སྒོམ་སྡེ་ལྷ་རམས་པ།
༼འཕྱང་མོ་ཉུག་གི་སྒྲ་བཤད༽
འཕྱང་མོ་ཉུག ཐེ་ཚོམ་གྱི་མིང་སྟེ། འཕྱང་མོ་ཡུག་ཡང་འཐད། སྒྲ་བཤད་ནི། འཕྱང་མོ་ནི་ སྤྱིར་ཐུར་དུ་འཕྱང་བའི་དོན་ཡིན་ཡང་འདིར་གཡོ་བ་ཙམ་གྱི་དོན་དང་། ཉུག་ནི་ནོམ་ཉུག་གི་ དོན་དོན་ཏེ། དཔེར་ན་ལོང་བས་ལག་པ་གནས་ངེས་མེད་དུ་གཡོས་ཏེ་འཚོལ་ཉུག་བྱེད་པ་ ལྟར། མ་ངེས་པའམ་ཐེ་ཚོམ་གྱི་དོན་ནོ། །ཡང་ན། འཕྱང་མོ་ནི་འཕྱང་འཕྲུལ། ཉུག་ནི་ཡུག་ པའམ་གཡུག་པའི་དོན་ཏེ། འཕྱང་འཕྲུལ་དུ་གཡོ་བའི་དོན་ནོ། །གོང་འོག་གི་སྒྲ་བཤད་ གཉིས་ཀ་ལ་མི་བརྟན་པའམ་ཐེ་ཚོམ་གྱི་དོན་ཚང་ཡོད། འཕྱང་མོ་ཡུག་ནི། འཕྱང་མོ་ཉུག་ དང་དོན་འདྲ་བར། བསྟན་དར་ལྷ་རམས་པ་གསུང
༼ཡུགས་མོ་ཞེས་བྲིས་ན་ཨེ་འཐད༽
ཡུགས་མོ། ཡུགས་ས་མོ་སྟེ། ཁྱོ་ཤི་བའི་བུད་མེད་ཀྱི་མིང་། འདི་ཚིག་མཛོད་རྣམས་སུ་མི་ གསལ་ཡང་། དེང་སང་ཕྱི་རྒྱལ་གྱི་ཡིག་ཆ་མང་པོར་widowཞེས་པ་བོད་ཡིག་ཏུ་བྲིས་ཚེ་ ཡུགས་ས་མོའམ། ཡུགས་ས་མ་ཞེས་བྲིས་ན་བུད་མེད་ལ་གཤེ་བ་དང་། དམོད་མོ་འདེབས་པ་ དང་། དམའ་འབེབས་ཀྱི་ཚིག་ཧ་ཅང་རྩུབ་མོ་ཞིག་ཏུ་འགྱུར་བས། དབྱིན་ཡིག་གི་ widowཞེས་པའི་ཚིག་འདིའི་སྐད་དོད་ལ་ཡུགས་མོ་ཞེས་བེད་སྤྱོད་བྱས་ན་དམོད་ཚིག་དང་ དམའ་འབེབས་སུ་མི་འགྱུར་བར་ཤིན་ཏུ་འཚམ་པར་སེམས་སོ། །སྒྲ་བཤད་ནི། ཡུགས་ཞེས་ པ། ཁྱོས་རྗེས་སུ་གཡུགས་པས་ན་ཡུགས་ཞེས་བཏགས་པར་སེམས། ཁྱོ་མོ་ཤི་བའི་ཕོ་ཧྲེང་ལ་ ཡུགས་ཕོ་ཟེར། དབྱིན་སྐད་དུ་widowerཟེར།
“ཡུགས་ས་མོ་སྟེ། ཁྱོ་ཤི་བའི་བུད་མེད་ཀྱི་མིང་། འདི་ཚིག་མཛོད་རྣམས་སུ་མི་གསལ།”
