རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་གོང་གཏུག་ཡི་གེ Posted on 2016-04-042016-04-04 By ཁ་བརྡ 4 Comments on རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་གོང་གཏུག་ཡི་གེ གསར་འགྱུར།
གོང་གཏུག་ཡི་གེ་བོད་ཡིག་གིས་བྲིས་བ་ཤིན་ཏུ་ལེགས། ཡིན་ནའང་གོང་གཏུག་ཡི་གེའི་འབྲི་སྟངས་འདི་འདྲ་ཞིག་མ་རེད། ཁྲིམས་ཡིག་གི་ཞུ་མཆིད་ཅིག་འབྲི་དགོས་ན་འབྲི་སྟངས་དང་མཐུན་ནས་བྲིས་ན་དོན་སྙིང་ལྡན་པ་མ་ཟད་ཟིལ་ཤུགས་ཀྱང་ལྡན། དེ་ལྟར་མ་ཡིན་པར་སྙན་ངག་འབྲི་འབྲི་དང་སྒྲུང་འབྲི་འབྲི་བྱས་ན་གཞན་གྱིས་གལ་ཆེན་པོ་བྱེད་གིན་མ་རེད།
སེམས་པ་ཤིན་ཏུ་སྐྱོ། རྒྱ་ནག་ཆབ་སྲིད་ཀྱི་ནད་དུག་ནི་༼因言获罪༽ཞེས་བ་འདི་ཡིན། དེ་མིན་ཞོགས་ལྗང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛིགས་ལ་༼བོད་གཞུང་༽ཞེས་བོས་བ་དེས་ཀྱང་རང་གི་དག་སེལ་ལ་གནོད་ཅིང་རྒྱ་གཞུང་ཞིབ་དཔྱར་པར་ཕན་པའི་ཚུལ་ཏུ་ལྷུང་ཡོད་པས། ཕྱིས་སུ་བཙན་བྱོལ་ནས་ཀྱང་མཆིལ་མ་ལྟར་དོར་བའི་འོ་སྐོལ་གྱི་ཐ་སྙད་རིན་པོ་ཆེ་དེ་བེད་སྤྱོད་མི་གནང་གཟབ་དགོས། དེ་ནི་ཁོ་བསམ་ཚུལ་ཙམ་ཡིན། བཙན་བྱོལ་བས་བཙན་བྱོལ་བོད་གཞུང་གི་ཐ་སྙད་དོར་ལོ་འགའ་ཆེན་ཞིག་ཕྱིན་སོང་། ཡིན་ནའང་རི་བོང་ཤོར་སྡོམ་པའང་ཤོར་ཡོད་པའི་འུ་ཐུག་ཐབས་ཟད་ལ་ཐུག་ཡོད་པ་མཁྱེན་པར་གྱིས། མཐར་དྲ་གྲོགས་རྣམས་ཀྱིས་ཁོང་ལ་རོགས་རམ་གྱི་འབོད་སྐུལ་དང་མྱུར་བར་རྒྱ་བཙོན་ལས་ཐར་བའི་སྨོན་ལམ་འདེབས།
འདིར་མི་ཞིག་གིས་ཞུ་གཏུག་གི་འབྲི་སྟངས་སོགས་ལ་བཀའ་སློབ་གནང་མཁན་འདུག