ཀླུ་སྨྱོན་ཧེ་རུ་ཀ
དྲི་བ། སྙན་ངག་པ་ཞིག་ཏུ་འགྱུར་བའི་གོ་རིམ་དེ་ག་འདྲ་ཞིག་ཡིན་ནམ།
དྲིས་ལན། མེ་ཏོག་སྙིང་རྗེ་བོ་ཞིག་མཐོང་དུས་དེ་ཐོག་མར་ས་བོན་གྱི་གནས་སྐབས་སུ་ཡོད་དུས་ཀྱི་མདོག་དང་དབྱིབས། དེའི་འོད་འཚེར་བའི་རྨི་ལམ་མཛེས་སྡུག་ལྡན་པ་དེ། ས་བོན་དེ་ས་འོག་ཏུ་བཅུག་པའི་སྐབས་ཀྱི་དེའི་བརླན་གཤེར་གྱི་རང་བཞིན། དེའི་ཆེད་དུ་བབས་པའི་ཆར་བའི་ཤག་སྒྲ། ཆར་བ་དེའི་ཀློང་གི་གློག་དམར།གློག་དམར་དེ་འཁྱུག་སའི་བར་སྣང་། བར་སྣང་དེར་གོ་ཕྱེས་པའི་ས་གཞི། ཆར་བ་དེའི་རྗེས་ཀྱི་ཉི་འོད། ཉི་འོད་དེའི་ཀློང་གི་འཇའ་ཚོན། ཆར་ཐིགས་ཀྱིས་བརླན་པའི་ལྗང་མྱུག ལྗང་མྱུག་དེའི་གསོན་ཤུགས་ཀྱི་ལང་ཚོ། ལང་ཚོ་དེས་བཀྱགས་པའི་མེ་ཏོག་གི་ཐེའུ། ཐེའུ་དེའི་གཡས་གཡོན་ན་བཀྲག་མདངས་འཚེར་བའི་ལོ་འདབ་ལྗང་ཁུ། ལོ་འདབ་ལྗང་ཁུ་དེ་ཚོའི་ངོས་སུ་འཚེར་བའི་ཞོགས་པའི་ཉི་འོད། ཉི་འོད་དེས་བཞད་པར་བྱས་པའི་མེ་ཏོག་གི་འདབ་མ་རེ་རེ།འདབ་མ་རེ་རེས་སྐྱོར་བའི་ཟེའུ་འབྲུའི་ཚོམ་བུ། དེ་དང་དེ་ལྟ་བུའི་སྐྱེ་དངོས་དག་ལ་ཞིབ་མོར་མིག་གིས་བལྟས་ཤིང་བློ་ཡིས་དཔྱད། སེམས་ཀྱིས་མྱངས་ཤིང་རྣམ་པར་ཤེས་པ་བཟི་ཞིང་འཁྱོར་བར་བྱས་ན། ད་གཟོད་ཁྱེད་ལ་སྙན་ངག་འབྲི་བའི་རྟོགས་པ་ཐོལ་བརྒལ་བ་མང་པོ་ཞིག་དུས་དང་དུས་སུ་སྐྱེ་བར་འགྱུར་ལ། དེ་དུས་ཁྱེད་ཀྱིས་རང་གི་སེམས་ནང་གོ་རིམ་ངེས་མེད་དུ་ཤར་བའི་ཚིག་གི་ཕྲེང་བ་དེ་དག་ལམ་སེང་ཤོག་ངོས་སུ་འབྲི་དགོས་པའི་ངེས་པ་མེད་པར།ངག་གི་རྟ་ལ་བསྐྱོན་ནས་དབྱངས་སུ་གྱེར་བར་མཛོད། དེ་ཡང་ཉི་འོད་ལ་ཁ་གཏད་ནས། རྒྱ་མཚོ་ལ་རྣ་བ་བླགས་ནས། རི་མཐོན་པོ་རྐང་པས་མནན་ནས། རླུང་འཇམ་པོར་འཁྱུད་སྦྱོར་བྱེད་བཞིན། ཆུ་ཚོད་ཕྱེད་ཀ་ཙམ་ཞིག་ལ་མྱོང་རོལ་ཡིད་ཚིམ་པ་ཞིག་བྱས་རྗེས། ད་གཟོད་སེམས་ནང་དུ་ཆུ་དང་འོ་མ་འདྲེས་པ་ལྟ་བུར་ངོ་བོ་དབྱེར་མེད། དྲོ་ཞིང་འཇམ་པ། མངར་ཞིང་ཞིམ་པའི་རྣམ་པ་ཅན་དུ་གྱུར་པའི་ཐ་སྙད་རེ་རེ་བཞིན་ཤོག་ངོས་སུ་འབྲི་བར་གྱིས།
དྲི་བ། བརྩམས་སྒྲུང་འབྲི་མཁན་ཞིག་ཏུ་ཇི་ལྟར་འགྱུར་དགོས།
