ཤར་ཕྱོགས་ཁུག་རྟ།
བཀུར་འོས་ཁ་བརྡ་ཚང་གི་ཆོག་མཆན་ལྟར། དྲ་ངོས་འདིར་རྩོམ་ཡིག་འགྲན་བསྡུར་ཞིག་བྱ་རྒྱུ་ཡིན་ན། མཁྱེན་ལྡན་རྣམས་ནས་རྩོམ་ལུས་གང་དག་གཏན་འབེབས་བྱེད་དགོས་མིན་དང། བརྗོད་བྱའི་ཁྱབ་ཚད། རྩོམ་ཡིག་གི་ཡིག་འབྲུའི་མང་ཉུང། དཔྱད་གདམ་པ་ཁ་བརྡ་ཚང་གཙོས་མི་གསུམ་གཏན་འབེབས་བྱ་ཕྱོགས། རྩོམ་ཡིག་ཨང་རིམ་ཅི་ཙམ་དབྱེ་དགོས་མིན། ཨང་རིམ་ལྟར་བྱ་དགའ་སྤྲོད་ཕྱོགས་ཀྱི་རིམ་པ་དཔེར་ན་ཕྱག་ཁྱེར་འདྲ་བ་ཞིག་ཡིན་ན། ཚིག་བརྗོད་འགོད་ཕྱོགས་དང་དེའི་སྟེང་མཁྱེན་ལྡན་སུ་ལ་ཕྱག་རྟགས་ཞུས་ན་འོས་འཚམ་ཡིན་མིན་བཅས་ལ་བསམ་ཚུལ་ཉིང་བསྡུས་དོན་ལྡན་རེ་ཞབས་མཆན་ནང་འཇོག་གནང་ཡོང་བ་དང། བསམ་ཚུལ་རྣམས་དེ་དག་ལ་གཞི་བྱས་ཏེ་དངོས་གཞིའི་གསལ་བསྒྲགས་བྱ་རྒྱུ་དང། དེ་ནས་དུས་ཚོད་རྒྱས་བཅད་ཀྱིས་འགྲན་བསྡུར་གྲུབ་མཚམས། གསུམ་བཅུའི་སྒེར་ལངས་ཉིན་གསོལ་རས་ཁྱབ་བསྒྲགས་བྱ་ཐུབ་པ་ཞིག་ཡོང་རྒྱུའི་འཆར་ཟིན་སྒྲིག་གི་ཡོད་ན། ཤེས་ལྡན་པ་རྣམས་ནས་དེ་བསྟུན་གྱི་རོགས་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
འགྲན་བསྡུར་བྱེད་དགོས་དོན་ནི། བདག་མེད་རྩོམ་པ་པོ་རྣམས་ལ་ཁ་སྟབས་ཙམ་པོ་བ་ཞིག་བཟོ་ཕྱིར་དང། རྩོམ་པ་པོ་ཙམ་པོ་བ་ཞིག་ནས་དངོས་མ་ཞིག་ཏུ་འགྱུར་རྒྱུའི་ཁོར་ཡུག་བཟོ་ཕྱིར་གཉིས་མ་གཏོགས་རླབས་ཆེན་དང་བྱབ་ཆུང་གང་གིའང་དམིགས་ཡུལ་གཞན་མེད།
ད་ལྟ་སྔོན་འགྲོའི་ལས་རིམ་ཡིན། ཁ་བརྡ་ཚང་གི་ཆོག་མཆན་ཐོབ་པ་དང། རྒྱ་ཆེའི་མི་མང་ལ་བསམ་ཚུལ་འདྲི་བའི་རིམ་པ་ཡིན།
བཀོད་སྒྲིག་བྱེད་མཁན་དངོས་གཞིའི་གསལ་བསྒྲགས་སྐབས་སུ་མིང་འདོན་བྱ་རྩིས་ཡིན་ན་གོ་སྐབས་འདི་དམ་འཛིན་བྱེད་པའི་རེ་བ་ཞུ་རྒྱུ་ཡིན། ༢༠༡༡། ༢། ༨། ཉིན།
གལ་ཆེན་དོན་ཆེན་དུ་དགོངས་ནས། བསམ་ཚུལ་བསྡུ་སྟངས་ལ་བལྟས་ན། གཞི་རྒྱ་ཆེན་པོ་ཞིག་དང་། བྱ་དགའ་ཡང་གྱ་ནོམ་པ་ད་སྔ་ཕན་ཆད་ལ་ཚོགས་སྡེ་མི་སྒེར་སུ་གང་གིས་སྤྲད་མ་མྱོང་བ་ཞིག་གྲ་སྒྲིག་ཡོད་པ་མཐོང་གི་འདུག ལས་འགུལ་འདི་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།
ཤར་ཕྱོགས་ཁུག་རྟ་ལགས་སུ་བསྟོད་བསྔགས་དང། བསམ་ཚུལ་ཁ་ཤས་ཞུ་རྒྱུ་ཡིན།
རྩོམ་ལུས། དཔྱད་རྩོམ་༼ ཆབ་སྲིད་དང་ལོ་རྒྱུས །༽དང་སྙན་དངགས།
དཔྱད་གདམ་པ། ཁ་བརྡ་རྩོམ་སྒྲིག་པ་དང། གཞན་གཉིས་ཁྱེད་ནས་གདམ་རྒྱུ།
ཕྱག་ཁྱེར་སྟེང། མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཕྱག་རྟགས་ཞུ་ཐུབ་ན་རབ་དང།
ཡིག་འབྲུ་ ༣༧༠༠ ལས་མ་བརྒལ་བ་ཞིག
བཅས་འོས་པར་མཐོང་ཞིང་བྱ་བཞག་འདི་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བཅས་ཐག་རིང་ཞིག་ནས།
འོ་ད་རྩོམ་གྱི་ཨང་དང་པོ་དང་གཉིས་པ་གཉིས་ སྒོམ་སྡེ་ལྷ་རམ་ལགས་དང་ ཨ་ཁུ་ཀླུ་སྙོན་ལགས་ཁོང་གཉིས་གང་རུང་ལ་རག་འགྲོ་ལེ་རེད་ཡ་།
ད་ལན་འགྲན་བསྡུར་འདིའི་ཐད་དཔྱད་འདེམས་པ་རྣམས་ཀྱིས་རྩོམ་པ་པོའི་མིང་རྩ་བ་ནས་མ་ཤེས་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ། བརྗོད་བྱ་ཡང་བོད་ཀྱི་ཆོས་སྲིད་གང་རུང་བརྗོད་བྱར་བྱེད་དགོས་པ་མ་ཟད། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བརྗོད་བྱ་གདམ་དགོས་པ་དང། ཚད་ངེས་ཅན་ཞིག་དགོས། སྙན་དངགས་སོགས་མི་སྣ་ཆེས་ཉུང་ཤས་ཤིག་གིས་དོ་སྣང་བྱེད་པའི་སྡེ་ཚན་ཐོག་འགྲན་བསྡུར་བྱེད་པ་མ་ཡིན་པར་རྒྱ་ཆེའི་མང་ཚོགས་རང་བཞིན་ཅན་གྱི་འགྲན་བསྡུར་ཞིག་ཆགས་པ་བྱེད་དགོས། དེ་ཡང་གཙོ་བོ་བོད་ཀྱི་སྐད་ཡིག་ཡར་རྒྱས་ཁོ་ན་དམིགས་ཏེ་འབྲི་དགོས་པ་དང་། དོན་མེད་ཚིག་བརྒྱན་སོགས་ཀྱིས་མ་བཅིངས་པར་མང་ཚོགས་ཀྱི་སེམས་ཁམས་སུ་སིམ་འཛུལ་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེ་བར་སེམས།
ལས་འགུལ་བཟང་ངོ་། །
རྩོམ་ཡིག་འགྲན་བསྡུར་གྱི་ལས་དོན་ཡག་པོ་འདུག དེ་ལ་རྒྱབ་བསྐྱོར་དང་། ཡི་རངས་ཡོད། བརྗོད་གཞིའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་སྐོར་བཞག་ན་དགེ་མཚན་ཤིན་ཏུ་ཆེ།
རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །
དེ་ནི་རིན་གྱི་ཉོ་ནའང་དཀོན། །
དེ་ལྟས་གཞན་གྱི་ཡོན་ཏན་གྱི། །
དགའ་བའི་བདེ་བ་སྤྱད་པར་བྱ། །
ལེགས་སོ། །ལེགས་སོ། །
ཞེས་པ་ལས་གཞན་མེད་དོ། །འགྲན་བསྡུར་པ་དང་གོ་སྒྲིག་པ་ཚང་མ་ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ།།
རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །
དེ་ནི་རིན་གྱིས་ཉོ་ནའང་དཀོན། །
དེ་ལྟས་གཞན་བྱས་ཡོན་ཏན་གྱིས། །
དགའ་བའི་བདེ་བ་སྤྱད་པར་བྱ། །མ་དག་པ་ཡོད་ན་དགོངས་དག
ཕྱག་ཁྱེར་སྟེང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཚན་རྟགས་འགོད་ཐུབ་ན་ཡག་པོ་འདུག་གསུངས་པར་ང་མོས་མཐུན་ཡོད།
བོད་སྐད་ཡིག་ལ་ཤི་འཐམས་རོ་འཐམས་བྱེད་མཁན་ཚོ་འདི་ཤིན་ཏུ་འོས་པ་ནས། མི་མང་ཅན་དུ་བྱེད་རྒྱུར་ངས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། མཁས་པ་ཆེན་པོ་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཕྱག་རྟགས་ཡོད་ན། མི་ཚེའི་ནང་གི་བྱས་རྗེས་ཤིག་རེད་འདུག་པས། དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
ལས་དོན་འདིའི་གྲ་སྒྲིག་དང་དམིགས་ཡུལ་སོགས་ལ་གཞན་དང་མི་འདྲ་བ་ཞིག་འདུག་པས་ཁུག་རྟ་ལགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རེད། རེད། ཉེར་བར་མཁོ་ན་མཁས་དབང་ཟམ་གདོང་རིན་པོ་ཆེའི་མཚན་རྟགས་དེ་ཅི་ནས་ཀྱང་ལོན་ཐུབ་པར་གནོངས། གལ་ཆེན་དོན་ཆེན་རེད།
ཆབ་སྲིད་དང་ལོ་རྒྱུས་སོགས་ཀྱི་བརྗོད་གཞི་ཁག་ཕལ་ཆེར་བོད་པའི་མཁས་པ་ཚོས་བྲིས་བྲིས་ནས་ད་ཕལ་ཆེར་བྲིས་རྒྱུ་་ཞིག་ལྷག་མེད་གོྲྲྲྲྲདེ་ལས་ཁ་ཡོད་ལག་ཡོད་ཀྱི་མི་རབས་གསར་བ་དང་འབྲེལ་བའི་བརྗོད་གཞི་གདམ་ཐུབ་ན་ཡག་པོ་་འདུག་་་་་ཤེས་ཡོན་སྐོར་གྱི་སྟོང་ཆ་སྐོང་ཐབས་ཀྱི་བསམ་ཚུལ་ནི་དགའ་བསུ་ཞུ་འོས་པ་རེད།
ཉེ་བར་་་ཞེས་བཅོས་རོགས།
རྩོམ་ཡིག་འགྲན་བསྡུར་གྱི་ལས་འགུལ་དེ་ཡག་པོ་རེད། ཡིན་ན་ཡང་དེ་ཡང་ཆབ་སྲིད་དང་བསྲེས་ནས་སུམ་ཅུའི་དུས་དྲན་དང་བསྟུན་པ་ཡིན་ན་ཡག་པོར་མཐོང་གི་མི་འདུག སྒྱུ་རྩལ་སྒྱུ་རྩལ་རེད། ཆབ་སྲིད་ཆབ་སྲིད་རེད། འདི་གཉིས་ཀྱི་བར་ཐག་དེ་ངོས་ཟིན་ན་ཡག་པོ་མེད་འགྲོ ཡིན་ན་ཡང་ཆབ་སྲིད་ཀྱི་ནང་དོན་ལ་དམིགས་པའི་རྩོམ་ཡིག་འགྲན་བསྡུར་ཡིན་ན་ལོགས་ཀ་རེད། ཁྱེད་ཀྱི་རྩོམ་ཡིག་འགྲན་བསྡུར་གྱི་རྩོམ་ལུས་དང་བརྗོད་བྱ་གང་ཡིན་ཁ་གསལ་མེད་པ་ཅི་རེད།
ཟླ་གཅིག་ཏག་ཏག་ལས་ལྷག་མི་འདུག་པས་ཅུང་འཕྱིས་དྲགས་པར་སྣང་མོད། འོན་ཀྱང་བོད་པ་ཚང་ལ་ནམ་ཡང་གྲ་སྒྲིག་གི་བརྒྱུད་རིམ་རིང་པོ་ཞིག་ཡོད་ཚེ་ཉོབ་ཏོ་ཆགས་འགྲོ་ལ་ཨ་གསར་ལ་དགའ་བའི་གཤིས་ངན་འདི་བསྒྱུར་དཀའ། གང་ལྟར་དུས་ཚོད་མང་པོ་མེད་པས་དཔྱད་རྩོམ་དང་སྒྲུང་རྩོམ་ཡག་པོ་རེ་ཨེ་འཁྱོངས་འདོད། སྙན་ངག་ནི་རྩོམ་པ་པོ་ཡིན་ཟེར་མཁན་ནམ་ཡང་ན་བོད་ཡིག་གཏགས་ཤེས་བ་ཚང་མའི་ཅིག་འབྲི་རྒྱུ་ཡིན་པས་ཉོག་འགྲོ་བ་འདྲ། རབ་བྱུང་ན་དེང་གི་བོད་སྐད་ཡིག་གི་གནས་སྟངས་མཚོན་པ་དང་ཡང་ན་སྤྱི་ཚོགས་ཀྱི་གནས་བབས་གང་རུང་ལ་ཟ་ཟུར་ནས་རྣག་ཐོག་ཁབ་བཙགས་ཅན་གྱི་འབོལ་རྩོམ་རིགས་དང་ལྷུག་རྩོམ་ཡག་པོ་རེ་མ་མཇལ་ཡིན་རིང་ཡིན་པས་དེ་འདྲ་ཡིན་ནའང་བཟང་སྙམ།
བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད།རྩོམ་གྱི་བརྗོད་གཞི་བོད་རང་གི་ད་ལྟའི་དངོས་ཡོད་དགོས་མཁོ་དང་འཚམས་པ་ཞིག་འདེམས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སེམས།བོད་སྤྱི་ཚོགས་ཀྱི་དུས་རབས་ཉེར་གཅིག་པར་གདོང་ལེན་བྱེད་ཕྱོགས།ཡང་ན་བོད་ཀྱི་སྐད་ཡིག་དེ་དུས་རབས་དང་འགྲོགས་ནས་མདུན་སྐྱོད་བྱེད་ཚུལ་ལྟ་བུའོ།།ཕྱག་འཁྱེར་ཐོག་༧གོང་ས་མཆོག་གི་མཚན་རྟགས་ཤིག་ཞུ་ཐུབ་པ་ཡིན་ན་གཞི་ནས་བོད་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་ཡིན་ལ།དེ་ལ་བརྟེན་ནས་བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་དག་ལའང་སྤྱི་ཚོགས་ཀྱིས་ལྟ་སྟངས་གསར་བ་ཞིག་འཛིན་ངེས།
དོན་ལྡན་BBCལགས་དང། ཀ་རྡོ་རབ་འབྱམས་པ་མཆོག གྲགས་པ་དང་ཨ་བུ། མེ་ཏོག་དཀར་པོ་ཤར་ཕྱོགས་འོད་སྣང་སོགས་ཕེབས་པར་དགའ་བསུ་ཞུ་བ་དང་དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ།
མང་གཙོའི་ལས་རིམ་དང་མཐུན་པར་དོན་དམ་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་བྱེད་རྒྱུར་གོ་སྒྲིག་ཚོགས་ཆུང་གིས་ལྷག་བསམ་བཅངས་བཞིན་ཡོད་ན། ཁྱེད་རྣམ་པས་མུ་མཐུད་དགོངས་ཚུལ་གནང་བར་ཞུ། སྤྱི་མོས་དང་མང་མོས་སླེབས་པའི་མངོན་འདོད་གང་ཡིན་ཡང་ང་ཚོས་དེ་དེ་བཞིན་དུ་འགྲུབ་ཕྱིར་ཧུར་ཐག་བྱ་ངེས་ཡིན།
རྒན་རབས་པ་ཀླུ་སྨྱོན་ལགས། དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ།
གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བོད་མི་རིགས་ལ་ཕ་ས་ཕ་ཡུལ་ནས་བདག་པ་ཐམས་ཅད་མིའི་ལུང་པ་ཞིག་ནས་དྲན་གསོ་བྱེད་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་པ་ཞིག་ཡིན་པར་བསམས་ནས་ཁོ་བོས་དེ་ལྟར་བཀོད་པ་ཡིན་མོད། འོན་ཀྱང་མང་མོས་ཙམ་ཡང་མ་བྱུང་ན་བསྒྱུར་བཅོས་བཏང་ཆོག་ལ་ད་ལྟ་འདི་བསམ་ཚུལ་བསྡུ་བའི་རིམ་པ་ཡིན།
གསང་གྲོལ་ལགས་དང་སྦྲ་རིགས་ཐོགས་མེད་ལགས། ད་དུང་བརྗོད་གཞིའི་ཐད་མང་ཙམ་གསུངས་རྒྱུ་དང། དུས་ཚོད་ཐད་ཟླ་རེ་འགའ་སྔ་ཕྱི་མི་འདུག་བསམས་གང་དགའ་ཅི་ལེགས་བྱས་ཆོག
མཁྱེན་ལྡན་ཚོས་གསལ་བསྒྲགས་ཨ་མར་བཀོད་པ་བཞིན།
དཔྱད་འདེམས་པ་གཉིས། བརྗོད་གཞི། ཕྱག་ཁྱེར་གནང་ཕྱོགས། རྩོམ་ལུས། ཨང་རིམ་ཅི་ཙམ་དབྱེ་དགོས་མིན་བཅས་ཀྱི་གནད་དུ་འཁེལ་བ་ཚིག་ཉུང་ངུའི་དགོངས་ཚུལ་མུ་མཐུད་གནང་རོགས་ཞུ།
ཁུག་རྟ་ལགས་སུ་ཆེད་ཞུ། ང་ལ་བསམ་ཚུལ་ཞིག་ཡོད། རྩོམ་གྱི་བརྗོད་བྱ་དེ་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་རྒྱུར་འཕྲད་བཞིན་པའི་དཀའ་ངལ་གྱི་རྒྱུ་རྐྱེན་འཚོལ་བ་དང་། དེ་ལ་གདོང་ལེན་ཇི་ལྟར་བྱ་དགོས་དང། མ་འོངས་པར་བོད་མི་བརྒྱ་ཆ་བརྒྱ་བཅུ་ནས་དགུ་བཅུའི་འཚོ་བའི་ཁྲོད་བོད་ཡིག་རྒྱུན་སྤྱོད་ཡོང་རྒྱུར་བོད་ཀྱི་སྐད་ཡིག་འདི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་ཐབས་ལམ་གང་ཞིག་འཚོལ་དགོས་སོགས་གང་ལྟར་བོད་ཡིག་ཡར་རྒྱས་ཡོང་ཐབས་ལ་ཐབས་ལམ་བཙལ་ཏེ། དཔྱད་རྩོམ་མཆོག་ཏུ་གྱུར་པའི་རིགས་ལ་བསྔགས་བརྗོད་དང་འབྲེལ་ལག་ཁྱེར་སྤྲད་ཐོག བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་ཐབས་ལ་རྩོམ་རྩེ་ཕུད་རྣམས་ཀྱི་བརྗོད་དོན་གཞིར་བཟུང་བཙན་བོད་གཞུང་ནས་རོགས་རམ་བླངས་ཆོག་ལ། འདི་ལ་བོད་ཀྱི་སྤྱི་སྒེར་ཚང་མས་རྒྱབ་སྐྱོར་ཡང་ཏན་ཏན་ཐོབ་སྲིད་ལ་ཁྱེད་ཚོས་སྤེལ་བའི་ལས་དོན་ཡང་ཉིན་རེ་བཞིན་འཕེལ་རྒྱས་དང་གྲུབ་འབྲས་བླ་ན་མེད་པ་ཞིག་འཇོག་ཐུབ། དེ་མིན་རྩོམ་གྱི་བརྗོད་བྱར་སྙན་ངག་དང་ལོ་རྒྱུས། ཡང་ན་གསར་གཏོད་ཀྱི་བསམ་ཚུལ་སོགས་གང་བཀོད་ཀྱང་འགྲན་བསྡུར་གྱི་ལས་གཞི་འདི་མཇུག་བསྒྲྲིལ་མཚམས་ནས་དེའི་གྲུབ་འབྲས་དང་ལས་དོན་མཇུག་བསྒྲིལ་རྒྱུ་རེད། གང་ལྟར་བརྩམས་པའི་ལས་་གཞི་དེ་རྒྱུན་མཐུད་དང་དོན་དང་ལྡན་པ་ཞིག་ཡོང་རྒྱུ་གལ་ཆེ་སྙམ་མོ། །
BBC ལགས། བོད་ཀྱི་ཡུམ་སྐད་འདི། སྐྱེས་བུ་དམ་པའི་གླེགས་བམ། འདུས་པ་རྒྱ་མཚོའི་སྡེ་དང། ཤེས་ལྡན་པའི་རྒྱ་ལས་བརྒལ་ཐབས་དང། དེས་སྤྱི་ཚོགས་གཞན་དང་སྐད་ཡིག་གཞན་གྱི་བཞུགས་གྲལ་སྙེགས་ཕྱོགས་ཀྱི་དགོངས་ཚུལ་ནི་ཐུགས་ཤིན་དུ་བདེན།
རྩོམ་རིག་འགྲན་བསྡུར་བྱེད་རྒྱུ་དེ་ནི་དངོས་ནས་བོད་ཡིག་གི་ཁྲོད་དུ་མི་ཚེ་བསྐྱེལ་བར་རམ་འདེགས་ཡིན་ལ། ལས་འགུལ་དེ་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུ།
དུས་ཚེས་ནི་ང་རང་གི་་བསམ་ཚུལ་ཡིན་ན། འཁྲུངས་སྐར་དུས་ཆེན་དང་ཡང་ན་ཞི་བདེ་གཟེགས་རྟགས་ཉིན་མོ། བྱ་དགའ་སྟེང་ལ་༧གོང་ས་མཆོག་གི་མཚན་རྟགས་རེག་ཐུབ་པ་ཡིན་ན། དངོས་ནས་གོང་དུ་དྲ་གྲོགས་ཤིག་གསུངས་ཟིན་པ་ལྟར། བོད་མི་སྤྱི་བོ་སུས་ཀྱང་བསྐལ་བའི་བར་དུ་དེ་ལ་གདེང་འཇོག་བྱེད་པ་ཞིག་ཡོང་གི་རེད།
རྩོམ་ཡིག་བྱ་དགའ་འདི་ནི་ཆེ་ཆུང་ལ་མ་བལྟས་པར། ལོ་རེ་ཐེངས་རེ་བྱེད་ཐུབ་པ་ཡིན་ན། དངོས་ནས་ཡག་པོ་འདུག་ལ། དེ་ལ་བོད་ཡིག་གི་ཆུ་ཚད་གང་ཙམ་ཡོད་པ་སུ་ཞིག་ཀྱང་ཁྱད་པར་མེད་པ་ཞིག་བྱེད་ཐུབ་རྒྱུ་དང་། རྩོམ་ལུས་ལ་རྩོམ་པ་པོ་རང་རང་ནས་འདེམ་རྒྱུ་བྱས་ན། ད་གཟོད་ཡིད་སེམས་འགུགས་པའི་རྩོམ་ཡིག་ཞིག་གསར་དུ་རྙེད་ཐུབ་པ་ཡིན་པར་འདོད། དེ་དག་ནི་བདག་གི་བསམ་ཚུལ་མདོར་བསྡུས་སུ། ཤར་ཕྱོགས་ཁུག་རྟ་མིང་ཅན་གྱི་བོད་ཀྱི་ལར་ཞེན་ཅན་ལ་གུས་པའི་ཕུལ་བ་ལགས།
བཀུར་འོས་མཁྱེན་ལྡན་བོད་ལྷ་ཀླུ་གཉན་གསུམ་དང་ཀླུ་སྨྱོན་ལགས། དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ། གསུམ་བཅུའི་དུས་དྲན་ནི་བོད་མི་རིགས་ལ་ཕ་ས་ཕ་ཡུལ་ནས་བདག་པ་ཐམས་ཅད་སྐྱབས་བཅོལ་ལུང་པ་ནས་དྲན་གསོ་བྱེད་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་པར་བསམས་ནས་ཁོ་བོས་ཉིན་མོ་དེ་བཀོད་པ་ཡིན་མོད། འོན་ཀྱང་མང་མོས་མ་བྱུང་ན་བསྒྱུར་བཅོས་གཏོང་གི་ཡིན་ལགས།
བཀུར་འོས་གསང་གྲོལ་དང་སྦྲ་རིག་ཐོགས་མེད་ལགས། ད་དུང་མུ་མཐུད་དགོངས་ཚུལ་གནང་རོགས་ཞུ།
མཁྱེན་ལྡན་ཚང་མས།
རྩོམ་ལུས། བརྗོད་བྱ། ཡིག་འབྲུའི་མང་ཉུང། ཕྱག་ཁྱེར་གནང་ཕྱོགས། ཨང་རིམ་ག་ཚོད་བར་དབྱེ་དགོས་མིན་སོགས་ཀྱི་སྐོར་ལ་མུ་མཐུད་དགོངས་ཚུལ་གནང་རོགས་ཞུ།
ཤར་ཕྱོགས་ཀྱི་ཁུག་རྟ་ནས་འདི་ལྟའི་ལས་འགུལ་བརྩམས་པར་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
༡་་་རྩོམ་གྱི་བརྗོད་བྱ་ནི་ལོ་རྒྱུས་་་དཔེར་ན་་་གྲོང་ཚོ་ཞིག་གི་ལོ་རྒྱུས་་་་རི་ཞིག་གི་ལོ་རྒྱུས་་་་་སེམས་ཅན་གཡག་ལས་སོགས་ཧི་མ་ལ་ཡཱི་སེམས་ཅན་དེ་དག་གི་གནས་སྟངས་སྒྲུབ་སྟངས།་་་བོད་ཀྱི་ཡུལ་དུ་ཡོད་པའི་རི་གཡུང་ཇི་ལྟར་ཡོད་མེད་ཀྱི་བཤད་པ་ལས་སོགས་ཏེ།ཆོས་འབྱུང་བསྟན་འབྱུང་དང་བླ་སྤྲུལ་སྐྱེས་རབས་ལོ་རྒྱུས་དང་་་་་བོད་ཡིག་བོད་མི་འབྱུང་སྟངས་དང་ཆབ་སྲིད་ལས་སོགས་དེ་ཚོའི་སྐོར་འདི་ད་རིང་གི་སྐབས་འདིར་མི་དགོས།་་འདིར་ནི་ཀུན་ལ་ཁྱབ་པ་ཀུན་གྱིས་མ་གྲགས་པ།ཆུང་ཆུང་ཞིག་གི་རང་བཞིན་དུ་ཡོད་མོད་ཆེན་པོའི་གོ་སར་ཡོད་པ་ཞིག་དགོས།ཆབ་སྲིད་དང་ཆོས་ལུགས་ལས་སོགས་དེ་རིགས་ཀྱི་རྩོམས་ལ་ཀུན་གྱིས་འཇུག་པར་མི་ནུས་རྟེན་འབྲེལ་ཡིན་དུས་ཕན་ཚུན་བརྟེན་དགོས་པས་རེད།
