལ་གསལ་བཤད་མང་པོ་བྱས་ཡོད། ཁྱེད་ཀྱི་རྒྱུ་མཚན་ཞིག་བཙལ་ནས་ཤུགས་ལྡན་དང་འཐེར་བྱེད་པ་འདི་ལ་གུས་ཞབས་ཡོད། ངས་ཀྱང་རྒྱུ་མཚན་ཞིག་ལ་ཁུངས་བཅོལ་ནས་ཁྱེད་དང་བགྲོང་གླེང་བྱེད་འདོད།
ཁྱེད་ཀྱི་མཆན་༨པ་ལྟར་ན། ཁ་སྤུ་དབྱེ་བ་དང་ཆོས་དང་ཟང་ཟིང་འབྲེལ་བ་བཅད་པ་དེར་ཉེས་བཙུགས་བྱེད་པ་འདི་ལ་རྒྱུ་མཚན་མིན་འདུག
དང་པོ། བཟའ་ཚང་གཉིས་ལྟ་བ་དང་སྤྱོད་པ་མ་མཐུན། ཕུགས་ལ་རེ་བ་མེད་པ་ལ་ད་སོ་སོར་ཁག་ཁག་འབྱེད་པ་འདི་འཇིག་རྟེན་ཚུན་ཆད་ལ་ཁས་ལེན་པ་རེད། ཤུགས་ལྡན་སྟེན་མཁན་དང་མ་སྟེན་མཁན་ཁག་ཁག་འབྱེད་པ་འདི་འགྲོ་བ་མིའི་ཐོབ་ཐང་ཚུན་ཆད་ནས་འགྲིགས་ཡོད། མ་བསྟེན་མཁན་ཚོས་རང་གི་ལམ་ཁ་བདམ་པ་དེ་ལ་ཁྱེད་ཀྱིས་བཙན་དབང་ཐོག་མཉམ་སྡོད་བྱེད་དགོས་ཟེར་ན་ཅི།
འདི་ཤུགས་ལྡན་སྟེན་མཁན་ཚོས་ཁ་ལ་འཁྱེར་ནས་འགྲིགས་མིན་བཤད་ན། འཛམ་གླིང་གི་རྣ་བར་མི་འགྲོ་ཁོ་ཐག་རེད་ཨ་རོ།
གཉིས་པ། ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་པ་འདི་ཡང་མ་སྟེན་མཁན་ཚོའི་ཐོབ་ཐང་རེད། ཅིའི་ཕྱིར་མཉམ་དུ་འདུག་དགོས་སམ། ལྷག་པར་དུ་དགེ་ལུགས་པའི་དགེ་འདུན་པ་མང་ཆེ་བ་བློ་རྣལ་བ་ཕབ་པ། ཆོས་ཕྱོགས་ཀྱི་བསམ་པ་དག་ཅིང་། ལེགས་ཉེས་ཀྱི་རྣམ་དཔྱོད་ཟབ་པས། ལྷ་འདྲེ་དང་། དགེ་སྡིག་དབྱེ་འབྱེད་ཀྱི་ངོས་འཛིན་ཐུབ་པས། ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ཀྱི་མིན་ཟེར་ན། འདི་ལ་ཁྱེད་ཅིའི་ཕྱིར་སྡུག་སྐད་རྒྱག་གམ།
ཁྱོད་ཚོས་ཟུར་ལ་སྤོས། རང་རང་གི་ལྷ་གང་བསྟེན་དགོས་པ་དེ་སྟེན། རང་རང་གི་ཆོས་ལུགས་ཀྱི་བྱེད་སྒོ་སྒྲུབ་ནས་སྡོད་ཚེ། རྙོག་ཁྲ་ཤོད་མཁན་མེད། གཙོ་བོ་ཁྱེད་ཚོས་བོད་པའི་སྤྱི་ཚོགས་ནང་ལ། ཕྱི་རྒྱལ་གྱི་རྩོད་རྙོག་ཅན་གྱི་དགེ་བཤེས་དང་མི་སྒེར་རྣམས་རྐུན་མའི་རྒྱབ་ལ་འཇག་པ་ལྟ་བུར་ཁྲིད་ཡོང་ནས། བོད་པའི་སྤྱི་ཚོགས་ཐོག་ལ་རྙོག་ཁྲ་བཟོས་པ་འདིས་ང་ཚོ་གཉིས་ཀར་དཀའ་ངལ་སྤྲོད་བཞིན་འདུག
ལྷག་དོན། རྒྱལ་བ་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་བྱ་བར་བར་ཆད་བཟོས་ནས། ཉིན་མཚན་བླ་རྒན་ཁོང་གི་གཟིམ་ཁང་འོག་ལ་སྐད་ཅོར་རྒྱག་པ་དེ་ཤུགས་ལྡན་དང་འབྲེལ་བ་ཅི་ཡང་མེད་པའི་མི་དེ་ཚོ་ཡང་རིམ་བཞིན་ཁྱེད་ཚོར་བསུན་འགྲོ་བར་བྱེད།
ཁྱེད་རྣམ་པའི་རྡོ་རྗེ་ཤུགས་ལྡན་གྱི་དྲ་རྒྱའི་ཐོག་ལ། “དགེ་བཤེས་སྐལ་བཟང་གི་བཀའ་དྲིན་རྗེས་དྲན།”(Tribue to Geshe Kelsang)ཟེར་བའི་རྩོམ་ཡིག་འོག་ལ་ཤུགས་ལྡན་པ་ཚོས་མཆན་མང་པོ་བརྒྱབ་འདུག དེའི་ནང་ལ་མང་ཤོས་སྐལ་བཟང་རྒྱ་མཚོ་ལགས་ཀྱི་སློབ་མ་རེད་འདུག