༼རང་དབང་དྲ་བ་ལས་དྲངས། ༽
བོད་མདོ་སྨད་མགོ་ལོག་གི་རྩོམ་པ་པོ་མགོ་ལོག་འཇིགས་བྱེད་ཚེ་རིང་ལ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་ཉེས་རྡུང་ཚད་མེད་བཏང་མཐར་ཕྱིར་བཏང་ཡོད་འདུག་ལ། ད་ལྟ་རང་ཁྱིམ་དུ་སྨན་བཅོས་དང་ཉེན་རྟོག་པས་ལྟ་རྟོག་འོག་ཡོད་པའི་གནས་ཚུལ་འདུག
དེ་ཡང་སྤྱི་ལོ་༢༠༡༠ ལོའི་སྤྱི་ཟླ་༡༢ པའི་ཚེས་༢༠ ཉིན་ས་གནས་ཉེན་རྟོག་པས་མགོ་ལོག་པ་འཇིགས་བྱེད་ཚེ་རིང་འཛིན་བཟུང་བྱས་པ་དང་། ཁོང་གི་རྩིས་འཁོར་འཕྲོག་ཁྱེར་གྱིས་ནང་དུ་ཡིག་ཆ་དང་རྩོམ་ཡིག་ཅི་ཡོད་ལ་ཞིབ་བཤེར་བྱས་འདུག་ལ། ༸གོང་ས་མཆོག་གི་སྐུ་པར་ཞིག་ཀྱང་ཉེན་རྟོག་པའི་ལག་ཏུ་ཚུད་འདུག་པས་དེ་དག་ལ་བརྟེན་ནས་ཁོང་ལ་ཉིན་བཅུའི་རིང་བཙོན་འཇུག་དང་ཉེས་རྡུང་མནར་གཅོད་ཚད་མེད་བཏང་མཐར་སྤྱི་ཚེས་༣༡ ཉིན་ཕྱིར་རང་ཁྱིམ་དུ་གློད་འདུག་ནའང་། དེང་སྐབས་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ངང་སྨན་བཅོས་བྱེད་བཞིན་ཡོད་འདུག རྒྱ་གཞུང་གི་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་བས་ཁོང་གི་གཟུགས་པོ་གང་སར་རྨས་སྐྱོན་དང་སྔོ་པོར་གྱུར་འདུག་པ་བཅས་ཀྱི་གནས་ཚུལ་དང་། ཞིབ་ཏུ་འཚོལ་ཞིབ་ཀྱིས་ཁ་སྣོན་བྱེད་རྒྱུ་ཡིན།
མགོ་ལོག་པ་འཇིགས་བྱེད་ཚེ་རིང་ནི་གཞོན་སྐྱེས་རྩོམ་པ་པོ་དང་སྙན་ངག་པ་ཞིག་ཡིན་ལ། ཉེ་ཆར་བཀའ་བློན་ཁྲི་བ་འདེམས་པའི་སྐོར་གྱི་གར་ཆུང་(སྡེ་དཔོན་འདེམས་པ་)ཞེས་པ་ཞིག་ཀྱང་བཟོས་ཏེ་སོག་ཕྲུག་ཤེས་རབ་དང་མི་སྣ་གསུམ་གྱིས་འཁྲབ་སྟོན་བྱས་པ་ཨ་རི་བོད་སྐད་གློག་བརྙན་འཕྲིན་ལས་སྤྱན་འབུལ་ཟིན་པ་ཀུན་གྱིས་མཐོང་གསལ་དང་། ད་དུང་ཁོང་གི་རྩོམ་ཡིག་མང་པོ་ཞིག་མཚོ་སྔོན་པོའི་ཟིན་བྲིས་སུ་བཀོད་ཡོད་པས་དོ་སྣང་ཅན་ཚོས་གཟིགས་རོགས་ཞུ།
(གསར་འགྱུར་དང་འདྲ་པར་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་ Brenislave Katic ལགས་ཀྱིས་མཁོ་སྤྲོད་གནང་བ་ཡིན།)
གསར་འགྱུར་ཡོང་ཁུངས་གཤམ་དུ་བྲིས་པ་འདི་ཡིན་ལ། སྤྱིར་འདི་བདེན་མིན་ཐག་གཅོད་མི་ནུས་ཏེ། སྤྱི་ལོ་༢༠༡༠ ལོའི་སྤྱི་ཟླ་༡༢ པའི་ཚེས་༢༤ ནས་༣༡ བར་དུ་འཇིགས་བྱེད་ཚེ་རིང་གི་ཟིན་བྲིས་དང་མཆན་བུ་བཏབ་པ་སོགས་ཁོང་གི་ཟིན་ བྲིས་སུ་མང་པོ་མཐོང་རྒྱུ་འདུག་ན། གནས་ཚུལ་འདི་མི་བདེན་ཡང་སྙམ། གང་ལྟར་དོ་སྣང་ཅན་ཙོས་དཔྱད་པ་གནང་རོགས་ཞུ། ང་ཚོའི་བོད་བཞུགས་ཤེས་ལྡན་པ་ཚོ་རེ་རེ་བཞིན་ལྐོག་ནས་འཛིན་བཟུང་གིས་གཅེར་ རྡུང་སྐོར་གསུམ་བྱས་རྗེས་ཕྱིར་ཡོང་ཡོན་པ་དང་མེད་པ་སོགས་སྣ་ཚོགས་བྱུང་དང་ འབྱུང་བཞིན་པས་ན། གནས་ཚུལ་འདི་ཡང་གཅིག་ཐང་ན་བདེན་པ་ཡིན་ཀྱང་སྲིད།