༢་་་ཡིག་འབྲུ་མང་ཉུང་ནི་་་ཆ་མཉམ་པའི་ཡི་གེ་དཔེར་ན་ཤོག་ལྷེ་ལྔ་ལས་མ་མང་བ་ཞིག་དགོས།
༣་་་་རྩོམས་དེ་དག་སྙན་ངག་ཚིག་བཅད་མིན་པར་འབོལ་རྩོམས་ཡི་གེ་འདོན་ཤེས་མཁན་ཀུན་གྱིས་སློག་ཤེས་ཐུབ་ཅིང་དོན་གོ་ཐུབ་པའི་ཚུལ་དུ་འབྲི་དགོས། རྩོམ་གྱི་བརྗོད་བྱ་བྱུང་ན་དཔེར་ན་གཡུང་དྭགས་གཡག་གི་སྐོར་ལ་རྩོམས་བྲིས་པ་ཡིན་ན་བོད་རིགས་ཀུན་གྱིས་གོ་མྱོང་བ་མ་ཟད་ཐུན་མིན་གྱི་བོད་ཀྱི་སྒོ་ཕྱུག་ཞིག་ཀྱང་ཡིན་པས་ཧ་ཅང་གི་ལེགས།
རྩོམ་གྱི་བརྗོད་བྱའམ་གཞི་རྒྱ་ཆེན་པོ་བྱེད་ན་གསལ་ཁ་དང་ཆ་ཚང་བ་ཞིག་ཡོང་ཐུབ་པ་དཀའ།
རྩོམ་ཡིག་ཨང་རིམ་ལྔ་ཙམ་དབྱེ་ཐུབ་ན་ལེགས།
མང་ན་ཡང་ཡང་གཏམ་ལ་སྙན་རྒྱུ་མེད་ཅེས་བཤད་པ་ལྟར་རེད།
དཔྱད་གདམ་པའི་མིང་ཁ་ཤས་འདིར་ཁྱེད་རང་གིས་བཀོད་ན་ལེགས་དེ་ལ་ཀུན་གྱིས་འདི་འགྲིག་འདི་མི་འགྲིག་གིས་བསམ་འཆར་བཤད་ཀྱི་རེད།
ད་ཡང་མི་བྲེལ་ཕོངས་བརྟེན་འབྲི་ཁོམས་མ་བྱུང་་་་་མུ་མཐུད་ནས་སླེབ་ཡོང།
རྩོམ་ཡིག་འགྲན་བསྡུར་བྱེད་པ་དེ་ཡག་པོ་རེད། དེ་ལ་རྒྱབ་སྐྱོར་ཡོད། དོན་དག་འགའ་ཤས་གསལ་པོ་བྱུང་མ་སོང་།
༡ རྩོམ་པོའི་ཁྱབ་ཁོངས།
ཀ གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་ཚུད་ཡོད་པ་རེད་དམ་བྱེས་བཞུགས་རྩོམ་པ་པོ་གཅིག་པོ་རེད།
ཁ ་་བདག་མེད་རྩོམ་པ་པོ་རྣམས་ལ་ཁ་སྟབས་ཙམ་པོ་བ་ཞིག་བཟོ་ཕྱིར་དང། རྩོམ་པ་པོ་ཙམ་པོ་བ་ཞིག་ནས་དངོས་མ་ཞིག་ཏུ་འགྱུར་རྒྱུའི་ཁོར་ཡུག་བཟོ་ཕྱིར་་ ཞེས་བྲིས་འདུག་པས། བདག་མེད་དང་བདག་ཡོད། རྩོམ་པ་པོ་དང་རྩོམ་པ་པོ་ཙམ་པོ་བ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དགོས་པ་རེད།
ག འགྲན་བསྡུར་ནང་ཞུགས་པར་ལོ་ཚོད་དང་ཤེས་ཚད་ཕྱག་འཁྱེར་ལ་བལྟས་ནས་ཁྱད་པར་འབྱེད་རྒྱུ་ཡིན་ནམ་ཅི།
༢ དཔྱད་གདམ་པ་ཁ་བརྡ་ཚང་གཙོས་མི་གསུམ་ཟེར་བའི་ནང་གི། ཁ་བརྡ་ཚང་ཟེར་བ་དེ་ཧ་གོ་མ་སོང་། ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་རེ་ཟུང་ཞིག་ཡོད་པ་དེ་ཚོར་ཟེར་གྱི་ཡོད་དམ་ཡང་ན་ཁ་བརྡའི་ནང་རྩོམ་འབྲི་མཁན་དང་མཆན་འདེབས་མཁན་ཚང་མ་ལ་གོ་དགོས་པ་རེད།
འདི་ཚོ་གསལ་བོ་མ་བྱུང་བ་ན། བསམ་ཚུལ་སྤེལ་འདོད་ཡོད་ཀྱང་སྤེལ་ཤེས་ཀྱི་མི་འདུག དཔྱད་གདམ་པ་སོགས་ཀྱི་སྐོར་འགྲན་བསྡུར་གྱི་ཚད་ག་འདྲ་ཞིག་ཡིན་མིན་ལ་བལྟས་བཤད་གི་ཡིན། ཚད་མཐོན་པོ་ཞིག་ཡིན་ན་དཔྱད་གདམ་པའང་འབུམ་རམས་པ་ལྟ་བུ་ཚད་མཐོན་པོ་ཞིག་ཡིན་དགོས་པ་རེད། ཚད་དམའ་མོ་ཞིག་ཡིན་ན་དེའི་ཚོད་ཀྱི་དཔྱད་གདམ་པ་ཞིག་དགོས་གི་རེད་འདོད།
ང་རང་གིས་བསམ་ན། ད་ལྟ་ཕན་གྱི་དུས་དེབ་དང་སྒེར་དེབ ཚགས་པར་སོགས་ཀྱི་སྟེང་ནས་འབུར་ཐོན་རང་བཞིན་ཅན་གྱི་སྙན་ངག་དང་། དཔྱད་རྩོམ། ལྷུག་རྩོམ་ལེགས་ཤོས་རེ་འདེམས་ནས་གཟེངས་རྟགས་སྤྲོད་པའི་ལམ་སྲོལ་ཞིག་བཏོད་པ་ཡིན་ན། དེ་ལེགས་པར་མཐོང་།
དཔེར་ན། བཙན་བྱོལ་ནང་གི་སྙན་རྩོམ་ལེགས་ཤོས། དཔྱད་རྩོམ་ལེགས་ཤོས། ལྷུག་རྩོམ་ལེགས་ཤོས་ཟེར་བ་ལྟ་བུ་འདེམས་པ་ཡིན་ན། ད་ལྟ་ཕན་གྱི་རྩོམ་རིག་ལ་ཕྱིར་རྟོག་དང་། རྩོམ་ཡིག་གང་ཞིག་ལ་གདེང་འཇོག་གི་རིམ་པ་ཞིག་ཀྱང་རེད།
འགྲན་བསྡུར་འདི་ལེགས་པོ་འདུག་སྟེ། སྤྱི་ཡོངས་ནས་རྩོམ་རིག་གི་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱེད་པ་ལ་གང་ཞིག་སྤེལ་ཟིན་པའི་རྩོམ་ཡིག་དེ་ཚོ་ལས་ལེགས་འདེམས་བྱས་པ་དེས། ཤུགས་རྐྱེན་ཆེན་པོ་ཐེབས་པར་འདོད།
རྩོམ་ཡིག་འགྲན་བསྡུར་གོ་སྒྲུག་གནང་བར་རྒྱབ་སྐྱོར་སེམས་གཏིང་ནས་ཡོད་་་་་་བཀའ་དྲིན་ཆེ།
ངའི་བསམ་ཚུལ་ཡིན་ན་འདི་འདྲ་རེད།
གཅིག་་་་་་་ད་སྐབས་བོད་མི་རིགས་ཀྱི་སྐད་ཡིག་ཉིན་རེ་བཞིན་ཉམས་ཆགས་འགྲོ་གིན་པའི་ཐད་ལ་སྨྱུག་འཛིན་པ་དང་་་་དགེ་རྒན་རྣམ་པས་འགན་ཇི་ལྟར་ལེན་དགོས་མིན་སྐོར་། གཉིས་པ་་་་་་་དབུ་མའི་ལམ་འདིས་བོད་ཕྱི་ནང་གཉིས་ཀའི་ཆབ་སྲིད་ཀྱི་ལྟ་གྲུབ་ངོ་མ་མཚོན་ཐུབ་མིན་སྐོར། གསུམ་པ་་་་་་དེང་གི་སྙན་ངག་རྩོམ་ལུས་གསར་བ་འདིས་་་་་སྲོལ་རྒྱུན་སྙན་ངག་ཉམས་ཆགས་སུ་གཏོང་གིན་པ་འདི་་་་་བཟང་ཕྱོགས་དང་་་་ཡར་རྒྱུས་ཀྱི་རྣམ་པ་ཡིན་མིན་སྐོར་ལས་འཕྲོས་པའི་དཔྱད་གཏམ་སོགས་བསྡམས་ན་ཡག་པོ་རེ་འདོད་དོ།
དགོངས་དག་་་་གོ་སྒྲུག་མ་རེད་་་གོ་སྒྲིག་རེད།
རྣམ་པ་ཚོ་རེ་རེའི་མཚན་གྱིས་བོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུར་དུས་ཚོད་ཀྱིས་མི་ལྕོག་ན། ལྷན་རྒྱས་ཕེབས་པར་དགའ་བསུ་དང་དགོངས་ཚུལ་མུ་མཐུད་གནང་རོགས་ཞུ་ཞུ་རྒྱུ་ཡིན།
ཤ་གཟན་དམར་པོ་ལགས།
༡ རྩོམ་པ་པོའི་ཁྱབ་ཁོངས་ད་ལྟ་བསྡུ་བཞིན་པའི་བསམ་ཚུལ་ལ་ལྟ་རྒྱུ་ཡིན་པ་དང། ཁ་བརྡ་འཛམ་གླིང་གང་སར་བདེ་ལེགས་ངང་མཇལ་ཐུབ་ཀྱི་ཡོད་ཀྱང། རྒྱུན་ཞུགས་ཆ་ཤས་ལེན་དུས་ས་གནས་རེ་འགའ་དེ་ཙམ་བདེ་བོ་མེད་པ་དང་གཞན་རིག་གནས་བྱ་བཞག་གི་ལས་དོན་མང་པོས་བོད་ནང་དུ་ཐེ་བྱུས་བྱེད་མི་དགོས་པ་འདྲ་བས་འཆར་ཟིན་ནང་མེད། ཡིན་ནའང་གནས་ཚུལ་སྤྲོད་རྒྱུ་ཨང་དང་པོ་འཇོག་གི་ཡིན།
༢ བདག་ཡོད་དང་བདག་མེད་ནི་དེའི་བརྩམས་ཆོས་ལ་དོ་སྣང་བྱེད་མཁན་ཡོད་མེད་ཀྱི་ཁོར་ཡུག་ལ་གོ་དགོས་ཤིང། ཡིག་ཚོགས་སྤུངས་པ་ཙམ་དང། དྲ་བ་དང་དུས་དེབ་ཚགས་པར་སོགས་སུ་རྩོམ་ལུས་ཅི་སྙེད་ཅིག་ཐོན་པ་ཙམ་གྱིས་རྩོམ་པ་པོ་དངོས་མར་གྱུར་མེད་ལ་འགྱུར་བའི་རེ་བ་ཡོད་པའི་ས་མཚམས་དེ་ལ་ཟེར།
༣ འགྲན་བསྡུར་ནང་ཞུགས་རྒྱུ་ལག་ཁྱེར་མི་དགོས། འོན་ཀྱང་འབྲི་རྩལ་ཁོ་ནས་མིན་པར། རྡོག་སྒྲུག་རྒྱབ་རྗེས་སྡིངས་ཆ་གང་རུང་ནས་དྲི་བ་དྲིས་ལན་ཡང་གནང་སྲིད་པ་རེད།
༤ དཔྱད་འདེམས་པ་ཁ་བརྡ་ཚང་ཟེར་བ་དེ། བཀུར་འོས་ཚང་གི་རྩོམ་སྒྲིག་པ་རྣམ་པ་གསུམ་རེད།
གསལ་བོ་ཆགས་པའི་རེ་བ་དང་དེ་མིན་དྲི་བ་བཏང་ཀྱང་རུང།
ཁུག་རྟ་ལགས་སུ་ཆེད་ཞུ། བོད་ཀྱི་གཏམ་དཔེར། གྲོས་མི་ལ་དྲིས། ཐག་རང་གིས་གཅོད་ཅེས་པ་ལྟར། ཚང་མའི་བསམ་འཆར་ལ་ཉན་ལ་དགོས་བྱུང་ན་ལས་གཞི་བརྩམ་ཐབས་བྲལ་བར་སེམས། དཔེར་ན། སྔོན་གྱི་དུས་དེབ་ཁག་ཏུ་ཐོན་པའི་རྩོམ་ཡིག་རྩེ་ཕུད་གདམས་ནས་བྱ་དགའ་སྤྲོད་དགོས་ཞེས་པ་དང། ཡང་སྙན་ངག་དང་ལོ་རྒྱུས་སྒྲུང་གཏམ་བྲི་རྩལ་ལ་གཞི་བཅོལ་དགོས་ཞེས་པ་སོགས་མི་རིའི་ཁ་ནས་རྒྱུ་མཚན་རེ་འདྲེན། དེ་སྔ་ཡང་རྩོམ་ཡིག་འགྲན་བསྡུར་ཐེངས་མང་བྱས་ཡོད། དུས་ཆེན་ཁག་དང་འབྲེལ་བྱ་དགའ་དང་བསྔགས་བརྗོད་ཀྱང་བྱེད་མྱོང་ཡོད། འོན་ཀྱང་དེ་ཚོས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ག་ཚོད་ཐེབས་འདུག ངེས་པར་དུ་རྒྱུས་ལོན་གནང་དགོས། འདས་པ་ལས་བསླབ་བྱ་ལེན་དགོས། ངས་གོང་དུ་ཞུས་པ་བཞིན་བརྗོད་བྱ་དེ་བོད་ཀྱི་སྐད་ཡིག་ཡར་རྒྱས་གོང་འཕེལ་ལ་དམིགས་ཏེ་ཐབས་ལམ་དང་འགོག་རྐྱེན་ཕྱོགས་གཉིས་ནས་དཔྱད་དེ་དབྱེ་ཞིབ་རང་བཞིན་གྱི་ཐབས་ལམ་འཚོལ་བའི་རྩམ་འགྲན་ཞིག་བྱུང་ཚེ། རྩོམ་ཡིག་རྩེ་ཕུད་གཞིར་བཟུང་ལས་དོན་ལག་བསྟར་དགོས་པ་དང། འདི་མི་དམངས་ཀྱི་དགོས་འདུན་ཆགས་སྟབས་གཞུང་དང་སྒེར་ཚང་མས་རྒྱབ་སྐྱོར་མི་བྱེད་རང་བྱེད་རེད་ལ། གྲུབ་འབྱས་ཀྱང་ལེགས་པོ་ཐོབ་སྲིད། དེ་མིན་སྔར་བཞིན་སྐབས་ཤིག་རིང་རླུང་འཚུབ་ལྡང་བའི་རྣམ་པ་ཙམ་ཞིག་རེད།
