ཀླུ་སྨྱོན།
དགེ་ཆོས་ཀྱིས། ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་བ་ལ། །མི་སྐྱོ་བྱ་བ་སྣ་གཅིག་ཡོད་མ་ཡིན། །སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ། །སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས། །ཞེས་པ་ལྟར། ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་ཞིག་གིས་གཙེས་ཤུགས་ཆེ་རུ་ཕྱིན་པས། དྲ་རྩོམ་སྤུས་ཞན་དག་རེ་ཞིག་འབྲི་བར་དཀའ་ངལ་མི་ཉུང་བ་ཞིག་འདུག་ཅིང་། ཚོར་བ་དང་ཚོར་བ་བརྡར་བའི་མེ་སྟག་དམར་ལྷམ་མེ་བ་འདི་དག་ཀྱང་སྟོན་མཇུག་གི་ལོ་ མ་སེར་པོ་རེ་རེའི་ཁུག་ཏུ་གཅུད་ནས་ཆེས་མཛེས་པའི་ནམ་མཁའི་དཀྱིལ་འཁོར་གྱི་ གཏིང་རུམ་ཞིག་ཏུ་རེ་ཞིག་རྒྱས་འདེབ་བྱེད་པར་ཅི་བས་ཀྱང་སྤྲོ་བ་འཕེལ་བ་དང་། ལ་ཤས་ཤིག་གིས་བརྗོད་པ་བཞིན་པ་བཞིན་ཀློག་པ་པོའི་ཡིད་འགུག་གི་ནུས་པ་ཡོངས་སུ་ བྲལ་ཚར་བའི་ཁོ་བོའི་རྩོམ་འཆལ་དག་མེད་ས་ན་བོད་ཕྱི་ནང་གི་རྩོམ་སྟེགས་འདི་གཙང་ དག་གི་ཁོར་ཡུག་ཅིག་ཏུ་འགྱུར་བའི་རེ་བ་ཡང་མི་ཆུང་བ་ཞིག་རྣམ་པ་ཀུན་ཏུ་བདོག སེམས་ཁོང་ནས་བརྗེད་དུ་མེད་པའི་མཛེས་སྡུག་གི་རྩོམ་རླབས་རེ་རེ་བཞིན་ད་ནི་ ཕྱིར་བསྡུ་བྱེད་རན་པའི་བརྡ་རྟགས་ཀྱང་མི་ཉུང་བ་ཞིག་འབྱོར་དང་འབྱོར་བཞིན་ཡོད་ ལ། འཆི་བ་མི་རྟག་པ་དང་མི་ཚེ་ཡུན་ཐུང་སོགས་འཆར་ཅན་གྱི་ཚོར་སྣང་འཇིགས་པོ་དག་ཀྱང་ སྔོན་ལས་ཀྱང་མཆེ་བ་གཟེང་གཟེང་དང་སྡེར་མོ་རུག་རུག་ཏུ་ཐག་ཉེ་ནས་ཐག་ཉེར་བཅར་ ཡོང་གིན་འདུག་སྙམ།
ཡིན་ན་ཡང་ལོ་ངོ་འདི་ འདྲའི་མང་པོ་ཞིག་གི་རིང་ཆེད་ལས་སམ་བྱ་བ་འདིའི་སྟེང་དུ་རང་གི་རྔུལ་ནག་དང་དུས་སྐར་སྙིང་རྗེ་བོ་ འབའ་ཞིག་དང་མཉམ་དུ་ཟད་ཅིང་གྲོན་པར་བྱས་པའི་ངང་ཚུལ་ལ་བསམས་ན། དགེ་ཆོས་ཀྱི་ཆུང་གྲོགས་རྗེས་དྲན་ཞེས་པའི་མགུར་གླུ་དེ་ཡང་ཐེངས་མ་བརྒྱ་རེར་ ཡང་སྐོར་སྐྱར་སྐོར་གྱིས་ལེན་དགོས་པར་གྱུར་པ་དང་། མི་རིགས་ཤིག་གི་རྩོམ་རིག་ལོ་རྒྱུས་དང་མི་བུ་ཞིག་གི་རྩོམ་རིག་མི་ཚེ་གཉིས་ ཀའི་ངོས་ནས་ལྟ་ཐེངས་རེ་རེ་བཞིན། རང་ཉིད་ཀྱིས་ཁེར་རྐྱང་དང་སྐྱོ་གདུང་། འདོད་ཆགས་དང་ཞེ་སྡང་འདི་དག་རྩམ་པ་རྫི་རྫི་བྱས་ཏེ་ཅིག་བྲིས་བྲིས་པོ་ཐམས་ཅད་ མེ་ལ་སྲེག་ཅིང་ཆུ་ལ་སྐྱུར་བའི་ལས་ངན་ཐབས་རྡུག་དེ་འདྲར་ནམ་ཡང་འཇུག་མི་རུང་ བའི་ཚོར་བ་གཤའ་མ་ཞིག་ངང་གིས་སྐྱེ་གིན་འདུག་སྟེ། རྩྭ་དང་རྩི་ཤིང་གིས་སྨྲེ་སྔགས་འདོན་ཅིང་། རི་དང་གཙང་ཆབ་ཀྱིས་མིག་ཆུ་འབྱིན་པའི་སྐྱ་ཟད་སྔོ་སྡུག་གི་དུས་ཚོད་དེ་ནི་དེང་ སྐབས་མ་ཤེས་མ་ཚོར་བའི་སྒོ་ནས་རྒྱང་རིང་དུ་ག་ལེར་བཞུད་ཀྱིན་གདའ་བ་མ་ཡིན་ནམ།