ངས་འདི་ནས་འབྲེལ་ཡོད་ལ་ཡིག་ལམ་ནས་འབྲེལ་བ་ཞུས་ཟིན་ལ། ལན་ཅི་ཡོང་ལ་སྒུག་ནས་བསྡད་ཡོད།
རྩོམ་པ་པོ་འཇིགས་མེད་ཚེ་རིང་ལ་བར་ཆད་མེད་པར་ཤོག །གནས་ཚུལ་དེ་ཚོ་གོ་་བ་དང་། རྒྱ་དམར་ཉེན་རྟོགས་པ་དང་། དེའི་རྒྱུགས་ཁྱི་བོད་རིགས་དེའི་ཚོའི་རྩུབ་སྤྱོད་དེ་དག་ལྷང་ལྷང་དུ་དྲན། ང་རང་བོད་དུ་སྡོད་སྐབས་༧གོང་ས་མཆོག་ལ་བསྟོད་པ་ཚིགས་བཅད་གཅིག་བྲིས་པའི་རྐྱེན་ལས་བཙོན་དུ་བཅུག །གཞིས་རྩེ་ཉེན་རྟོགས་པ་རྡོ་རྗེ་ཞེས་པ་དེས་ཉི་མ་བཞིའི་རིང་བརྡུང་གིན་བརྡུང་གིན་དྲི་བ་བཏང་། ད་ཆ་ལོ་ངོ་ཉི་ཤུའི་རྗེས་ལའང་གནས་ཚུལ་དེ་ཚོ་ཁ་སང་བྱུང་བ་འདྲ་བར་སེམས་ནང་འཆར།
རྩོམ་པ་པོ་འཇིགས་བྱེད་ཚེ་རིང་གི་གནས་ཚུལ་འདིའི་སྐོར་ལ་དེ་རིང་ཕྱི་གནས་ཚུལ་ཡོངས་ཁུངས་དང་ངོ་དེབ་ལས་བགྲོ་གླེང་བྱས་པ་ཡིན་ལ། ཁོའམ་ཁོ་མོས་ང་ལ་ཅུང་དམོད་པའི་ཚིག་གིས་ཀྱིས་བརྒྱབས་སོང་མོད། གང་ལྟར་གསར་འགྱུར་འདི་བདེན་པ་ཡིན་པར་ཁོས་ཀྱང་ངོ་དེབ་ཏུ་བཀོད་སོང་བས། ད་ནི་ངས་གོང་དུ་བཤད་པ་བཞིན་ལན་ལ་སྒུག་པའི་གྲུབ་དོན་རྙེད་སོང་སྙམ།
གནས་ཚུལ་འདི་ཡོང་ཁུངས་དང་ངེད་གཉིས་ཀྱིས་གྲེང་མོལ་ལས་མ་མཐུན་ས་ནི། ངས་གནས་ཚུལ་འདི་ལ་ཁ་སྣོན་བྱས་འདུག་སྐོར་ཐད་ནས་རེད། དེ་ཡང་འཇིགས་བྱེད་ཚེ་རིང་དང་ཁོང་ཚོས་(སྡེ་དཔོན་འདེམས་པ)ཡི་སྐོར་དེ་འདིར་བཀོད་པ་མ་འགྲིག་པ་རེད་ཟེར། ངས་འདིའི་སྐོར་ཁ སྔོན་ནས་ཤེ་ཤ་ཡའི་རང་དབང་རླུང་འཕྲིན་དང་ཨ་རིའི་གཟུགས་མཐོང་རླུང་འཕྲིན་སོགས་ལས་ཐེངས་མང་བཤད་སོང་ཞེས་ལབ་པ་ཡིན་མོད། ཁྱོད་ཀྱིས་གནས་ཚུལ་བཀོད་པ་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་ལ་སོགས་སྐད་ཆ་ཕར་བཤད་ཚུར་བཤད་མང་དུ་བྱས།
མཐར་ང་ལ་དོགས་པ་ཞིག་བྱུང་བ་ནི། གནས་ཚུལ་དེའི་སྐོར་དྲ་ཐོག་ཏུ་ངས་སྔོན་དུ་བཀོད་པ་དེ་ཡིན་ས་བསམས།
ད་གང་ལྟར་གནས་ཚུལ་འདི་བདེན་པ་ཡིན་ནམ་སྙམ་སྟེ།
ཡོངང་ཁུངས་ཀྱི་ངོ་དེབ་ལས་མཁྱེན་པར་གནོངས།
http://www.facebook.com/#!/permalink.php?story_fbid=193002827383323&id=100000208203594¬if_t=feed_comment
འདི་རེད།
http://www.facebook.com/photo.php?fbid=189039167775872&set=a.129168253762964.21523.100000093691448
གང་ལྟར་ཡང་ཁྱེད་ཚོས་རང་གི་བདེན་དོན་་ཆེད་དུ་རང་སྲོག་འབེན་ལ་བཙུགས་ནས་དཀའ་ལས་བརྒྱབས་ཡོད།
ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ཚ་རྒྱུད་ལ་གནོད་པའི་ལས་ཀ་ཕྲ་མོ་ཙམ་ཡང་ངའི་མི་ཚེའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བརྟན་པོར་འཇོག་རྒྱུ་ཡིན་ཞེས་པའི་ཀུན་གཟིགས་མཆོག་གི་བཀའ་སློབ་དེས་ཁྱེད་ཚོའི་སྙིང་ལ་རི་མོ་བྲིས་པ་བཞིན་དུ་གནས་ཡོད། དཔའ་རྒོད་བུ་རྒོད་ང་ཁྱེད་ཚོར་སྨོན།