ཁོང་ཚོ་ཡང་ད་ཆ་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་པ་འདིར་བསུན་ནས། དགེ་བཤེས་སྐལ་བཟང་རྒྱ་མཚོར་འདྲི་བ་མང་པོ་བཏོན་འདུག དེའི་ལན་ལ། སྐལ་བཟང་རྒྱ་མཚོའི་ནང་སྐོར་གྱི་སློབ་མ་ཞིག་གིས་བཤད་རྒྱུར། “དགེ་བཤེས་ལགས་ད་ཆ་ཤུགས་ལྡན་ལ་ངོ་རྒོལ་བ་ཚོ་དང་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་ཚོགས་པའི་ཤོག་ཁག་གཉིས་ཀར་སྐྲག་ནས། ལོ་མང་རིང་ཁང་པ་གཅིག་གི་ནང་ལ་ཉལ་མྱོང་མེད། ཁོང་གང་ཕེབས་གསང་བ་ཤིན་དུ་དམ་པས། ཐ་ན་ཤུགས་ལྡན་སྟེན་མཁན་གྱི་སློབ་མ་ཚོས་དགེ་བཤེས་ག་པར་ཡོད་པ་ཤེས་ཀྱི་མེད། གལ་ཏེ་དགེ་བཤེས་ལགས་ཀྱིས་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་མཚམས་འཇོག་བྱེད་ཟེར་ན་ཁོང་ཡང་སྲོག་མགོ་འཐོན་ཐུབ་ཀྱི་མ་རེད།”ཅེས་བྲིས་འདུག་པས། དེ་ལ་བལྟས་ན། ཤུགས་ལྡན་ངོ་རྒོལ་བ་ཚོ་ཡོངས་སུ་དུག་གིས་མྱོས་ནས། ད་ཆ་གླང་ཆེན་སྨྱོན་པ་བཞིན་སུ་ལ་ཐུག་ན་སུ་ལ་བཅའ་རྡུང་བྱེད་པའི་ཚད་ལ་བསླེབས་འདུག ད་ཁྱེད་ལྟ་བུ་དཔེ་ཆ་དང་ལམ་རིམ་གཟིགས་མྱོང་མཁན་ཞིག་གིས་ཤུགས་ལྡན་བ་ཚོའི་གནས་སྟངས་ག་པར་ཡོད་པ་མཁྱེན་ནམ།
སྔོན་མ་༩༠མཇུག་ལ། ཁྲི་བྱང་རིན་པོ་ཆེ་གསང་སྟབས་ཀྱིས་ཨོ་སི་ཊེ་རི་ཡའི་ཤུགས་ལྡན་ཆོས་ཚོགས་ནས་བྲོས་དགོས་པ་བྱུང་ཡོད། ཁྲི་བྱང་རིན་པོ་ཆེ་བྲོས་རྗེས། ཤུགས་ལྡན་དགོན་པའི་བདག་པོ་མགོན་གསར་རིན་པོ་ཆེས་ཁྲི་བྱང་རིན་པོ་ཆེ་ཐུགས་སེམས་ཐང་པོ་མེད་པས་འདི་ལྟར་བགྱིས་པ་རེད་ཅེས་ཁྲི་བྱང་རིན་པོ་ཆེ་སྨྱོན་པ་ཡིན་པའི་སྐད་ཆ་བཤད་ནས། ཁོང་གི་མདུན་ལམ་མེད་པ་བཟོ་སྟངས་འདི་ལ་བལྟས་ན། ཤུགས་ལྡན་བ་ཚོ་ངོ་མ་འཇིག་སྣང་ཆེ་བའི་འདྲེ་གསོན་པོ་ཞིག་ཡིན་པ་གོར་མི་ཆགས།
ཁྲི་བྱང་རིན་པོ་ཆེ་ཤུགས་ལྡན་སྟེན་མཚམས་འཇོག་གི་ཡིན། རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་སླར་གསོ་བྱེད་ཀྱི་ཡིན་གསུངས་ནས། ༢༠༠༦ལོར་རྒྱལ་བ་རིན་པོ་ཆེ་དང་མཇལ་ཁ་ཞུས་ཡོད། པར་ཡང་མཇལ་རྒྱུ་ཡོད། དེའི་སྐབས་ལ། ད་ལྟའི་ཤུགས་ལྡན་ཚོགས་པའི་ཁམས་པ་བློ་བཟང་རྡོ་རྗེ་དང་བདེ་ཆེན་སྤྲུལ་སྐུ་ཟེར་བ་དེ་ཚོས། ཨ་རིའི་ནང་གི་ཁྲིམས་འགལ་ལག་དམར་བ་གླས་ནས། ཁྲི་བྱང་རིན་པོ་ཆེའི་ཡབ་ཡུམ་དང་སྐུ་མཆེད་ཚང་མར་དམར་གསོད་ཀྱི་སྡིག་ར་ཆེན་པོ་བཏང་ནས། མཐར་ཁྲི་བྱང་རིན་པོ་ཆེས། རྒྱ་གར་ནས་འཆི་མེད་ཚེ་རིང་ཟེར་བ་འདི་སྐད་བཏང་ནས། ཁོང་ཚོའི་དབར་ལ་བར་དུམ་བྱེད་དགོས་བྱུང་ནས། ཁོང་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ཞུ་མི་ཆོག་པ་བཟོས་ཡོད།
ཁྲི་བྱང་རིན་པོ་ཆེའི་ཡབ་དེ་སྐྲན་ནད་ཕོགས་ནས། ནེའུ་ཇར་ཛི་ལ་སྨན་བཅོས་ལ་ཕེབས་པ་རེད། ནམ་རྒྱུན་ཡབ་ཡུམ་མེ་ནེ་སོ་ཀྲར་ལ་བཞུགས་ཀྱི་ཡོད། འཛམ་གླིང་ནང་གི་སྐྲན་ནད་སྨན་ཁང་ལེགས་ཤོས་དེ་མེ་ནེ་སོ་ཀྲ་ལ་ཡོད། དེའི་མིང་ལ་མེ་ཡོ་སྨན་ཁང་ཟེར། ༼Mayo Hospital༽དེ་གར་བཞུགས་ལྷོད་མི་བཟོད་པར་ནེའུ་ཇར་ཛི་ལ་ཕེབས་འདུག