རྩོམ་མཁན་ཉུང་ཤས་ཤིག་བཞིན་དུ་འཁང་ར་དང་ སྡུག་ཡུས་ཀྱིས་སྤྱི་ཚོགས་ལ་འཁོན་ལན་སློག་རྩིས་ཨེ་ཡོད་ཅེས་འདྲི་མཁན་མེད་མི་ སྲིད་མོད། རང་གིས་བཙགས་པའི་ཆང་དེ་ཞིམ་པོ་ཡོད་ན་མེད་ན་རང་གིས་འཐུང་དགོས་ཤིང་། རང་གིས་བྲིས་པའི་རྩོམ་དེ་སྙན་པོ་ཡོད་ན་མེད་ན་རང་གིས་ཀློག་དགོས་པའི་ངང་ཚུལ་ལམ་ཆོས་ ཉིད་དེར་གཞིགས་ནས། དྲ་ལམ་དུ་སྤེལ་བའི་རྩོམ་ཡིག་འདི་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་”ཀླུ་སྨྱོན་གྱི་དྲ་རྩོམ་ཕྱོགས་བསྒྲིགས་”ཞེས་པ་ཁ་བྱང་ལ་རྒས་གཉེར་བབས་ཤིང་ནང་དོན་ལ་ཞེན་པ་ལོག་པའི་ དེབ་ཆུང་ཞིག་པར་སྐྲུན་བྱེད་ན་འདོད་ཅེས་མ་གསང་བར་འདི་རུ་བརྗོད་འདོད་བྱུང་།
ད་ དུང་ཚོར་བའི་ངོས་ཟུར་གང་རུང་ནས་དྲ་རྩོམ་མ་སྤེལ་བར་སྡོད་དུ་མི་འཇུག་པའི་ཉི་ མ་རེར་བསླེབས་ཚེ། སྔར་བཞིན་ངོ་ཚ་རྒྱབ་ལ་དྲུད་ནས་སེམས་ལ་དྲན་ཚད་ཅིག་དྲ་ངོས་སུ་འབྲི་རྩིས་ཡོད་ ཅིང་། ཀློག་པ་པོ་མཁས་རྟགས་སམ་རྒས་རྟགས་སྟོན་རྒྱུར་དགའ་བ་སྐོར་ཞིག་གིས་བརྗོད་པ་ ལྟར་ཁ་བྱང་ཙམ་ཞིག་བཀླགས་ནས་འཇོག་པ་འམ་རོབ་ལྟ་ཞིག་བྱས་ནས་བསྐྱུར་ནའང་མི་ཆོག་ པ་ཞིག་ག་ལ་ཡིན། ཡང་ན་ང་རང་ཉིད་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ངའི་རྩོམ་ཡིག་གི་ཕྲུ་གུ་དག་ལ་ ཡང་སྡང་མིག་དམར་པོ་རེ་བགྲད་པར་དགའ་བ་དག་ལ་ཡང་ཆེད་དུ་དམིགས་ནས་ཕྲག་དོག་གིས་ བརྒྱལ་དུ་འཇུག་པ་འམ་ཡང་ན་འགྲན་སེམས་ཀྱིས་འཆི་རུ་ཡང་འཇུག་ན་འདོད།
གང་ ལྟར་བོད་པའི་སྤྱི་ཚོགས་ཆེ་རྒྱུ་ཆུང་རྒྱུ་མེད་པ་འདིའི་ནང་གི་རྩོམ་རིག་གི་ ཁོར་ཡུག་ཡངས་རྒྱུ་དོག་རྒྱུ་མེད་པ་འདིའི་ནང་གི་སྨྱུག་ཐོགས་པ་ཚོའི་མི་གཤིས་ དང་རྩོམ་གཤིས་གང་ནས་བལྟས་ཀྱང་། ཁོ་བོ་ལྟ་བུས་ཀྱང་ངོ་གནོང་དང་ངོ་ཚ་མེད་པར་སྨྱུ་གུ་གཡུག་ཅི་ཐུབ་དང་དྲ་རྩོམ་ སྤེལ་གང་ཐུབ་བྱས་ཀྱང་ཆོས་ཉིད་དང་འགལ་བའམ་སྒྲིག་གཞི་ལས་བརྒལ་བའི་ཉེས་པ་ཚབས་ པོ་ཆེ་གང་ཞིག་ཀྱང་བསགས་པའི་འདུ་ཤེས་དོན་སྙིང་བྲལ་བ་དག་སྐྱེ་མི་དགོས་པའི་ སྙིང་སྟོབས་ཤིག་ད་དུང་ཁོ་བོར་རང་ཆས་སམ་གཉུག་ལ་བུད་ནས་ཡོད་དོ།།
འོ་འོ་དེ་ལྟར་མཛོད་ཀླུ་སྨྱོན་ལགས།
བཟང་གི ངས་ཁྱེད་རང་དྲ་སྟེང་ནས་མ་མཐོང་བའི་ཉིན་མོ་དེ་ཚོར། ཉིད་ནས་དེབ་ཞིག་འགོ་སྔ་ལ་ལག་པ་འཆིང་ནས་མ་ཁོམ་པར་ཡོད་བཞག་གིས་ཚོད་དཔག་དེ་ནོར་མི་འདུག དགའ་ནས་ཡོད། བཟང་གི དངོས་ནས་ཤུ་རེ་བྱོས། ལོ་ངོ་བཅུ་ཕྲག་མང་བོ་ཞིག་གི་རྗེས་སུ་ཀླུ་སྨྱོན་ཟེར་བའི་རྗེས་ཤུལ་བ་ཁ་ཤས་ཤིག་ཡོང་མི་སྲིད་པ་གཏན་ནས་མིན། ཨོ་རེད། ད་ལོ་ཉིད་ནས་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཟེར་བ་ཞིག་སྤྲོད་རྩིས་ཡོད་པ་དེ་ཡི་སྐོར་ག་འདྲ་འདུག་གམ། ལེགས་འགྲུབ་ཡོང་གི་འདུག་གམ།
ད་བར་དུ་བྱ་དགའི་འོས་མི་ཞིག་རྙེད་མ་སོང་། གལ་སྲིད་འདོད་པ་ཚིམ་པའི་རྩོམ་ཡིག་ཅིག་མ་རྙེད་ན་བྱ་དགའ་འདི་སྤྲོད་ཀྱི་མིན། ཡིན་ན་ཡང་བོད་ནང་དུ་རེ་བ་ཡོད།
དྲ་གྲོགས་ལགས།
བྱ་དགའ་འོས་མི་ཞིག་རྙེད་མ་སོང་ཟེར་བ་འདི་སྐད་ཆ་ཚད་ལྡན་ཞིག་མ་རེད། ཁྱེད་ཀྱི་རྩོམ་རིག་བྱ་དགའ་དེ་མིང་ཅན་ཞིག་ཏུ་བཟོ་འདོད་ན་འདེམས་སྟངས་དེ་ཁྱེད་ཀྱི་འདོད་པར་འགྲོ་བ་ཞིག་མི་འོང་བ་ཡང་སྲིད་པ་འདི་ཐུགས་ལ་འཇོག་རོགས།