ལྷག་བསམ་ལགས་མུ་མཐུད་ནས་གསུངས་རོགས་ཞུ། ཡིན་ནང། འདེམས་སྒྲུག་བྱས་རྗེས་རྩེ་ཕུད་རྣམས་སྡིངས་ཆ་གང་རུང་ནས་དྲི་བ་དྲིས་ལན་དང་ཡང་ན་སོ་སོའི་བྲིས་རྩོམ་གྱི་ནང་དོན་གཏམ་བཤད་གནང་རྒྱུ་ཕལ་ཆེར་ཡོང་སྲིད་པ་རེད།
ད་ལྟ་གཞིས་ཆགས་ཁག་དང་དགོན་སྡེ་ཁག གཞན་ཡང་ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་བཅས་ལ་འགྲན་རྩོམ་དངོས་གཞིའི་སྐབས་ཁ་བརྡར་དྲ་བར་ཐུགས་སྣང་གནང་རྒྱུའི་སྐུལ་མ་ཡིག་ངག་གཉིས་ཐོག་ནས་ཁྱབ་བསྒྲགས་དང། ཐ་ན་ཁ་བརྡ་དྲ་བར་གཟིགས་རོགས་ཞུ་ཅེས་རྩིག་ངོས་སྦྱར་ཡིག་ཚུན་ཆད་གྲ་སྒྲིག་བྱས་ཚར་བ་ཡིན།
ཁུག་རྟ་ལགས་སུ་ཞུ་རྒྱུར། འདེམས་སྒྲུག་བྱས་པའི་རྩེ་ཕུད་རྣམས་སྡིངས་ཆ་གཅིག་གི་སྟེང་དུ་འཛོམས་ནས་བསམ་ཚུལ་ལམ་རྩོམ་ཡིག་སྒྲོག་སྦྱངས་བྱེད་དགོས་པའི་དགོས་པ་ཆེར་མ་མཐོང་། གང་ཡིན་ཞེ་ན། ཁོ་པའི་བསམ་ཚུལ་གང་ཡོད་རྩོམ་ཡིག་སྟེང་སྤེལ་ཟིན་པས་སོ། །མ་ཟད་རྩོམ་ཡིག་འབྲི་མཁན་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ཁག་ཏུ་བཞུགས་པའི་བོད་མི་ཡོད་སྲིད། སོང་ཙང་དོན་མེད་ལམ་གྲོན་དང་དུས་ཚོད་ཆུད་ཟོས་གཏོང་རྒྱུ་མེད། དེང་དུས་ཆ་འཕྲིན་གྱི་མཐུན་རྐྱེན་བཟང་བས་འབྲེལ་ལམ་བྱེད་བདེ་པོ་རེད། རྩེ་ཕུད་རྣམས་བརྒྱུད་ལམ་འདྲ་མིན་ནས་ངོ་སྤྲོད་དང་འབྲེལ་མི་དམངས་རྣ་ལྕོག་ཚ་བ་ཞིག་བཟོ་དགོས། དེ་བཞིན་གལ་ཆེ་ཤོས་ལ་རྩོམ་དྲི་མཁན་ལ་སྐྱ་སེར་དང་། ཕོ་མོ། རྒན་གཞོན་སོགས་ཀྱི་ས་མཚམས་མེད་པར་མང་ཚོགས་རང་བཞིན་ཅན་གྱི་རྩོམ་འགྲན་ཞིག་ཡིན་དགོས། རྩོམ་ཡིག་ཚང་མའི་བློ་གྲོས་ཕྱོགས་གཅིག་ཏུ་སྤུངས་ཏེ་དེའི་སྟེང་ནས་ལས་གཞི་རྩོམ་དགོས། ལས་གཞི་འདིར་བཙན་བྱོལ་བོད་གཞུང་ནས་རོགས་སྐྱོར་ངེས་པར་དུ་ལེན་དགོས། གཞུང་གི་རོགས་སྐྱོར་ཡོད་པའི་ལས་གཞིར་གྲུབ་འབྲས་ས་ཆོད་མི་འདྲ་བ་ཞིག་ཡོང་གི་རེད།
ད་རེས་ཁྱེད་རང་ཚོས་རྩོམ་ཡིག་འགྲན་བསྡུར་འདི་རྒྱ་ཆེན་པོ་དང་ཞིབ་ཚགས་པོ་ཞིག་ཡོང་ཆེད་བསམ་ཚུལ་བསྡུ་གི་ཡོད་པ་འདི་ཐབས་ཤེས་གསར་པ་ཞིག་རེད། དེར་དགའ་བསུ་ཡོད།
ད་བསམ་ཚུལ་ཞུ་གི་ཡིན།
༡ ཁྱེད་རང་ཚོས་ཐེངས་གཅིག་སྤེལ་ནས་མཚམས་འཇོག་གི་ཡོད་པ་རེད་དམ། ཡང་ན། ལོ་རྟག་པར་སྤེལ་གྱི་ཡོད་པ་རེད་དམ། ལོ་རྟག་པར་སྤེལ་གྱི་ཡོད་པ་དང་། ལོ་ནས་ལོར་ཡར་རྒྱས་ཀྱི་དམིགས་ཡུལ་ཞིག་ཀྱང་ཡོད་པའི་དབང་དུ་བཏང་ན། གཟེངས་རྟགས་ཀྱི་མིང་ལབ་ནའང་འདྲ། འགྲན་བསྡུར་ལས་འགུལ་གྱི་མིང་ལབ་ནའང་འདྲ། ལོ་རྒྱུས་ཀྱི་ཚབ་མཚོན་རུང་བའི་མིང་ཞིག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོར་མཐོང་སོང་། དཔེར་ན། ༼ཐོན་མི་སཾབྷོ་ཊ་རྗེས་དྲན་རྩོམ་ཡིག་གཟེངས་རྟགས།༽ ཟེར་བ་ལྟ་བུ།
༢ རྩོམ་ཡིག་འགྲན་བསྡུར་གྱི་བརྗོད་གཞི་དེ་ཡང་གནད་འགག་ཅིག་རེད། དེ་ལས་ཀྱང་དཔྱད་འདེམས་པ་གནད་འགག་རེད། དེང་སྐབས་རྩོམ་ཡིག་འབྲི་མཁན་མང་ཆེ་བ་གཞོན་སྐྱེས་རེད། ད་རེས་དཔྱད་འདེམས་པར། ལོ་ན་ལྔ་བཅུ་ཡན་བརྒལ་བའི་མཁས་པ་རྒན་པ་ཁག་ཅིག་གདན་འདྲེན་ཞུས་ཏེ། ཁོང་ཚོར་གཞོན་སྐྱེས་ཚོའི་རྩོམ་ཡིག་ལེགས་ཤོས་དཔྱད་འདེམས་དང་ལྷན་དུ་གཞོན་རབས་པའི་རྩོམ་ཡིག་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཀྱི་ལྟ་ཚུལ་རེ་ཡང་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་པ་ཡིན་ན། དེར་དགེ་མཚན་མ་འདྲ་བ་ཞིག་ཡོད་པ་རེད་འདོད།
༣ བྱ་དགའ་གཟིགས་གཟོས་ཀྱི་སྐོར་ནས་ཞུས་ན། དངུལ་མང་པོ་ཞིག་སྤྲོད་མི་སྤྲོད་དེ་གལ་ཆེན་པོ་དེ་ཙམ་མ་རེད། གལ་ཆེ་ཤོས་ནི། བོད་པའི་སྤྱི་ཚོགས་ནང་ལས་འགུལ་འདི་དང་། གཟེངས་རྟགས་ཚད་ལྡན་ཞིག་མུ་མཐུད་གནས་ཐུབ་མིན་དེ་རེད། གཟེངས་རྟགས་ཚད་ལྡན་ཞིག་འགྲན་རྩོད་ཀྱི་རྣམ་པ་ཞིག་མུ་མཐུད་གནས་ཐུབ་པའི་དབང་དུ་བཏང་ན། ད་གཟོད་རྩོམ་རིག་ཡར་སྤེལ་གྱི་ནུས་པ་རྒྱུན་བསྲིང་དང་། ཕྱོགས་གཞན་ཞིག་ནས་བཤད་ན། རྩོམ་པ་པོ་དང་རྩོམ་ཡིག་ལ་གདེང་འཇོག་དང་ངོས་འཛིན་གྱི་ཐད་ནས་ཀྱང་རིན་ཐང་འཇོག་སྟངས་མ་འདྲ་བ་ཞིག་ཡོང་གི་རེད་སྙམ།
བཀུར་འོས་སྐུ་ཞབས་རྡོ་རྗེ་དབང་ཕྱུག་ལགས། ལམ་སྟོན་དང་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། སྐུ་ཉིད་ཀྱི་དགོངས་ཚུལ་གྱ་ནོམ་པས་གཞི་གདན་ལྟ་བུ་འདུག་ལ། མུ་མཐུད་ཐུགས་ཁུར་གནང་རོགས་ཞུ།
ད་ལྟའི་གནས་སྟངས་ལ་གཞིགས་ན། མཁྱེན་ལྡན་ཚང་མས་རྒྱབ་སྐྱོར་དང་འོས་འཚམ་གཟིགས་ཀྱི་འདུག་པས། དྲ་ངོས་འདིར་རྩོམ་ཡིག་བཀོད་ནས གསལ་བསྒྲགས་ངོས་གསར་པ་འདི་ནས་ངོས་གཞན་དུ་སོང་མཚམས་དངོས་གཞིའི་གསལ་བསྒྲགས་བྱ་རྒྱུ་ཡིན། དེ་བར་མ་ལན་མ་འགྱོད་པའི་དགོངས་ཚུལ་གནང་རོགས་ཞུ་བཞིན་ཡོད།
འདིར་དངོས་སུ་མཆན་འཇོག་རྒྱུ་དུས་ཚོད་མེད་པའི་བཀུར་འོས་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངའི་བསམ་ཚུལ་རྣམས་གོང་དུ་ཚང་འདུག ལས་དོན་འདི་རྒྱབས་སྐྱོར་ཡོད་ལ། ད་བར་འགྲན་རྩོམ་ཞིག་བྱས་རྗེས། ལོ་རྗེས་མ་ནས་ལོ་རེའི་རྩོམ་ཡིག་ལ་ཕྱོགས་སྡོམ་གྱིས་གཟེངས་རྟགས་སྤྲད་ན་འོས་པར་མཐོང།
ཡག་བྱུང།
ཐུགས་རྗེ་ཆེ། ཁུག་རྟ་ལགས། རྩོམ་ཡིག་གི་བརྗོད་གཞི། བཙན་བྱོལ་བོད་མིའི་སྐད་ཡིག་ཆག་འཇིག་དང་ངེས་པར་འབྲེལ་དགོས་པ་མཐོང་། འདི་ནི་ང་ཚོ་ཤི་ས་ནས་ལང་དགོས་པའི་ཛ་དྲག་གི་ཛ་དྲག་ཆེ་ཤོས་དེ་ཡིན་སྟབས་སྤྱི་སྒེར་ཚང་མར་ཕན་ཐོགས་ཡོང་ངེས་ཡིན།
ཁུག་རྟ་ལགས་ཀྱི་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད།
༡ རྩོམ་པ་པོའི་ཁྱབ་ཁོངས་ནས་བཤད་ན། བཙན་བྱོལ་སྤྱི་ཚོགས་གཅིག་བུ་ལས་གཞིས་བྱེས་གཉིས་ལས་ཡོང་ཁག་པོ་རེད། དེ་འདྲའི་ཁྱབ་ཆེན་པོ་ཞིག་གི་ལས་གཞི་མགོ་འཛུགས་པ་ལས་རྐྱེན་མང་བོ་ཞིག་གིས་འགོག་གི་རེད་འདོད།
༢ རྩོམ་གྱི་བརྗོད་བྱའི་ཐད་ནས་བཤད་ན། འདི་ཡིན་དང་དེམིན་གྱི་རིགས་གཏན་ནས་མེད་པར་བོད་ཀྱི་རིག་གཞུང་ཟེར་བ་དེར། འདི་ལ་མི་མང་བོ་དོ་སྣང་ཡོད་པ་དང་འདི་ལ་མེད་པར་བརྗོད་པ་ནི་ཤིན་ཏུ་རྣ་བར་མི་སྙན་པ་རང་རེད། སྐུ་ཉིད་ཀྱིས་འདི་ལྟ་བུའི་ལས་དོན་སྒྲུབ་པའི་དམིགས་ཡུལ་གཙོ་བོ་ཡང་དོ་སྣང་མེད་པ་ཞིག་ལ་དོ་སྣང་ཡོང་དུ་འཇུག་ཆེད་མ་ཡིན་ནམ། དེའི་ཕྱིར་ངའི་བསམ་ཚུལ་ཡིན་ན་སྒྱུ་རྩལ་རྩོམ་རིག་གི་སྐོར་འདི་གཙིགས་སུ་འཛིན་དགོས་པར་འདོད། སྒྱུ་རྩལ་གྱི་སེམས་ཁམས་མེད་པའི་སྤྱི་ཚོགས་ལ་དུས་ནམ་ཡང་ཆིག་སྒྲིལ་དང་ཕན་ཚུན་ལ་ཡིད་ཆེས། གཅིག་གིས་གཅིག་ལ་གཞོགས་འདེགས་མེད་པ་རེད། དེའི་སྟབས་ཀྱིས་དེའི་རིགས་དར་ཁྱབ་ཏུ་གཏོང་རྒྱུར་ཀུན་ནས་དགའ་འོ།།
༣ གཟེངས་རྟགས་ཀྱི་ཐད་ནས་བཤད་ན། གོང་དུ་རྒན་རྡོར་དབང་གིས་བཤད་པ་བཞིན་དམིགས་འཛུགས་ཀྱིས་གཟེངས་རྟགས་དེ་མཚོན་པར་བྱེད་པའི་མིང་གི་གདགས་གཞི་ཞིག་ཡོད་ན་དགའ་སྟེ། དཔེར་ན་མ་འོངས་པར་བཙན་བྱོལ་གྱི་ལོ་རྒྱུས་མཚོན་པའི་མིང་ཞིག་བཏགས་ན་འགྲིག་ལ། བོད་ཀྱི་མཁས་དབང་དང་རི་ཆུ་ནགས་གསུམ་སོགས་ཀྱི་མིང་ངམ། ཡང་ན་ལོ་འདི་ནས་མ་འོངས་པའི་ལོ་ངོ་བརྒྱ་ཕྲག་གི་བར་དུ་གནས་ཐུབ་པའི་ཁ་ཕྱོགས་ཤིག་ལ་གོམ་པ་སྤོ་བར་འབད་ན་ལེགས་པར་མཐོང་།