ཡབ་སྟོད་པ་ཡིན་པ་དང་། ཁོང་གི་སྤུན་མཆེད་ནེའུ་ཡོག་ལ་ཡོད་པ་ཞིག་ཡབ་དེ་མཇལ་བར་སྐྱོད་སྐབས། དེའི་ཉིན་མོ་ནད་ཡོག་རྣམས་གུང་གསེང་ལ་བཏང་། ཁྲི་བྱང་རིན་པོ་ཆེའི་ཕྱི་རྒྱལ་སློབ་མ་བོད་སྐད་མ་ཤེས་མཁན་ཞིག་མ་གཏོགས་ཁྲིས་ལ་མེད།
སྟོད་པ་དེ་ལ་ཡབ་ཀྱིས་འདི་ལྟར་གསུངས་འདུག “ང་ཚོའི་རིན་པོ་ཆེ་སྔར་ནས་ཤུགས་ལྡན་སྤངས་ནས་རྒྱལ་བ་རིན་པོ་ཆེའི་དྲུང་ལ་ཕེབས་རྩིས་རེད། སྐུ་མདུན་ནས་ཀྱང་སྐུ་སྒེར་ཡིག་ཚང་ལ་ཕྱག་ལས་གནང་བར་ཕེབས་ཤོག་གསུངས་ནས་གྲ་སྒྲིག་ཟིན་པ་རེད། ༢༠༠༦ལོར་སྐུ་མདུན་མཇལ་ནས་ང་ཚོའི་དམིགས་ཡུལ་སྒྲུབ་ཐུབ་པ་འདུག་བསམ་ནས་དགའ་སྤྲོ་ཆེན་པོ་བྱེད་མུད་ལ། གློ་བུར་དུ་འདི་ཡིན་མེད་པའི་མི་ཆེན་པོ་གོས་ནག་པོ་གྱོན་པ། མིག་ཤེལ་ནག་པོ་བརྒྱབ་པ་འདི་འདྲས་ཡང་སེ་ང་ཚོ་ག་པར་ཕྱིན་ཀྱང་རྗེས་ལ་ཡོང་ནས། ཡང་ཡང་མངོན་གསལ་མེད་པར་གྲི་དང་མེ་མདའ་སྟོན་ནས་གསོད་ཀྱི་ཡིན་པའི་རྣམ་འགྱུར་སྟོན་འགོ་བཙུགས། མཚམས་རེ་ཁང་པའི་མདུན་ལ་མོ་ཊ་ནག་པོ་རྫིག་པོ་དེ་འདྲས་བཀག་ནས། སོ་ལྟ་ཉིན་མཚན་མེད་པར་བྱས་བྱུང་། ཨ་མ་དང་སྤུན་མཆེད་རྣམས་གཟའ་འཁོར་འགའ་ཤས་གཉིད་ཀྱང་ཉལ་མ་ནུས་པ་བཟོས་བྱུང་།་དེ་ཚོ་ཚང་མ་ཤུགས་ལྡན་ཚོགས་པའི་ཁམས་པ་དེ་ཚོ་དང་འབྲེལ་བ་ཡོད།”གསུངས་འདུག
“ང་ཚོའི་རིན་པོ་ཆེས་གལ་ཏེ་ཁོང་རྒྱལ་བ་རིན་པོ་ཆེར་མགོ་བཏགས་ན། ཕ་ཡུལ་གྱི་ཁམས་པ་དེ་ཚོས་ང་ཚོ་བསད་རྒྱུ་ཡིན་པ་མཁྱེན་ནས། རིམ་བཞིན་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་བཅད་དགོས་བྱུང་སོང་། དེ་ནས་ཨི་ཊ་ལི་ནས་གངས་ཅན་བླ་མས་འབྲེལ་བ་བྱེད་མགོ་ཚུགས། གནས་སྐབས་ཕ་མའི་སྲོག་གི་ཆེད་དུ་ཁོང་ཚོར་སྟབས་བསྟུན་བྱེད་དགོས་པ་བྱུང་ཡོད་གསུངས་ནས་ཤུམ་འདུག ཡབ་དེས་གསུངས་པར། “རྙིང་རྗེ་རིན་པོ་ཆེ་འདི་ད་བར་ལ་སྐྱིད་པའི་ཉི་མ་གཅིག་ཀྱང་བྱུང་མྱོང་མེད། སྔོན་མ་ཁྲི་བྱང་གི་ངོས་འཛིན་མ་ཞུས་གོང་ལ་རྙིང་མའི་བླ་མ་ཞིག་གི་ཡང་སྲིད་མིན་འགྲོ་ཟེར་བཤད་བྱུང་། སྐབས་དེ་དུས་ང་སྒྱིད་ལ་ངན་པ་སོང་ཙང་། ཡིག་ལན་འབྲི་བའི་ཁོམ་པ་མིན་འདུག་ཟེར་ནས་གཡོལ་ནས་བསྡད་པ་རེད། ཁོང་ཚོར་ཁ་ཡ་བྱས་མེད། གལ་ཏེ་སྐབས་དེ་དུས་དེ་ཁས་ལེན་ན། ད་ཆ་ཁོང་ལ་དཀའ་ངལ་འདི་འདྲ་ཕྲད་དགོས་དོན་མེད། ད་ཆ་འགྱོད་པ་ཆེན་པོ་སྐྱེས་”གསུངས་འདུག
བློ་བཟང་དབང་འདུས་ལགས། དེའི་སྐོར་ལ་འགྲེལ་བཤད་ཅིག་སྐྱོན་དང་།
བློ་བཟང་དབང་འདུས་ལགས།