བྱ་དགའ་ཚད་ལྡན་ནམ་རྩོད་མེད་ཅིག་སྤྲོད་པ་ལ་འདེམས་སྟངས་ལ་རྙོག་དྲ་མེད་པ་ཞིག་དགོས་པ་ལོས་མཁྱེན། འདེམས་སྟངས་འདི་དང་འདི་ཡིན་ཞེས་མང་ཚོགས་ལ་ཕྱི་གསལ་ནང་གསལ་གྱིས་གསལ་བསྒྲགས་བྱེད་དགོས། དེ་ལྟར་བྱས་ནས་བདམ་པའི་རྩོམ་ཡིག་ཅིག་ལ་ཁྱེད་ཀྱིས་རྟགས་མ་སྤྲད་ན་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་རྒྱུ་རེད།
ཀླུ་སྨྱོན་ལགས་མ་མཇལ་ཡུན་རིང་ཕྱིན་སོང་།
དེ་རིང་དྲ་སྟེང་ནས་ཁྱེད་ཀྱི་རྩོམ་ཡིག་ཅིག་མཐོང་བར་དགའ་ནས་ཡོད།
ད་དུང་སྒྱུ་རྩལ་དང་འབྲེལ་བའི་རྩོམ་ཡིག་གང་མང་དྲ་སྟེང་དུ་སྤེལ་བའི་རེ་བ་ཡོད།
ང་དང་ང་ལྟ་བུ་མང་པོ་ཞིག་སྒུག་ནས་ཡོད་དོ།།
ཐུགས་ལ་འཇོག་རོགས་ཞུ།
འོས་མི་འདི་ནི་ང་གཅིག་པོའི་འདོད་པ་ཡོད་པའི་མི་ཞིག་འཚོལ་བཞིན་མེད་པར་གྲོགས་པོ་རྩོམ་རིགས་གང་ལ་ཡང་ཆ་རྒྱུས་ཡོད་པ་རེ་ཟུང་ཞིག་ལ་ལྷོ་ཕྱོགས་དང་རྡ་ས་སོགས་སུ་རྩོམ་ཡིག་སྤུས་དག་བྱ་དགའ་འབུལ་འོས་དེ་འདྲ་ཨེ་འདུག་གི་མངགས་བཅོལ་ཞུས་ཡོད་ཀྱང་ད་བར་ཅང་རྙེད་མི་འདུག བྱ་དགའ་སྟེར་བའི་དུས་ཚོད་ནི་སྤྱི་ཟླ་བཅུ་པ་ཡིན་པས་ད་ནི་དུས་ཚོད་ཀྱང་ཞེ་དྲགས་མི་འདུག་པས། དྲ་གྲོགས་ཚོས་རྩོམ་ཡིག་བྱ་དགའི་འོས་གཞིར་ལོངས་པ་རེ་རྙེད་ན་ངོ་སྤྲོད་གནང་རོགས་ཞུ་རྒྱུ་ཡིན།
སྙན་ངག་ཡིན་ན་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཡིད་དབང་འཕྲོག་པ་ཞིག་དང་། བརྩམས་སྒྲུང་ཡིན་མི་སྣ་དང་བྱུང་རིམ། ཁོར་ཡུག་དང་སྒྲིག་གཞི་གང་ཐད་ནས་སྒྱུ་རྩལ་གྱི་རང་མདངས་འབུར་དུ་ཐོན་པ་ཞིག ཡུལ་སྐོར་ཟིན་བྲིས་ཡིན་ན་འཚོ་བ་དངོས་འབྲིའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ངེས་པར་དུ་ཡིན་དགོས། གློག་བརྙན་འཁྲབ་གཞུང་ཡིན་ན་ཡང་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་གསལ་བོར་མངོན་པ་ཞིག་འཚོལ་བཞིན་ཡོད་པས། གོང་གསལ་རྩོམ་ལུས་བཞི་པོའི་གང་ཞིག་ཚད་ལྡན་དུ་མཐོང་བའི་རྩོམ་ཡིག་རེ་གཟིགས་ན་འདིར་ངོ་སྤྲོད་གནང་རོགས་ཞུ་གིན་ཡོད།
ཨ་ལགས་རིན་པོ་ཆེན། ཁྱོད་རང་ཕེབས་པ་དགའ་བོ་བྱུང་།
ཁྱོད་རང་ན་འདོད་པའི་མི་ལ་བསམ་ཏེ་ན་ན་ཏག་ཏག་ཅིག་མ་རེད།
ཁྱོད་རང་འཆི་དགོས་པའི་མི་ཚོའི་མདུན་དུ་ཁྱོད་རང་ཤི་བ་ཡིན་ན་ཏག་ཏག་ཅིག་མ་རེད།
ངས་བསམ་ན་ཁྱོད་རང་མི་དེ་ཚོའི་མདུན་དུ་སྔར་ལས་གསོན་མདངས་དང་
གཟི་བརྗིད་ལྡན་བཞིན་མཚར་དགོས་པ་དེ་དོན་སྙིང་བསམ།
གང་ལྟར་ངའི་ལྟ་སྤྱོད་ནི།
ང་ནམ་ཡང་ང་ཤི་འདོད་པའི་མིའི་མདུན་དུ་མི་འཆི་ལ།
ན་འདོད་པའི་མདུན་དུ་ནམ་ཡང་མི་ན།
ཀླུ་སྨྱོན་གྱི་དྲ་རྩོམ་ཕྱོགས་བསྒྲིགས་དང་།
ཀླུ་སྨྱོན་གྱི་རྩོམ་རིག་བྱ་དགའི་སྐོར།
ཐག་ཉེར་དང་ཇེ་ཉེར་གྱུར་དུས་སུ།
རྩོམ་བྲིས་ཀྱི་ཁྲག་ཞག་དང་མཉམ་དུ།
ག་ལེར་ངང་ཁ་བརྡར་ཕེབས་པར་བཟང་།
ཁ་བརྡའི་དྲ་གྲོགས་ཁྲི་ཁྲི་འབུམ་འབུམ་གྱིས།།