༤ བདམས་ཕྱོགས་ཀྱི་ཐད་ནས་བཤད་ན། གཙོ་བོ་གོ་སྒྲིག་ཆུང་གིས་གཏན་ལ་ཕབ་དགོས་པར་མཐོང་ཞིང་། གཟེངས་རྟགས་ནམ་སྤྲོད་ཀྱི་དུས་ཚོད་ཀྱི་བབ་དང་བསྟུན་ནས་ཡུལ་དུས་ཀྱི་དགོས་དབང་གིས་མཁས་དབང་ཆེ་གེ་མོ་རེ་གདན་དྲངས་ན་ཆོག་གི་རེད། གཙོ་བོའམ་འོས་གཞི་ལྟ་བུ་ཚོགས་ཆུང་ནས་བཙལ་ཞིང་གཏན་ལ་འབེབ་དགོས། དེ་ནི་བྱ་དགའི་བྱ་འགུལ་སྤེལ་བའི་རིམ་པར་ཡང་ཧ་ཅང་མཐུན།
༥ དུས་ཀྱི་ཆ་ནས་བཤད་ན། ལོ་གསུམ་གྱི་ནང་དུ་གཅིག་གམ་ཡང་ན་ལོ་གཅིག་གི་ནང་དུ་ཐེངས་གཅིག་སྤེལ་ཐུབ་ན་ལེགས། བརྩམས་ནས་ལྡོག་པར་མི་བྱའོ།།གསུངས་པ་ལྟར་ལས་ཀ་འདི་ལྟ་བུ་ཞིག་མགོ་བཙུགས་ཚར་དུས་མཇུག་ཇི་ལྟར་སྐྱོང་དགོས་མིན་ལ་སྔོན་ཚུད་ནས་བསམ་བློ་ཞིབ་མོ་གཏང་དགོས། མཐའ་མར་རང་གིས་མཇུག་སྐྱོང་མི་ནུས་ནའང་གཞན་ཞིག་ལ་འཁྲི་བདེ་བའི་ལས་འཆར་ཞིག་ལ་འབད་བརྩོན་གནང་རྒྱུ་གལ།
༦ བྱ་འགུལ་སྤེལ་ཐེངས་གཅིག་ལ་མི་ཅི་ཙམ་ལ་སྤྲོད་དགོས་མིན་གྱི་ཐད་ནས་བཤད་ན། མི་གཅིག་གམ་ཡང་ན་རིག་གཞུང་གི་ངོས་མི་འདྲ་བ་གསུམ་གྱི་ཐད་ནས་མི་གསུམ་ལས་ལྷག་ཅིག་ལ་མ་སྤྲད་ན་ལེགས། གཙོ་བོ་དངུལ་གྱི་ཕོན་ཆེ་མིན་མ་ཡིན་པར་བྱ་དགའི་མིང་གི་ཐོག་ནས་མཐོང་ཆེ་བར་ཕན་པ་ཆེ། ང་ཚོའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་སྟེང་དེ་འདྲའི་བྱ་དགའ་སྤྲོད་པའི་ལས་འགུལ་མང་བོ་མེད་པ་དང་། རེ་འགའ་ཡོད་ཀྱང་སྐད་གྲགས་ཅན་གང་ཡང་མེད་པས། ད་རེའི་བྱ་དགའ་འདི་སུ་ལ་ཐོབ་པ་དེ་སྤྱི་ཚོགས་དང་མི་མང་གི་སེམས་ལ་མཐོང་ཆེན་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་གལ་ཆེ། དེ་ལྟ་བུ་ཞིག་བྱུང་ཚེ་ཉིད་ཀྱི་དགོངས་གཞི་ཡང་ལེགས་འགྲུབ་བྱུང་བ་རེད།
༧ ཕྱག་འཁྱེར་ཡང་གཏན་འཁེལ་འབྱུང་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན་གཟུགས་རིས་སམ་དེབ་གཟུགས་གང་ཡིན་ཡང་ཙ་ཙོར་མང་བོ་མིན་པ། ཧ་ཅང་གི་སྟབས་བདེ་ཞིག་ཡིན་ན་ལེགས། ཇི་ལྟར་གནས་ཐུབ་པའམ་ཐེར་ཟུག་གི་ཕྱག་ཁྱེར་ཞིག་ཏུ་འགྱུར་རྒྱུར་བསམ་བློ་གཏོང་དགོས།
༨ ངའི་བསམ་ཚུལ་འདི་ཙམ་ཡིན། ད་དུང་སེམས་ལ་དྲན་ན་ཁ་སྣོན་ཞུ་ཆོག འདས་པའི་ལོ་ངོ་དུ་མའི་ཁྲོད་བཙན་བྱོལ་ནས་རྩོམ་ཡིག་འགན་བསྡུར་གྱི་བྱ་འགུལ་མང་བོ་སྤེལ་སོང་ཡང་། བདག་གི་འདོད་པ་ཁེངས་པ་གཅིག་ཀྱང་བྱུང་མ་སོང་། དེའི་སྟབས་ཀྱིས་བྱ་འགུལ་དེ་དག་གི་ཆ་ཤས་ཀྱང་བླངས་མྱོང་མེད། ད་རེའི་འདི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་ཞིག་བྱུང་ན་བསམ་ནས་འཛེམས་ཟོན་མེད་པར་བསམ་ཚུལ་འདི་ཞུས་པ་ཡིན།
ཐུགས་རྗེ་ཆེ། ལས་འགུལ་འདི་ལོ་རྒྱུས་ཡོད་པ་ཞིག་བྱེད་རྒྱུ་རྩོམ་འབྲི་བ་ཙམ་དུ་མ་ཟད། བོད་རིགས་སུ་གཏོགས་ཚད་ཚང་མའི་རྨི་ལམ་དང་རེ་བ་ཡིན་རྒྱུ་རེད། དེའི་ཕྱིར་ཁྱེད་ཅག་གིས་གནང་བའི་དགོངས་གཞི་སྙིང་བཅངས་ཞུ་ངེས་ཡིན།
དངོས་གཞིའི་གསལ་བསྒྲགས་སྐབས་སུ་དེ་དག་གཏན་འབེབས་ཀྱིས་དྲ་ངོས་འདིར་སྤྱན་འབུལ་ཐུབ་རེ་ཤིན་ཏུ་ཆེ།
རྩོམ་འགྲན་འདིའི་དོ་གལ་གྱི་རང་བཞིན་ནི་རྩོམ་དྲི་མཁན་ལ་སྐྱ་སེར་དང་། ཕོ་མོ། རྒན་གཞོན་སོགས་ཀྱི་ས་མཚམས་མེད་པར་མང་ཚོགས་རང་བཞིན་ཅན་གྱི་རྩོམ་འགྲན་ཞིག་ཡིན་དགོས་པ་ལས་རྩོམ་རིག་སྒྱུ་རྩལ་སོགས་བརྗོད་གཞི་བྱེ་བྲག་པ་ཞིག་ལ་དམིགས་ཏེ་ལག་བསྟར་བྱས་ན་མི་ཁ་ཤས་ཤིག་ལ་ཚོད་བགམ་བལྟས་པ་ཙམ་ཞིག་ལས་དོན་ལ་བོད་ཀྱི་སྐད་ཡིག་ལ་ཕན་པ་རྩ་བ་ནས་འབྱུང་མི་སྲིད། དེ་བཞིན་དཔེ་ཆ་བ་ཞིག་གི་ངོས་ན་བཤད་ན་གཞུང་ཆེན་གྱི་དཀའ་གནད་སྐོར་ལ་རྩོམ་ཡིག་འགྲན་དགོས་མི་ཟེར་རམ། དེ་འདྲ་སོང་ཙང་ཁྱབ་ཆེ་ས་ནས་མི་དམངས་རང་བཞིན་ཅན་གྱི་རྩོམ་འགྲན་ཞིག་ཏུ་འགྱུར་བར་བྱས་ནས་རྩོམ་ཡིག་ཁྲི་ཕྲག་ཁྲོད་ནས་དྲག་འདེམས་དགོས་པ་དང། འདིའི་ཤུགས་རྐྱེན་བོད་མིའི་ཉིན་རེའི་འཚོ་བའི་ནང་སླེབས་ཐུབ་ཐབས་ལ་འབད་དགོས།
ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱིས་ཡང་སྐྱར་འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་། གླེན་པ་ངར་ད་རུང་གསལ་བོ་བྱུང་མ་སོང་། རྩོམ་པ་པོ་དངོས་དང་ཙམ་པོ་བའི་དབྱེ་མཚམས་དེ་ད་རུང་ཤེས་ཀྱི་མི་འདུག དགོངས་དག
ངས་བལྟས་ཡོང་ན། ང་རང་ཙམ་པོ་བའི་ནང་ཡིན་པ་ལ་ཐེ་ཚོམ་མི་འདུག
རྩོམ་པ་པོ་ཙམ་པོ་བ་དངོས་མར་འགྱུར་བར་དཔྱད་བརྗོད་གནང་མཁན་གྱི་རྩོམ་སྒྲིག་པ་འདི་གསུམ་རྩོམ་པ་པོ་ཙམ་པོ་བ་རེད་དམ་ཅི། ཧོར་འཇིགས། བེ་སྨྱོན། ཀླུ་སྨྱོན། ཆབ་བྲག་ཕོ་ཉ་སོགས་སྔོན་གྱི་རྩོམ་པ་པོ་འདི་ཚོ་དང་། ཀླུ་མཁར་བྱམས། གནམ་ལོ་ཡག་སོགས་རྗེས་ཀྱི་རྩོམ་པ་པོ་འདི་ཚོ་རྩོམ་པ་པོ་ཙམ་པོ་བ་རེད་དམ། འདི་ཚོ་རྩོམ་གྱི་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད་པ་རེད་པས།
ད་གོང་གསལ་གྱི་འདི་ཚོའི་ནང་ནས་དཔེ་མཚོན་ཞིག་དྲངས་ན། ཧོར་འཇིགས་ལ་མཚོན་ན། ཁོང་སྲོལ་རྒྱུན་སྙན་ངག་ལ་ཚད་ལྡན་རེད་ཅེས་བརྗོད་ཆོག་པ་ཞིག་རེད། ལོ་རྒྱུས་ཀྱི་དེབ་དྲུག་བྲིས་ཡོད་པ་རེད། དེབ་དྲུག་པོ་དེ་རྒྱལ་སྤྱིའི་ཚད་དང་ལྡན་པའི་ལོ་རྒྱུས་ཀྱི་དེབ་ཅིག་རེད་དམ། དེ་ལྟར་བལྟས་ཡོང་ན། རྩོམ་པ་པོ་ཙམ་པོ་བ་དང་དངོས་མའི་དབྱེ་མཚམས་དེ། ཚད་ལྡན་སློབ་གྲྭ་ཤིག་ནས་ཐོན་པའི་ཕྱག་འཁྱེར་གྱིས་མ་གཏོགས་དབྱེ་མི་ཐུབ་པ་ལྟ་བུ་ཞིག་རེད། དེ་འདྲ་ཞིག་མ་རེད་པས།
རྒྱལ་སྤྱིའི་ཚད་གཞི་དང་ལྡན་པའི་རྩོམ་འགྲན་ཞིག་ཡིན་ན། དཔྱད་གདམ་པ་དག རྩོམ་རིག་ཐོག་རབ་འབྱམས་པ་ཐོན་ཟིན་པ་དང་། རབ་བྱུང་ན་འབུམ་རམས་པའང་ཐོན་ཟིན་པ། དེ་མིན་ནའང་འབུམ་རམས་པ་འདོན་བཞིན་པ་ཞིག་ངེས་པར་དགོས་པ་འདྲ།
བོད་ཡིག་ཤེས་པའི་ཕྱི་རྒྱལ་བའི་ནང་། རྩོམ་རིག་ལ་འབུམ་རམས་པའི་སློབ་དཔོན་དང་འབུམ་རམས་པ་དུ་མ་ཞིག་ཡོད་པ་རེད་སྙམ། བོད་མི་བོད་ཡིག་ཤེས་མཁན་ནང་ཡང་། འབུམ་རམས་པ་འདོན་བཞིན་པ་ཁ་ཤས་ཤིག་ཡོད་པ་རེད་འདོད། རབ་འབྱམས་པ་ཐོན་ཡོད་པ་དེ་ལས་ཀྱང་མང་གི་རེད།
སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་འགྲན་བསྡུར་ཞིག་ཡིན་ན། དྲང་ཚུགས་ཅན་གྱི་དགེ་རྒན་རེ་ཟུང་དཔྱད་གདམ་པར་བསྐོས་ན་དེས་འགྲིགས་པ་རེད།
བཀུར་འོས་ཤ་གཟན་དམར་པོ་ལགས། གོང་གི་ལན་དེ་བསྐྱར་ཟློས་ཀྱིས་ཞུས་ན་བརྩམས་ཆོས་ཀྱི་སྤུས་བབ་ནས་དབྱེ་འབྱེད་བྱེད་རྒྱུ་ཡིན་པ་ལས། འདི་ལ་ཕྱི་རྒྱལ་བོད་རྩོམ་འབྲི་མཁན་ཚོའང་ཞུགས་ཆོག་པ་ཡིན།
རྒྱལ་སྤྱིའི་ཚད་གཞི་ལྡན་རྒྱུར་རྨི་ལམ་མ་བཏང་ཡང། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་འོག་རྩོམ་རིགས་རིག་གཞུང་ལ་སྐྱབས་བཅོལ་གནས་བབ་དང་མཐུན་པའི་འགྲན་བསྡུར་ཞིག་བྱུང་ན་བསམ་ཁར། རང་གི་མཁས་དབང་རྣམ་པ་ཚོའི་སློབ་སྟོན་དབུས་སུ་འཇོག་རྒྱུའང་སྐོམ་པ་ཆུ་འདོད་ལྟར་ཡིན་ལགས།
xxxxxxxxxxxxxxxx
རྩོམ་ཡིག་འགྲན་བསྡུར་ཟེར་དུས་རྒྱན་ཤོག་རྫུན་མ་འཚོང་མཁན་དེ་ཚོ་དྲན་ཡོང་གིན་འདུག རྫིག་པོ་རྫིག་པོ་ཞིག་ཁྱབ་བསྒྲགས་བྱས་བྱས་ནས་ཅི་ཡང་ཡོང་རྒྱུ་མེད་པ་དེ་འུ་ཚང་གི་ཁྱད་ཆོས་རེད། ཡིན་གཅིག་མིན་གཅིག་དྲ་ལམ་ནས་སྤེལ་དགོས་པ་ཅི་རེད། ད་ལྟ་དྲ་ལམ་དུ་མི་ཞུགས་པའི་རྩོམ་པ་པོ་ག་ཚོད་མང་པོ་ཡོད། དྲ་ལམ་གྱི་རྩོམ་པ་པོ་དག་ནི་མིང་རྫུན་མ་བརྒྱབ་ནས་ས་ཆ་མང་པོ་བདག་པོ་བརྒྱབ་ཡོད་བརྒྱབ་ཡོད་པའི་སྒེར་བདག་པ་རྐྱང་རྐྱང་ཡིན་པས། དེ་བས་ཚགས་ཤོག་ཅིག་གི་སྟེང་དུ་སྤེལ་ན་མི་བཟང་ངམ།
