འཇམ་དབྱངས་དཀར་པོ།
སྤྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན།
བཙན་བྱོལ་དུ་གྱར་བའི་བོད་མི་མང་པོ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་༧རྒྱལ་བ་རིན་པོ་ཆེ་ལ་དཀའ་ངལ་མང་པོ་བཟོ་ཡི་ཡོད་ལ། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ནི་ནམ་ཡིན་ཡང་བསམ་བཞིན་དུ་༧རྒྱལ་བ་རིན་པོ་ཆེ་ལ་དཀའ་ངལ་བཟོ་མཁན་དང་། ཁྱད་གསོད་བྱེད་མཁན་གཏེ་བོ་ཞིག་ཡིན།
དེང་སང་འཇམ་དབྱངས་ནོར་བུ་རྒས་ནད་ཀྱིས་ཟིན་པ་རེད་དམ། རང་གི་བསམ་ཚུལ་ལ་ཁ་ཕྱོགས་མེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་སྔ་ཕྱིའི་བྱུང་རིམ་ལ་བསམ་གཞིག་དང་རྒྱུས་ལོན་མི་བྱེད་པར་འཆལ་གཏམ་སྣ་ཚོགས་ཀྱི་ལབ་རྡོལ་འབྱིན་གྱི་འདུག དཔེར་ན། ཁ་སང་སྤེལ་བའི་བརྙན་ཐུང་དེའི་ནང་དྷི་ལི་བོད་སྒར་བསམ་ཡས་གླིང་གཏོར་མི་དགོས་པ་བྱུང་བ་དེ་རྒྱ་རི་སྒྲོལ་མས་བཀའ་དྲིན་ཡིན་རབས་དང་། དྷི་ལི་བོད་སྒར་བསམ་ཡས་གླིང་གི་བོད་མི་ཚོས་མོ་ལ་འོས་བླུགས་ན་ཚུལ་དང་མཐུན་རབས་སོགས་མང་པོ་ཞིག་བཤད་འདུག
དྷི་ལིར་ཡོད་པའི་བོད་མི་ཚོས་སུ་ལ་འོས་འཕེན་དང་མི་འཕེན་ང་ལ་ཇུས་གཏོགས་སྤུ་ཙམ་མེད། ཡིན་ན་ཡང་དྷི་ལི་མན་ཇུ་ཀ་ཊི་ལ་ཇི་ལྟར་གཏོར་མ་དགོས་པའི་བྱུང་རབས་དེར་ངེས་པར་ཇུས་གཏོགས་བྱེད་རྒྱུ་ཡིན།
རྒྱ་གར་དབུས་གཞུང་གི་འཛུགས་སྐྲུན་གྱི་འཆར་གཞི་ལྟར་སྤྱི་ལོ་ ༡༩༩༩ ཙམ་ནས་དྷི་ལི་འཛུགས་སྐྲུན་དང་། རྒྱ་བསྐྱེད་པ་ལ་བརྟེན་ནས་བོད་སྒར་བསམ་ཡས་གླིང་ལ་ཉེན་ཁ་ཇེ་ཆེར་གྱུར་པ་རེད།
སྤྱི་ལོ་ 2000s (ལོ་ཚིགས་ཏག་ཏག་མ་ངེས།)སྐབས་དེ་ཤེད་ཅིག་ལ་བོད་སྒར་བསམ་ཡས་གླིང་གི་གནས་སྟངས་ཛ་དྲག་ཏུ་གྱུར་པ་ལ་བརྟེན་ནས། ༧གོང་ས་མཆོག་གིས་ཕྱིའི་མཛད་རིམ་ཁག་གྲུབ་ནས་ཕྱིར་དྷི་ལིར་འབྱོར་འཕྲལ། སྐབས་དེའི་དྷི་ལིའི་མངའ་སྡེ་བློན་ཆེན་ལྕམ་ཤཱི་ལ་དྷིཀ་ཤི་(Sheila Dikshit)སོགས་གནད་ཡོད་མི་སྣ་ཁག་ཅིག་གི་ལས་ཁུངས་ལ་བཅར་ནས། བོད་སྒར་བསམ་ཡས་གླིང་གཏོར་མི་དགོས་པའི་རེ་ཞུ་གནང་བ་རེད། གནས་ཚུལ་དེ་སྐབས་དེའི་རྒྱ་གར་གྱི་ཚགས་པར་ཚང་མའི་ནང་ལ་གསལ་བོར་ཐོན་ཡོད།