ཉིན་མཚན་མེད་པར་བསྒུགས་པའི་ཀླུ་སྨྱོན་ཁྱེད།།
སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྒྱས་བཞིན་དུ།།
ཚུར་ཕེབས་གནང་བར་སྙིང་ནས་མཚམས་འདྲི་ཞུ།།
སྨན་བླ་སྐྱབས་ཀྱིས་བརྗོད་པ་ལྟར་འདི་ལྟར་དགའ་བསུ་ཞུས་བཏང་ན་ཅི་བྱེད་ཀྱང་མི་ཤེས་ཀི གང་ལྟར་ཁྱེད་རྣམ་པའི་གདེང་འཇོག་འདི་མེད་ན་ང་སྔ་མོ་ཞིག་ནས་ཤི་ཚར་བས་མི་ཚད་རུས་པ་ཡང་ས་འོག་ཏུ་ཐིམ་ཚར།
ལྷ་ཀླུ་གང་ཡིན་མ་ཤེས་ཞིང་། །
སྨྱོན་པ་ཡིན་པར་མ་མཐོང་མོད། །
གང་གསུང་ཚངས་པའི་ང་རོ་ཡིས།།
བདག་གི་རྣ་བ་དོན་ལྡན་བྱས། །
ད་ནས་་་་ཀླུ་སྨྱོན་ཚང་གི་རྩོམ་ཡིག་ལ་དགའ་མཁན་རྣམ་པས་ཁོང་གི་རྩོམ་ཡིག་ཐད་ལ་ཁྱད་ཆོས་གང་ཡོད་མེད་སྐོར་གྱི་སོ་སོའི་མཐོང་ཚུལ་་ཟེར་ན་མི་འདུག དཔྱད་གཏམ་རེ་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་འདུག དེ་མིན་ཡག་བཙོག་ལུང་བར་མི་ཤོང་ནི་བཤད་བསྡད་ཀྱང་ཕན་ཐོགས་ཅང་མཐོང་གི་མིན་འདུག ལྷག་པར་དུ་རྩོམ་ཡིག་འདི་ལ་ཁྱད་ཆོས་འདི་དང་འདི་འདུག་ཅེས་རེ་རེར་གསལ་འདོན་གནང་ཐུབ་ན། རྩོམ་འབྲི་ལ་ཁ་ཕྱོགས་མ་ཐག་པའི་གྲོགས་པོ་ཚོར་རྩོམ་ཡིག་གི་གོ་བ་ལེན་སྟངས་ལ་ཕན་གྱིན་རེད། འདི་བསམ་ཚུལ་ཡིན།
ཕྱི་ཡི་ཆ་ལུགས་སྨྱོན་པའི་ཚུལ་ཅན་ནང་དུ་བདེ་སྟོང་དགའ་སྟོན་རྫོགས་མཐའ་མེད།
ཕྱོགས་མེད་རྒྱལ་ཁམ་ཀུན་ཏུ་མྱུལ་ནས་མཛད་འཕྲིན་ཀུན་གསལ་མཐའ་དང་མཉམ།
སྐབས་རེ་ངུར་མྲིག་ན་བཟའ་བསྣབས་ནས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར།
སྐབས་དེ་རལ་བའི་མཐོ་ཅོག་བཅིངས་ནས་གསང་བ་སྔགས་ཀྱི་དབང་ལུང་གནང་།
ཞོར་དུ་ཁ་བརྡའི་དྲ་བར་ཕེབས་ནས་སྙན་ཚིག་གླུ་དབྱངས་རྫོགས་མཐའ་མེད།
ཀླུ་སྨྱོན་ལགས།
ཁྱེད་སླར་ཡང་བདེ་ཆེན་ཁ་བརྡའི་ཞིང་ཁམས་འདིར་བྱོན་པར་དགའ་བསུ་ཡོད།
ང་ནི་ཁྱེད་ཀྱི་རྩོམ་བྲིས་ལ་དགའ་བོ་ཡོད་མཁན་ཞིག་ཡིན།
དེ་ང་ཡི་ལྟ་བ་ཡིན་རུང་མིན་རུང་རང་བཞིན་གྱིས་སྣང་བར་འགྲོ་བ་ཞིག་ཡོང་གི་འདུག
ཁྱེད་ནི་ཐུགས་དགོངས་རྒྱ་ཆེ་བ་གོང་དུ་བན་དེ་བས་བཤད་པ་ལྟར་དྲ་འབུ་བ་མང་པོ་ཞིག་གིས་ཁྱེད་ཀྱི་རྩོམ་བྲིས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཚིག་གིས་འགྲོས་ལས་སོགས་ལ་དཔྱད་མཐོང་མེད་པ་ལམ་སེང་ཀླད་རྙིང་མཁྲེག་བཟུང་ངམ་རྨོངས་དད་ཡོད་ཚུལ་གྱིས་ཁྱེད་ཀྱི་དེང་རབས་ཀྱི་མི་རྣམས་ཀྱི་བློ་དང་མཐུན་པའམ་ཁ་ནས་སྨྲ་བར་མི་འདོད་ཀྱང་སེམས་ཀྱི་དྲན་འཆར་ཁྱེད་ལས་ཀྱང་ལྷག་པའི་ཚོར་བ་ཡོད་པའི་མི་བུ་དག་གིས་ངན་སྨྲས་ཇི་ཙམ་བྱས་ཀྱང་ཁྱེད་ཀྱིས་དེར་དགག་ལན་མེད་པར་མི་སྨྲའི་བརྟུལ་ཤུགས་སུ་བཟུང་སྟེ་བཟོད་པའི་གོ་ཆ་བརྟན་པོ་དག་ལ་ངོས་རང་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་འདོད་ཡོད།
དཔེར་ན།བུད་མེད་དང་ཆགས་གཏམ་ལས་སོགས་ཀུན་གྱི་དགའ་བའི་གནས་ལགས་ཀྱང་མི་དགའ་མདོག་གིས་རྣམ་འགྱུར་གྱིས་དགག་པ་བྱེད་བཞིན་ཡོད།