བཀྲ་ཤིས་ལགས། ཁྱེད་ལ་རྒྱུ་མཚན་འདུག དྲ་ངོས་བཀོད་པ་འདིས་གཞན་དག་ནས་བསམ་ཚུལ་བསྡུ་རུབ་བྱེད་ཀྱི་མིན་པའི་དོན་སྟོན་ཐུབ་ཀྱི་མ་རེད། དངོས་མིང་འདོན་མི་ཐུབ་པ་བདེན་ཡང། ག་རེ་ཤོད་ཀྱི་ཡོད་མེད་ལ་ལྟོས་ནས་མིང་དེ་དགོས་མིན་གྱི་ས་མཚམས་ཤིག་ཡོང་གི་ཡོད་ཀྱང། བསམ་ཚུལ་འདི་དག་ལ་ཁོ་བོས་ནང་དོན་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་ཁར། མ་འོངས་ལས་འཆར་གྱི་དབུས་སུ་ཐེབས་པ་ཞིག་བྱེད་རྒྱུ་ཡིན།
དེ་ནས་གོང་དུ་བཤད་པ་བཞིན་དྲ་ངོས་མི་ཐོན་པ་དག་གིས་དངོས་ཤུགས་བརྒྱུད་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག ད་དུང་ཕར་བཅར་དགོས་ས་བཅར་ནས་སློབ་སྟོན་ཞུ་བཞིན་ཡོད། ཕལ་ཆེར་ད་སྐབས་རྣ་བའི་ཚང་མའི་མདུན་དུ་སླེབས་པ་འདྲ་བོ་ཅིག་འདུག
བློ་མཐུན་ཤར་ཕྱོགས་ཁུག་རྟ་ལགས་ནས། ཡོངས་ཁྱབ་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་འཆར་ལ་ཡི་རངས་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། གང་ཡིན་ཟེར་ན། གཅིག་ནས་ང་རང་འདི་ལྟ་བུའི་ལས་རིགས་ལ་དགའ་ཞིང་དུང་བ་ཆེ། གཉིས་ནས་འགན་ལེན་གྱི་རྣམ་འགྱུར་ཞིག་ཡོད་པ། གསུམ་ནས་བརྗོད་གཞི་རྣམས་འདེམས་སྒྲིག་བྱེད་སྟངས་མ་ནོར་བ་ཡིན་ན་ཤུགས་རྐྱེན་ཞིག་ཏན་ཏན་ཐེབས་ཀྱི་རེད། དེ་དག་ལ་བརྟེན་ནས། ངས་ཀྱང་གོ་སྒྲིག་པས་རེ་སྐུལ་བགྱིས་པ་ལྟར། ངའི་བསམ་ངོར་ཤར་བའི་འཆར་སྣང་གང་ཡོད་མ་གསང་སྲོང་བོར་ཤོད་ཀི་ཡིན།
དེ་འདྲ་ཡིན་དུས། ངས་བསམས་ན།
སྤྱི་ཁྱབ་མིང་ནི།
ཡོངས་ཁྱབ་རྩོམ་ཡིག་འགྲན་བསྡུར་དེའི་སྤྱི་ཁྱབ་མིང་ལ་《འཚོལ་》ཞེས་བཏགས་ན་མཛའ་མི་འགྲོ། དེའི་རྒྱུ་མཚན་ཡང་། ད་སྐབས། ང་ཚོའི་མི་རིགས་དང་མི་རབས་ཀྱིས་མང་པོ་མང་པོ་ཞིག་འཚོལ་བཞིན་པའི་གནས་སྟངས་ཤིག་ཡིན་པ་མ་ཟད། རྙེད་དོན་ཞིག་ཀྱང་དགོས་པའི་ཚད་དུ་སླེབས་ཟིན་པ་རེད། དེས་ན། ད་ལྟའི་འཚོལ་སྟངས་ཀྱི་གནས་བབ། མ་འོངས་པའི་ཁ་ཕྱོགས། འཚོལ་དགོས་པའི་རྒྱབ་ལྗོངས་སོགས་ཀྱི་གནད་དོན་དེ་ཇེ་གསལ་ཇེ་ལེགས་སུ་འགྲོ་བས་ན། རྩོམ་ཡིག་འགྲན་བསྡུར་གྱི་སྤྱི་ཁྱབ་མིང་ལ་དེ་ལྟར་བཏགས་ན་མི་ལེགས་སམ།
དམིགས་ཡུལ་འཛིན་ཕྱོགས།
ངོས་འཛིན། འཐུས་ཚང་། ཁ་སྐོང་། གསར་གཏོད་ཐོན་ཐབས་སུ་དམིགས་དགོས་པ་རེད་སྙམ།
བརྗོད་གཞི་འདེམས་སྟངས།
༡༽ བཙན་བྱོལ་བོད་མིའི་སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱེན་འཚོལ་ཞིབ་དང་མ་འོངས་ཁ་ཕྱོགས།
༢༽ བཙན་བྱོལ་བོད་མིའི་སྒྱུ་རྩལ་རྩོམ་རིག་གི་ཉམས་འགྱུར་སྔོག་འདོན་དང་སྐྱེད་སྲིང་བྱ་ཐབས།
༣༽ བཙན་བྱོལ་བོད་མིའི་ཡིག་བསྒྱུར་ལས་དོན་གྱི་གྲུབ་འབྲས་དང་ཡར་རྒྱས་གཏོང་ཕྱོགས།
༤༽ བཙན་བྱོལ་བོད་མིའི་འཐབ་རྩོད་བྱེད་སྟངས་ཀྱི་རྣམ་འགྱུར་དང་འབྱུང་འགྱུར་དམིགས་ཚད།
དཔྱད་འདེམས་གནང་མཁན།
1, ཤེས་རིག་ལས་ཁུངས་ཀྱི་ཡིག་བསྒྱུར་བ་ཆུང་ཚེ་རིང་། 《ཡིག་བསྒྱུར་ལ་གཟས་པ།》 2, རྩོམ་རིག་ཆེད་ཞིབ་པ་པདྨ་འབུམ། 《སྒྱུ་རྩོམ་ལ་དམིགས་པ།》 3, ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། 《སྐད་ཡིག་ལ་གཟས་པ།》 4, བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། 《འཐབ་རྩོད་བྱེད་སྟངས་ལ་དམིགས་པ།》
ཆ་རྐྱེན་འདོན་སྟངས།
ཀ དཔྱད་རྩོམ་གྱི་རྣམ་པ་ཅན། ཁ། ཡིག་འབྲི་ཉིས་སྟོང་ཡས་མས་ལས་ཆེར་མ་བརྒལ་བ། ག གོ་སྒྲིག་པའི་ངོས་ནས་དུས་བཅད་གཏན་འབེབས་བྱེད་དགོས།
ང་། བྱ་དགའི་དངུལ་ཅི་ཙམ་སྤྲོད་ཐུབ་མིན་ནི་གོ་སྒྲིག་པའི་ངོས་ནས་ཐག་གཅོད་བྱ་རྒྱུ།
ཕྱག་འཁྱེར་སྤྲོད་རིམ།
དམིགས་བསལ་གྱི་མཛད་སྒོ་ལྟ་བུ་ཞིག་འཚོགས་ཐུབ་ན། གཅིག ཐེངས་འདིའི་ལས་དོན་ལ་མཉམ་ཞུགས་གནང་བའི་རྩོམ་པ་པོ་རྣམས་ལ་བརྩི་མཐོང་ཡོང་བ་པ་དང་། གཉིས། གཞུང་སྒེར་གྱི་སྐུ་ཚབ་གང་མང་ཞིག་མགྲོན་འབོད་གནང་ཐུབ་ན་ལས་དོན་འདིའི་དགོས་པ་ངོ་འཕྲོད་ཀི་རེད། གསུམ། འདི་ལྟ་བུའི་ལས་དོན་སྤེལ་ཕྱོགས་ལ་ལམ་སྟོན་དང་ཁོར་ཡུག་ཇེ་ཡངས་སུ་འགྲོ་བར་ཕན་ནུས་ཐོན་གི་རེད།
གོང་གི་བསམ་ཚུལ་འདི་ནི། བསམ་པ་རྣམ་དག་གི་སྒོ་ནས་དཔྱད་གཞི་ཙམ་ལ་དམིགས་ནས་སྤེལ་ཁུལ་བྱས་པ་ཡིན་ལགས། ཕན་ཐོགས་ཅུང་ཙམ་རེ་ཡོད་ན་ལེན་པར་བྱ་རྒྱུ་དང་། མེད་ན་གཡུགས་རྐྱང་བྱོས།
ཨ་རོ་བློ་མཐུན། མིང་ཚིག་བརྗིད་པོ་ཁ་ཤས་སྒྲིག་བཞག་བྱ། ཐུགས་རྗེ་ཆེ། ཁ་སང་བག་ལེབ་ཉོ་སར་ཐུག་དུས། ཅིག་བྲིས་ཡོད་ཟེར་བ། ངས་འཁོད་ཞེས་པ་དེ་འདི་ཡིན་རྒྱུ་རེད་པཱ།
ཕན་གྱི་འདུག་ཞུ་རྒྱུ་ཡིན། བསམ་ཚུལ་མུ་མཐུད་ཡིན་དཱ།
རྩོམ་ཡིག་འགྲན་བསྡུར་དེ་གལ་ཆེན་པོ་དེ་ཙམ་མ་རེད། གལ་ཆེ་ཤོས་ནི་གཟེངས་རྟགས་དེ་ལོ་རྒྱུས་ནང་གནས་ཐུབ་མི་ཐུབ་དེ་རེད། ད་རེས་འགྲན་བསྡུར་གྱི་རྣམ་པས་དབུ་བཙུགས། དེ་ནས་རིམ་པས་རྩོམ་ཡིག་འདེམས་སྟངས་སོགས་ལ་འགྱུར་བ་སོང་ཆོག་གི་རེད།
རྩོམ་པ་པོའི་མཐུན་ཚོགས་ཀྱི་ཕུལ་བྱུང་གཟེངས་རྟགས་ཀྱི་རྗེས་སུ་མི་འགྲོ་བ་ཞིག་དགོས་པ་རེད། གཟེངས་རྟགས་དེ་ཕུལ་ལུགས་ཕུལ་སྟངས་ཡག་པོ་མ་རེད་ཟེར་གི་མེད། རྒྱུན་མཐུད་ཐུབ་མ་སོང་ཟེར་གི་ཡོད། ད་རེས་ཁྱེད་རང་ཚོས་གཞི་རྒྱ་ཆེ་ཙམ་དང་། མུ་མཐུད་ནས་སྤེལ་རྩིས་ཡོད་པ་ཡིན་ན། རྩོམ་པ་པོའི་མཐུན་ཚོགས་ཀྱི་མཉམ་དུ་སྤེལ་ཐབས་ཡོད་མེད་ལ་བསམ་བློ་རེ་གཏོང་ཐུབ་ན་བཟང་བར་འདོད།
ཤར་ཕྱོགས་ཁུག་རྟ་ལགས། ལས་འཆར་དེ་ལ་སྙིང་ནས་དགའ་བསུ་ཡོད་ལ། ལེགས་འགྲུབ་ཡོང་བའི་རེ་བའང་ཡོད།
ང་ནི་ཁ་ཆུང་དབང་ཆུང་ཡིན་ནའང་། ཁ་ཞིག་གྲག་ན་འདོད་ཀི། ཁ་ཐོག་ལ་འཇོག་དགོས་དོན་ཅི་ཡང་མེད། གཙོ་བོ་ཁ་མ་ཡོད་ནི་ཞིག་བྱེད་དགོས་པ་རེད། ཁ་ཤས་ཀྱིས་གོང་རུ་གོང་ན། དཔྱད་འདེམས་པ་ཚུན་ཆད་བསལ་ནས་ཡོང་ཡོད་ཀི་ར། ང་ནི་དེ་དག་གི་འཁྲབ་སྟོན་ལ་ཡིད་ལོགས་ཀི་འདུག དཔྱད་འདེམས་པ་སུ་ཞིག་ཡིན་ནའང་། རང་ཉིད་ཀྱིས་འདེམས་པའི་རྩོམ་ཡིག་གཅིག་ནས་ལྔ་བར་དུ་རྩོམ་དེ་ལ་བརྒྱ་ཆ་སྤྲོད་དགོས་པའི་དཔྱད་གཏམ་སྤེལ་བཅུགས་ན་ཡག་པོ་འདུག དེ་མ་གཏོགས་སྣང་བ་གང་དྲན་དང་། མོ་སུ་ལ་བཟང་ལྟ་བུ་ཞིག་གིས་སྤྲད་ན་དེ་ནི་འོས་འཚམས་ཤིག་ལ་འགྱུར་ཁག་པོ་རེད། ལྷག་པར་དཔྱད་འདེམས་པ་ནི་གང་གི་སྟེང་ནས་ཤེས་ཚད་ཡོད་པ་དེ་ལ་སྤྲོད་དགོས་པ་རེད། དེ་མིན་ཆོལ་ཁ་རེ་ནས་རེ་རེ་ལེན་པ་དང་། གོ་གནས་ལ་བལྟས་ནས་དེ་འབོད་པ་སོགས་གང་ལྟར་འཁྲབ་སྟོན་གྱི་རིགས་རྩ་བ་ནས་མེད་པ་དང་ཉུང་ན་ཡག སྤྱིར་བཏང་རིས་མེད་ཟེར་བ་འདི་མི་རེ་རེའི་ངོས་ནས་མངོན་ལྐོག་དང་ཁ་ཞེ་མེད་པར་འགན་འཁུར་རྒྱུ་ཞིག་ལས་འཁྲབ་ནས་ཡོང་གི་མ་རེད།
མདོ་དོན་རྡོག་རྡོག་པོ་དེ་བྱ་དགའ་ཅིག་ཆེ་ན་ཡག་གི
ཆོས་འཕེལ་ལགས་ཀྱིས་གསུངས་བ་དེ་བདེན་པ་རེད། ངས་གཟབ་མནན་བྱེད་རྒྱུ་ཡིན་ལ། གཞི་རྩའི་ཆ་ནས་བསམ་བློ་བཏང་གྲོས་བསྡུར། སློབ་སྟོན་ཞུས་ནས་འདིར་བསམ་ཚུལ་བསྡུས་པ་ཡིན་ལ། གཟེངས་རྟགས་དེ་ལོ་རྒྱུས་ཅན་ཞིག་བྱེད་ཆེད་སྔོན་འགྲོའི་བསམ་ཚུལ་འདི་བསྡུ་རྒྱུ་གལ་ཆེན་མཐོང་བས་དེ་ལྟར་ཞུ་ཁུལ་ཡིན། ལས་རིམ་ལ་འགྱུར་བ་ཅི་ལྟར་སོང་ཡང། གཟེངས་རྟགས་ཀྱི་ཐེབས་རྩ་དང་ངོས་འཛིན་སོགས་ལ་འགྱུར་བ་འགྲོ་རྒྱུ་མ་རེད། གཞན་དག་ངས་བསམ་བློ་བཏང་མེད།