དྲིས་ལན། ཐོག་མར་གླིང་གེ་སར་གྱི་སྒྲུང་དཔེ་ཞིག་གི་ཁ་ཕྱེས་རྗེས། དེའི་ནང་གི་མི་སྣ་རེ་རེའི་ཐུན་མོང་མ་ཡིན་པའི་གཤིས་ཀར་མཉམ་འཇོག་བྱོས། དེ་ནས་མི་སྣ་དེ་ཚོའི་མི་ཚེའི་རྒྱབ་ལྗོངས་ཀྱི་ཁྱད་པར་ལ་དབྱེ་ཞིབ་བྱོས། དེ་ནས་མི་སྣ་དེ་དག་གི་གྱོན་ཆས་ཀྱི་ཁྱད་པར་ལ་བསམ་བློ་ཐོངས། དེའི་རྗེས་མི་སྣ་དེ་ཚོའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ཞིབ་འཇུག་བྱོས། དེར་མཐུད་དེ་མི་སྣ་དེ་ཚོའི་བར་གྱི་འབྲེལ་བའི་སྐོར་ལ་རྟོག་དཔྱོད་གྱིས། མཐར་མི་སྣ་གཅིག་གི་སྣང་བརྙན་དེ་མིག་མདུན་དུ་འཆར་བར་བྱས་ནས་ཁོ་དང་མཉམ་དུ་སྐད་ཆ་ཤོད། ཁོའམ་མོའི་མི་ཚེ་ཧྲིལ་བོའི་སྐོར་ལ་དྲི་བ་དྲི་ལན་བྱོས། དྲི་ལན་ལ་ཡིད་མི་ཚིམ་ན་ཡང་སྐྱར་དྲི་བ་གཅིག་མཚུངས་སུ་དྲིས། དེ་ལ་ལན་རྒྱོབས། དྲི་བ་འདྲི་སྟངས་ཀྱིས་འདོད་པ་མི་ཚིམ་ན་ཡང་སྐྱར་དྲི་བ་འདྲི་རུ་ཆུགས། དེ་ལྟར་བྱས་ན་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་སོགས་མི་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་ཞིབ་ཀློག་གི་ལམ་ཁ་དེ་བརྒྱུད་མི་དགོས་པར་མི་རིགས་རང་གི་སྲོལ་རྒྱུན་བརྩམས་ཆོས་ལ་བརྟེན་ནས་སྒྲུང་གཏམ་འབྲི་མཁན་ཞིག་ཏུ་འགྱུར་བ་ཡིན།
དྲི་བ། སྙན་ངག་པ་དང་བརྩམས་སྒྲུང་བའི་སེམས་ཁམས་ཀྱི་མི་འདྲ་བའི་ཁྱད་པར་གང་ཡིན་ནམ།
དྲིས་ལན། སྙན་ངག་མཁན་གྱི་སེམས་ཁམས་ནི་རབ་རིབ་དང་འཆར་ཡན། ཟ་ཟི་དང་ཧོལ་རྒྱུགས་ཀྱི་རྣམ་པས་ཁེངས་བསྡད་ཡོད་ལ། བརྩམས་སྒྲུང་བའི་སེམས་ཁམས་ནི་ཆགས་སྡང་དང་སྡུག་བསྔལ། རེ་སྙེག་དང་ཞིབ་ཚགས་ཀྱི་རྣམ་པའི་ཚུལ་དུ་ཡོད་པ་རེད།
དྲི་བ། སྙན་ངག་པས་ཆང་འཐུང་ན་ད་གཟོད་སྙན་ངག་ཡག་པོ་འབྲི་ཐུབ་ཅེས་པ་དེ་བདེན་ནམ།
དྲིས་ལན། ངེས་པ་དེ་ཙམ་མེད་ཀྱང་མང་པོ་ཞིག་བདེན་ཤས་ཆེ་སྟེ། ཆང་སྤྱི་དང་ཁྱད་པར་དུ་རྒུན་ཆང་གིས་ལྕེ་དབང་བརྒྱུད་ནས་ཡིད་དབང་ལ་འཆལ་འཆོལ་དང་བདེ་སྣང་སྦྱིན་པའི་གནས་སྐབས་སུ་ཆང་ཕོར་དང་དེའི་ནང་གི་རྒུན་ཆང་དམར་པོ་དེ་གཉིས་ཁོ་ན་ལས་ཉུལ་ན་ཟད་མཐའ་མེད་པའི་སྙན་ངག་གི་རྒྱལ་ཁམས་ཆེན་པོ་ཞིག་རྙེད་པར་འགྱུར་ཞིང་། ད་དུང་སོ་མ་ར་ཛ་དང་དེ་ལས་གཞན་པའི་མྱོས་རྫས་ཀྱིས་ཀྱང་ཡིད་ཁམས་ཟང་ཟིང་དང་འཆལ་འཆོལ་འཁྲལ་འཁྲུལ་དུ་བསྒྱུར་ཐུབ་པས། དེའི་གནས་སྐབས་སུ་ཡང་རྟོག་པ་ཐོལ་བརྒལ་པའི་སྙན་ངག་འགྲན་ཟླ་མེད་པ་དེ་འདྲ་བཞེང་འབྲི་བྱེད་ཐུབ།
དྲི་བ། དུས་ཚིགས་བཞི་ལས་གང་ཞིག་སྙན་ངག་འབྲི་བར་འཚམ་པོ་ཡོད།