དོན་དུ་ཁྱེད་ཀྱི་རྩོམས་ལ་མཆན་འབྲི་བ་དག་ཁྱེད་ཀྱིས་རྩོམ་ཚུལ་ལ་དགའ་སྣང་གིས་མིན་པར་ཁྱེད་ཀྱིས་བྲིས་པའི་ཆགས་གཏམ་དང་བུད་མེད་ཀྱི་སྐོར་ལ་དགའ་ཞེན་ཆེ་བས་རེད་སྙམས།
ཁྱེད་སྐུ་ཚེ་བརྟན་པར་བཞུགས་ཏེ་ཁ་བརྡའི་གདུགས་དཀར་དུ་དྲ་འབུ་ཀུན་ལ་གྲིབ་བསིལ་མི་ཟད་པ་སྟེར་བར་བཞུགས།
ཡབ་བླ་མ་ཀླུ་སྨྱོན་དྲན་ནས།།
བུ་སློབ་མ་དགྱེས་རྡོར་ལ་སོགས།།
སེམས་དྭངས་མའི་མགུལ་ལ་རོལ་རྗེས།།
འདིར་གློ་བུར་ཕེབས་པ་དགའ་བྱུང་།།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
སྐུ་ཉིད་ཀྱིས་ད་ལྟའི་བར་དུ། བྲིས་བྲིས་ཐམས་ཅད་པོ་སྙན་རྩོམ་གྱི་ཕྱོགས་སུ་ཤོར་ཆེ་བས་ན། ད་ནི། སེམས་ཁམས་
ཀྱང་སྙན་ངག་ལ་གྱུར་འདུག་པ་ཚོར་ཡོང་གི་འདུག་ལགས། འདི་ནི། གོམས་སྟངས་ཟབ་ཅིང་དགའ་ཕྱོགས་ཆེ་བས་ཡིན་རྒྱུ་རེད་ལགས། དེས་ན། ད་རུང་ཡིན་ཡང་། གང་ཞིག་ལ་གོམས་ཤུགས་ཆེ་ན་དེར་འཇུས་ན་གྲུབ་དོན་ཡང་མངོན་ཚན་ཆེ་བ་ཞིག་གསལ་བའི་འདུན་པ་འཕེལ།
ཨོ་ཡ་ད་ཡིན་ན་ཨ་ཁུ་ཀླུ་སྨྱོན་ཁ་བརྡའི་ཞིང་ཁམས་ལས་མི་འདའ་བ་ཐག་ཆོད་རེད།
འདིར་དགྱེས་སྡེ་ཆེན་མོ་ཕེབས་ཏེ་དར་དཀར་གྱི་བསུ་མས་སྤྱན་འདྲེན་ཞུས་འདུག་པར་མ་ཟད།
མཁའ་འགྲོ་སུན་ཟློག་གི་བརྟན་བཞུགས་ཀྱང་ཕུལ་འདུག་པས་ངེད་ཅག་ཚང་མ་བློ་བདེ་བོར་བཞུགས་ཆོག
ཀླུ་ཡི་བུ་མོའི་གླུ་དབྱངས་ལས་ཀྱང་སྙན་པའི་འགྱུར་ཁུག་ཅན་གྱི་རྩོམ་པ་པོ་ཀླུ་སྨྱོན་ལགས་ཁྱེད་འདིར་བཞུགས་ཏེ་ཡང་ནས་ཡང་དུ་ཆགས་རྩོམ་ལས་སོགས་བྲིས་ཏེ་སྙན་རྩོམ་གྱི་བསྟན་པར་ཞབས་ཕྱི་ཞུ་རོགས།
ཀླུ་སྨྱོན་གྱི་ཡོན་ཏན་མཆོག་ཏུ་གྱུར་བར་མངའ་བ་ཞིག་ནི་ཁོང་ལ་དྲ་འབུ་དག་གིས་ངན་སྨྲས་ཇི་ཙམ་བྱས་ཀྱང་ཐུགས་ལ་ཕོག་པ་མེད་པའི་བཟོད་བསྒོམ་གྱི་གོ་ཆ་བརྟན་པོ་ཞིག་ཡོད་འདུག་པ་དེ་རེད།
ཁོང་གིས་དྲྭ་རྒྱ་འདིར་གཞན་ལ་གནོད་ཅིང་འཚེ་བའི་ཚིག་བརྗོད་པ་ཕལ་ཆེར་མཐོང་རྒྱུ་མེད།
དེ་མིན་ང་ཉིད་ཀྱིས་གཙོས་པའི་དྲ་འབུ་དག་རྟག་ཏུ་ཚིག་ངན་དང་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་ཞིག་ལས་རང་གིས་ནོར་བར་ནོར་བར་མི་ཤེས་ཤིང་གཞན་གྱི་ཡོན་ཏན་ལ་ཡོན་དུ་མི་ཤེས་པ་རྐྱང་རེད་ཅེས་བརྗོད་ན་མི་འོས་ཀྱང་དེ་རིགས་ཤིན་ཏུ་མང་ངོ།
ཀླུ་སྨྱོན་ཀླུ་ཡི་ཡུལ་ནས་སྤྱན་འདྲེན་པའི།
དགྱེས་སྡེ་མཁའ་འགྲོ་ཚེ་སྐྱིད་ཕེབས་པ་བཟང།
དེ་མིན་དྲ་ཁྱམས་བདག་འདྲའི་ཆུ་ཡི་སྒྲོན།
སྨྲག་བཞི་སྤྲིན་གྱིས་སྣང་བ་ནུབ་པར་བྱས།
སྐབས་ཐོག་འདི་ནས་ངས་གལ་སྲིད་རྩོམ་པ་པོ་ནི་འཆི་ལ་ཉེ་བའི་ནད་པ་ཟུངས་ཟད་ཅིག་ཡིན་ན། དཔྱད་བརྗོད་པ་དང་ཀློག་པ་པོ་དག་ནི་དེའི་ཚེ་སྲོག་སྐྱོབ་མཁན་གྱི་སྨན་པ་ཡག་ཤོས་དེ་ཚོ་རེད་ཅེས་བརྗོད་ན་འདོད་ཀི
རྒན་རབས་པ་ཚོ་རྐང་རྗེས་ལག་རྗེས་ཤིག་དགོས་སྟབས། སྣང་བ་དག་ནས་འདུག་མི་ཉན་ཡ།
ཀླུ་སྨྱོན་ཁ་བརྡ་དྲ་བ་འོང་ནས་བྱ་དགའ་དྲེད་སྐྱག་འདྲ་ཞིག་སྦྱིན་རྒྱུ་ཡོད་འདོགས་བཤད་འདུག དེ་འདྲ་ཞིག་ཡོད་ན་ད་ཡིན་ན་དེ་དགྱེས་རྡོར་ལ་དགོས་ས་ཡོད། ཁོས་སྒྲོ་བཀུར་དུ་མ་ཡིས་ཟླ་གཅིག་ལྷག་ལ་ངུ་འབོད་བྱས་ནི་རེད། ད་ཁོ་ངོ་ཚ་ནས་བྲོས་ཚར་སོང་