ཨ་རོ་སྨྱོན་པ་བསྟན་རབ་ལགས། བསམ་ཚུལ་བཤད་ན་ཆོག་གདའ་ཆོག ད་དུང་ཁྱེད་ཁ་ཆུང་རེད་ཟེར་ནི་མེད་གི་ཤོ དངོས་གནས་དྲང་ཚུགས་ཀྱི་ཞགས་རྩི་མ་ཡལ་བ་ཟེར་ནོ་རེད། ཐུགས་རྗེ་ཆེ་ལགས།
ངས་མཆན་བཏབ་ཡོད་ཀྱུང་བསུབས་འདུག ཡིན་ནའང། གོང་ན་རྡོར་དབང་དང་བསྟན་འཛིན་རབ་རྒྱས་ཀྱིས་བཤད་པ་དེ་དོན་ལ་འཁེལ་གྱི་འདུག
ཁྱེད་ཚོས་ལས་གཞི་འདི་རྒྱ་ཆེ་ཞིང་གཏིང་ཟབ་པོ་ཞིག་ཡོང་བའི་སྨོན་འདུན་དང་རྒྱབ་སྐྱོར་ཡོད། ད་དུང་འགྲན་རྩོམ་འདིར་ཞུགས་གཏན་འཁེལ་ཡིན།
ཤར་ཕྱོགས་པར་སྙིང་ནས་དགའ་འོ་སྤྲོ་འོ་ཞུ་བ་ཡིན་ལ།
རེ་བ་གཅིག་ཤོས་ནི་ལས་འགུལ་འདི་མཐུད་དུ་གནས་བཏུབ་པ་ཞིག་ལ་བསམ་བློ་གཏང་སྟེ། མ་འོངས་པར་བཙན་
བྱོལ་གྱི་རྩོམ་རིག་ལས་འགུལ་ཞིག་གི་སྙིང་སྟོབས་སུ་འགྱུར་ཐུབ་རྒྱུ་འདི་ཡིན།
བགྱི་བ་ལེགས་འགྲུབ་ཡོང་བར་སྨོན།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི སྩོམ་འགྲན་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་ཐོག་མར་ཕྲན་གྱི་བསམ་ཚུལ་ཁ་ཤས་ཤིག་ཞུ་བར་འདོད་པས་༡༽བརྗོད་བྱ་བརྗོད་བྱེད་སྐོར། དེ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བས་དེང་གི་དུས་འདིར་བོད་མི་རིགས་ཀྱི་སྲོག་རྩ་སྟེ་བོད་ཀྱི་སྐད་ཡིག་འདི་་ཆགས་དང་་འཇིག་་འཆི་དང་་གསོན་གྱི་་གནས་སུ་གྱར་ཡོད་ན་ང་ཚོས་ཕ་སྐད་ལ་བཅངས་པའི་བརྩེ་སེམས་དང་ཕ་སྐད་གཙང་མ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་གལ་སོགས་དང་བརྗོད་བྱེད་ནི་ཚིག་རྒྱན་སོགས་ཀྱི་མ་བཅིངས་པར་བོད་མི་རྒན་དར་གཞོན་གསུམ་སུས་ཀློག་ཀྱང་མིག་ལམ་དུ་གཟུགསབརྙན་འཆར་བ་དང་ལུས་ལ་ཁབ་གཙུགས་པ་ལྟ་བུའི་འཚོར་བ་ཞིག་སྤྲད་ཐུབ་ན་ཕན་ནུས་ཆེན་པོ་ཡོང་ངེས།
༢༽བྱ་དགའི་ཨང་རིམ་སྒྲིགས་ཕྱོགས་ཐད་ལ། ད་རེས་ཀྱི་རྩིག་ཡིག་འགྲན་བསྡུར་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་བཟོས་བསམ་ན་རྒྱ་གང་ཆེ་དགོས་ངེས་ལ་རྟེན་ཕྱོགས་གང་ས་དང་སྒོ་ཀུན་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱ་དགོས་ལ་དེ་ནས་རྩོམ་འགྲན་ཚོགས་ནས་རྩོམ་ཡིག་རྩེ་ཕུད་ལྔ་ལས་མི་མང་ཞིག་བདམ་ནས་དྲྭ་རྒྱ་དང་ཚགས་པར་སོགས་ཀྱི་སྟེང་སྤེལ་ཏེ་རྒྱ་ཆེའི་ཀློག་པོ་རྣམས་ཀྱིས་དཔྱད་གཏམ་དང་སྦྲགས་འོས་འཕང་ནས་ཨང་རིམ་སྤྲད་པ་ཡང་དེང་དུས་དང་མཐུན་པ་ཞིག་ཡིན། ༣༽བྱ་དགའ་སྤྲོད་པའི་དུས་ཚིགས་དང་བྱ་དགའ་སྦྱིན་མཁན། དེ་ནི་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་ཚིགས་ཞིག་འདེམས་དགོས་དེ་ཡང་རབ་བྱུང་ན་སྤྱི་ལོ་༢༠༡༠་༡༠་༡༩་༢༠གཡས་གཡོན་ལ་མདོ་སྨད་རེབ་གོང་གིས་གཙོས་མདོ་སྨད་ཁུལ་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་མི་རིགས་ཀྱི་སྲོག་རྩ་སྟེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་རང་སྲོག་བློས་བཏང་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་པའི་འབོད་ཚིག་དང་དར་ཆ་མཐོན་པོར་བསྒྲེངས་གནང་བ་དེས་ད་ཕན་བོད་ཀྱི་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ཞིག་བཀོད་གནང་བ་དེར་ང་ཚོས་ཉིན་དེར་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཉིན་མོ་ཞེས་ཉིན་དེ་རང་འབུལ་གཏན་ཁེལ་རྒྱུ་དང་བྱ་དགའ་གནང་མཁན་ཡང་རབ་དང་ཕུལ་དང་མཆོག་བྱུང་ན་༧གོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་ངོ་མའི་ཕྱག་ནས་གསོལ་སྩལ་ཞུ་རྒྱུ་དང་དེ་མིན་ངེས་པ་དོན་གྱི་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཕྱག་ནས་གནང་ནའང་དགེ་མཚན་ཆེ་བར་མཐོང་།
༤༽བྱ་དགའ། དེ་ཡང་ང་ཚོས་མཐོང་ཐུབ་པ་ནི་ནོར་ཝེལ་རྩོམ་གྱི་བྱ་དགའ་དང་དེ་མིན་ཡར་ཐོན་རྒྱལ་ཁབ་ཁག་ནང་རྩོམ་རིག་གི་བྱ་དགའ་སྣ་ཚོགས་ཤིག་སྤྲོད་སྲོལ་ཡོད་པ་ལྟར་ང་ཚོས་དེ་དག་ལ་འགྲན་མི་བཟོད་ཀྱང་བཙན་བྱོན་སྤྱི་ཚོགས་ལ་དཔག་པའི་ངེས་པར་དུ་བྱ་དགའ་གྱ་ནོམ་པ་ཞིག་གནང་རོགས་ཕྲན་ནས་ཧིན་སྒོར་༣༠༠༠ཐམ་པ་ཞལ་འདེབས་འབུལ་ངེས་ཡིན
དགོངས་དག་ཕྲན་གྱིས་ཐེངས་གཅིག་ལ་གཏོང་ཐུབ་ཀྱི་མི་འདུག་ལ་སྩོམ་དེ་རྩོམ་ལ་བཅོས་རྒྱུ་ཡིན།
ཚོགས་ཆེན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཟབ་མནན་དང་ཞིབ་ཚགས་བརྒྱུད་ནས་ལས་འགུལ་འདི་སྤེལ་རྒྱུ་ཤིན་ཏུ་གལ་ཆེན་རེད། དྲ་གྲོགས་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་དངོས་སུ་གནང་མ་གནང་སོགས་གསུངས་ཀྱི་འདུག བསམ་ཚུལ་ཡག་པོ་རེད་དེ། དེ་ལ་དཔག་པའི་རྩོམ་པ་པོའི་གནས་སྟངས་ལ་བསམ་བློ་གཏོང་དགོས་པ་རེད། གང་ལྟར་སྔོན་འགྲོའི་བསམ་ཚུལ་བསྡུས། དགོས་མི་དགོས་རྒྱ་ཆེའི་མི་མང་ལ་དྲིས་པ་འདི། དམིགས་བསལ་ཞིག་རེད།
ཤར་ཕྱོགས་པར་རྒྱབ་སྐྱོར་ཡོད་ལ་ཤ་ཚའང་ཡོད།
ད་ལྟོས་ཡོང་དུས། ཐུགས་སྣང་གནང་བ་མི་ཉུང་གི ནམ་རྒྱུན་མི་ཕེབས་པའི་མཁྱེན་ལྡན་རེ་འགའ་ཕེབས་འདུག བྱ་དགའ་འདི་རྒྱ་ཆེ་རུ་ཆེ་རུ་གཏོང་བ་འདི་ཡི་གེ་འབྲི་མཁན་ཚོར་མི་རིགས་ལ་བཅངས་པའི་ཕུགས་བསམ་ཡོད་པའི་རྟགས་རེད།
ཤར་ཕྱོགས་ཁུག་རྟའི་ལྗགས་ལན་ཟམ་གདོང་རིན་པོ་ཆེ་ཇི་བཞིན་ཚིག་ཐག་ཆོད་པོ། དོན་ལ་འཁེལ་བ་རེད། ངས་གང་ལ་རྒྱབ་སྐྱོར་ཞུ་ཡིན་ལབ་ན། ཁོང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་སྐྱབས་བཅོལ་གནས་བབ་དང་མཐུན་པའི་རྩོམ་ཡིག་འགྲན་བསྡུར་གསུངས་པ་འདི་དངོས་གནས་རང་ཆུང་ཆུང་མ་རེད། དོན་དམ་པ་རེད། དེ་བས་འདིའི་དྲངས་པ་བརྟེན་ནས་བྱ་བཞག་འདི་ལམ་འགྲོ་དང་བོད་མི་རིགས་ལཕན་པར་གྱུར་ཅིག་ཅེས་སྨོན་འདོད་བྱུང།
ཤ་གཟན་དམར་པོ་ལགས། ཁྱེད་ནས་ཀླུ་མཁར་བྱམས་ཞུགས་ཆོག་མིན་གྱི་དྲི་བ་ག་རེ་བྱས་ནས་བཏང་ཡིན། འབྲེལ་བ་མེད་ས་ཞིག་ནས་དེ་ལྟར་གླེང་ཡོང་ན་ཕན་རྒྱུ་ལས་གནོད་ཀི་རེད་བསམ་སོང།
བཀུར་འོས་ལྷན་རྒྱས་ལགས། དགོངས་ཚུལ་བསྡུ་བའི་དུས་ཚོད་ཉིན་ཁ་ཤས་མ་གཏོགས་མེད་པས་གང་མགྱོགས་ཆ་ཤས་ལེན་རོགས་ཞུ་རྒྱུ་ཡིན།
བྱ་དགའི་ཆེད་དུ་རྩོམ་ཡིག་འབྲི་འཇུག་དེ་གཏན་ནས་ཡག་པོ་མི་འདུག དེ་འདྲ་མ་བྱེད། ད་བར་དུ་སུས་རྩོམ་ཡིག་པོ་བྲིས་ཡོད་ན་དེ་བདམ་ནས་བྱ་དགའ་དེ་ལ་གནང་བཞག་ན་འགྲིགས་པ་རེད། དཔེར་ན། བཙན་བྱོལ་ནང་དུ་ཀླུ་སྨྱོན་ཧེ་རུ་ཀ་ལྟ་བུ་ཡིན་ན་ཐེངས་གཅིག་ལ་རྩོམ་ཡིག་ཡག་པོ་ཞིག་བྲིས་བཞག་པ་ལྟ་བུ་མ་ཡིན་པར་ད་དུང་ཡང་སྙན་ངག་སོགས་རྩོམ་ཡིག་འབྲི་བཞིན་པ་འདི་རེད། དེ་བཞིན་དུ་དགེ་འདུན་རབ་གསལ་ལྟ་བུས་ཀྱང་ད་དུང་ཡང་ཁ་བརྡ་དྲ་བ་གསར་བཟོ་འདིས་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་མཁན་གྱི་འཁྱམས་པོ་འདི་འདྲ་མང་པོ་ཞིག་ལ་འཇུག་བདེ་བའི་གླེང་སྟེགས་ཤིག་བསྐྲུན་པ་འདི་བྱས་རྗེས་ཡག་པོ་རེད། དེ་བཞིན་དུ་དྲ་རྒྱའི་སྟེང་གི་མཆན་འགོད་མཁན་ཡན་ཆོད་ལ་གཤིབ་བསྡུར་བྱས་ནས་ལེགས་ཉེས་དབྱེ་འབྱེད་ཀྱིས་བྱ་དགའ་སྤྲད་ཀྱང་མ་འགྲིགས་པ་མི་འདུག ད་ཡང་སྐད་ཆ་འདི་ཉོག་ཤོར་སོང་། དགོངས་དག