དྲིས་ལན། སྙན་ངག་པ་མང་ཆེ་ཤོས་ལ་མཚོན་ན་དཔྱིད་ཀ་དང་སྟོན་ཁ་གཉིས་ཡག་ཤོས་རེད་འདོད། རྒྱུ་མཚན་ནི་དཔྱིད་ཀས་རེ་སྨོན་མཚོན་ཞིང་སྟོན་ཁས་སྐྱོ་གདུང་མཚོན་ཡོད། ཡང་ན་དཔྱིད་ཀས་ཐོབ་པ་མཚོན་ཡོད་ལ་སྟོན་ཁས་ཤོར་བ་དེ་མཚོན་ཡོད། སྙན་ངག་འགྲན་ཟླ་བྲལ་བ་མང་པོ་ཞིག་རེ་སྨོན་དང་སྐྱོ་གདུང་། ཐོབ་པ་དང་ཤོར་བ་བཞི་ལས་མ་བྱུང་བ་ཞིག་གཏན་ནས་མེད།
དྲི་བ། རང་ཤག་དང་ཕྱི་རོལ་གང་ནས་བྲིས་པའི་སྙན་ངག་དེ་ཆེས་རླབས་ཆེ་བར་འགྱུར་ཐུབ།
དྲི་ལན། རང་ཤག་དེ་ལ་སྒེའུ་ཁུང་ཆུང་ཆུང་ཞིག་ལས་མེད་ཅིང་། དེ་ལས་ཉི་འོད་ཕྲ་མོ་ཞིག་ཐད་ཀར་ཁྱེད་ཀྱི་མདུན་ཅོག་སྟེང་འཕྲོ་བཞིན་ཡོད་ན། རང་ཤག་དེ་ལས་བྲིས་པའི་སྙན་ངག་དག་ནི་འཇིག་རྟེན་སྟེང་གི་ཆེས་མཛེས་སྡུག་ལྡན་པའི་སྙན་ངག་ཏུ་འགྱུར་ཐུབ་ཅིང་། གལ་སྲིད་ཁྱེད་རང་དུས་བཞིའི་དབྱེ་མཚམས་གསལ་བའི་ཞིང་གྲོང་ཞིག་ཏུ་བསྡད་ཡོད་ན། ཁྱེད་ཀྱིས་ཞིང་ཚིགས་སམ་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་རྒུན་ཆང་དམར་པོའི་བྲོ་བ་མྱོང་བཞིན་བྲིས་པའི་སྙན་ངག་དེ་ཚོ་ལོ་ངོ་སྟོང་ཕྲག་རིང་ཀློག་པ་པོ་ཚོའི་ཁ་ནས་རྒྱུན་མི་འཆད་པར་སྐྱོར་བའི་གཟུངས་སྔགས་སུ་འགྱུར་ཐུབ།
དྲི་བ། གལ་སྲིད་ཁྱེད་རང་གྲྭ་པ་སྙན་ངག་པ་ཞིག་ཡིན་ཞིང་།ཁྱེད་ཀྱི་སེམས་པ་དེ་བུ་མོ་ཞིག་གིས་ཡོངས་སུ་འཕྲོགས་པའི་བློས་བསླངས་བསྐྲུན་པའི་རྗེས་སུ་ཇི་ལྟར་བྱེད་དགོས།
དྲིས་ལན། ཁྱེད་ཀྱིས་བུ་མོ་དེ་མ་མཐོང་བའི་ཆུ་ཚོད་ཕྱེད་ཀའི་སྔོན་ལ་ཁྱེད་ཀྱི་སེམས་ཁམས་དེ་ཇི་འདྲ་ཞིག་ཡིན་པའི་སྐོར་ལ་བསམ་བློ་ཐོངས། དེ་ནས་དེའི་སྔོན་གྱི་ཆུ་ཚོད་ཕྱེད་ཀ་ཞིག་གི་གནས་སྐབས་དེའི་སེམས་ཁམས་ཇི་འདྲ་ཞིག་ཡིན་པའི་སྐོར་ལ་བསམ་བློ་ཐོངས། དེ་ནས་དེའི་ཡང་སྔོན་གྱི་ཆུ་ཚོད་གཅིག་གི་གནས་སྐབས་ཀྱི་སེམས་ཁམས་ལ་བསམ་བློ་ཐོངས། དེ་འདྲ་བྱས་ནས་ཉི་མ་གཅིག ཉི་མ་གཉིས། བདུན་ཕྲག་གཅིག བདུན་ཕྲག་གཉིས། ཟླ་བ་གཅིག ཟླ་བ་གཉིས། ལོ་གཅིག