ང་ལ་ཞེད་སྣང་བླ་འདར་རྒྱུ་ཞིག་བྱུང་། མ་གཞི་རྒྱ་ནག་གི་བཙོན་རའི་མནར་གཅོད་འོག་ལྷུང་བའི་མི་ཞིག་གིས་འདི་ལྟར་དྲང་བདེན་དང་གནས་ལུགས། ཡང་སྒོས་ཁྲིམས་དོན་དམིགས་སུ་བཀར་ཏེ་ཞུ་གཏུག་གི་འཕྲིན་ཡིག་འདི་བཞིན་སྙིང་སྟོབས་དང་དྲང་བདེན་གྱི་གསོན་ཤུགས་ལྷུག་ལྷུག་བྱེད་པ་འདི་ལྟ་བུ་འབྲི་རྒྱུ་ནི་ཕལ་བའི་བློ་ལ་ཤོང་དཀའ་བ་ཞིག་རེད། གཉིས། ཞུ་གཏུག་གི་འབྲི་སྟངས་ལ་ཁྲིམས་གྱི་འབྲུ་དོན་དང་ཉེས་འགེལ་གཉིས་བཤིབ་བསྡུར། གཞི་རྩའི་རང་དབང་དང་རྩ་ཁྲིམས་གཉིས་ཐོ་གཏུག་བྱས་པའི་ཐོག ཞུ་གཏུག་པའི་གནས་ཚུལ་བརྒྱུད་རིམ་ཞིབ་འབྲི་བྱ་རྒྱུ་དེ་གཙོ་བོ་ཡིན་སྟབས། འདིར་ཡང་དེར་གཙོ་འདོན་བྱས་འདུག ཞུ་གཏུག་འདི་སྙན་ངག་འབྲི་འབྲི་ཙམ་དང་། སྒྲུང་འབྲི་སྟངས་ཙམ་ཡིན་ཚུལ་ཚིག་སྦྱོར་གྱི་ཐོག་ན་ལེན་གྱིན་ཡོད་ཚེ་ཁྱོད་ཀྱི་སྙན་ངག་དང་སྒྲུང་གི་ཚིག་སྦྱོར་གྱི་བྱང་ཆ་གང་དུ་འཁྱེར་དགོས་པའང་མི་ཤེས་པའི་ཚད་དུ་འགྲོ་ངེས། གང་ལྟར་མཆན་སྤེལ་སྟངས་སྣང་ཆུང་དང་ཁྱད་གསོད། ཆེ་མདོག་དང་ཤེས་མདོག་བྲིས་ཏེ། ཉེན་ཁའི་གཅོང་ལས་དཔའ་བོའི་ཀུ་རིང་འདེབས་སྤོབས་པའི་མི་བུ་དག་ལ་དམའ་འབེབ་བྱེད་པ་ནི་ཤིན་ཏུ་བློ་ཕམ་པ་བྱུང་།
གོང་གཏུག་ཡི་གེ་བོད་ཡིག་གིས་བྲིས་བ་ཤིན་ཏུ་ལེགས། ཡིན་ནའང་གོང་གཏུག་ཡི་གེའི་འབྲི་སྟངས་འདི་འདྲ་ཞིག་མ་རེད། ཁྲིམས་ཡིག་གི་ཞུ་མཆིད་ཅིག་འབྲི་དགོས་ན་འབྲི་སྟངས་དང་མཐུན་ནས་བྲིས་ན་དོན་སྙིང་ལྡན་པ་མ་ཟད་ཟིལ་ཤུགས་ཀྱང་ལྡན། དེ་ལྟར་མ་ཡིན་པར་སྙན་ངག་འབྲི་འབྲི་དང་སྒྲུང་འབྲི་འབྲི་བྱས་ན་གཞན་གྱིས་གལ་ཆེན་པོ་བྱེད་གིན་མ་རེད།
སེམས་པ་ཤིན་ཏུ་སྐྱོ། རྒྱ་ནག་ཆབ་སྲིད་ཀྱི་ནད་དུག་ནི་༼因言获罪༽ཞེས་བ་འདི་ཡིན། དེ་མིན་ཞོགས་ལྗང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛིགས་ལ་༼བོད་གཞུང་༽ཞེས་བོས་བ་དེས་ཀྱང་རང་གི་དག་སེལ་ལ་གནོད་ཅིང་རྒྱ་གཞུང་ཞིབ་དཔྱར་པར་ཕན་པའི་ཚུལ་ཏུ་ལྷུང་ཡོད་པས། ཕྱིས་སུ་བཙན་བྱོལ་ནས་ཀྱང་མཆིལ་མ་ལྟར་དོར་བའི་འོ་སྐོལ་གྱི་ཐ་སྙད་རིན་པོ་ཆེ་དེ་བེད་སྤྱོད་མི་གནང་གཟབ་དགོས། དེ་ནི་ཁོ་བསམ་ཚུལ་ཙམ་ཡིན། བཙན་བྱོལ་བས་བཙན་བྱོལ་བོད་གཞུང་གི་ཐ་སྙད་དོར་ལོ་འགའ་ཆེན་ཞིག་ཕྱིན་སོང་། ཡིན་ནའང་རི་བོང་ཤོར་སྡོམ་པའང་ཤོར་ཡོད་པའི་འུ་ཐུག་ཐབས་ཟད་ལ་ཐུག་ཡོད་པ་མཁྱེན་པར་གྱིས། མཐར་དྲ་གྲོགས་རྣམས་ཀྱིས་ཁོང་ལ་རོགས་རམ་གྱི་འབོད་སྐུལ་དང་མྱུར་བར་རྒྱ་བཙོན་ལས་ཐར་བའི་སྨོན་ལམ་འདེབས།
ཁོང་སྙིང་སྟོབས་ཅན་དང་ཤེས་ཡོན་ཅན་ཞིག་རེད། མྱུར་དུ་ནང་མི་ལྷན་འཛོམས་ཤི
འདིར་མི་ཞིག་གིས་ཞུ་གཏུག་གི་འབྲི་སྟངས་སོགས་ལ་བཀའ་སློབ་གནང་མཁན་འདུག ང་ལ་ཞེད་སྣང་བླ་འདར་རྒྱུ་ཞིག་བྱུང་། མ་གཞི་རྒྱ་ནག་གི་བཙོན་རའི་མནར་གཅོད་འོག་ལྷུང་བའི་མི་ཞིག་གིས་འདི་ལྟར་དྲང་བདེན་དང་གནས་ལུགས། ཡང་སྒོས་ཁྲིམས་དོན་དམིགས་སུ་བཀར་ཏེ་ཞུ་གཏུག་གི་འཕྲིན་ཡིག་འདི་བཞིན་སྙིང་སྟོབས་དང་དྲང་བདེན་གྱི་གསོན་ཤུགས་ལྷུག་ལྷུག་བྱེད་པ་འདི་ལྟ་བུ་འབྲི་རྒྱུ་ནི་ཕལ་བའི་བློ་ལ་ཤོང་དཀའ་བ་ཞིག་རེད།
གཉིས། ཞུ་གཏུག་གི་འབྲི་སྟངས་ལ་ཁྲིམས་གྱི་འབྲུ་དོན་དང་ཉེས་འགེལ་གཉིས་བཤིབ་བསྡུར། གཞི་རྩའི་རང་དབང་དང་རྩ་ཁྲིམས་གཉིས་ཐོ་གཏུག་བྱས་པའི་ཐོག ཞུ་གཏུག་པའི་གནས་ཚུལ་བརྒྱུད་རིམ་ཞིབ་འབྲི་བྱ་རྒྱུ་དེ་གཙོ་བོ་ཡིན་སྟབས། འདིར་ཡང་དེར་གཙོ་འདོན་བྱས་འདུག
ཞུ་གཏུག་འདི་སྙན་ངག་འབྲི་འབྲི་ཙམ་དང་། སྒྲུང་འབྲི་སྟངས་ཙམ་ཡིན་ཚུལ་ཚིག་སྦྱོར་གྱི་ཐོག་ན་ལེན་གྱིན་ཡོད་ཚེ་ཁྱོད་ཀྱི་སྙན་ངག་དང་སྒྲུང་གི་ཚིག་སྦྱོར་གྱི་བྱང་ཆ་གང་དུ་འཁྱེར་དགོས་པའང་མི་ཤེས་པའི་ཚད་དུ་འགྲོ་ངེས།
གང་ལྟར་མཆན་སྤེལ་སྟངས་སྣང་ཆུང་དང་ཁྱད་གསོད། ཆེ་མདོག་དང་ཤེས་མདོག་བྲིས་ཏེ། ཉེན་ཁའི་གཅོང་ལས་དཔའ་བོའི་ཀུ་རིང་འདེབས་སྤོབས་པའི་མི་བུ་དག་ལ་དམའ་འབེབ་བྱེད་པ་ནི་ཤིན་ཏུ་བློ་ཕམ་པ་བྱུང་།