༄༅། །རྡོར་གླིང་ལྕགས་པོ་རིའི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་འདི་ནས་ཐོན་པའི་མཁྱེན་ཡངས་བཀུར་འོས་ཀྱི་ལྷ་རྗེ་ཡོངས་ལ།
ཆེད་ཞུ། ལྷན་རྒྱས་ཀྱི་དགོངས་པར་མངའ་གསལ་བཞིན་བཻཌཱུརྱའི་རང་མདངས་ཞེས་པའི་དུས་དེབ་འདི་ཐོག་མར་དངོས་གཞིའི་སྨན་སློབ་ཚོའི་སློབ་སྦྱོང་གི་ཤེས་ཚད་སྤྱི་དང་ལྷག་པར་རྩོམ་ཡིག་འབྲི་རྩལ་ཡར་རྒྱས་ཡོང་བར་ཆེད་དམིགས་ཀྱིས་འདོན་སྤེལ་བྱ་གཏན་ཁེལ་བ་བཞིན་དུས་དེབ་འདོན་ཐེངས་དང་པོའི་ནང་སྐབས་དེར་སློབ་སྦྱོང་བྱེད་བཞིན་ཡོད་པའི་སྨན་སློབ་ཁོ་ནའི་རྩོམ་ཡིག་རྣམས་བཀོད་ནས་ དཔར་བསྐྲུན་འགྲེམས་སྤེལ་ཞུས་ཡོད། ཡིན་ཡང་། ཉེ་སྔོན་སྐབས་གསུམ་པའི་སྨན་པ་དཀོན་མཆོག་བུ་ཆུང་ལགས་ཀྱིས་ང་ཚོའི་ལས་དོན་ལ་བསྔགས་བརྗོད་དང་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནངས་ཏེ་དུས་དེབ་འདོན་ཐེངས་གཉིས་པར་འགོད་རྒྱུར་རྩོམ་ཡིག་ཅིག་གནང་འབྱོར་བྱུང་བ་དེ་ལས་འཕྲོས་ཏེ། སློབ་སྟོན་པ་གཉིས་ཀྱིས་དབུས་ང་ཚོ་རྩོམ་སྒྲིག་པ་ཡོངས་ཀྱིས་གྲོས་བསྡུར་ཞིབ་ལྷུག་བྱས་འབྲས་སུ་དུས་དེབ་འདོན་ཐེངས་གསུམ་པ་ནས་བཟུང་ལྕགས་པོ་རིའི་སྨན་པ་རྣམས་ཀྱི་རྩོམ་ཡིག་ཆེད་བཀོད་བྱེད་སའི་ལེ་ཚན་ཞིག་ཟུར་དུ་བཟོ་རྒྱུའི་ཐག་གཅོད་གཏན་འབེབས་བྱས་ཡོད། དེའི་ཕྱིར། སྐུ་ཉིད་འཛམ་གླིང་གི་ས་ཕྱོགས་གང་དུ་བཞུགས་ཡོད་མེད་དང་ཐུགས་བྲེལ་ཆེ་མིན་སོགས་རྒྱུ་མཚན་གཞན་ལ་མིས་གཟིགས་པར། ང་ཚོའི་ལས་དོན་འདིར་རྒྱབ་སྐྱོར་ཆེད་དུས་དེབ་འདོན་ཐེངས་གསུམ་པར་འགོད་རྒྱུར་རང་རེའི་སྨན་གཞུང་གི་དཀའ་གནད་གསེད་བཀྲོལ་དང་ལག་ལེན་ཉམས་མྱོང་གི་གདམས་པ་སོགས་བརྗོད་བྱ་གསོ་བ་རིག་པ་དང་འབྲེལ་ཞིང་རྗོད་བྱེད་ཀྱི་རྣམ་པ་དུས་དེབ་ཏུ་འགོད་རྒྱུར་འོས་འཚམས་ཀྱི་རྩོམ་ཡིག་རེ་བྲིས་ཏེ། རྩོམ་སྒྲིག་ཁང་གི་མྱུར་འཕྲིན་ཁ་བྱང་དང་ཡིག་ཟམ་ཁ་བྱང་གང་རུང་བརྒྱུད་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ནང་ཚུན་ལ་བསྐུར་གནང་ཡོང་བ་མཁྱེན་མཁྱེན་ཞེས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༣ ཉིན་
རྩོམ་སྒྲིག་ཚོགས་ཆུང་ནས་གུས་ཕུལ།
རྩོམ་ཡིག་བསྐུར་ཡུལ། b_rangdhang@yahoo.in
chagpori Tibetan medical institute,
Takdah cantt 734222
Darjeeling ( W.B )
India
བཀྲ་་ཤིས་བདེ་ལེགས་ཡོད། སྐུ་ཚེ་བརྟན་དགོས།
སྐུ་ཚེ་བརྟན་མི་བརྟན་མི་ཤེས་ཏེ་གང་ལྟར་ངས་དུས་དེབ་གཉིས་པ་དེ་མཐོང་བྱུང་།