ལོ་གཉིས། མཐར་ཁྱོད་རང་བྱིས་པ་ཆུང་ཆུང་ཡིན་པའི་གནས་སྐབས་ཀྱི་བྱ་བ་ཕྲན་ཚེགས་ད་དུང་བློ་དེ་ནས་ཁྱོད་རང་ཨ་མའི་མངལ་དུ་ཡོད་པའི་གནས་སྐབས་སུ་བསམ་བློ་ཐོངས། དེ་ནས་ཁྱོད་རང་གི་སྐྱེ་བ་སྔོན་མ་དེ་འཆི་ཁ་མའི་སེམས་ཁམས་ཀྱི་གནས་སྟངས་ལ་བསམ་བློ་ཐོངས། དེའི་རྗེས་མི་དེ་ན་སྟེ་ཉལ་སར་ལྷུང་ནས་སྨན་བཅོས་བྱེད་བཞིན་པའི་གནས་སྐབས་ཀྱི་སེམས་ཁམས་ལ་བསམ་བློ་ཐོངས། དེ་ལྟར་དུས་སྐབས་དང་སྦྱར་ཏེ་སེམས་ཁམས་ལ་ཕྱི་བཤིག་རྒྱག་ཏུ་བཅུག་ན་བུ་མོ་དེ་དང་སེམས་ཐག་རིང་དུ་སོང་ནས་བུ་མོ་དེ་གཏན་དུ་བརྗེད་པར་བྱེད་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཡོད། ཁྱེད་རང་ད་དུང་ཡིད་མི་ཆེས་ན་ཚོད་ལྟ་ཞིག་བྱེད་ཆོག དེའི་སྐབས་ཀྱི་ཁྱེད་རང་གི་སེམས་ཁམས་དེ་ནི་མཛེས་སྡུག་གི་ལྡེབས་རིས་ཆེན་པོ་ཞིག་ཡིན་པས། དེ་ལ་ཁྱེད་རང་གིས་ཞོགས་པའི་ཉི་འོད་ཀྱི་ཀློང་དང་། དགོང་ཁའི་མཚམས་སྤྲིན་གྱི་ཁྲོད་དུ་སྙན་ངག་གི་མཛེས་རྒྱན་སྤྲས་རྒྱུ་མ་བརྗེད།
ཨ་བླ་ཀླུ་སྨྱོན་ཧེ་རུ་ཀའི་རྩོམ་ཡིག་འདིར་སྐུལ་ཚིགས་ལ་ བསམ་བློ་ཐོངས། ཞེས་པ་དེ་བོད་སྐད་ཀྱི་བརྡ་སྤྲོད་དང་ཆེས་མཐུན་པ་ཞིག་ཏུ་བསམས། གཞན་སྡེ་དགེ་བཀའ་འགྱུར། འདུལ་བ་ཕྲན་ཚེགས། ད་པའི་ཤོག་གྲངས་ ༡༠༣ པའི་མདུན་ཤོག་ན། གསུང་ཤིག ཅེས་དང་། ༡༠༨ རྒྱབ་ཤོག་ཡིག་འཕྲེང་ ༥ པ་ན། ཞོག་ཤིག ༡༣༣ ཤོག་ཤིག་ཅེས་ཡོད་པ་སི་ཏུ་པཎ་ཆེན་ཞབས་སྡེ་དགེ་བཀའ་འགྱུར་ཞུས་དག་མཛད་པོར་བསྐོས་ཏེ། ཞལ་བཞེས་ཀྱང་ཇི་ལྟར་མ་དག་པ་བྱུང་། ཡ་མཚན་དགོས་པ་ཞིག་ཏུ་མི་འདུག་གམ། ཅིག་ ཞིག་ ཤིག ཅེས་སྒྲ་གསུམ་གྱི་ནང་ནས་ཤིག་ཅེས་པའི་སྒྲ་ཡོད་པས། དེ་དག་ཏུ་ཡང་འཇུག་ས་ཆད་ཡོད་པ་མ་ཡིན་ནམ། བདག་ལ་ཀླན་ཀ་འཚོལ་བ་དག་གིས་འདི་དག་ལ་འཐད་ལྡན་གྱི་ལན་རྒྱོབས་ཤིག
གཤམ་འོག་འབྲི་སྟངས་གཉིས་ཀའམ། ཡང་ན། གང་དག་པ་ཡིན་ནམ། ལགས།
སྙན་ངག་པ། སྙན་དངགས་པ།
ཆར་བ། ཆར་པ།
བརྩམས་སྒྲུང་། རྩོམ་སྒྲུང་ངམ། བཅོས་སྒྲུང་།
མི་ཚེ་ཧྲིལ་བོ། མི་ཚེ་ཧྲིལ་པོ།
བརྩམས་ཆོས། རྩོམ་ཡིག
སྟོན་ཁ། སྟོན་ཀ སྟོནད་ཀ
དགོང་ཁའི་མཚམས་སྤྲིན། དགོངས་ཁའི་མཚམས་སྤྲིན།
ཚིག་མཚོན་མེད་ཐོག རྒྱུ་མཚན་དང་བཅས་གསུང་རོགས་གནོངས་དང་།
ལ་དྭགས་པ་ཟེར་བ་དང་ཀ་རྡོ་གཉེར་ཕྱག་པ་གཉིས་ཁྱི་ཁ་ཚུམས། རྩོམ་རིག་པ་མཁས་ཅན་ཀླུ་སྨྱོན་ལགས་ཀྱི་བརྩམས་ཆོས་ལའང་ཞུ་དག་གཏོང་ཁུལ་བྱོས།
ཐོག་མར་ཁྱོད་གཉིས་ཀྱིས་བོད་ཡིག་ཡག་པོ་ཞིག་སྦྱོངས།