ཤུགས་ལྡན་སྟེན་མཁན་ཚོར་ཐུན་མོང་མ་ཡིན་པའི་གཤིས་ཀ་གཅིག་འདུག དེ་ནི། མི་གསོད་པར་ཁྱིའི་མཐོང་མི་སྤྲོད་པ་དེ་རེད། སྔོན་མ་མཚན་ཉིད་གྲྭ་ཚང་གི་རྒན་བློ་བཟང་རྒྱ་མཚོ་རིན་པོ་ཆེ་ལ་གྲི་བཅུ་ཕྲག་བརྒྱབ་ནས་དཀྲོངས་སོང་། གསོད་མཁན་ཚང་མ་ཤུགས་ལྡན་སྟེན་མཁན་རེད། ཁྱེད་ཀྱིས་གསུངས་པ་བཞིན། རང་གི་ཆོས་རྒྱུད་ལ་གཞན་གྱི་ཆོས་རྒྱུད་བསྲེས་ན་ཤུགས་ལྡན་བ་ཚོའི་སློབ་གསོ་རྒྱག་སྟངས་འདི་རེད་པས། ཁ་སང་ཨ་ཆེའི་མཁྲེགས་འཛིན་པ་ཚོས་ཨ་རིའི་གསར་འགོད་པའི་མགོ་བཏུབ་སོང་། དེ་མཐོང་དུས་ངའི་སེམས་ལ་གང་ཤར་བ་ཁྱེད་ཀྱི་མཁྱེན་ནམ།
བློ་བཟང་དབང་འདུས་ལགས།
ཁྱེད་ཚོའི་སྐྱབས་མགོན་ཁྲི་བྱང་རིན་པོ་ཆེ་ད་ལྟ་ཤུགས་ལྡན་ཚོགས་པས་སྲས་ཅིག་ཀྱང་འཁྲུངས་མི་ནུས་པ་བཟོས་འདུག ཁྲི་བྱང་གི་ཕྱག་མཛོད་ཅིག་ལྟར་ན། རིན་པོ་ཆེས་ཕྲུ་གུ་མི་དགོས་གསུངས། རྒྱུ་མཚན་ནི། ཕྲུ་གུ་བྱུང་ན། ཤུགས་ལྡན་ཚོགས་པར་རིན་པོ་ཆེར་སྡིག་རྭ་སྐུལ་ཆེད་ལ་གཏའ་མ་ལྟ་བུའི་ལག་སྐྱེས་ལ་སོང་བས། རྗེས་མ་ཕྲུ་གུ་དེ་ཚོ་གསོད་ཀྱི་ཡིན་ཟེར་ནས་རིན་པོ་ཆེ་བསྡམ་པར་བྱེད། དེས་ན་ཁྲི་བྱང་རིན་པོ་ཆེ་དང་གསང་ཡུམ་གཉིས་ནང་མོལ་གནང་ནས་ད་ཆ་སྲས་མི་དགོས་གསུངས་ཡོད་ཟེར། དེ་བདེན་ཤས་ཆེ། གོང་ལ་ཤུགས་ལྡན་ཚོགས་པས་རིན་པོ་ཆེའི་ཡབ་ཡུམ་ལ་གནོད་འཚེ་བསམ་ཡུལ་ལས་འདས་པ་སྤེལ་བ་དེས་ད་ཆ་རིན་པོ་ཆེ་རྒྱུད་པ་ཞིག་ཀྱང་མི་དགོས་པའི་ཆོད་སེམས་བསླེབས་ཟིན་འདུག
འདི་ལ་བགྲོ་གླེང་ཞིག་གནང་རོགས། སང་ཉིན་མུ་མཐུད་ཡོང་གི་ཡིན།
བསམ་ཤེས་ཟེར་བའི་མི་དེས་སྐྱག་རྫུན་ལུང་པ་གང་བཤད་སོང་ ཁྲི་བྱང་བླ་མས་ལོ་ཤས་གོང་ནིའུ་ཡོག་དུ་༧གོང་ས་མཆོག་མཇལ་བར་ཡོང་སྐབས་ཕྱུ་པ་མ་གྱོན་པར་གོས་དུང་སྟོད་ཐུང་དམར་པོ་ཞིག་གྱོན་ ཨ་ཅེ་ཁྲིད་ནས་སྐུ་ཕྱག་ཀྱང་ཕུལ་མིན་འདུག་ ལོ་བཅུ་གྲངས་གོང་༧གོང་ས་མཆོག་ནས་གྲོ་མོ་དགེ་གཤེས་བླ་མའི་ཡང་སྲིད་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ངོས་འཛིན་གནང་བ་ཡོངས་གྲགས་རེད་ དེ་ནས་ལོ་ཁ་ཤས་རྗེས་ལ་ཁྲི་བྱང་བླ་མས་འབྲས་ལྗོངས་ནས་གྲོ་མོ་དགེ་གཤེས་ཀྱི་ཡང་སྲིད་ཞིག་ངོས་འཛིན་བྱས་ནས་ད་ལྟ་ཤར་དགའ་ལྡན་ཟེར་བ་དེར་ཡོད་པ་སོགས་ བཀའ་དྲིན་གསུམ་ལྡན་གྱི་བླ་མར་དྲིན་ལན་ལོག་མཇལ་བྱས་པ་དེ་ཁྱོད་ཀྱི་ཤེས་ཀྱི་མེད་དམ་
ཝ་མི་རྒྱལ་ཀ་མེད་འདྲེའི་འགྲམ་བཅག་དང་། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར་ཞེས་པའི་དཔེ་བཞིན། གོང་ས་མཆོག་གང་དུ་ཕེབས་ཀྱང་དོལ་རྒྱལ་གྱི་སྐོར་ལ་གསུང་དགོས་པ་འདི་དོལ་རྒྱལ་བ་ཁོ་རང་ཚོས་བཟོས་པ་རེད། ཁོ་ཚོས་དུས་རྟག་ཏུ་གོང་ས་མཆོག་གང་ཕེབས་ཀྱང་ངོ་རྒོལ་སྐྱོན་བརྗོད་དང་། དམང་ཁྲོད་ཁ་བརྡ་སོགས་དྲ་ལམ་རྒྱུད་ནས་འཁྱོག་བཤད་བསམ་ཡུལ་ལས་འདས་པ་བྱེད་ཀྱི་ཡོད་པས་། གོང་ས་མཆོག་གིས་དེ་ལ་གསལ་བཤད་དང་ལེན་འདེབས་མ་གནང་རང་གནང་ཐུག་པ་རེད། གཉིས་ནས་དམ་ཚིག་སྲེ་ལྷད་མི་ཡོངཆེད་དབང་གྲལ་དུ་དོལ་རྒྱལ་བ་མ་ཡོང་རོག་ཅེས་གསུངས་ཀྱི་ཡོད་པ་ནི་གོང་ས་མཆོག་སྐུ་སྒེར་གྱི་ཐོབ་ཐང་ཡང་རེད། གང་ལྟར་དོལ་རྒྱལ་བ་དང་བོད་མི་མང་བར་གྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཆགས་ཟིན་པ་དངོས་ཡོད་རེད།
ཧཧཧཧ དོལ་རྒྱལ་བ་དང་དོལ་རྒྱལ་ལ་ངོ་རྒོལ་བྱེད་མཁན་ཚོའི་བོད་མིའི་བར་ལ་ཤི་གསོན་གྱི་འཐབ་རྩོད་ཅིག་ཆགས་ཟིན་པ་ཡིན་ན་ རྒྱ་མི་དང་བོད་པའི་བར་གྱི་འཐབ་རྩོད་དེ་གང་རེད་དམ་ ཡང་ཉིན་ལྟར་མི་གཞན་ལ་གསུང་བཞིན་པའི་རྙིང་རྗེ་དང་བཟོད་གོམ་སོགས་གང་དུ་སོང་ གསལ་པོ་བཤད་དགོས་པ་ཞིག་ལ་ལྷ་འདྲེ་ཞིག་ལ་ཡིད་ཆེད་ཡོད་དང་མེད་ཀྱི་ཆོས་ལུགས་མི་སྣའི་བར་གྱི་འཐབ་རྩོད་དེ་བོད་མི་ཡོངས་ཀྱི་སྲིད་དོན་གྱི་འཐབ་རྩོད་བཟོས་པ་ནི་ཧ་ཅང་གྱི་ནོར་འཁྲུལ་ཆེན་པོ་ཞིག་རེད་
࿐བསམ་ཤེས་ལགས་རང་གིས་
ཁུངས་མེད་ལུང་མེད་ལོག་བཤད་མང་པོ་བྱས་འདུག རྫུན་མ་ནི་སུ་ལའང་མང་པོ་བཤད་རྒྱུ་ཡོད་རེད་་་ཚང་མ་གསལ་བཤད་བྱེད་ཡག་གི་དུས་ཚོད་མེད། གཅིག་ཡོད་པ་ནི། མཚན་ཉིད་རྒན་བློ་བཟང་རྒྱ་མཚོ་བཀྲོངས་མཁན་ཤུགས་ལྡན་ཚོགས་པ་མ་རེད། རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མདོག་བྱེད་མཁན་ཕྱི་འཇམ་ནང་རྩུབ་རྡ་སར་ཇག་པ་འགའ་ཤས་ཀྱིས་དངུལ་གྱི་ཆེད་དུ་བཀྲོངས་པ་རེད་་་རྒན་བློ་བཟང་རྒྱ་མཚོས་ཕྱི་རྒྱལ་ནས་ཨ་སྒོར་ཧ་ཅང་མང་པོ་འཁྱེར་ཡོང་ནས་གདན་ཁྲིའི་འོག་ལ་བཞག་ཡོད་པ་རེད། དེ་རག་ཡག་ཆེད་དུ་བཀྲོངས་པ་རེད། དེ་ཡིན་པ་ནི་རྒྱ་གར་གསང་བའི་ལས་ཁུངས་ནས་དཔང་རྟགས་གསལ་པོ་རྙེད་པ་རེད། གསང་བའི་ལས་ཁུངས་ནས་ཤུགས་ལྡན་ཚོགས་པ་མིན་པའི་ཡིག་ཆ་གསལ་པོ་སྤྲད་ཡོད། གལ་སྲིད་ཤུགས་ལྡན་ཚོགས་པ་ཡིན་ན་གསང་བའི་ཁུངས་ནས་ལས་སླ་པོ་བཞག་ཤེས་པ་མ་རེད། བདེན་པ་ཡིན་མིན་ནི་དངོས་ཡོད་གནས་ཚུལ་གྱི་རྗེས་སུ་འགྲོ་བ་མ་གཏོགས་མི་མང་ཉུང་དང་དབང་ཤུགས་ཆེ་ཆུང་གི་རྗེས་སུ་འགྲོ་ཡི་མ་རེད། ལས་འབྲས་མེད་པའི་མི་འགའ་ཤས་ཀྱིས་ཤུགས་ལྡན་ཚོགས་པ་ལ་མ་ཉེས་ཁ་གཡོགས་རང་བྱས་པ་རེད། ་་་་་་་་་་་དེ་མཁྱེན་པར་མཛོད་ཅིག
བློ་དབང་གིས་མཚན་ཉིད་རྒན་བཀྲོང་མཁན་ཤུགས་ལྡན་བ་ཚོ་མ་རེད་ཟེར་དུས་བདེན་པ་སུས་ཤོད་པ་དེ་མངོན་གསལ་འདོད་དུ་ཕྱིན་སོང་།
ཧམ་པ་ཤོད་སྐབས་ཡང་མཁས་པོ་དང་དྲུང་པོ་བྱེད་དགོས་པ་དེ་མཁྱེན་པར་མཛོད།