༧གོང་ས་མཆོག་སྐུ་དངོས་ཕེབས་ནས་རེ་ཞུ་གནང་རྗེས། དྷི་ལིའི་མངའ་སྡེ་བློན་ཆེན་ལྕམ་ཤཱི་ལ་དྷིཀ་ཤི་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་”མན་ཇུ་ཀ་ཊི་ལའི་བོད་མི་རྣམས་ནི་ངའི་མངའ་སྡེའི་ནང་ཡ་རབས་གཉོམ་ཆུང་དང་། ཁྲིམས་མཐུན་གྱིས་འཚོ་བ་སྐྱེལ་གྱི་ཡོད། ད་བར་རྙོག་གླེང་ཅི་ཡང་བྱུང་མྱོང་མེད། གལ་ཏེ་ཁྱོད་ཚོས་མན་ཇུ་ཀ་ཊི་ལ་གཏོར་ན། རྗེས་མ་གུ་རུ་རྗེ་(༧གོང་ས་མཆོག་ལ་གོ)ལ་ཐུག་དུས་གདོང་ཇི་ལྟར་སྟོན་རྒྱུ་ཡིན་”ཞེས་གནས་ལུགས་ཡོད་ལ། བློན་ཆེན་གྱི་དབང་ཚད་ཀྱང་ཡོད་པའི་ལངས་ཕྱོགས་བརྟན་པོར་བཟུང་སྟེ་བཤད་པའི་ཤུགས་རྐྱེན་དང་།
ཡང་རྒྱ་གར་དབུས་ཁྲིམས་ཁང་གི་ཁྲིམས་རྩོད་པ་གྲགས་ཅན་(བདག་གིས་མཇལ་དུས་བགྲེས་སོང་ཞིག་མདུག མིང་བརྗེད་འདུག)ཞིག་འདུག་པ་༧གོང་ས་མཆོག་གི་སློབ་མ་རེད་འདུག གསུང་སྒྱུར་བས་ངོ་སྤྲོད་ལྟར་གསང་བ་འདུས་པའི་དབང་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ཁྲིད་གནང་འཆར་གྱི་དབང་གི་ཉི་མ་དང་པོར་ཁོང་ལ་མཇལ་སྐལ་བྱུང་། ཡིན་ན་ཡང་ཉིན་གཉིས་པར་ཁོང་ཕེབས་མི་འདུག་པས། བདག་གིས་གསུང་སྒྱུར་ལ་ཀུ་རེ་དང་སྦྲགས་ནས་”ཁྱོད་ཀྱི་དགེ་ཕྲུག་ཁྲིམས་རྩོད་པ་ཕེབས་མི་འདུག་ཀ་”ཅེས་དྲིས་པར། ཁོས་”མདང་དགོང་སྐུ་མདུན་གྱིས་གསང་བ་འདུས་པའི་བཀའ་ཁྲིད་རྗེས་མ་ངས་ཁྱོད་རང་གཅིག་པུ་ལ་ཁྲིད་ཆོག ད་ལྟ་ཁྱོད་ཀྱིས་ང་ལ་ངེས་པར་དུ་རོགས་བྱེད་དགོས་ཀྱི་འདུག་ཅེས་ཛ་དྲག་གིས་སྐུ་སྒེར་གྱི་རླངས་འཁོར་གྱི་ནང་ནས་དྷི་ལི་ལ་བཏང་སོང་། མན་ཇུ་ཀ་ཊི་ལ་ཛ་དྲག་ལ་ཐུག་འདུག་”ཟེར། བདག་གིས་”ཁོང་གིས་མན་ཇུ་ཀ་ཊི་ལ་མི་གཏོར་བར་རོགས་བྱེད་ཐུབ་བམ་”ཞེས་སེམས་ཚབས་དང་། རེ་བ་རྒྱག་ས་ཅི་ཡང་མེད་པའི་ཚོར་སྣང་ཞིག་གིས་དྲིས་པར། ཁྲིམས་རྩོད་པ་དེ་དྷི་ལིའི་དཔོན་རིགས་ཁག་ལ་ཧ་ཅང་འབྲེལ་ལམ་ཟབ་པའི་མི་ཞིག་ཡིན་རབས་དང་། ཤཱི་ལ་དྷིཀ་ཤི་དང་ཁོ་ཚོས་ནུས་པ་མཉམ་དུ་སྤུངས་ན་སྣང་དག་མི་དགོས་རབས། གལ་སྲིད་ཁྲིམས་རྩོད་པ་བགྲེས་པོ་དེས་མན་ཇུ་ཀ་ཊི་ལ་སྐྱོབ་མི་ཐུབ་ན་༧གོང་ས་མཆོག་གིས་ཛ་དྲག་དང་ཐུགས་རེ་ཆེན་པོས་མངགས་མི་སྲིད་པ་སོགས། གནས་ལུགས་དང་ལྡོག་མེད་ཀྱི་དད་སེམས་གཅིག་ཏུ་འདྲེས་ནས་བཤད་པས་བློ་ལྷོད་ལ་བབ་སོང་།