ལ་དྭགས་པ་ཁུངས་བཅོལ་ས་དེ་ག་རང་རེད། ཁྱོད་ཀྱིས་མ་གཏོགས་བཀའ་བསྟན་ཀློག་གི་མེད་པ་མ་རེད། བཀའ་བསྟན་དག་ནའང་། གང་བྱུང་བྲིས་ཤིང་། གཏན་འཁེལ་ལྟ་བུ་ཕལ་ཆེར་མེད་པ་རེད། དེ་ཡང་ཞུ་དག་གཏོང་མཁན་ལ་རག་ལས་པ་རེད།
གང་ལྟར་བོད་པ་རང་དང་གཤིབ་སྟེ་བོད་ཡིག་གི་གཤིས་ཀ་ལ་རྒྱུས་མངའ་ངེས་ཅན་ཞིག་ལྡན་པར་བྱེད་རྒྱུ་ཧ་ཅང་གལ་ཆེ། དམིགས་བསལ་གྱིས་མི་རིགས་གཞན་པ་ཚོས་འདི་ལྟ་བུ་ལམ་ཁ་ངེས་པར་བརྒྱུད་དགོས། སྐད་ཡིག་གང་ཞིག་སྦྱངས་ཀྱང་དེ་ག་རང་རེད། ཚིག་ཙམ་ཤེས་པས་རྔོ་ཅི་ཞིག་ཐོགས། སྐད་ཀྱི་གཤིས་ཀ་ཤེས་དགོས་པ་རེད།
བཀའ་འདི་ལ་དྭགས་པ་དང་ཀ་རྡོ་སོགས་ལ་དམིགས་ཀྱིས་བསྩལ་བ་ཡིན།
# 3 གཅོད་པ།་ལགས་ཀྱིས་མཆན་བཏབ་པ།:
May 11th, 2014 at 7:50 AM
ལ་དྭགས་པ་ཟེར་བ་དང་ཀ་རྡོ་གཉེར་ཕྱག་པ་གཉིས་ཁྱི་ཁ་ཚུམས། ་་་་་་་་་་་་་་་་་་་་་ ཟེར།
་་་་ བཀའ་འདི་ལ་དྭགས་པ་དང་ཀ་རྡོ་སོགས་ལ་དམིགས་ཀྱིས་བསྩལ་བ་ཡིན། ་་་་་་་་
་་་་་་ བཀའ་འདི་ལ་དྭགས་པ་དང་ཀ་རྡོ་སོགས་ལ་དམིགས་ཀྱིས་བསྩལ་བ་ཡིན། ་་་་་་་་
་་་་་་ བཀའ་འདི་ལ་དྭགས་པ་དང་ཀ་རྡོ་སོགས་ལ་དམིགས་ཀྱིས་བསྩལ་བ་ཡིན། ་་་་་་
གཅོད་པས།
གཅོད་པ་ཁྱོད་ཀྱིས་དམིགས་ཀྱིས་བསྩལ་བ་དང་། དམིགས་བསལ་ཞེས་པ་དག་ཆ་མི་འདྲ་བ་འདི་གཉིས་ཀྱི་ཁྱད་པར་ཤེས་སམ། ཤེས་པ་མེད་ན། ཆག་པོས་གས་པོ་ལ་ཁྲེལ་བའི་དཔེར་འོས་པ་ཞིག་མ་ཡིན་ནམ། སེམས་ཁོང་དུ་བཅུག་ལ་སོམས་ཤིག ཤེས་པ་ཡོད་ན། དག་ཆ་མི་མཐུན་པ་གཉིས་བྲིས་པ་ལ་རྒྱུ་མཚན་དགོས་སོ།
་
ཁོ་བོ་ཅག་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པ་བཞིན་ཏུ། བོད་པ་ཡོངས་སྐད་ཀྱི་སྒོ་ནས་གཅིག་འགྱུར་བྱེད་པ་དང་། རིག་གཞུང་སྐད་དུ། བོད་ཀྱི་མཁས་པ་རྣམས་ཀྱིས་དག་ཆ་རྣམས་སྲུང་དགོས་པའི་འགན་ཡོད།
་
དེ་ཡང་ཞུ་དག་གཏོང་མཁན་ལ་རག་ལས་པ་རེད། ཞེས་པ་སོགས་ན་ཡོད་པའི་ཞུ་དག་ཀྱང་བོད་མཁས་པའི་དག་ཆ་བཞིན་འབྲི་ཐུབ་པ་མེད་པ་ཁྱོད་ཀྱིས་ཁ་ཚུམས་ཞེས་ཁོ་བོ་ཅག་ལ་སྡིགས་སྒྲ་གཏོང་བ་ལས། བོད་ཀྱི་སྔོན་གྱི་མཁས་པའི་སྐད་རྣམས་ལ་སྦྱོངས།
ཨ་ཁུ་ཀླུ་མྱོན་གྱིས་བྲིས་པའི། དགོང་ཁའི་མཚམས་སྤྲིན། ཞེས་པ་དེ་ཁྱོད་ཀྱིས་དག་པར་སེམས་ན། སྔོན་གྱི་མཁས་པ་དག་གིས་བྲིས་པ་རྣམས་ལ་ལྟ་མ་ཐུབ་ན་ཡང་། དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་དག་ལ་སྦྱངས་ཏེ་དག་པར་བྱེད་དགོས། འདི་ཉིད་ཁྱོད་ཀྱིས་མི་འདོད་ན། བོད་ཀྱི་ཡི་གེའི་དག་ཆ་སྲུང་བར་འདོད་པ་ཁོ་བོ་ཅག་ལ་གཏམ་བྱེད་པ་སྤོངས་ཤིག །ཁྱོད་ཀྱིས་ཚིག་རྩུབ་ཇི་ཙམ་འབྲི་ཡང་དེ་དག་བདག་ཅག་གི་བཟོད་པ་སྒོམ་པའི་ཡུལ་དུ་འགྱུར་རོ།
་
དེ་རིང་འཛམ་གླིང་དྲིན་ཅན་ཨ་མའི་དུས་ཆེན་གྱི་ཉིན་མོ་རྗེས་དྲན་མཚོན་བྱེད་དུ། དཔལ་ལྡན་ཁ་བརྡ་ཚང་གཙོས་པའི་བོན་པོ་དང་བན་དེའི་ཁ་བརྡའི་དྲྭ་གྲོགས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རྣམས་ཁ་བརྡ་དྲྭ་བར་ཡང་ནས་ཡང་དུ་མཇལ་བའི་སྨོན་ལམ་ཡོད། །
ཆོས་མེད་དད་མེད་མའོ་ཙེ་ཏུང་གིས། བརྩམས་པའི་བརྩམས་ཆོས་ཟེར་ན། བོད་པ་ཀླད་མེད་ཡིན་པའི་རྟགས་སུ་མི་མཐོང་བ་འདི་ཅི་ཡིས་ཚུལ་ཡིན་ནམ། ལགས། ཅིག་གསུང་དང་།
རླབས་ཆེན་མའོ་ཙེ་ཏུང་། གུང་བྲན་འོད་སྟོང་འཕྲོ་བ། ལི་ནིན་དང་མའོའི་བརྩམས་ཆོས། ད་དུང་ཡང་། ཧཧཧཧཧ།། །།
༡༽ ཨ་ེཤི་ཡའི་རྒྱ་ནག་ཧེན་དམར་པོ་མའོ་ཙེ་ཏུང་གིས། བི་འབོར་ས་ཡ་༤༠ཙམ་རྐྱེན་ལམ་དུ་བཏང་བར་བཤད།
༢༽ ཨུ་རུ་སུའི་མི་རིགས་དཀར་པོའི་དམར་དཔོན་སི་ཏ་ལིན་གྱིས། མི་གྲངས་ས་ཡ་༢༠ཙམ་རྐྱེན་ལམ་དུ་བཏང་།
༣༽ ཧིཊ་ལར་གྱིས། ཇིའུ་དང་ཇིབ་སི་སོགས། ས་ཡ་༡༢ཙམ་རྐྱེན་ལམ་དུ་བཏང་།
ཇིའུ་ཚོས། ན་སིས་ལ་ངོ་རྒོལ་བྱས་ཐུབ་ས་ལ། བོད་རིགས་ཚོས། རང་གི་མགོ་བོར་གནོན་མཁན་ལ། ངོ་རྒོལ་བྱེད་མི་ཐུབ་པ་ནི། བོད་མི་རིགས་ཀྱི་ཞབས་འདྲེན་དུ་ཆགས་པ་མ་རེད་དམ། ལགས།
བོད་ཀྱི་བཙན་པོ་བླ་མས་རང་མི་རིགས་ཁང་ནང་དུ་བཅུགས་ནས་དམར་གསོད་བཏང། དཔེར་ན་ལྷ་བླ་མ་ཡེ་ཤེས་བཞིན།
སྔར་གྱི་ཡུལ་གྱི་རྒྱལ་པོས་བཙན་ཁྲིམས་དང་། དེང་གི་ནུབ་མཕྱོགས་ན་སིས་དང་། ཤར་ཕྱོགས་དམར་ལུགས་ཀྱིས་དམར་གསོད་གཉིས་མི་འདྲ་བ་ཆེན་པོ་ཡོད་པ་ཡང་མཁྱེན་པ་དགོས་པ་གལ་ཆེ།
ལས་བྱས་པ་ལ་སྔར་དང་ད་ལྟའི་ཁྱད་པར་མེད། ལོ་རྒྱུས་ཀྱི་ཤོག་བུར་ཁྲག་ཐིག་དམར་པོ་བཏབ་ཚར་བ་རེད། རྣམ་སྨིན་རང་ལ་མ་འཁོར་བའི་བར་དུ་ལན་ཆགས་བསྐལ་བ་ནས་བསྐལ་བའི་བར་དུ་འདེད་ངེས་རེད། མ་རེད་པས་ཨ་ལགས།
བན་དེ་བས། ལས་འབྲས་ལ། ཡིད་ཆེས་ཆེ་སྟངས་ལ། རྗེས་སུ་ཡི་རང་ངོ་། །