བྱ་དགའི་ཆེད་དུ་བྲིས་པ་ཙམ་གྱིས་རྩོམ་དུ་འགྱུར་མི་འགྱུར་མི་ཤེས་ཀྱང། བྱ་དགའི་ཆེད་དུ་མ་བྲིས་པས་ཀྱང་རྩོམ་དུ་གྱུར་མ་གྱུར་མ་གསལ་བས། གླ་ཆའི་ཆེད་དུ་ལས་ཀ་བྱེད་དུ་མ་འཇུག་ཅེས་པ་དང། གླ་ཆ་མ་ཧྲ་ན་ལས་ཀ་བྱེད་མཁན་མི་འདུག་ཅེས་པ་གཉིས་མིའི་འཚོ་གནས་འཆའ་ཐབས་ཀྱི་གཞུང་ཤིང་འདྲ་བོ་རེད་འདུག་པས། བསམ་ཚུལ་ཚང་ཉན་བསམ་ཞུ་རྒྱུ་ཡིན།
སྤོབས་པས་བཤད་པ་ལ་གནད་འགག་འདུག དེ་ནི་སུ་གང་གིས་ད་སྔ་མ་བརྩམས་པའི་ལས་ཀ་ཞིག་རེད། རྩོམ་དགོས་ངེས་ཀྱི་ལས་ཀ་ཞིག་རེད། ཁྱེད་རང་ཚོས་བོད་ཀྱི་རྩོམ་རིག་ལ་གདེང་འཇོག་གནང་གི་ཡོད་པ་ཡིན་ན། འདི་ལ་ཉན་རྒྱུ་བལྟ་རྒྱུ་གཉིས་ཀ་ཡོད་པ་རེད། འགྲན་བསྡུར་ནི་འུར་ལངས་བྱེད་འདྲ་ཞིག་ལས། དེས་གཞི་རྐང་ལ་དེ་ཙམ་ཕན་གྱི་མེད་བཟོ་འདུག ད་བར་འགྲན་བསྡུར་མང་པོ་བྱས་སོང་ང་། ད་རེས་ཁྱེད་རང་ཚོས་དམིགས་བསལ་ཞིག་བྱ་ཡི་ཡིན་ན། ༼ད་བར་དུ་སུས་རྩོམ་ཡིག་པོ་བྲིས་ཡོད་ན་དེ་བདམ་ནས་བྱ་དགའ་དེ་ལ་གནང་བཞག་ན་འགྲིགས་པ་རེད།༽ཅེས་སྤོབས་པ་ལགས་ཀྱིས་བཤད་པ་འདིར་བསམ་བློ་གཏོང་ཐུབ་ན། སྤྱི་ཚོགས་ནང་ཤུགས་རྐྱེན་ཡང་དེས་དགའ་གི་རེད།
སྤོབས་པའི་བསམ་ཚུལ་མ་འདྲ་བ་ཞིག་འདུག་པ་དེ་ཆོས་འཕེལ་གྱིས་རྒྱབ་སྐྱོར་གནང་འདུག ངས་དེ་ཡག་པོ་མཐོང་སོང། ཡིན་ནའང། བསམ་ཚུལ་འདོན་སར་མི་འདི་དང་འདི་ཞེས་བཏོན་ན་ཕན་ས་རེད།
ངས་བསམས་ན། མི་ཚེ་རྩོམ་རིག་ལ་བསྔོས་པ་དག་དང། རྩོམ་རིག་མཆོག་ཏུ་གྱུར་བ་འབྲི་མཁན་བཅས་རིགས་གཉིས་དགར་ན་ཡག་ས་རེད། ཁུག་རྟ་ཚང་གིས་དགོངས་པ་བཞེས་རོགས།
གཙོ་བོ་དེ་རྩོམ་ཡིག་ལ་རིན་ཐང་གཅོད་མཁན་དེ་སུ་ཡིན་ནམ། གོང་གི་BBCལགས་ཀྱིས་བཤད་པའི་དཔྱད་འདེམས་པ་རྣམས་ཀྱིས་རྩོམ་པ་པོའི་མིང་རྩ་བ་ནས་མ་ཤེས་པ་བྱ་རྒྱུ་ཞེས་པ་དེ་ལས་སླ་མོ་རེད། ཡིན་ནའང་དཔྱད་འདེམས་པ་དག་རྩོམ་རྩ་བ་ཉིད་ནས་མི་ཤེས་མཁན་དག་ལ་ཐུག་སོང་ན་ཅི་ཞིག་བྱེད་དམ། རྩོམ་ཡིག་འགྲན་བསྡུར་ཞེས་པ་འདི་ནི་སློབ་གྲྭ་ཆུང་འབྲིང་ངམ་རྩོམ་ཡིག་ལ་མགོ་རྨོངས་ཐེབས་ཡུལ་ན་མ་གཏོགས་ཕལ་ཆེར་ལྷག་གི་ཡོད་པ་མ་རེད། དོན་དུ་འགྲན་བསྡུར་ནི་རྩོམ་རིག་གི་རྨོངས་དད་ཞིག་རེད། རྩོམ་ཡིག་ལ་འགྲན་བསྡུར་བྱེད་རྒྱུ་ཡོད་ན། དད་པ་ལའང་འགྲན་བསྡུར་བྱས་ན་འགྲིག་གི་རེད། ད་ལོ་སེ་འབྲས་དགའ་གསུམ་གྱི་དད་པ་ཨང་དང་པོ་དེ་སུ་རེད་དམ།
འགྲན་བསྡུར་ཞེས་པ་དེ་ཕལ་ཆེར་ཁོར་ཡུག་ཅིག་བསྐྲུན་ཕྱིར་རེད་ལ། ཁོར་ཡུག་ཞིག་གམ་ཁ་གཏད་ན་ལྟ་ཞིབ་བྱེད་མཁན་ཞིག ཡང་ན་ཉན་འཇོག་བྱེད་མཁན་ཞིག་ཡོད་ན། མིའི་སྤུས་ཀ་ཁོ་རང་ལ་བཙོ་སྦྱང་བྱེད་རྒྱུ་ཡོད་ཙང། མི་སྤུས་ཀྱི་འགྲན་བསྡུར་བྱས་ཆོག་ས་ནས་འཛམ་གླིང་འདིར་གཟེངས་རྟགས་མང་པོ་ཡོད་པ་རེད་ལ། རྣམ་དཔྱོད་ཀྱི་འགྲན་བསྡུར་ཡོད་པས་ཀྱང་གཟེངས་རྟགས་མང་པོ་ཡོད་པ་རེད། དཔེར་ན། དད་པ་ལ་སྦྱངས་རྒྱུ་དང་བསྐྱེད་རྒྱུ་ཡོད་ཙང། བླ་མའི་བྱིན་རླབས་དང་ཡང་ན། གཏན་གྱི་བདེ་བའི་བྲོ་བ་ཞིག་མྱོང་ཐུབ་མིན་ལ་སྔ་གཞུག་འགྲན་བསྡུར་བྱེད་ཀྱི་ཡོད་པ་རེད། ཚེ་ཕྱི་མ་དག་ལས་ད་ལྟ་བར་ཐར་བའི་ས་གོམ་པ་ཞིག་སྤོ་རྒྱུའི་འགྲན་བསྡུར་འདི་ག་སེ་འབྲས་དགའ་གསུམ་ལ་བྱེད་བྱེད་པ་རེད།
བཟང་བོ་གཟེངས་རྟགས་དང། ངན་པ་ངོས་འཛིན་མེད་ན། དེང་སང་བོད་མི་རེ་འགའ་རྒྱུ་མཚན་གྱིས་ཕོངས་ཏེ། རྒྱལ་བ་རིན་པོ་ཆེར་ཁ་གཏོང་བཞིན་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། གཟེངས་རྟགས་འདི་ཡོང་སྟངས་ལ་ལྟོས་ན། ནམ་རྒྱུན་གྱི་ཉི་ཚེ་བ་དེ་དག་ལ་དཔེ་མ་བླངས་ན་ཡག་གི་རེད་བསམ་སོང། རྗེས་སུ་མཇལ།
ངས་བསམ་ན། གང་ལྟར་བོད་ཡིག་གི་ཁྲོམ་རྭ་ཞིག་བསྐྲུན་པར་ཐུགས་གཞིགས་གནང་དགོས་པ་གལ་ཆེན་རེད།
དེ་མིན་གྱི་ལས་དོན་གོ་སྒྲིག་སོགས་ལས་ཀྱི་བགྱི་སྒོ་གང་ཡོད་གྲོགས་རིག་པ་ཅན་པོས་ལེགས་པར་འགྲུབ་པའི་གདེངས་ཚོད་དང་ཡིད་ཆེས་ཡོད་དོ།
བརྗོད་བྱ་སྤྱི་ཚོགས་དཔྱད་བརྗོད་སྟེང་འབབ་ཐུབ་པ་ཡིན་ན། རྩོམ་པ་པོས་རང་གི་རྣམ་དཔྱོད་འདོན་རྒྱུར་ཁོར་ཡུག་ཆེ་རུ་སོང་ཡོད་པས་དོ་བདག་གི་ཤེས་བྱའི་སྤྱི་ཁོགས་རྒྱུས་ལོན་བྱེད་ཐུབ་རྒྱུ་རེད།
དཔྱད་འདེམས་པའི་ཐད་ནས་བཤད་ན། ད་སྔ་ཚགས་ཚུད་པོ་ཞིག་བྱུང་བར་ངོས་འཛིན་བྱེད་མི་ཐུབ་པས། དཔྱད་འདེམས་པ་ཚད་ལྡན་ཞིག་དགོས་རྒྱུ་གལ་ཆེན་རེད།
རྩོམ་རིག་འགྲན་བསྡུར་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད་པས་ལེགས་འགྲུབ་ཡོང་རྒྱུར་སྨོན་འདུན་ཞུ་བཞིན་ཡོད།
རྩེ་སྐར་རས་པ་ལ་སོགས་གྲོགས་ཀྱི་མཆོག།
དོན་མཐུན་གཏམ་གྱི་འཛུམ་ཁ་ཡང་ཡང་སྟོན།།
གནད་སྨིན་བསམ་ཚུལ་ཞལ་གྱིས་ཡིད་འགུག་ན།།
དོན་ལ་སྔོ་ཞིག་ཐོག་རྒྱུར་ངེས་སོ་ལགས།།
བརྗོད་བྱ་ངེས་མེད་། དཔྱད་འདེམས་པས་རྩོམ་པོ་མི་མཁྱེན་པ །། བྱ་དགའ་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་ ། དེ་ཡང་རབ་ཡིན་ན་གཞུང་དང་གོང་ས་ཆོག་་གི་འབུལ་གནང་བ་། དུས་ཚོད་དེ་ཡང་༣་༡༠་ཉིན་མོ་ཡིན་ན་ཏག་ཏག་རེད།
རྒྱབ་སྐྱོར་ཡོད་ ། འགྲུབ་པར་སྨོན །། ཐུགས་རྗེས་ཆེ།
གྲོགས་ཁུག་རྟ་ལགས།
གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་ལག་འཁྱེར་རྫིག་པོ་ཞིག་བྱུང་ན་བྱ་དགའི་མ་དངུལ་ཉུང་ནའང་སྐྱོན་མེད་པའི་བསམ་ཚུལ་བྱུང་མོད། ད་ལྟའི་བོད་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཚོའི་གནས་བབ་གང་ལ་བལྟས་ཀྱང་བྱ་དགའི་མ་དངུལ་ལེགས་པོ་དགོས་པའང་གལ་ཆེན་དོན་ཆེན་རེད།
ལོ་ཁ་ཤས་ཀྱི་སྔོན་དུ་བདེན་གསལ་འོད་སྣང་ཟེར་བའི་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་བར་ང་ཚོའི་སྤྱི་ཚོགས་ཀྱི་རྩོམ་ཡིག་འབྲི་མཁན་ག་ཚོད་ཅིག་གི་འཛུལ་ཞུགས་བྱས་ཡོད་པ་ཁྱོད་ཀྱི་ཕེལ་ཆེར་དུས་དེབ་དེ་དག་ལས་གཟིགས་ཡོད་སྲིད། གང་ཡིན་ཞེ་ན་གནད་དོན་དེ་བྱ་དགའི་མ་དངུལ་དང་འབྲེལ་བ་ཆེན་པོ་ཡོད།དབྱིན་ཡུལ་ཐེབས་རྩའི་ལོ་སྔོན་མའི་རྩོམ་ཡུག་འགྲན་བསྡུར་ཡང་གནད་དོན་དེ་ལ་ཐུག་ཡོད། གནད་དོན་དེ་བོད་པའི་སྤྱི་ཚོགས་གཅིག་པོ་ཙམ་མ་རེད། སྤྱི་ཚོགས་མང་བོ་ན་གནད་དོན་དེ་བཟང་མི་ལ་མ་ལྟོས་པར་གལ་ཆེན་པོ་ཆགས་ཡོད་པ་རེད།
དེར་བརྟེན། སྤྱི་ཚོགས་ཀྱི་ཆེ་མཐོང་དང་བྱ་དགའི་མ་དངུལ་གཉིས་ཀྱང་ཕྱོགས་མང་བོ་ནས་ཕན་ཚུན་འབྲལ་ཐབས་མེད་པར་ཆགས་ཡོད། གལ་ཏེ།གོ་སྒྲིག་པར་དཔལ་འབྱོར་གྱི་དཀའ་ངལ་ཡོད་ན་གཞུང་དང་གཞུང་འབྲེལ་མ་ཡིན་པ་གང་ལའང་རེ་བ་ཞུས་ཆོག་པར་སེམས།
སྦྲ་རིགས་ཐོགས་མེད་ལགས། འགན་ཁུར་དང་ཤ་ཚ་བའི་དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ་ཞུ་ཡིན།ཤར་ཕྱོགས་ཁུག་རྟའི་ཚབ་བྱས་ཏེ་ཕུལ།
མཁྱེན་ལྡན་ཤར་ཕྱོགས་ཁུག་རྟ་ལགས། ངེད་ནས་སྐུ་ཉིད་ཀྱི་གཏམ་བཟང་ལ་སྒུག་ནས་བསྡད་ཡོད། གཟེངས་རྟགས་ཀྱི་ལས་དོན་འདིར་སྙིང་ཐེག་པ་ནས་རྒྱབ་སྐྱོར་ཡོད།
པད་མ་ཚོས་༼མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་ཕྱག་རྟགས་ཞུ་ཐུབ་ན་རབ་དང།༽ ཞེས་བརྗོད་འདུག
མི་སྒེར་བ་ཞིག་ལས་ཕྱག་རྟགས་ཞུ་བ་ལས།
ཤེས་རིག་ལས་ཁུངས་ནས་ཕྱག་རྟགས་ཞུ་ཐུབ་ན་ལེགས་པ་མིན་འདུག་གམ།
གྲོགས་ཚོས་བལྟས་ནས་གང་འདྲ་འདུག་གམ།