ཨ་ཙི་ཡང་འདིས་ག་རེ་བཤད་ཀྱི་འདུག ཡུགས་མོ་ཞིས་པ་ཚིག་མཛོད་དུ་མི་འདུག་ཟེར་གྱི་ཡོད་དམ། གྲུབ་མཐའ་གཞན་གྱི་མཁས་པའི་ཚིག་མཛོད་རྣམས་ལའང་གཟིགས་རོགས། དེ་ནས་བཤད་རོགས། མ་གཞི་བོད་རྒྱ་ཚིག་མཛོད་ཆེན་མོར་མི་འདུག་ཡིན་སྐད་ཆེ། ཡུགས་མོ་ནི་ཡུགས་ཟ་མོའི་བསྡུས་ཚིག་ཙམ་ཡིན་པས། བོད་རྒྱ་ཚིག་མཛོད་ཆེན་མོའི་ཤོག་ངོས་༢༥༨༤ནང་། “ཡུགས་ས་མ། ཡུག་ཟ་མ་དང་འདྲ།” ༢༥༨༣ནང་། “ཡུག་ཟ་མ། ཁྱོ་ག་ཤི་བའི་བུད་མེད།” ད་དུང་། “ཡུག་ཟ་མོ། ཡུག་ས་མ་དང་འདྲ།” ཞེས་པ་འདི་ཚོ་ཅི་རེད།
ཧ་ཧ་མ་གཞི་ཁྱོད་ཀྱིས་ཅི་ཞིག་བཤད་འདོད་པ་ངས་མགོ་འཚོས་མ་སོང་། “ཡུགས་ས་མོ་”བྲིས་ན་བུད་མེད་ལ་གཤེ་དམོད་དང་དམའ་འབེབས་ཀྱི་ཚིག་རྩུབ་ཏུ་འགྱུར་ཡང་དེ་ལས་བསྡུས་ཏེ་”ཡུགས་མོ་”བྲིས་ན་དེ་ལྟར་མི་འགྱུར་བ་དེ་ཧེ་ཧེ་ཁྱོད་ཀྱིས་བྱིན་གྱིས་རླབས་པ་ཡིན་ན་མ་གཏོགས། ཡུགས་མོ་དང་ཡུགས་ས་མོ་གཉིས་ཀ་དམོད་ཚིག་ཡིན་པར་ནག་རྩིས་ཀྱི་ཁ་དམར་རྣམས་སུ་གསལ་ཡོད་རེད་གྲོགས་པོ། སྐུ་མཁྱེན་མཁས་མདོག་མ་སྟོན་རོགས། མ་གཞི་ཁྱོད་ཀྱིས་ད་དུང་འཇུར་རྟ་ལེགས་སྦྱར་གྱི་སྐད་ལས་ཟུར་ཆག་པའི་ཁུངས་དེ་ད་དུང་ཡང་འཁྱོལ་མེད་ད།
༡༽ ལབ་རྒྱུ་གཅིག་པ་ཡིན་ཡང་ཚིག་གིས་བརྗོད་སྟངས་ཆུང་ཆུང་ཞིག་གིས་ཀྱང་ཁྱད་པར་ཆེན་པོ་འགྲོ་གི་རེད། དཔེར་ན་རྒྱ་རྣ་རུ་ཟེར་བ་དང་། རྒྱོ་ཟེར་བ་ལྟ་བུ། ཡ་རབས་ལ་ཁྱད་པར་ཆེན་པོ་ཡོད་རེད། རྒྱ་རྣ་རུ་ཞེས་པ་ཕ་མ་སྤུན་མཆེད་ཀྱི་དྲུང་དུ་ལབ་ཆོག་པ་དང་། རྒྱོ་ཞེས་པ་ལབ་མི་ནུས་པའི་ཁྱད་པར་ཡང་ཤེས་པར་གྱིས་ཤིག
༢༽ ཡུགས་མོ་ཞེས་འཁོད་པའི་ཚིག་མཛོད་དེ་ཅིག་གསུང་དང་། མི་མང་པོ་ལ་ཕན་གྱི་རེད།
༣༽ འཇུར་རྟ་ལེགས་སྦྱར་ཟུར་ཆག་པ་སུས་ཁས་བླངས།
ངེད་ཀྱི་རྩོམ་ཡིག་༼ལེགས་སྦྱར་ཟུར་ཆག་པའི་བོད་ཡིག༽ཅེས་པའི་ནང་།
༼འཇུར་ཏ། (རྒྱ་གར) འཇུར་ཏ་ནི་རྒྱ་གར་གྱི་སྐད་ཛཱུ་ཏ་ཟུར་ཆག་པ་སྟེ། ལྷམ་གྱི་མིང་། རྒྱ་གར་གྱིས་ जूता ཟེར༽
ཞེས་(ལེགས་སྦྱར)ཞེས་མ་བྲིས་པར་(རྒྱ་གར)ཞེས་བྲིས་པ་མ་མཐོང་ངམ།
གཞན་ཐམས་ཅད་རྣམས་ལ་(ལེགས་སྦྱར)ཞེས་བྲིས་ཡོད་པ་གཤམ་དུ་གཟིགས།
ཏ་ལ་ལ། (ལེགས་སྦྱར) ❶ སྒྲོན་མེའམ་མར་མེ། འདི་ལེགས་སྦྱར་ཡིན་པར་ལི་ཤིའི་གུར་ཁང་དུ་གསུངས་ཏེ། དེ་ཉིད་ལས། སྒྲོན་མེའི་སྐད་དོད་ཏ་ལ་ལ་ཟུར་ཆག་པས་ཏལ་ཙམ་དང་། ཏལ་སྦྱིན་སོགས་མཐའ་ཡས་ཤིང་། ཞེས་གསུངས་པ་ལྟར་རོ། །❷ མར་མེ་འཆི་ཁར་དམར་ལྷེབ་ལྷེབ་བྱེད་པ་ལྟ་བུའི་འབར་ཚུལ་ཞིག
ཐུལ་ཆེ་བ། སྦོམ་པོ། རགས་པའི་དོན། འདི་ལེགས་སྦྱར་གྱི་ स्थूल “སྠུལ”ཟུར་ཆག་པར། ལི་ཤིའི་གུར་ཁང་དུ་གསུངས། སྠུལ་ཞེས་པ་ཀློག་པའི་ཚེ་ས་ཐུལ་ཞེས་པ་ལྟ་བུར་ཀློག༽
ཅེས་འཇུར་ཏའི་ཐད་དུ་ (རྒྱ་གར) ཞེས་བྲིས་ལ། གཞན་རྣམས་ལ་ (ལེགས་སྦྱར)ཞེས་བྲིས་པ་མཐོང་ངམ།
རང་ཉིད་ཀྱིས་ཇི་ཞིག་འབྲི་དགོས་ཀྱང་རང་མགོ་ཐོན་གྱི་ཡོད་སྟབས་ལོ་མང་པོ་ཞིག་གི་སྔོན་ནས་ཚིག་མཛོད་བལྟ་མ་མྱོང་། ཚིག་མཛོད་ཉར་གྱི་ཡང་མེད། དེར་བརྟེན་དེ་རིང་ཚིག་མཛོད་ལ་བལྟ་ས་ཞིག་མེད་ཀྱང་། ང་ཕྲུ་གུ་ཡིན་པའི་སྐབས་ནས། ཁོར་ཡུག་དང་ནི་ཡུགས་ས་མོ།། ཞེས་དག་ཡིག་རྣ་རྒྱན་སོགས་ལས་མཐོང་མྱོང་། འོན་ཀྱང་ཡུགས་ས་ཟེར་བ་འདི་སྒོམ་སྡེས་གསར་བཟོ་ཡིན་ཟེར་ནས་ཉི་མ་ཁདཀར་ངོ་དཀར་ལ་སྐྱག་རྫུན་བཤད་ཀྱི་ཡོད་ན་དེ་བྱོས།
དག་གསར་ནང་ཡུགས་མོ་ཞེས་བྲིས་འདུག བཟའ་ཟླ་ཤི་བའི་བུད་མེད་ལ། ཡུགས་མོ་དང་། ཕོ་ལ་ཡུགས་ཕོ་ཞེས་བེད་སྤྱོད་བྱས་ན་ཡག་ཤོས་རེད།
ཁྱེད་ཀྱིས་གྲུབ་མཐའ་གཞན་གྱི་ཚིག་མཛོད་ནང་ཡུགས་མོ་ཞེས་འཁོད་ཚུལ་གསུངས་འདུག་པས། གྲུབ་མཐའ་གཞན་གྱི་ཚིག་མཛོད་དེའི་མིང་དེ་ཅིག་སྨོས་རོགས། ངེད་ལ་རྒྱབ་སྐྱོར་སྣོན་པ་ཞིག་འོང་བ་འདུག
དམངས་ཀྱི་སྐད་དང་བསྟུན་ན་ཕོ་ལ་ཡུགས་ས་དང་།
མོ་ལ་ཡུགས་ས་མ་ཞེས་བྲིས་ན་ཅི་འདྲ་འདུག
སྒོམ་སྡེ་ལགས།