བདག་ལ་བོད་སྐད་སྦྱོངས་གསུང་བ་པོ་དག་ལ་གུས་ཞུ། བདག་བྱིས་པ་སྨྲ་ཤེས་དོན་གོ་བ་ནས་བཟུང་བོད་ཀྱིས་མཁས་པ་རྣམས་ཀྱིས་བྲིས་པའི་གཞུང་མང་པོ་བློར་འཛིན། དེ་དག་ཏུ་བྲིས་པའི་ཡི་གེ་ཐོབ་ཐང་དག་ལ་ཡང་མིག་ལྟ་བྱེད། དེ་ལྟར་བྱས་ཀྱང་མི་ཤེས་པ་ཡོད་པ་ནི། བདག་རང་སོ་སོའི་སྐྱེ་བོའི་མ་རིག་པ་དེ་སངས་རྒྱས་ཀྱི་གོ་ཕང་རིན་པོ་ཆེ་མ་ཐོབ་བར་དུ་ལྷན་སྐྱེས་སུ་ཡོད།
་
དིང་སང་བྲིས་པའི་ལུང་སྐད་སོ་སོར་ཡོད་པ་དག་ལ་ངས་གཏན་ནས། སྦྱང་མི་ཐུབ། དེ་ལ་དགོས་པ་ཞིག་ཡོད་ན་། སྦྱང་དགོས་ཀྱང་དེ་ལྟར་ཅང་མ་མཐོང་བར་མ་ཟད་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་ལམ་སྲོལ་མེད་པར་བཟོ་བ་ལ་ངོ་ཚ་ཁྲེལ་བའི་གནས་སུ་འགྱུར་བ་ཤེས་པར་གྱིས།
་
ཁ་སང་གཅོད་པ་ལ་བྲིས་པ་ན། ཞུ་དག་ཅེས་པ་ཡང་མཁས་པས་བྲིས་པ་དང་མཐུན་པ་མི་འདུག་ཅེས་པ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཤོག་གྲངས་༡༣༥མདུན་ཤོག་ཡིག་འཕྲེང་༣པ་ན། “སུམ་རྟགས་རྩ་འགྲེལ་ལ་གཏུགས་ཏེ། འཆད་ཉན་གྱི་སྟེང་ནས་ལོ་མང་གི་བར་དུ། ཞུས་དག ལེགས་པར་མཛད།”ཅེས་རྒྱལ་བ་སྐུ་འཕྲེང་བརྒྱད་པ། བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོས་མཛད་པ་སོགས་སྔ་སྲོལ་གྱི་དཔེ་ཆ་དག་པ་དུ་མ་ཞིག་ན་བདག་གིས་མཐོང་མྱོང་བ་ཡིན་ནོ།
# 3 གཅོད་པ།་ལགས་ཀྱིས་མཆན་བཏབ་པ།:
May 11th, 2014 at 7:50 AM
ལ་དྭགས་པ་ཟེར་བ་དང་ཀ་རྡོ་གཉེར་ཕྱག་པ་གཉིས་༼ཁྱི་༽ཁ་༼བཙུགས་ཤིག༽ཚུམས། རྩོམ་རིག་པ་མཁས་ཅན་ཀླུ་སྨྱོན་ལགས་ཀྱི་༼རྩོམ་༽བརྩམས་ཆོས་ལའང་ཞུ་༼ཞུས་༽དག་གཏོང་ཁུལ་༼བྱས་༽བྱོས།
ཐོག་མར་ཁྱོད་གཉིས་ཀྱིས་བོད་ཡིག་ཡག་པོ་ཞིག་སྦྱོངས།
ལ་དྭགས་པ་ཁུངས་བཅོལ་ས་དེ་ག་རང་རེད། ཁྱོད་ཀྱིས་མ་གཏོགས་བཀའ་བསྟན་ཀློག་གི་༼བགྱིད་༽མེད་པ་མ་རེད། བཀའ་བསྟན་དག་ནའང་། གང་བྱུང་བྲིས་ཤིང་། གཏན་འཁེལ་ལྟ་བུ་ཕལ་ཆེར་མེད་པ་རེད། དེ་ཡང་ཞུ་༼ཞུས་་༽དག་གཏོང་མཁན་ལ་རག་ལས་པ་རེད།
གང་ལྟར་བོད་པ་རང་དང་གཤིབ་སྟེ་བོད་ཡིག་གི་གཤིས་ཀ་ལ་རྒྱུས་མངའ་ངེས་ཅན་ཞིག་ལྡན་པར་བྱེད་རྒྱུ་ཧ་ཅང་གལ་ཆེ། དམིགས་བསལ་གྱིས་མི་རིགས་གཞན་པ་ཚོས་འདི་ལྟ་བུ་ལམ་ཁ་ངེས་པར་བརྒྱུད་དགོས། སྐད་ཡིག་གང་ཞིག་སྦྱངས་ཀྱང་དེ་ག་རང་རེད། ཚིག་ཙམ་ཤེས་པས་རྔོ་ཅི་ཞིག་ཐོགས། སྐད་ཀྱི་གཤིས་ཀ་༼དེ་༽ཤེས་དགོས་པ་རེད།
བཀའ་༼སྐད་ཆ་༽འདི་ལ་དྭགས་པ་དང་ཀ་རྡོ་སོགས་ལ་དམིགས་༼ནས་༽ཀྱིས་༼བཤད་པ་༽བསྩལ་བ་ཡིན།
