བརྒྱུད་གཏོང་བ། བསྟན་འཛིན་འཇམ་དཔལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ།༼བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།༽
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༠ བར། བརྗོད་གཞི་གཙོ་བོ། བོད་དང་བཙན་བྱོལ་བོད་མི། ༼རེ་བ་དང་གདོང་ལེན།༽ ཉིན་གསུམ་གྱི་ཚོགས་འདུ་དང་བརྗོད་གཞི།
• ཉིན་དང་པོ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་བོད་མི་དང་འབྲེལ་བའི་གནད་དོན།
• ཉིན་གཉིས་པ། བཙན་བྱོལ་ནང་གི་བོད་མིའི་གནད་དོན་དང་། གདོང་ལེན།
• ཉིན་གསུམ་པ། བོད་དང་བཙན་བྱོལ་བོད་མི་དང་འབྲེལ་བའི་བརྗོད་གཞི་གཞན།
ཚོགས་བཅར་བའི་དེབ་སྐྱེལ།
• ཚོགས་བཅར་གནང་འདོད་ཡོད་པ་རྣམས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༦ འགྱངས་མེད་དེབ་སྐྱེལ་དང་། རྩོམ་ཡིག་སྙིང་བསྡུས་ ཚིག་འབྲུ་ ༢༠༠ ལས་མི་ཉུང་བ་དང། ༣༥༠ ལས་མི་མང་བ་གཏོང་གནང་ཡོང་བ་ཞུ།
• དེབ་སྐྱེལ་གྱི་འགེངས་ཤོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་ www.tibetpolicy.net ཐོག་ནས་ཕབ་ལེན་ཞུ་ཆོག
• བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་འདི་ནི་རྒྱ་གར་དང་ཕྱི་རྒྱལ་*ཡུལ་ཁག་གི་གཙུག་ལག་སློབ་ཆེན་ནང་ཡོད་པའི་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་ནང་ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་པ་རྣམས་ལ་སྡིངས་ཆ་བསྐྲུན་རྒྱུ།
• ཚོགས་བཅར་བ་ཡོངས་ཀྱི་ལམ་གྲོན་དང་། བཞུགས་གནས་སོགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གྲ་སྒྲིག་ཡོད།
རྩོམ་བསྡུ་དང་འབྲེལ་བའི་གནད་དོན།
• རྩོམ་ཡིག་སྙིང་བསྡུས་རྣམས་འདི་ག་ཉམས་ཞིབ་ཁང་གིས་ཞིབ་འཇུག་ཟིན་རྗེས། ༢༠༡༦ ཟླ་ ༨ ཚེས་ ༥ གོང་གཏམ་བཤད་གནང་མཁན་དོ་བདག་སོ་སོར་འབྲེལ་བ་ཞུ་རྒྱུ་ཡིན།
• རྩོམ་ཡིག་ཚིག་འབྲུ་ ༣༠༠༠ ལས་མི་ཉུང་བ་དང་། ༣༥༠༠ ལས་མི་མང་བ་ ༢༠༡༦ ཟླ་ ༩ ཚེས་ ༣༠ གོང་འདི་ག་ཉམས་ཞིབ་ཁང་དུ་འབུལ་ཟིན་པ་དགོས་རྒྱུ།
• རྩོམ་ཡིག་དང་གཏམ་བཤད། སྐད་ཡིག(བོད་ཨིན)གང་རུང་ཐོག་གནང་ཆོག
• ཚོགས་འདུ་དང་འབྲེལ་བའི་དོན་གནད་དྲི་བ་གནང་དགོས་ཚེ། རིག་འཛིན་རྡོ་རྗེ་ལགས་ལ་ཐད་འབྲེལ་གནང་རྒྱུ།
འབྲེལ་གཏུག གློག་འཕྲིན ytrsc2015@gmail.com ཁ་པར་ཨང་གྲངས་ 98166 68664
* ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་བཅར་ཞུ་མཁན་རྣམས་ཀྱི་གནམ་གླ་རང་ཉིད་ནས་གཏོང་གནང་ཡོང་བ་ཞུ།
མཐོ་སློབ་དང་ཉམས་ཞིབ་པ་མིན་པའི་མི་མང་དཀྱུས་མ་མཉམ་ཞུགས་བྱ་རྒྱུའི་ཆ་རྐྱེན་ཡོད་དམ་།?
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིད་ཤོར་བ་རེད་པས་
ངའི་འདྲི་བ་ལ་ལན་མེད་པ་དེ་གང་འདྲ་རེད་???
