དོར་ཞི་གདོང་དྲུག་སྙེམས་བློ།
སྙན་ཚིག་རྩོམ་མཁན་མི་གྲངས་མི་ཉུང་བ་ཞིག་བྱུང་ཡོད། འོན་ཀྱང་
༡ རྩོམ་པ་པོ་མང་ཤོས་ཤིག་ནི་གསར་དུ་རྩོམ་རིག་གི་ལམ་དུ་གོམ་པ་སྤོས་པ་དང་།
༢ རྩོམ་རིག་གསར་པའི་རྩོམ་སྟངས་དང་ནང་དོན་གཉིས་ཀར་ཚོད་བརྟག་བྱེད་པ་ལས་རང་ལ་ངེས་སྲོལ་ཞིག་ཆགས་མེད་པ་དང་།
༣ བོད་རང་གི་ཐུན་མོང་དང་ཐུན་མོོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཕྱོགས་ལ་ལྟ་རྒྱ་ཆུང་བ་དང་།
༤ བོད་སྤྱི་ཚོགས་ཀྱི་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྲུབ་པའི་ལྟ་སྤྱོད་ཀྱི་ཁྱད་པར་དང་།
༥ ཡུལ་སྲོལ་གོམས་འདྲིས། འཚོ་བའི་གནས་སྟངས་སོགས་ལ་ཞིབ་འཇུག་མི་འདངས་པ་དང་།
༦ གནའ་དུས་དང་དེང་དུས་ཀྱི་རྩོམ་རིག་སྒྱུ་རྩལ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་སོགས་ལ་གོ་ཐོས་ཉུང་བ་དང་།
༧ རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་ཆའི་གཙོ་བོ་སྐད་ཡིག་གི་ཕྱོགས་ལ་བརྡར་ཤ་བཅད་པ་མི་འདངས་པ་སོགས་ལས་
– ནང་དོན་གྱི་ཆ་ནས་ཆུ་འཁྱགས་པ་ལ་རྩམ་སྐྱ་བཞིན་དུ་ཟབ་ཁྱད་མི་འདངས་པ་དང་།
– སྒྱུ་རྩལ་གྱི་ཉམས་ཀྱི་ཆ་ནས་ཀློག་མཁན་རྣམས་ཀྱི་བློ་ངོར་བག་ཆགས་ཟབ་མོ་འཇོག་ཅིང་ཡིད་འགུལ་ཐེབས་པའི་ནུས་པ་མེད་པ་དང་།
– ཚིག་སྦྱོར་གྱི་ཆ་ནས་སྦྱོར་བདེ་ཞིང་དོན་ལ་འབྱོར་ཚབས་ཆེ་བ་སོགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཐོན་མེད་པ་སོགས་ཀྱིས་མཚོན་པའི་མི་འདངས་སའམ་སྐྱོན་ཆ་ཡང་མི་ཉུང་བ་ཞིག་ཡོད།
རྩོམ་ཡིག་འབྲི་བ་པོ། ཨ་བླ་དོར་ཞི་རིན་པོ་ཆེ་བཞུགས་པའི་རེ་འདུན་ལགས། ༢༠༠༦ལོར་དེ་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་ལ་དྭགས་གཤམས་ཕྱོགས་པས་བོད་མིང་ཚིག་འགའ་ཞིག་གི་བརྗོད་ཚུལ་གླེང་བ་ན། ཨ་བླ་ཞབས་ཀྱིས། སྐྲ་ལ་ཤར་ཕྱོགས་ཀྱི་ཡུལ་ལུང་འགའ་རེར། སཀར། ཟེར་ཞེས་གསུངས་པ་ད་ལྟར་ཡང་ཡིད་དུ་ཡོད།
རྩོམ་པ་པོ། ཞེས་པར་། རྩོམ་པ་བོ། ཞེས་དང་། གསར་པའི། ཞེས་པར་གསར་བའི། ཞེས་སོགས་ཕལ་སྐད་གཙོ་བོར་འཛིན་པ་མ་ཡིན་པར་བོད་མཁས་པས་བྲིས་པའི་རྗེས་འབྲངས་ མཛད་པར་རྗེས་སུ་ཡི་རང་ཞུ། གངས་ལྗོངས་རིག་གནས་ལ་ཕན་པའི་སྤྲིན་གྱི་ཕོ་ཉའི་འགྲེལ་པ་ཀུན་དའི་ཟླ་ཟེར་སོགས་བརྩམས་པར་མཛད་པ་ལ་ཡང་གངས་ཅན་པ་རིག་གནས་དོན་གཉེར་ཡོངས་ལ་ཕན་པ་བླ་མེད་དུ་ཆེ།
་
མིང་ཚིག འདངས། ཞེས་པར་དོགས་གཅོད། མཁས་དབང་དགེ་ཆོས་ཀྱིས་ཀྱང་། རྒྱལ་རབས་དེབ་ཐེར་དཀར་པོར་ཡང་། འདང་། ཞེས་བྲིས་་ཡོད་ པ་དང་། གསུང་རྩོམ་འདིར་ཡང་་། འདངས།། ཞེས་པ་ལྡངས་པའི་དོན་ཡིན་ན། སྔོན་གྱི་དཔེ་ཆ་སྤྱོད་འཇུག་སོགས་ན། ལྡང་། ཞེས་གསལ་པ་དེ་དག་ལ་གཞིར་བྱས་ནས་བྲིས་པའི་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་སོགས་ན། ལྡང་། ཡོད་པར་ཚད་མར་གཟུང་འོས་སུ་མཆིས།
ཤར་ཕྱོགས་སྔོ་བསངས་ཀྱི་ཡུལ་ན་གོང་གསལ་མིང་ཅན་གྱིས་བྲིས་ཕུལ་དགེའོ།