བློ་བཟང་དབང་འདུས་ལ་དེང་དུས་སྡུག་སྐད་རྒྱག་འདུག་པ་འདི་ཚོ་ཡང་དོལ་ཚོགས་མིན་ཟེར་རྒྱུ་ཡིན་ནམ། ཧ ཧ ཁྱོད་ཚོས་པན་ཆེན་བཅུ་བ་རྫུན་མ་བཟོས། བླ་མ་འདས་ཟིན་ཀྱང་རྒྱ་མི་ལ་ངོ་གཡར་ནས་པན་ཆེན་གསུང་འབུམ་ནང་དུ་འདྲེ་གསོལ་ལྷད་པ་དེ་ཚོ་མཐོང་ཚེ་དོལ་ལུགས་རྗེས་འབྲངས་པ་དང་སི་ཀར་འདི་རིགས་སྐྱག་རྫུན་ལས་བཤད་མི་ཤེས་པ་ཅི་ཡིན་ནམ། ད་མི་བཤད་དུས་ཚོད་སྟོང་ཟད་རེད་ཀོ།
རང་ལ་མ་འདོད་པ་ཐམས་ཅད་རྫུན་མ་་་་་འདོད་པ་ཐམས་བདེན་པ་ཧཧཧ་སྟོང་ཟད
༧གོང་ས་སྐྱབས་མགོན་ཆེན་པོ་འདི་ཉིད་ཀྱིས། ཧཱུཾ། རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །གཏུམ་དྲག་དྲེགས་པ་ཡོངས་ཀྱི་རྗེ་བོ་རུ། །མངོན་བཞེངས་འཇམ་མགོན་བསྟན་སྲུང་མཐུ་རྩལ་ཅན། །དགའ་ལྡན་མཁའ་སྤྱོད་ལ་སོགས་གནས་ནས་གཤེགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཉོན་མོངས་དབང་གིས་ཐུགས་དང་འགལ་གྱུར་པའི། །ནོངས་ཤིང་ཉེས་པའི་ཚོགས་ཀུན་བཤགས་ལགས་ན། །བཟོད་པ་བཞེས་ལ་དགྱེས་པའི་འཛུམ་ཞལ་སྟོན། །གཉིས་མེད་བདེ་སྟོང་རོལ་བ་ལས་བྱུང་བའི། །ཉེར་སྤྱོད་ཤ་ཁྲག་གཏོར་ཚོགས་རི་ལྟར་སྤུངས། །འོ་ཞོ་ཆང་ཕུད་རྒྱ་ཇ་མཚོ་ལྟར་སྐྱིལ། །བཀྲ་ཤིས་རྟགས་རྫས་སྲོག་ཆགས་སྣ་ཚོགས་དང་། །ཞི་དྲག་རྒྱན་དང་དགྲ་འཇོམས་གོ་མཚོན་སོགས། །མ་ལུས་ཕྱི་ནང་གསང་བའི་དམ་རྫས་ཚོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །ཐུགས་དམ་བསྐངས་ཤིང་ཉམས་ཆགས་དག་གྱུར་ནས། །བློ་བཟང་རྒྱལ་བའི་བསྟན་དང་དེ་འཛིན་གྱི། །སྐྱེས་བུའི་ཚོགས་རྣམས་སྐུ་ཚེ་མཛད་འཕྲིན་རྒྱས། །དགེ་འདུན་སྡེ་རྣམས་བཤད་སྒྲུབ་བྱ་བས་མཛེས། །ཞེས་སོགས་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ལ་འཕྲིན་ལས་བཅོལ་བ་འགག་མེད་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ་
འཕྲིན་བསྐུལ་བཀའ་རྩོམ་མཛད་པ་འདི་ཡང་རྫུན་མ་ཡིན་ནམ།
ངོ་མ་རེད། ཏ་ལེ་བླ་མས་ཤི་འདྲེ་ཞིག་བསྟོད་པ་དེ་དག་བདེན་པ་ཡིན་ན་བོད་ས་ཤོར་བ་ཡང་བདེན་པ་ར་སྲོད་འདུག་ག དང་པོ་ནས་སློབ་དཔོན་ངན་པའི་གཞན་དབང་དུ་སོང་འདུག་ག སྐྱེ་བ་ཚེ་རབས་ཀུན་ཏུ་ཤི་འདྲེ་ཁྱེད་ཚོ་འབྲེལ་བ་མ་གྱུར་ཅིག བློ་བཟང་གྲགས་པའི་ཞབས་འདྲེན་ཁྱེད་ཚོས་དགེ་ལུགས་ཟེར་བ་མཚམས་བཞག་ན་མི་བཟང་ངམ།
བསམ་ཤེས་ལགས་ཀྱིས་བཤད་པ་ཚང་མར་ཡིད་འཐད་བྱུང་།
བློ་བཟང་དབང་འདུས་ཟེར་བའི་ཉོན། དོལ་རྒྱལ་ཚོགས་པ་ནི་མི་གསོད་ཀྱི་ལག་དམར་དང་། མི་ལ་རྡུང་རྡེག་གཏོང་མཁན་གྱི་འཇིགས་སྐུལ་བ་ཡིན་པ་ཚང་མས་ཤེས་གསལ་རེད། འདས་པའི་ལོ་མང་རིང་འཇིགས་སྐུལ་གྱི་བྱ་བ་ཐེངས་མང་སྤེལ་བ་མངོན་སུམ་ཡིན། ཁོ་ཚོའི་བྱེད་ལས་ནི་་་མི་ལ་འཇིགས་སྐུལ་བྱེད་པ། རྡུང་རྡེག་བྱེད་པ། བཙན་གནོན་བྱེད་པ། སྐྱག་རྫུན་བཤད་པ། སླུ་བྲིད་གཏོང་བ་བཅས་ཁོ་ན་ཡིན།