ཀླུ་སྨྱོན་་ལེགས།
ཉིད་ཀྱི་རྩོམ་ལེགས། འོན་ཀྱང་། འོང་དང་ཡོང་ཞེས་མི་འདྲ་བ་བྲིས་པ་གཤམ་གསལ།
སེམས་ཀྱི་ཁོང་དུ་ལན་གཅིག་འོང་བར་ངེས། ཞེས་དང། ཐག་ཉེར་བཅར་ ཡོང་གིན་འདུག་སྙམ།
འདི་དག་ལས་གཅིག་འདམ་དགོས་ན། དག་ཆ་གང་གཙོ་ཆེ། གཙོ་ཆེ་བའི་དབང་གིས། འོ་ང་བར་ངེས། ཞེས་པར་ཡོང་བར་ངེས། ཞེས་དང་། ཡང་ན་ཡོང་གིན་འདུག་སྙམ། ཞེས་པར་འོང་གིན་འདུག་སྙམ། ཞེས་བཟོ་དགོས་པར་མཐོང་། རང་རེ་འཆི་བ་ལ་མངོན་དུ་ཕྱོགས་ཀྱང་། མ་འོངས་བོད་ཡིག་སྦྱོང་བ་པོ་་དག་ལ་ཡི་གེའི་དག་ཆ་དག་ལ་ཆ་ངེས་པ་ཞིག་བཞག་སྟེ། གཤེགས་ན་མི་ལེགས་སམ།
ཡང་དྲ་་གྲོགས་ཤིག་གིས་ཁྱེད་ལ། ཨ་ལགས་རིན་པོ་ཆེན། བོད་འདུག ངའི་བསམ་པར་མདོ་སྨད་པའི་བླ་མ་ཆེན་པོ་དག་ལ། ཨ་བླ་ཞེས་པ་དེ་ཨ་ལགས་ཞེས་ཆགས་སོ་སྙམ། འདི་དག་ལ་ལན་ངེས་པ་ཞིག་སྩོལ་ཅིག
བཀླགས་ཟིན། སྔོན་རྩོམ་དག་ལ་བསམ་ན་རྩོམ་གཤིས་ལ་འགྱུར་བ་ཅུང་ཐེབས་བཞག
རྒན་ལ་དྭགས་པ་ལགས། མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་བླ་སྤྲུལ་ཆེ་ཆུང་ཚང་མར་ཨ་ལགས་ཞེས་པའི་མིང་འདིས་འབོད་བཞིན་འདུག ཡིན་ཡང་མིང་ཚིག་འདིའི་གོ་དོན་ངོ་མ་དེ་གང་ཡིན་ཤེས་མ་སོང་། རྫ་དཔལ་སྤྲུལ་རིན་པོ་ཆེའི་སློབ་མ་འགའ་རེས་ཁོང་ལ་ཨ་བུ་བཀའ་དྲིན་ཅན་ཞེས་ཀྱང་བོས་གནང་འདུག་ཅིང་། དེ་ནི་ཁམས་ཕྱོགས་ཀྱི་མི་གཅེས་དག་གི་འབོད་སྲོལ་ཞིག་ཨེ་ཡིན་སྙམ་ཡང་མ་ངེས། དཔེར་ན་ངའི་ཕ་ཡུལ་དུ་རང་གི་ཨ་ཁུ་རེ་ཟུང་ལ་ཨ་རྡ་ཞེས་ཀྱང་འབོད་སྲོལ་འདུག་ལ། འབྲོག་པ་ཚོས་རང་ལས་རྒན་པ་དག་ལ་ཨ་ཁུ་དང་། རོང་བ་ཚོས་ཨ་རྒྱ་ཞེས་འབོད་སྲོལ་ཡོད། ད་དུང་རིན་པོ་ཆེ་ཞེས་པའི་ཚབ་ཏུ་ཨ་མདོ་རུ་ཚང་ཞེས་འབོད་སྲོལ་ཞིག་ཡོད་པ་སྟེ། རྒྱལ་དབང་ཚང་། ཀུན་མཁྱེན་ཚང་ལྟ་བུའོ།།ཁོ་བོ་ནི་སྐད་བརྡ་རིག་པའི་མཁས་པའམ་ཞིབ་འཇུག་པ་ཞིག་མིན་པས་མིང་ཚིག་འདི་དག་གི་འབྱུང་ཁུངས་དང་གོ་དོན་སྨྲ་བར་ལྕེ་རྩེ་ཧ་ཅང་ཐུང་བས་དགོངས་འགལ་མེད་པ་ཞུ།
འདིར་སེམས་ལ་དྲན་པ་གཅིག་ནི། ཨ་ལགས་ཞེས་པ་འདི་ནི་སོག་སྐད་དེ་དགེ་རྒན་ནམ་སློབ་དཔོན་ལ་འཇུག་ཅེས་གསུངས་མཁན་ཞིག་བྱུང་བ་དང་། མདོ་སྨད་འདི་དུས་ཡུན་རིང་པོར་སོག་པོའི་དབང་སྒྱུར་གྱི་འོག་ཏུ་བསྡད་པས་ཨམ་སྐད་ནང་སོག་སྐད་མང་པོ་ཞིག་ད་དུང་རང་འཇགས་སུ་འདུག
ཨ་ལགས་ཀླུ་སྨྱོན་སང་ལ་དྲི་བ་ཞིག་ཡོད། ཨ་བུ་རིན་པོ་ཆེ་དཔལ་དགྱེས་པ་རྡོ་རྗེ་འདི་བ་སང་ཁྱེད་ཀྱི་སློབ་མ་ཡིན་ནམ། ཨམ་རྒོད་ཚོས་ལབ་རྒྱག་གི་འདུག་ནི་རེད་དམ།