གཅོད་པས་བཀླགས་ནས་དཔྱོད་གྲོགས་མཛོད། ཧཧཧཧ།། །།
https://www.facebook.com/photo.php?fbid=652839504795143&set=p.652839504795143&type=1&theater
ལ་དྭགས་པ་དེ་ཚོ་འདི་འདྲ་ཡོད་རེད། ལ་དྭགས་ཀྱི་སྐད་འདི་འདྲ་ཡང་བྲིས་འོང་གི་འདུག
མ་རབས་ཐ་ཤལ་པ
ལ་དྭགས་པ། ཁྱོད་ཀྱིས་བོད་ཡིག་གི་བཀའ་དྲིན་ཁྱོན་ནས་བརྗེད་པར་མི་བྱའོ།།
བོད་ཡིག་གི་བཀའ་དྲིན་གྱིས་ཁྱོད་མི་ཚེ་ཨའུ་ཙམ་བསྐྱལ་རྒྱུ་བྱུང་བ་རེད།
བོད་སྐད་ཀྱི་གཤིས་ཀར་་རྒྱུས་ལོན་པར་བྱེད་རོགས། དེ་མ་གཏོགས་ཞུ་ཡ་གང་མེད།
# 18 གཅོད་པས།
བདག་གི མ་ མོ་གཤམ་མོ་ ལབ་ནས་ ཕྱིན་ཤག
གཅོད་པས་བདག་གཞི་མ་གྲུབ་ལབ་ནས་ཕྱིན་ཤག་
བཀུར་འོས་དམ་པ་དགེ་སློང་རྩོམ་པ་བོ ༧ ཀླུ་སྨྱོན་ལགས།
ཉིད་ཀྱིས་རྩོམ་ཡིག་འདི་ལྟར་བྲིས་ན་རང་གི་རྒྱན་དང་གཞན་པས་སྡེབ་ལེགས་བརྐུ་ཡང་སྲིད་དོ།
ཡ་རབས་ཅན་གཅོད་པ། ཁྱོད་ཀྱིས་བོད་ཀྱིས་མཁས་པས་བྲིས་པའི་དཔེ་ཆ་འགའ་རེ་བཀླགས་ཏེ་བོད་ཀྱི་སྐད་ལ་མཁས་པར་འོང་བ་ཞིག་གྱིས། དེ་ནས་ལ་དྭགས་པའི་སྐད་ཀྱང་བོད་སྐད་ཡིན་པ་ཤེས་ཐུབ་པ་ཞིག་བྱོས། ཁྱོད་ཀྱི་མི་ཚེ་ཡང་རིང་། ནད་མེད་པར་ཤོག་ཅིག ཁྱོད་ཀྱིས་བྲིས་པ་ལྟར་ང་ནི་མ་རབས་ཐ་ཤལ་པ་ཞིག་ཡིན་ཀྱང་། བྱ་བ་བཟང་པོ་ལ་འབད་པས། གཞན་མང་པོས་བཀུར་སྟི་ཕུན་སུམ་ཚོགས་པ་བྱེད། བདག་གིས་གོས་དག་རང་གིས་འཁྲུ། ཁང་མིག་ལ་གད་ཕྱིས་བདག་རང་གིས་བྱེད། བདག་སློབ་གྲྭའི་ཁང་མིང་དུ་མ་བསྡད་གོང་དུ། ཕྱི་ལོགས་ན་ཁང་པ་ཞིག་ཏུ་བདག་ཅག་མི་གསུམ་མཉམ་དུ་བསྡད་པས། གད་ཕྱིས་བྱེད་མཁན་ཞིག་ལ་ཆུ་ཚོད་བཞིའི་གླ་ཆ་སྤྲོད་པ་བཞིན་དུ་ད་ལྟ་ཡང་སྤྲད་དེ། ཆུ་ཚོད་གཉིས་རིང་སློབ་གྲྭའི་ཕྱི་ཁྱམས་ལ་གད་ཕྱིས་བྱེད་གྲོགས་ཞེས་མངགས་ཡོད། གད་ཕྱིས་བྱེད་མཁན་དེ་ཡ་རབས་ཤིག་ན། ལེགས་པར་བྱེད་ངེས། མ་རབས་ཤིག་གིས་ཀྱང་སྟེས་དབང་གིས་ལེགས་པར་བྱེད་ཐུབ་ན། འབྲས་བུ་མཐོང་ཆོས་སོགས་སུ་རྣམ་པར་སྨིན་པ་བོད་ཀྱི་ལུགས་ལ་རྩིའོ།
ཁང་མིང་ཞེས་པ་དེ་ཁང་མིག་ཅེས་ཀློགས།
སྐུ་ཞབས་ཀླུ་སྨྱོན་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ནི། ༼ཀ་རྩོམ་གླང་མཇེ་ས་གཤགས་༽ཞེས་པ་དེ་མ་རེད་དམ། དེའི་སྐོར་ལ་ཕྲན་དཔྱད་ཅིག་བྱུང་ན་ཅིས་མ་རུང་།