བློ་བཟང་དབང་འདུས་ཟེར་བས་ཉོན། ༡༽དགའ་ལྡན་བྱང་རྩེའི་འབྲུ་མཛོད་མེར་བསྲེགས་བྱས་པ། ༢༽སྤེལ་ཀོབ་གཞིས་ཆགས་ཀྱི་གཞིས་མགོ་ཁྱོ་ཤུག་གཉིས་ལ་རྡུང་རྡེག་ཚད་མེད་་བྱས་ནས་སྨན་ཁང་དུ་བསྐྱལ་བ། ༣༽དགའ་ལྡན་དགོན་གྱི་མཁན་ཟུར་ཞིག་གསོན་པོར་མེ་ལ་སྲེག་བརྩིས་བྱས་པ། ༤༽སེར་བྱེས་ཕུར་བུ་བསམ་གྲུབ་ལགས་ལ་གཅར་རྡུང་དྲག་པོ་བྱས་པ། ད་དུང་དགོན་པ་གྲྭ་ཚང་ཁག་གི་མཁན་པོ་ལས་སྣེ་དང་། གཞུང་གི་གནད་ཡོད་མི་སྣ་མང་བོར་ཡིག་འབྲེལ་དང་ཁ་པར་། གློག་འཕྲིན་བརྒྱུད་ལམ་ཁག་ནས་དོལ་རྒྱལ་མཚམས་འཇོག་གི་ལས་འགུལ་སྤེལ་ན་དམར་གསོད་གཏོང་རྒྱུ་ཡིན་རབས་དང་། གཅར་རྡུང་བྱེད་རྒྱུ་ཡིན་རབས་ཀྱི་འཇིགས་སྐུལ་དང་དྲག་པོའི་སྡིགས་ར་སྐུལ་བ་མངོན་སུམ་རེད་ལོ།
མི་རུ་སྐྱེ་ཡང་འདྲེ་ལ་ཡིད་གཏད་པ་འདི་དགེ་ལུགས་ཡིན་ནམ། ཏ་ལེ་བླ་མ་རྣམ་དཔྱོད་དང་བོད་ལ་བཀའ་དྲིན་ཆེན་པོ་རེད།ཀརྨ་རྫུན་མ་བདེན་ཁ་སྟེར་བ་ཡང་རྒན་པོ་ལ་འཇིགས་བསྐུལ་བས་ཁག་མེད་ཡིན་སྲིད། དེ་རིང་ངས་དགེ་བཤེས་ཞིག་ལ་དྲ་གཏམ་ཡུན་རིང་བཤད་དུས་ཁོ་རང་ཡང་དགེ་ལུགས་རང་ལ་ཞེན་པ་ལོག་འདུག ངས་དགེ་ལུགས་ཚང་མ་དེ་འདྲ་མ་རེད་ལབ་དུས། ཁོས་ཟེར་ན་་་་་དགེ་ལུགས་ཟེར་བའི་ཆོས་བརྒྱུད་འདི་བོད་ལ་དར་ནས་བཟུང་བོད་ལ་སྐྱིད་པའི་ཉི་མ་ཤར་མྱོང་མེད། བཀའ་བརྒྱུད་པ་ལ་དམག་བརྒྱག་ནས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གཅིག་ནས་གྲྭ་བ་བདུན་བདུན་སྟོང་གི་སྐེ་བཅད་པ་སོགས་བྱས། རྙིང་མ་ལ་བརྒྱབ་ནས་རྡོ་བྲག་སྨིན་གླིང་ཐམས་ཅད་གཏོར།རྡོ་འཛིན་པ་བཅུ་གསུམ་གྱི་སྐེ་ལྷ་སའི་ཆུ་འགྲམ་དུ་བཅད།ཇོ་ནང་ལ་བརྒྱབ་ནས་རྟག་བརྟན་ཕུན་ཚོགས་གླིང་ལ་ལ་བསྒྱུར་བ་དང་གྲུ་བ་ཧ་ཅང་མང་པོ་དམར་གསོད་བྱས།སོག་པོར་མགོ་བཏགས་ནས་སོག་དམག་བོད་ལ་ཁྲིད།གོ་མིན་ཏང་ལ་མགོ་བཏགས་ནས་གོ་དམག་བོད་ལ་ཁྲིད།རྭ་སྟག་ནང་གསོན་ཆེན་མོའི་སྐབས་སེ་འབྲས་གྱི་གྲུ་དམག་གིས་ལྷ་ས་ལ་ཁྲག་གི་ཡུར་ཆུ་འཐེན།མི་གསོད་མཁན་ལ་གསོད་དུ་འཇུགམཁན་དགེ་བཤེས་མིང་ཅན་རྣམས་ཀྱིས་སོ་ཐར་གྱི་སྡོམ་རྒྱུན་སྤེལ་ཁུལ་བྱས།རྒྱ་གར་ནས་རིག་སློབ་དབུ་དགེ་སོགས་བསད་ཅིང་གཞིས་ཆགས་བཅོམ། དེང་སང་ཕྱོགས་གཉིས་སུ་གྱེས་ནས་དོལ་རྒྱལ་ཟེར་བ་ཞིག་ཁ་ལ་ཁྱེར་དེ་འཛམ་བུ་གླིང་གི་མདུན་དུ་ཞབས་འདྲེན་ཚད་མེད་བཞག་དང་འཇོག་བཞིན་པ་སོགས་ཡིན། མདོར་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པར་རློམ་མཁན་ལ་དགེ་ལུགས་པའི་སྡུག་ཅིག་འཛམ་བུ་གླིང་འདི་ན་དཀོན་མཆོག་གསུམ་དཔང་དུ་འཇོག་ཆོག་པ་ཡིན། ད་དུང་མཚན་མཐུན་ཆགས་སྤྱོད་སོགས་ངན་སྣ་དགུ་འདི་མི་ཚང་བྱ་བ་མེད། ང་རང་ཉིད་དགེ་ལུགས་པ་ཞིག་ཏུ་སྐྱེས་པ་ངོ་གནོང་ཚད་མེད་སྐྱེ་བཞིན་འདུག ཕྱི་ཆད་རྙིང་མ་དང་ས་སྐྱ་གཉིས་ཀྱི་གང་རུང་ཞིག་གི་ཆོས་བརྒྱུད་ལ་ཞུགས་རྒྱུ་ཡིན། སྐྱེ་བ་རྗེས་མར་དགེ་ལུགས་པ་ཞིག་ལ་ནམ་ཡང་མི་སྐྱེ་བའི་སྨོན་ལམ་འདེབས་རྒྱུ་ཡིན། ཧི་མ་ལ་ཡའི་གཡག་ནས་་་་་་ཟེར། ངས་ལན་ཐོག་མ་སོང་། བློ་བཟང་དབང་འདུས་ལ་དམིགས་བསལ་ལན་ཡོད་ན་ཁྱེར་ཤོག་གོ།