གཞུང་པ་ལགས། སྐུ་ཉིད་སྲིད་སྐྱོང་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཡིན་སྟབས་འཛུལ་ཞུགས་ཆོག དེ་མ་ཡིན་པའི་མི་མང་དཀྱུས་མ་རྣམས་ལ་སྡིངས་ཆ་བསྐྲུན་མི་ཐུབ། རིག་འཛིན་རྡོ་རྗེ་ནས།
འཛུལ་བཞུགས་ཆོག་གི་རེད་། ཡིན་ནའི་ཆ་རྐྱེན་ཡོད་པ་རེད་། གསལ་བསྒྲགས་ལྟར་གོང་ཞུས་བརྗོད་གཞིའི་ཐོག་དཔྱད་གཞིའི་རྩོམ་ཡིག་སྤེལ་དགོས་པ་དང་སྙན་ཞུ་དུས་ཐོག་ཏུ་ཕུལ་དགོས་པ་དེ་རེད་།
ཞིབ་འཇུག་ཟེར་དུས་ཡག་ཞྭ་རས་རྩ་བ་བཟའ་བ་ལྟར་མ་ཡིན་པར་རང་ཉིད་བོད་ཀྱི་སྐད་ཡིག་སྲོག་རྩ་ཡིན་པ་ངོས་བཟུང་ཐུབ་མཁན་ཞིག་གིས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་མཁན་སློབ་བཟང་སངས་རྒྱས་ལ་འོས་ཤོག་བསླུགས་པའི་བླན་རྟགས་ལ་བལྟས་ཚེ་དཔྱད་རྩོམ་ཆོ་ཡོད་པ་ཞིག་སྤེལ་རྒྱུ་ཨེ་ཡོད་དམ་། དེ་བས་བདེ་མོར་ཞུགས་ནས་སློབ་བཟང་སངས་རྒྱས་གཟི་བརྗི་ཁོག་སྟོང་ལ་བསྟོད་པའི་ཀ་བཤད་བྲིས་ན་བུ་ཕྲུག་ཡོད་ན་ཕྲུག་གུར་ལྐོག་ཏུ་སྲིད་སྐྱོང་གི་སློབ་ཡོན་བྱ་དགའ་ཐོབ་པར་ངེས་།
ངས་ཞིབ་འཇུག་གི་སྡོམ་རྩིས་།
འགོ་སྲིད་སྐྱོང་གཟི་བརྗི་ཁོག་སྟོང་། བར་བཀའ་བློན་གཟི་བརྗི་ཁོག་སྟོང་། འོག་མི་མང་བླན་ལྐུག་། བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་སྐྱོ་གླུ་།
།༼བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།༽
འདི།
༼ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ༽
དིང་སང་གུག་ཤད་འདི་སྐྱོན་ཅི་ཤོར་བ་ཀུན་གྱིས་མཐོང་ཐུབ། གུག་ཤད་དང་། ཡི་གེའི་བར་ལ། སྔར་སྟོང་ཆ་གཅིག་ཙམ་གྱིས་འཐུས་ན། དིང་སང་སྟོང་ཆ་གཅིག་གིས་ཚབ་ལ། སྟོང་ཆ་གཉིས་སམ་གསུམ་ཙམ་བྲིས་ན་སོ་སོར་གསལ་ཐོན་ཐུབ་པ་འདུག
༼ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ༽
༼༽ འབྲི་དུས་ཐོན་ཡང་། སྤེལ་དུས་མི་ཐོན་པ་འདི། ཅི་ཡིན་ནམ།
རྩོམ་ཡིག་འདི་ཁྱོད་ཚོའི་བརྗོད་གཞི་དང་འབྲེལ་བ་ཡོད་ན་རྩོམ་བསྡུ་མཁན་ཚོ་ལ་ཕུལ་གྱི་ཡིན། http://www.khabdha.org/?p=59856 འདི་རྩོམ་ཡིག་ཡག་པོ་ཤིག་ཡིན།
རྩོམ་ཡིག་འདི་ལ་ཁ་བརྡའི་ཐོག་གི་མཁས་པ་མང་པོས་དགའ་ཞེན་ཆེན་པོ་བྱས་ཡོད། བརྗོད་གཞི་ཡང་མི་གཅིག་ཁོ་ནའི་བསམ་ཚུལ་བརྗོད་བཞག་པ་ཞིག་མིན། བོད་མི་གསར་བརྗེ་མང་པོའི་ལྟ་གྲུབ་ཕྱོགས་གཅིག་ཏུ་སྡོམ་རྒྱབ་བཞག་པའི་ཟོལ་འདྲ་ཞིག་ཡོད།
༅༅། ཀ་བ་ཚེ་རིང་ཟེར་བ་འདི། ག་དུས་ཡིན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལ་མི་འདོད་པའི་སྐྱོན་ཤ་སྟག་བྲིས་ཀྱི་འདུག། དེའི་བཀའ་བློན་ལ་སྨད་ར་བཏང་གི་འདུག་པ་ཁྱོད་སུ་ཡིན།
སྐད་ཆ་བཤད་སྟངས་ལ་བལྟས་ན་། བོད་ཁྲག་ཡོད་མཁན་ཞིག་ཨེ་ཡིན་སྙམ།
བོད་གཞུང་ལ་སྐྱོན་བརྗོད་དང་མི་འདོད་པའི་སྐད་ཅོར་རྒྱབ་མཁན་རྒྱ་དམར་པོ་དང། དེའི་རྒྱུགས་ཁྱི་དོལ་ཚོགས་ཀྱི་མི་རེ་གཉིས་མ་གཏོགས་མེད། དེ་ཚོ་ནི་མི་རིགས་ཆོས་དང་་གཅིག ཕ་ཡུལ་དང་གཉིས། གཉེན་སྤུན་སོགས་ལ་ཞེན་པ་མེད་པ་བོང་བུ་ ཀླད་མེད་ཚོ་རེད།