དེ་ལྟར་༧གོང་ས་མཆོག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་ཡོད་རྒུ་གནང་བ་དང་། དྷི་ལིའི་མངའ་སྡེ་བློན་ཆེན་ལྕམ་ཤཱི་ལ་དྷིཀ་ཤི་དང་ཁྲིམས་རྩོད་པ་དེ་ལ་སོགས་པའི་སྟོབས་ཤུགས། འབྲེལ་ཡོད་དཔོན་རིགས་ཚོས་༧གོང་ས་མཆོག་གི་ངོ་ལྡོག་མ་ནུས་པ་བཅས་ལ་བརྟེན་ནས་མན་ཇུ་ཀ་ཊི་ལ་མ་གཏོར་བ་ལས། མན་ཇུ་ཀ་ཊི་ལ་གཏོར་མ་དགོས་པ་དེ་བློ་བཟང་སངས་རྒྱས་ཀྱི་བཀའ་ཤག་དང་། བློ་བཟང་སངས་རྒྱས་ཀྱི་བཀའ་ཤག་གི་ནང་སྲིད་བཀའ་བློན་ཡིན་པའི་རྒྱ་རི་སྒྲོལ་མ་བཅས་ལ་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་དོ།།
ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་བ་ཡིན་ཐོག་ནས་རྒྱ་གར་དབུས་གཞུང་གིས་མན་ཇུ་ཀ་ཊི་ལ་ཁྲིམས་མཐུན་གཞིས་ཆགས་ཀྱི་ངོ་བོར་ངོས་བཟུང་སྟེ་ཡིག་ཆ་འགྲོ་བཞིན་ན་ཡང་། “མགོ་མ་གཡུག་པར་ལྷ་བབ་”ཟེར་བ་ལྟར་བློ་བཟང་སངས་རྒྱས་ཀྱི་བཀའ་ཤག་གི་སྐབས་སུ་མན་ཇུ་ཀ་ཊི་ལ་གཏན་གནས་གཞིས་ཆགས་ལ་ངོས་བཟུང་བའི་ཡིག་ཆ་དང་། RC ལོ་ལྔའི་ཡུན་ཚད་ཀྱི་ཡིག་ཆ་སོགས་གཅིག་རྗེས་གཉིས་མཐུད་བྱས་ནས་བྱུང་ན་ཡང་། ད་ལྟའི་བཀའ་ཤག་ལ་རྫུན་པ་འུར་གྱིས་སྒྲོག་པའི་ཝ་གཤིས་ལས། དྲང་བདེན་གཟེངས་མཐོར་སྒྲོག་པའི་སྤོབས་པ་ཞིག་གཞར་ཡང་མེད་དོ།།
འཇམ་དབྱངས་ནོར་བུ་ཉམས་ཞིབ་པ་ཞིག་ཡིན་ཟེར་མོད། མན་ཇུ་ཀ་ཊི་ལ་ཇི་ལྟར་གཏོར་མ་དགོས་པའི་ཐད་ལ་༧གོང་ས་མཆོག་གིས་སྐུ་ལས་དང་ཐུགས་ཚེགས་ཇི་ཙམ་གནང་ཡོད་པ། དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་ཇི་ལྟར་གནང་ཡོད་པ་སོགས་ལ་རྒྱུས་ལོན་ཙམ་ཡང་མ་བྱས་པར། ཡོད་ཚད་རྒྱ་རི་སྒྲོལ་མས་བསྐྱབས་སོང་བའི་འུར་གཏམ་ངོ་ཚ་ཁྲེལ་མེད་ཀྱིས་སྒྲོག་པ་དེས། དེང་སང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཡང་ཆ་འཇོག་དང་ཡིད་རྟོན་མི་རུང་བའི་དྲྭ་འབུ་ཞིག་ཏུ་གྱུར་འདུག་པ་ཧ་ཅང་གསལ་ལོ།།
ཞོར་འཕྲོས་ལ་གཞིས་ཆགས་ཁག་ལ་མཚོན་ན་”བོད་ལ་མ་ལོག་བར་”ཞེས་རྒྱ་གར་དབུས་གཞུང་དང་ས་གནས་སྲིད་གཞུང་། ༧གོང་ས་མཆོག་བཅས་ཀྱི་བར་གན་རྒྱ་བཞག་ཡོད་པས། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ཁྱོད་ཀྱིས་རྒྱ་རི་སྒྲོལ་མས་གཞིས་ཆགས་ཁག་གི་ཡིག་ཆ་བརྟན་པོ་བཟོས་རབས་སོགས་ཁུངས་མེད་ལུགས་ཀྱི་ཀུ་ཅོ་ནར་མར་བསྒྲགས་ཏེ་རང་མཚང་ཕྱིར་མ་བཏོན་ན་མཛེས་སོ།།