བྲི་བྱང་རིན་པོ་ཁག་མེད་མདོག་བྱེད་པ་ནི། རྒྱ་མིའི་འཁྲབ་སྟོན་དང་གཅིག་པ་རེད། དེ་སྔ་རྒྱལ་བ་རིན་པོ་ཆེས་ཁོང་ལ་དམིགས་བསལ་གནང་བ་གོ་མྱོང། འོན་ཀྱང་བཞུགས་མ་ཚུགས་པར་སུས་ཛིར་མགོན་སར་བླ་མར་ཁ་གཏད་ནས་ཕྱིན་པ་རྩམ་པ་ཟ་ནཁན་ཚོས་གོ་ཚོད་ཤེས་ཚོད་ཡིན། རྒྱལ་བ་རིན་པོ་ཆེར་དད་པ་དང་བརྩི་འཇོག་ཡོད་ན་རང་ཚུགས་བརྟན་པོ་བཞུགས་ན་ལབ་རྒྱུ་གླེང་མེད་པ་ཞིག་རེད།
ད་སྐད་ཆ་དེ་ཚོ་བཤད་ནས་ཁེ་ཕན་ག་རེ་གྲུབ་རྩིས་ཡོད་ན་བོད་པ་ནང་ཁུལ་དཀྲུག་རྩིས་ག་རེད་བྱེད་རྩིས་ཡོད་ན། ཡང་ཕྱི་མི་མགོ་སེར་ལས་བོད་པ་ཁེ་ཕན་ཆེ་བ་གཟིགས་ཀྱི་ཡོད་ན་དྲི་ཚིག་ཆེན་པོ་ཞིག་སླེབས་སོང།
བློ་བཟང་དབང་འདུས།
མཚན་ཉིད་རྒན་གྱིས་དོལ་རྒྱལ་སྐོར་ལ་དགག་བཞག་གི་རྩོམ་ཡིག་མང་པོ་སྤེལ་བར་བརྟེན་ཁོང་སྐུ་མ་བགྲོངས་པའི་ཡར་སྔོན་ནས་དོལ་ཚོགས་ཀྱིས་ཡི་གེ་འདྲ་མིན་བསྐུར་ནས་འཇིགས་སྐུལ་མང་དུ་བྱས་ཡོད། ཡིན་ཡང་། ཁོང་གིས་དཔའ་སྙིང་ཞུམ་མེད་ཐོག་མུ་མཐུད་ནས་དགག་རྩོམ་བྲིས་པས་མཇུག་མཐར་སྐུ་དམར་གསོད་བཏང་བའི་གནས་ཚུལ་དེ་བྱུང་བ་རེད། དམར་གསོད་བཏང་རྗེས་དོལ་ཚོགས་ཀྱིས་སྐུ་སྒེར་ཡིག་ཚང་སོགས་ལ་ཡི་གེ་བཏང་ནས་ད་ལོར་དགུན་ཤ་་ཤ་ཁོག་གསུམ་གྲ་སྒྲིག་བྱས་ཡོད་རབས་སོགས་ཡ་ང་སྙིང་རྗེ་མེད་པའི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་དངོས་སུ་སྤེལ་ཡོད། འདི་ནི་དེང་གི་ཁ་ཆེ་དྲག་སྤྱོད་ཕྱོགས་ཁག་གིས་ཨ་རིའི་མི་སེར་དཀྱུས་མ་དམར་གསོད་བཏང་ནས་འཇིགས་སྐུལ་བྱེད་སྟངས་དང་གཅིག་མཚུངས་ཡིན། ད་དུང་མཚན་ཉིད་རྒན་རིན་པོ་ཆེ་དམར་གསོད་གཏོང་སྟངས་ལ་ཞིབ་ཏུ་མནོ་བསམ་ཐོངས་དང་། རྒྱུ་དངོས་འཕྲོག་བཅོམ་ཙམ་གྱི་ཆེད་དམར་གསོད་བཏང་བ་ཞིག་རེད་དམ། ཡང་ན། ཞེ་འཁོན་གྱི་ཆེད་དུ་དགྲ་ཤ་རྩོད་པ་ལྟར་དམར་གསོད་བཏང་བ་ཞིག་རེད། ཚང་མས་ཞིབ་ཏུ་གཟིགས་དང་ཧ་གོ་ངེས་རེད།
བློ་བཟང་དབང་འདུས་ ཁྲམ་པ་ཁྱོད་རྫུན་བཤད་ན་འདྲ་སེ་ཅིག་ཤོད་ མཚན་ཉིད་རྒན་གྱི་གནས་ཚུལ་དེ་རྒྱ་གར་ས་གནས་ཉེན་རྟོག་ཁང་གི་གསལ་གསལ་ཐང་ཐང་བྱས་བའི་བརྙན་ཕབ་མཐོང་མ་སོང་ངམ་ དོལ་རྒྱལ་གྱི་འཕྲིན་བཅོལ་དེ་སུ་ཡི་བརྩམས་མིན་(ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག་ཤོག་གྲངས་༣༠༣་ན)སྐུ་སྒེར་ནས་གསལ་བཤད་གནང་ཡོད་པས་ མིག་ལྡན་ལོང་བ་བཞིན་མ་ཁྲིད་རོགས