ཁོ་རེ་སྒོམ་སྡེ། ད་ཁྱོད་ག་རེ་བཤད་ཀྱི་ཡོད། དང་པོ་ང་ལ། “ཡུགས་མོ་ཞེས་འཁོད་པའི་ཚིག་མཛོད་དེ་ཅིག་གསུང་དང་། མི་མང་པོ་ལ་ཕན་གྱི་རེད།” དེ་འདྲ་ཟེར་མ་ཐག་ནས་རང་གིས་ཚུར་ང་ལ་གསལ་བཤད་བྱས་ཏེ། “དག་གསར་ནང་ཡུགས་མོ་ཞེས་བྲིས་འདུག བཟའ་ཟླ་ཤི་བའི་བུད་མེད་ལ།” ཧ་ཧ་ཁྱོད་ཐང་པོ་འདུག་གམ། མེད་པར་ཁས་བླངས། ཡོད་ན་སྟོན་ཅིག་ཅེས་ཁ་ཕོ་བསྒྲགས། དེ་ནས་འདུག་ཅེས་མཛུབ་སྟོན་བྱས། ད་འདི་ཁྱོད་ལ་ཕན་མ་སོང་མ་ཟེར་ཞིག ད་ངས་གྲུབ་མཐའ་གཞན་གྱི་ཚིག་མཛོད་དེ་ངོ་སྤྲོད་བྱ་དགོས་མ་བྱུང་བ་ཡག་སོང་། དག་གསར་གྱིས་འགྲིག་ཐལ། ངོ་སྤྲོད་བྱས་ཀྱང་ཁྱོད་ཀྱིས་ཁས་ཨེ་བླང་ཡོང་བསམ་པའང་ཡོད། མ་གཞི་ཁྱོད་གྲུབ་མཐའ་གཞན་གྱི་ཚིག་མཛོད་ལ་ལྟ་མཁན་ཞིག་ཡིན་ན་ངས་ངོ་སྤྲོད་བྱ་དགོས་དོན་ཡང་མི་འདུག་ལ། ཁྱོད་མིག་ཡ་ཅན་ཞིག་ཏུ་མི་འགྱུར་བའི་རེ་བའང་ཡོད།
རྒྱ་གར་སྐད་ཨེ། འོ་ན་ལེགས་སྦྱར་ཟུར་ཆག་པའི་བོད་སྐད་ཀྱི་ཐོ་ནང་དུ་འཇུར་རྟ་བཀོད་དོན་གང་ཡིན། ང་གཉིས་ལེགས་སྦྱར་ཟུར་ཆག་དང་མ་ཆག་གི་སྐོར་ལ་རྩོད་ཀྱི་ཡོད་པ་མ་གཏོགས། རྒྱ་གར་སྐད་ལ་ཇུས་ཏོག་མེད་ཅེས་ཁྱོད་རང་གིས་བཤད་ཡོད་པ། འཇུར་རྟ་རྒྱ་གར་སྐད་ཟུར་ཆག་པའི་བོད་སྐད་དུ་རུང་ཡང་དེ་ལེགས་སྦྱར་ཟུར་ཆག་པའི་བོད་སྐད་ཀྱི་གྲས་སུ་འཇོག་དོན་ཅི། ཨུ་ཚུགས་མ་བྱེད།
ད་དུང་རྒྱ་རྣ་རུ་ཡི་དཔེ་ཞིག་བགྲངས་ཀ་བྱེད། ནག་རྩིས་ལས་གཉིས་ཀ་དམོད་ཚིག་ཏུ་བཞག་འདུག་པ་དེ་སྣང་མེད་ཡིན་ནམ།
སྒོམ་སྡེའི་ཚིག་མཛོད་མུ་འགོད་དེ་ད་རུང་ཚར་མ་སོང་ངམ། འདི་ཚོ་མུ་འགོད་བྱེད་ན་བྱིས་པའི་དྲ་གནས་ཤིག་ཐོག་བཞག་ན་མི་བཟང་ངམ། ཚིག་མཛོད་བརྩམས་ན་ལོས་ཆོག་ཀྱང་།། ལོག་འགྲེལ་མ་གནང་དྲིན་ཆེན་ནོ།།
འཕྱང་མོ་ནི་མར་འཕྱང་བའི་དོན་མ་རེད། མར་འཕྱང་བའམ་དཔྱངས་ཡོད་པའི་ཐག་པ་དང་སྐུད་པ་སོགས་ཀྱི་མིང་རེད། བྱ་ཚིག་མ་རེད་མིང་ཚིག་རེད། ཨ་དྲིན་ཆེན་ནོ། འཕྱང་མོ་ཉུག་དང་ཁྱོགས་ལ་འཕྱང་གཉིས་དོན་གཅིག་ཀྱང་ཞིབ་ཙམ་བྱས་ན་དེ་ལའང་ཁྱད་པར་ཡོད་པ་རེད།
