འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༤ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ པའི་ནང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཞིག་ནས་ན་གཞོན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་སུ་ཆབ་སྲིད་ཀྱི་ཉེས་མིང་འོག་དུས་ཡུན་ལོ་ངོ་ ༢ ཁྲིམས་ཐག་བཅད་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་འདུག ཁོང་འཛིན་བཟུང་བཙོན་འཇུག་བྱེད་དགོས་དོན་གཙོ་བོ་ནི། ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་དང་འབྲེལ་བའི་ཐོག་ནས་རྩོམ་དེབ་ཀྱི་ཁ་བྱང་དུ་ ༼ཁྱོད་ལ་གདུག་རྩུབ་དང་དྲག་གནོན་ཡོད་ན་ང་ལ་བྱམས་བརྩེའི་བདེན་པ་ཡོད།༽ ཅེས་པའི་རྩོམ་དེབ་འབྲི་རྩོམ་དང་དཔར་བསྐྲུན་བྱས་ཏེ་དཔལ་ཡུལ་སོགས་ས་གནས་མང་པོར་ཁྱོན་ཆེ་འགྲེམས་སྤེལ་བྱས་པ་དང་། ལྷ་སར་སླེབས་རྗེས་མུ་མཐུད་རྩོམ་དེབ་འདི་བཞིན་དོན་གཉེར་ཅན་ཚོར་འགྲེམས་སྤེལ་བྱེད་མུས་སྐབས་ལྷ་སའི་སྤྱི་བདེ་ཉེན་རྟོག་ཚན་པས་འཛིན་བཟུང་བྱས་རྗེས་ཁྲིམས་ཆད་བཏང་བ་ཞིག་ཡིན་པ་རེད། ཚེ་རིང་ནོར་བུ་ལགས་ནི་ད་ལྟ་རང་ལོ་ ༢༨ ཙམ་དུ་སོན་གྱི་ཡོད་པ་དང་། སྐྱེས་ཡུལ་ཁམས་སྡེ་དགེ་དཔལ་ཡུལ་རྫོང་ར་ཆབ་ཤང་ཁོངས་སུ་སྐྱེས་ཤིང་། ཕ་མིང་རིག་འཛིན་༼ཚེ་འདས་༽ ཆུང་དུས་ནས་དཔལ་ཡུལ་རྫོང་ཁོངས་ར་ཆབ་ཤང་ཁོངས་སུ་ཡོད་པའི་ར་ཆབ་དགོན་དུ་ཆོས་ཞུགས་བྱས་པ་དང་རྒྱུན་དུ་རྩོམ་ཡིག་འབྲི་རྒྱུར་དོ་དབྱིངས་ཤུགས་ཆེ་ཡོད་མཁན་ཞིག་ཡིན་པ་མ་ཟད། སྔ་རྗེས་སུ་རང་ཉིད་ཀྱི་བློ་རྩལ་བཏོན་ནས་བོད་ཡིག་ཐོག་རྩོམ་ཡིག་མང་དག་ཅིག་འབྲི་མྱོང་ཡོད་པ་པ་བཅས། ཁུངས་། བོད་གཞུང་དྲ་བ།
འདིའི་ཁ་བྱང་ནོར་འདུག ཚེ་རིང་ནོར་བུ་ཡིན་ནམ་ཚེ་རིང་དོན་གྲུབ་ཡིན།གང་ལྟར་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་མ་མཆིས་སོ།།
་ངས་མ་བཤད་སྔོན་ལ་ཡང་དགེ་མཐོང་གི་ཁ་ཐོན་དང་ཟིག
ད་སུས་བཤད་ན་ཁྱད་པར་མི་འདུག གང་ལྟར་ནོར་ནི་ནོར་འདུག ད་དུང་ནོར་བཅོས་ཡང་བྱས་མི་འདུག