དེ་སྔ་ལྕགས་པོ་རི་དེ་ཚོགས་པ་ཆུང་ཆུང་ཞིག་ཡིན་པ་གོ་ཐོས་བྱུང་།
འོན་ཀྱང་དུས་དེབ་དེ་མཐོང་དུས་མཐོ་སློབ་དེར་སྨན་དང་སྙན་ངག་སོགས།
རིག་གནས་སྤྱི་ལ་སློབ་སྦྱོང་ཡག་པོ་ཡོད་ས་རེད།
ཚོགས་པ་ཆེ་ཁག་གི་དུས་དེབ་དག་ལ་འགྲན་ནུས་པ་འདུག
སློབ་ཕྲུག་སྤྱི་དང་ལྷག་པར་རྩོམ་སྒྲིག་པ་རྣམས་ནས་འབད་བརྩོན་ལྷོད་མེད་གནང་རོགས་ཞུ།
ལྕགས་པོ་རིའི་གནས་སྟངས་གསལ་བོ་མི་ཤེས་མོད། སྨན་སློབ་ཁང་འདིས་ཀྱང་རྡ་ས་སྨན་རྩིས་མཐོ་སློབ་ནང་བཞིན་རྒྱུད་བཞི་སོགས་བོད་སྨན་ལ་སློབ་གཉེར་བྱས་དང་བྱེད་ཀྱིན་ཡོད་འདུག་པས་མུ་མཐུད་ཡར་རྒྱས་ཡོང་བའི་སྨོན་འདུན་དང་། དེ་ལྟར་བོད་རང་གི་སྐད་ཡིག་རིག་གཞུང་ལ་ཐུགས་སྣང་གིས་དུས་དེབ་འདོན་པ་སོགས་ཀྱི་བྱེད་སྟངས་འདིར་ཡི་རངས་ཡོད། མ་ཟད་མེ་ཏོག་དཀར་པོས་བཤད་པ་ལྟར་སྐུ་ཚེ་ཡུན་བརྟན་ཡོང་རྒྱུ་ཡང་གལ་ཆེར་མཐོང་།
དུས་དེབ་གསར་བ་ལ་སྨོན་འདུན་ཞུ།
ཡག་པོ་འདུག
ལྕགས་པོ་རིའི་དུས་དེབ་འདིའི་རྒྱབ་ཤོག་གི་ཇུས་འགོད་དང་ཁ་བྱང་སོགས་མཐོང་མ་ཐག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཚོན་པ་དང་དོན་དངོས་ལ་རེག་ཉེ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་ཡོད་པས་བསྔགས་བརྗོད་ཞུ།
ད་དུང་དུས་དེབ་དེ་དངོས་སུ་མཐོང་རྒྱུ་མ་བྱུང་བས་དེའི་སྐོར་ལ་དམིགས་བསལ་བཤད་པ་གང་ཡང་མེད།
ཡིནའང་ཕྱིས་སུ་རེག་ཐབས་བྱ་རྒྱུ་ཡིན། སྤྱིར་ང་ལ་མཚོན་ན་དུས་དེབ་སོགས་སུ་བཀོད་པའི་རྩོམ་ཡིག་ལྟ་ཀློག་བྱེད་རྒྱུར་དགའ་བོ་ཡོད། གཅིག་བྱས་ན་རང་ཉིད་ཀྱིས་རྩོམ་ཡིག་འབྲི་མི་ཤེས་ཀྱང་མིས་བྲིས་པའི་རྩོམ་ཡིག་ལ་དོ་སྣང་དང་ཡི་རང་གིས། རྩོམ་ཡིག་གི་ཁོར་ཡུག་སྐྲུན་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཟུངས་ཁྲག་གཅིག་པའི་ལས་འགན་རེད།
དེང་སང་མི་འགའ་ཞིག་གིས། རང་གིས་འཕྲིན་ཡིག་ལེགས་པོ་ཞིག་ཀྱང་འབྲི་ཤེས་པར་གཞན་གྱིས་བྲིས་པའི་རྩོམ་ཡིག་རྣམས་ལ། ཚང་མ་གཅིག་པ་གཅིག་པ་རེད། བཤུས་རེས་བྱས་ནས་ཅི་བྱེད། ཅེས་ཕྲག་དོག་གིས་མི་བཟོད་པའི་མཆིལ་ཞགས་འཕེན་མཁན་རེ་ཟུང་ཡོད་ནའང། དེ་ནི་གླེན་པའི་རང་མཚང་དང་རང་རིགས་ལ་ཤ་ཞེན་མེད་པའི་དེ་ཉིད་ཁོ་ན་ལས་མ་འདས།
ལྕགས་པོ་རི། མུ་མཐུད་ནས་རྩོམ་ཡིག་སྤེལ། རྩོམ་ཡིག་ནི་རང་དབང་གི་གླེང་སྟེགས་དེ་ཡིན།
དེས་ཁྱོད་དང་ཁྱོད་ཀྱི་རྒྱུད་འཛིན་པ་རྣམས་མི་རབས་ནས་མི་རབས་གསོ་སྐྱོང་དང། འདྲ་མཉམ་གྱི་ཁེ་དབང་ལ་ལོངས་སུ་སྤྱོད་པའི་དོན་དངོས་ཀྱི་གོ་གནས་ངོ་མ་དེ་སྤྲད་ཐུབ།