སྔོན་མ་ཞིག་ལའང་ཁྱོད་ཀྱིས་འབྲད་ལ་བལྡད་པའི་དོན་ཡོད་ཚུལ་ལོག་འགྲེལ་བྱེད་གི་འདུག་ག འབྲད་ནི་ས་དང་ཤ་སོགས་འབྲད་པའི་དོན་མ་གཏོགས་བལྡད་པའི་དོན་ཞིག་གང་ན་འདུག སོ་མེད་ཀྱང་རྙིལ་གྱིས་འབྲད་ཟེར་ན་བལྡད་པའི་དོན་མ་རེད། དེ་ནི་འབྲད་པའི་དོན་རེད། རུས་བཏོགས་རྒྱག་ན་སོ་ཡོད་ན་སོ་ཡིས་འབྲད་རྒྱུ་ཡིན་པ་དང་སོ་མེད་ན་རྙིལ་གྱིས་ཡིན་ནའང་འབྲད་རྒྱུ་ཡིན་པ་རེད།
སྡེར་འབྲད་སོ་འབྲད་སེན་འབྲད་བྱེད་ལྟ་བུའོ།
མགོན་པོ་ཕྱག་གཉིས་ལགས།
༡༽
ཁྱེད་ཀྱིས་༼འཕྱང་མོ་ནི་མར་འཕྱང་བའི་དོན་མ་རེད། མར་འཕྱང་བའམ་དཔྱངས་ཡོད་པའི་ཐག་པ་དང་སྐུད་པ་སོགས་ཀྱི་མིང་རེད། བྱ་ཚིག་མ་རེད་མིང་ཚིག་རེད། ཨ་དྲིན་ཆེན་ནོ༽ཞེས་གསུངས་འདུག
ལན༽
ཁྱེད་རང་གི་འཕྱང་མོའི་དོན་འདི་ཡང་འོལ་ཚོད་ལས་མ་འདས་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོར། འཕྱང་
མོའི་དོན། Saras Chandradasa ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད་ཆེན་མོར། འཕྱང་མོ་ནི་ཐེ་ཚོམ་
གྱི་དོན་དུ་བཤད་པ་ཙམ་ལས། ཐུར་དུ་འཕྱང་བའི་དངོས་པོའི་དོན་དུ་བཤད་པ་མེད་པའི་ཕྱིར། ཁྱེད་
ཀྱི་“འཕྱང་མོའི”དོན་དེ་གཞུང་གང་ཞིག་ལ་ཁུངས་བཅོལ་ནས་བཤད་པ་ཡིན་ནམ། འོན་ཏེ་རང་བཟོ་ཡིན།
ཁུངས་ཡོད་ན་གསུང་རོགས།
ད་དུང་ཁྱེད་ཀྱིས་༼དེ་བྱ་ཚིག་མ་རེད་མིང་ཚིག་རེད༽ཅེས་གསུང་སྟངས་ལ་བལྟས་ན། འཕྱང་བ་ལ་
བྱ་ཚིག་དང་མིང་ཚིག་གཉིས་ཡོད་པ་མ་ཤེས་འདུག དེས་“འགྲོ་བ”ལ་བྱ་ཚིག་དང་མིང་ཡོད་པ་མ་ཤེས། དེ་
བཞིན་དུ་“ཤེས་པ”དང་། “བརྗོད་པ” “མཐོང་བ” “ཐོས་པ” “བསླབ་པ” “ཚོར་བ” “གཏོང་བ”
“འབྱོར་བ” “གྱོན་པ” “སྨན་པ” “བཟའ་བ” “བཏུང་བ” “མྱོང་བ”སོགས་མཐའ་ཡས་སོ། །