ཁ་སྔོན་ཨ་ཁུ་གླུ་སྨྱོན་དང་གཞོན་ནུ་ཟླ་མེད་གཉིས་ཀྱིས་གསང་འདུས་ཀྱི་ལམ་རིམ་པ་ལྔ་ཡི་སྐོར་ལ་བྲིས་པ་ཞིག་མཐོང་སོང། བླ་མེད་སྤྱིའི་ལུགས་དང་བྱེ་བྲག་དུས་འཁོེར་གྱི་ལུགས་གཉིས་སོ་སོར་བྱེད་དགོས་པ་གལ་ཆེ། གསང་འདུས་ཀྱི་ལམ་རིམ་པ་ལྔ་ནི་བསྐྱེད་རིམ་དང་། སེམས་དམིགས་ཀྱི་རིམ་པ། ཀུན་རྫོབ་སྒྱུ་མའི་རིམ་པ། དོན་དམ་འོད་གསལ་གྱི་རིམ་པ། གཉིས་མེད་ཟུང་གི་རིམ་པ་ལྔ་པོ་དེ་ཡིན་པར་སྒྲོན་གསལ་ལས་གསུངས། རྫོགས་རིམ་ལ་རིམ་པ་དྲུག་ཏུ་དབྱེ་ཚུལ། རིམ་པ་ལྔར་དབྱེ་ཚུལ། བཞིར་དབྱེ་ཚུལ་དུ་མ་ཡོད་ཀྱང་དབྱེ་བསྡུའི་ཁྱད་པར་ཙམ་ཡིན་གྱི་འགལ་བ་ནི་མ་ཡིན། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། རྫོགས་རིམ་ལ་སོར་སྡུད་སོགས་སྦྱོར་བ་ཡན་ལག་དྲུག་ཏུ་གསུངས་པའང་གོང་སྨོས་ལྟར་རིམ་པ་དྲུག་ཏུ་ཅི་རིགས་ཀྱི་ཚུལ་དུ་འདུས་་ཤིང་དེ་ལས་གཞན་དུས་འཁོར་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་འཇོག་ཚུལ་དང་མི་མཚུངས་པ་ཡིན། སྔགས་ཀྱི་ཟབ་ཁྱད་གཙོ་བོ་ལྷ་ཡི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྒྲུབ་པར་བྱེད་པ་དེ་ཡིན་པ་དང་འཇིག་རྟེན་འབྱུང་བཞིས་གྲུབ་ཚུལ་བཤད་པའི་སྐབས་སུའང་འབྱུང་བཞི་དང་དེའི་ནང་ནས་འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་ བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག ༼དེ་ནི་རེ་རེའི་དོན་སྣང་བ།།རླུངགིས་བླངས་ནས་འཛིན་བྱེད་ལ།།རླུང་དང་ལྡན་པའི་ རྣམ་ཤེས་ནི།།རྟག་ཏུ་འགྲོ་ལ་གནས་བར་འགྱུར།།༽ ཞེས་དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་ བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། ༼འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།༽ཞེས་པའི་དོན་ ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་ གི་འཁོར་བ་འབྱུང་།༼སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།༽ཞེས་པས་མངལ་ དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་ སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་ འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་ དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་ བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། སྐྱེས་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། དེས་ན་ལྷ་ཡི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གཉིས་ནི་གསང་སྔགས་ཉམས་ལེན་པ་ལ་གལ་གནད་ཆེ་བ་ཡིན།
ཁ་སྔོན་ཨ་ཁུ་གླུ་སྨྱོན་དང་གཞོན་ནུ་ཟླ་མེད་གཉིས་ཀྱིས་གསང་འདུས་ཀྱི་ལམ་རིམ་པ་ལྔ་ཡི་སྐོར་ལ་བྲིས་པ་ཞིག་མཐོང་སོང། བླ་མེད་སྤྱིའི་ལུགས་དང་བྱེ་བྲག་དུས་འཁོེར་གྱི་ལུགས་གཉིས་སོ་སོར་བྱེད་དགོས་པ་གལ་ཆེ། གསང་འདུས་ཀྱི་ལམ་རིམ་པ་ལྔ་ནི་བསྐྱེད་རིམ་དང་། སེམས་དམིགས་ཀྱི་རིམ་པ། ཀུན་རྫོབ་སྒྱུ་མའི་རིམ་པ། དོན་དམ་འོད་གསལ་གྱི་རིམ་པ། གཉིས་མེད་ཟུང་གི་རིམ་པ་ལྔ་པོ་དེ་ཡིན་པར་སྒྲོན་གསལ་ལས་གསུངས། རྫོགས་རིམ་ལ་རིམ་པ་དྲུག་ཏུ་དབྱེ་ཚུལ། རིམ་པ་ལྔར་དབྱེ་ཚུལ། བཞིར་དབྱེ་ཚུལ་དུ་མ་ཡོད་ཀྱང་དབྱེ་བསྡུའི་ཁྱད་པར་ཙམ་ཡིན་གྱི་འགལ་བ་ནི་མ་ཡིན། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། རྫོགས་རིམ་ལ་སོར་སྡུད་སོགས་སྦྱོར་བ་ཡན་ལག་དྲུག་ཏུ་གསུངས་པའང་གོང་སྨོས་ལྟར་རིམ་པ་དྲུག་ཏུ་ཅི་རིགས་ཀྱི་ཚུལ་དུ་འདུས་་ཤིང་དེ་ལས་གཞན་དུས་འཁོར་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་འཇོག་ཚུལ་དང་མི་མཚུངས་པ་ཡིན། སྔགས་ཀྱི་ཟབ་ཁྱད་གཙོ་བོ་ལྷ་ཡི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྒྲུབ་པར་བྱེད་པ་དེ་ཡིན་པ་དང་འཇིག་རྟེན་འབྱུང་བཞིས་གྲུབ་ཚུལ་བཤད་པའི་སྐབས་སུའང་འབྱུང་བཞི་དང་དེའི་ནང་ནས་འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་ བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག ༼དེ་ནི་རེ་རེའི་དོན་སྣང་བ།།རླུངགིས་བླངས་ནས་འཛིན་བྱེད་ལ།།རླུང་དང་ལྡན་པའི་ རྣམ་ཤེས་ནི།།རྟག་ཏུ་འགྲོ་ལ་གནས་བར་འགྱུར།།༽ ཞེས་དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་ བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། ༼འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།༽ཞེས་པའི་དོན་ ནི་ལས་ཀྱི་རླུང་ནི་བྱེད་ལས་ཀྱི་སྒོ་ནས་རླུང་ཁམས་ཆེན་པོ་སྟེ། སྣང་མཆེད་ཐོབ་གསུམ་གྱི་བཞོན་པ་ཡིན་ལ། བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་ གི་འཁོར་བ་འབྱུང་།༼སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།༽ཞེས་པས་མངལ་ དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་ སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་ འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་ དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་ བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། འགག་དུས་རགས་རིམ་ནས་འགག་པ་དང་། སྐྱེས་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། དེས་ན་ལྷ་ཡི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་གཉིས་ནི་གསང་སྔགས་ཉམས་ལེན་པ་ལ་གལ་གནད་ཆེ་བ་ཡིན།
ནོར་མཆན། ༼འགག་དུས་རགས་རིམ་ནས་འགག་པ་དང་།༽ཞེས་པར་བཅོས་དགོས།
བོད་ཀྱི་རྩོམ་རིག་གི་དེད་དཔོན་ཆེན་མོ་གླུ་སྨྱོན་ཧེ་རུ་ཀ་ལ་རྡོ་རྗེའི་དགའ་མས་བསྐུལ་ཏེ།
རྩ་འདབ་བརྒྱད་སྙིང་གི་ཕོ་བྲང་ན།།
མགོན་བླ་མ་ཡི་དམ་ཞི་ཁྲོ་དང།།
ཡུམ་རྡོ་རྗེ་ཕག་མོ་གཙོ་བྱས་པས།།
སེམས་ལྷན་སྐྱེས་བདེ་བས་དགའ་བར་ཤོག།
གནས་བསམ་གཏན་དབེན་པའི་རི་བོ་ནས།།
སྒོམ་གྱ་གྱུར་འབབ་པའི་ཉལ་འགྲོ་མ།།
ཡིད་བག་ཕེབས་ཉམས་དགའི་སྤང་ཐང་ན།།
ཆོས་མདོ་སྔགས་གཉིས་ཀྱི་ལྗང་མྱུག་འཕེལ།།
ཞེས་གླུ་བླངས་སོ།།
དགའ་བསྲུ་ཞུ།