འཇམ་དབྱངས་དཀར་པོས།
་་་་་་་་་་་ རྩོམ་པ་པོ་འཇམ་དབྱངས་ནོར་བུས་རྒྱ་རི་སྒྲོལ་མའི་བྱ་ལེ་ལྡག་གི་འདུག ་་་་་་་་་་ ཟེར།
འཇམ་དབྱངས་ནོར་བུའི་ལོག་བཤད་དང་འཁྱོག་བཤད་བྱས་པ་ལ་དངོས་ཡོད་གནས་ཚུལ་ག་རེ་ཡིན་མིན་ར་སྤྲོད་ཀྱི་གསལ་བཤད་གང་རྒྱོགས་ཕུལ་ཆོག།
འཇམ་དབྱངས་ནོར་བུས་ད་ལྟའི་སྲིད་སྐྱོང་འོས་བསྡུ་སྐབས་ལ། ག་རེ་གསལ་བཤད་བྱས་ཡོད་རེད་ཟེར་ན། དབུ་མའི་ལམ་ལ་མཐའ་གཅིག་ཏུ་འགྲོ་འདོད་ཡོད་མཁན་ཚོས། རྒྱ་རི་སྒྲོལ་མ་ལ། འོས་མ་འཕེན་ན། ཡག་བགྱིད་རེད། ཟེར་བ་དེ་ཡང་འཇམ་ནོར་གྱིས་དངོས་སུ་ཤོད་འདོད་མེད་ཀྱང་། ཞོར་དུ་དེ་ཡང་གོ་ཐུབ་པ་བྱེད་དགོས་འདུག་གདའ།
ཆགས་སྲེད་དང་འཁྲིག་ཚིག་རང་བཞིན་ཅན་གྱི་བརྗོད་པ་ལ་གནང་བ་ཡེ་ནས་མེད་པས་རྩོམ་འདི་རིགས་འགོག་དགོས།
འདིའི་རིགས་ལ་དགག་རྩོམ་གྱི་ལག་པ་བསྲིངས་ནས། གནས་ལུགས་ཀྱིས་འགྲམ་ལྕག་གཞུས་ཟེར། དགག་ཡུལ་གྱི་ཕྱོགས་སུ་གཏོགས་པ་དང་། རིགས་སུ་གྱུར་བ་ཚང་མའི་འགྲམ་པ་ཚ་བེར་བེར་བྱེད་རེད་དོ།
འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་རི་སྒྲོལ་མ་ལགས་ཀྱི་སྐོར་ལ་གསུངས་པའི་ནང་མ་བདེན་པའི་གནས་ཚུལ་གཞན་གཅིག་འདུག་པ་འདིར་གསལ་པོ་བཟོ་འདོད་བྱུང་། འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་རི་སྒྲོལ་མ་ལགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཡིན་སྐབས་ལྷ་བཟང་ལགས་ཀྱི་མཉམ་དུ་ཕྱི་རྒྱལ་ལ་ཕེབས་ནས་བོད་དོན་ཞུ་འབོད་གནང་ལུགས་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུངས་བ་དཔང་པོ་ཡིན་ཞེས་གསུངས་ཀྱི་འདུག གནས་ཚུལ་དེ་བདེན་པ་མ་རེད། དེ་འདྲ་གཅིག་ལྷ་བཟང་ལགས་ཀྱིས་གཏན་ནས་གསུངས་ཡོད་ཀྱི་མ་རེད་བསམས། ལྷ་བཟང་ལགས་ནི་བདེན་པ་དང་དྲང་པོ་གསུངས་མཁན་གཅིག་ཡིན་ཞེས་ཡོངས་བསྒྲགས་གསུངས་མཁན་གཅིག་རེད། དོན་དངོས་གང་རེད་ཅེ་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་ནུབ་ཕྱོགས་ཡུལ་གྲུར་ཕེབས་རྒྱུ་དང་པོ་དེ་ཨ་རི་ཡིན་ཅིང་། ཨ་རི་ནས་ཡི་ཤུའི་བླ་མ་མུན་ཞེས་ཀོ་རི་ཡའི་མི་བརྒྱུད་ཡིན་པ་གཅིག་གིས་འཛམ་གླིང་ཆོས་ལུགས་ཚོགས་འདུ་གཅིག་ལ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ལ་མགྲོན་འབོད་བྱུང་བ་བཞིན་སྐབས་དེའི་ཚོགས་གཙོ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་ཟུང་འབྲེལ་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་གཉིས་ཕེབས་པ་རེད། དེ་རྗེས་ ༡༩༨༧ ལོར་ཡུ་རོབ་ཁུལ་དུ་བོད་དོན་དྲིལ་བསྒྲགས་ལས་འགུལ་ཆེད་ཚོགས་གཙོ་ལྷ་བཟང་ཚེ་རིང་ལགས་དང་ཟུང་འབྲེལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་གཉིས་ཕེབས་ནས་ཟླ་བ་གསུམ་ཙམ་སྐོར་བསྐྱོད་གནང་ཡོད། རྒྱ་རི་སྒྲོལ་མ་ལགས་ཕྱོགས་བཞུགས་དབུས་རྒྱུན་ཡིན་པར་བརྟེན་ཕྱི་རྒྱལ་ཡུལ་གྲུ་ལྟ་བཞོག་རྒྱ་གར་དང་བལ་ཡུལ་ནང་དུའང་དབུས་རྒྱུན་ལས་ཀྱི་སྐུ་ཚབ་གནང་ནས་ཕེབས་མྱོང་མེད། གནས་ཚུལ་དེ་དག་ཁུངས་གཏུགས་གནང་དགོས་ཚེ་སྐབས་དེའི་གཞོན་ནུའི་རང་བཙན་གསར་དེབ་ལ་གཟིགས་ན་གསལ་པོར་མཁྱེན་ཐུབ་པ་མ་ཟད། ད་དུང་ཞིབ་ཏུ་གཟིགས་དགོས་ཚེ་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ལས་སྡོམ་ལ་ཞིབ་ཏུ་བཀོད་ཡོད་པས་གཟིགས་ན་མཁྱེན་ཐུབ། འཇམ་དབྱངས་ནོར་བུ་ལགས་ཀྱིས་དེ་ལྟར་འགྲེལ་བརྗོད་གནང་དེ་བདེན་པའི་གནས་ཚུལ་ལ་འཁྱོགས་བཤད་གནང་བ་ཞིག་རེད། འདས་པའི་དུས་སུའང་ཁོང་གི་རྩོམ་ཡིག་ནང་གཞན་ཟེར་ལུང་འདྲེན་བྱས་ཏེ་གནས་ཚུལ་བདེན་པ་མིན་པ་མང་པོ་འགྲེལ་བཤད་གནང་ཡོད། དེ་དག་ནི་ལོ་རྒྱུས་ལ་མཁས་པ་ཡིན་ཟེར་མཁན་ཞིག་གིས་ལོ་རྒྱུས་ལ་འཁྱོགས་བཤད་གནང་བ་ཞིག་ཡིན་པས་མ་འོངས་པར་ཡིད་ཟབ་གནང་རོགས།
ལྷ་བཟང་ཚེ་རིང་གཞོན་ནུའི་ཚོགས་གཙོ་ཡིན་སྐབས་རྒྱ་རི་སྒྲོལ་མ་མཉམ་དུ་ཕྱི་རྒྱལ་ལ་བོད་དོན་སྐོར་བསྐྱོད་ལ་ཕེབས་མྱོང་བ་མ་ཟད། ལྷག་དོན་ཨོ་སི་ཁྲོ་ལི་ཡའི་མལ་སྦོན་གྲོང་ཁྱེར་དུ་ཕེབས་འདུག སྐབས་དེར་ད་ལྟ་མལ་སྦོན་དུ་འཚོ་བཞུགས་ཡོད་པའི་ཚོང་པ་བློ་བཟང་དར་རྒྱས་སོགས་ནས་ཆང་སྟོན་སྣེ་ལེན་གནང་བ་མ་ཟད། བློ་བཟང་ལགས་ཀྱི་ཞལ་བྱང་ཐོག་གཞོན་ནུའི་རང་བཙན་དུས་དེབ་སོགས་ཀྱི་ཡིག་ཆ་ད་བར་འབྱོར་མུས་རེད། ཕོ་གསར་རེ་ཟུང་གིས་རྒྱ་རི་སྒྲོལ་མ་ལགས་སུ་དགའ་རོགས་རེ་བ་བཅངས་པའི་གཏམ་རྒྱུད་སྙན་པོ་ད་དུང་ཡང་གླེང་གིན་འདུག་