༢༽ཁྱེད་ཀྱི་དྲི་བ། ༼སྔོན་མ་ཞིག་ལའང་ཁྱོད་ཀྱིས་འབྲད་ལ་བལྡད་པའི་དོན་ཡོད་ཚུལ་ལོག་འགྲེལ་བྱེད་གི་འདུག་ག འབྲད་ནི་ས་དང་ཤ་སོགས་འབྲད་པའི་དོན་མ་གཏོགས་བལྡད་པའི་དོན་ཞིག་གང་ན་འདུག སོ་མེད་ཀྱང་རྙིལ་གྱིས་འབྲད་ཟེར་ན་བལྡད་པའི་དོན་མ་རེད། དེ་ནི་“འབྲད་པའི”དོན་རེད༽
ལན༽ ངས་མཆན་བུ་ཞིག་ཏུ་རྙིལ་གྱིས་འབྲད་ཅེས་པ་བལྡད་པའི་དོན་རེད་ཅེས་སྨྲས་པ་ལ། ཁྱེད་ཀྱིས་
ཧང་སང་མདོག་གིས་༼དེ་བལྡད་པའི་དོན་མ་རེད། དེ་ནི་“འབྲད་པའི”དོན་རེད༽ཅེས་འབྲད་པའི་
གོ་དོན་ལ། འབྲད་པ་རེད་ཅེས་གསུངས་པ་འདི་ལ་ཤིན་ཏུ་མཁས་པའི་རྟགས་སོ། །མི་རྟག་པའི་གོ་དོན་ལ།
མི་རྟག་པ་འཇོག་རྒྱུ་ཡིན་པས། ཧ་ཧ་ཧ།
❶ བོད་རྒྱ་ཚིག་མཛོད་ཆེན་མོར། འབྲད་པའི་གོ་དོན་ལ། ཤད་པ་དང་རྡར་བ།
❷ དག་གསར་ལས། འབྲད་པའམ་ཕྲོད་ཀྱི་གོ་དོན་ལ། ས་ངོས་སོགས་ཐོག་རིམ་ཕྲ་མོ་བརྐོ་བ། ཞེས་གསུངས།
❸ ཚིག་མཛོད་གཞན་ལས། འབྲད་ཅེས་པ་མི་དགའ་བའི་དོན་ལའང་བཤད་ཡོད། དཔེར་ན། “ཁྱོད་རྒྱལ་
པོའང་འབྲད་དམ་ཟེར།” ལྟ་བུའོ། །
འབྲད་ཀྱི་དོན་གསུམ་ཙམ་ཡོད་རུང་། ཁྱེད་ཀྱིས་གཅིག་ཀྱང་བཤད་ཐུབ་མི་འདུག་གོ།
ཁྱེད་ཀྱིས་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་ཚིག་ངན་རེ་ཟུང་བྱས་འདུག་མོད། ང་ལ་ཁྱད་པར་ཆེར་མི་འདུག་པས། དེ་ལ་ལན་འདེབས་ཀྱི་ངལ་བ་མི་བྱེད།
༡ རེད་རེད། འཕྱང་བ་ལ་མིང་ཚིག་དང་བྱ་ཚིག་གཉིས་ཡོད་པ་ཁས་ལེན། འཕྱང་མོ་བྱ་ཚིག་རེད་ཟེར་ན་ངས་ལེན་དཀའ། གཟིགས་པ་ལ་བྱ་ཚིག་མིང་ཚིག་གཉིས་ཡོད་རེད་ཟེར་ན་ཁས་ལེན། གཟིགས་མོ་བྱ་ཚིག་རེད་ཟེར་ན་ཁས་མི་ལེན། དེ་བཞིན། དགའ་བ། དགའ་མོ། དཔའ་བ། དཔའ་མོ། ཐུ་བ། ཐུ་མོ། ཁྲོ་བ། ཁྲོ་མོ། ཆེ་བ། ཆེན་མོ། དཀའ་བ། དཀའ་མོ། བདེ་བ བདེ་མོ་སོགས་ཀྱང་དེ་བཞིན་ནོ། འདི་ཚོ་བོད་ཀྱི་ཐ་སྙད་ཀྱི་གྲུབ་ཚུལ་ལ་དཔྱད་ན་ཤེས་ཐུབ་པ་ཞིག་རེད། འཕྱང་མོ་དེ་མར་་དཔྱངས་པའི་དངོས་པོའི་དོན་ཡིན་པ་འཕྱང་ཐག་དང་འཕྱང་རྡོ་སོགས་ལས་རིགས་འདེད་བྱས་ན་ཤེས་ཐུབ། ཁྱེད་རང་ལྟར་ན། བོད་ཀྱི་ཐ་སྙད་ཡོད་དོ་ཅོག་ཚང་མ་གཞུང་ཆེན་མོ་ཞིག་ལ་ཁུངས་གཏུག་དགོས་ཀྱི་ཡོད་པ་འདྲ།
༢ རྙིལ་གྱིས་འབྲད་ཟེར་ནའང་བལྡད་པའི་དོན་ལ་འཇུག་མི་སྲིད། སོ་ཡི་ཚབ་ལ་རྙིལ་གྱིས་འབྲད་འབྲད་བྱེད་གི་ཡོད་པའི་དོན་རེད།
༣ ཁྱེད་རང་གིས་ནོར་བ་དེ་ཚོ་ནོར་འདུག་ཟེར་གི་ཡོད་མ་གཏོགས་ངས་ཚིག་མཛོད་དེ་འདྲ་འབྲི་གི་མེད། ཚིག་མཛོད་ཅིག་བྲིས་ན་འཇུག་ཡུལ་ཚང་མ་འབྲི་དགོས་རྒྱུ་རེད།
འཕྱང་མོ་མར་སྣར་བའི་དོན་རེད་ཟེར་ན་རྒྱ་གར་ལྷོ་ཕྱོགས་དྲན་ཡོང་གི ཚ་བ་ཆེ་ནི་རེད། ཚ་བ་དེས་ལྒོང་རྡོག་གི་པགས་པ་རིང་རུ་བཏང་ནས་ལྒོང་ལྡོག་གཉིས་པུས་མོའི་མར་རྒྱབ་ནས་གཡུག་བསྡད་ཀྱི་རེད། དེ་ད་ངོ་ནས་འཕྱང་མོ་ཡིན་ཡ། ད་རུང་འཚམ་འཚམ་གོམས་པ་སྤོ་དུས་བརླ་ཤ་གཉིས་ཀྱི་བར་ནས་རྒྱབ་ལོག་ཕྱོགས་སུ་འགྲོ་བཞག་གི་རེད། དེའི་སྐབས་སུ་ད་འཕྱང་མོ་ཡིན་རྒྱུ་མ་རེད། ད་བྱ་ཚིག་དང་མིང་ཚིག་གང་རེད་ཟེར་ན། ལྒོང་ལྡོག་རྒྱུད་པའི་ཁུག་ན་འཕྱང་ཟེར་ན་བྱ་ཚིག་དང་། རྒྱུད་པའི་ཁུག་ན་འཕྱང་མོ་བྱེད་པའི་ལྒོང་ལྡོག་ཅེས་ན་མིང་ཚིག་འེ་ཡིན་ན། ད་འཕྱང་མོ་འདི་མིང་ཚིག་ལ་འཇུག་ཚུལ་གྱི་དཔེ་བརྗོད་ཞིག་བཀོད་རྒྱུ་མཁྱེན།
མེ་ལོང་མ་རྩ་བར།
མཛེས་མ་ཁྱོད་ཀྱི་ནུ་མ་དང་།།
དཔྱི་ཡི་བར་ན་རྐེད་པ་ནི།།
ཡོད་དང་མེད་ཅེས་བདག་གི་ནི།།
ཐེ་ཚོམ་ད་དུང་ལྡོག་མ་གྱུར།།
འདི་འདྲ་ཞིག་བྲིས་ཡོད་ས་ཡོད། འོན་ཀྱང་རབ་རྟོག་ཐེ་ཚོམ་འདི་ལ་བོད་ཀྱི་མཁས་པ་ཚོས་འཕྱང་མོ་ཉུག་འདི་བེད་སྤྱོད་བཏང་འདུག་ཀ
མགོན་ཕྱག་ལགས།
ཁྱེད་ཀྱིས་༼འཕྱང་མོ་ནི་མར་འཕྱང་བའི་དོན་མ་རེད། མར་འཕྱང་བའམ་དཔྱངས་ཡོད་པའི་ཐག་པ་དང་སྐུད་པ་སོགས་ཀྱི་མིང་རེད། བྱ་ཚིག་མ་རེད་མིང་ཚིག་རེད། ཨ་དྲིན་ཆེན་ནོ༽ཞེས་གསུངས་པར་གོ་རྒྱུ་ཞིག་ཏན་ཏན་འདུག་སྙམ།
འོན་ཀྱང་༼འཕྱང་མོ༽ལ་ད་དུང་དོགས་པ་གཅོད་དགོས་པ་འདུག