རྩོམ་རིག་ལ་དགའ་བའི་གཞིས་བཞུགས་གྲོགས་པོ་ཞིག་ལ་ཕུལ་བ།
བེ་རི་འཇིགས་མེད།
གྲོགས་ པོ་ལགས། གལ་ཏེ་ཁྱོད་རང་རྩོམ་པ་པོ་ཞིག་བྱེད་འདོད་ན། དེ་ནི་འཇིག་རྟེན་འདིའི་བྱ་བཞག་མཐའ་དག་ལས་བཟང་ཤོས་ཡིན་པས། ངས་ཀྱང་ཁྱོད་ལ་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན།
ཀྱེ། གྲོགས་པོ་ལགས། མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད་ཀྱང༌། རྩོམ་རིག་ནི་འཕགས་ཡུལ་གྱི་སྙན་ངག་པ་ཙན྄དྲ་གོ་མིས།
གང་ཕྱིར་མཁས་པའི་ལས་གསུམ་ལས།།
རྩོད་འཆད་ངག་ལ་མ་ངེས་པ།།
སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།།ཞེས་པ་དང༌།
རྗེ་ཙོང་ཁ་པ་ཆེན་པོས།
རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།།
ཞེས་ པའི་རྩོམ་ཚིག་འདིས་རྩོམ་རིག་གི་འཇིག་རྟེན་ཉུལ་བ་ནི་མཁས་པའི་བྱ་བ་ཀུན་གྱི་ ནང་ནས་རབ་དང་ཕུལ་དུ་བྱུང་བར་ངོས་འཛིན་གནང་ཡོད་པས། ནོར་བུའི་རིན་ཐང་ངོ་ཐག་ཆོད་པ་ཞིག་གནང་དགོས།
ཀྱེ་ གྲོགས་པོ་ལགས། ཁྱོད་རང་རྩོམ་རིག་གི་འཇིག་རྟེན་ཉུལ་ནས་སྒྱུ་རྩལ་དང་ཉམས་འགྱུར་གྱི་ཚེ་སྲོག་ འཚོལ་འདོད་ན། གཟབ་དགོས་པ་གཅིག་ཡོད་པ་དེ་ནི། བ་ལང་དང་ར་ལུག་ལ་འཚོ་སྐྱོང་མཁས་པའི་ཕྱུགས་རྫི་སྐོར་གཅིག་གིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ན།།གཞུང་ལུགས་རྣལ་མ་སློབ་པའི་གེགས་བྱེད་ ཡིན། ཞེས་པའི་རྗེ་གུང་ཐང་ཚང་གི་སྡོམ་ཚིག་དེ་སྐྱོར་ནས་ཁྱོད་ལ་ཁ་བགྲད་སྣ་བསྙེར་ བྱེད་ངེས་ཀྱང༌། ཁྱོད་ཀྱིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་རྨོངས་ན།།རང་ཉིད་ལྐུུགས་པ་ཆགས་པའི་སྔ་ལྟས་ཡིན། ཞེས་པའི་ཤུགས་བསྟན་གྱི་སྡོམ་ཚིག་དེས་ཁོང་ལ་འཛུམ་མདངས་ཀྱིས་སྣེ་བསུས་དང༌། ཁྱོད་ལ་རྒྱལ་བ་མ་ཕམ་པས།
རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་སྲིད།།
དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་ཕྱིར།།
བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེ་བརྩོན་བྱ།།
ཞེས་པའི་གསུང་དབྱངས་སྙན་མོས་མི་མངོན་དགའ་ལྡན་ཆོས་ཀྱི་དབྱིངས་ནས་རྒྱལ་ཁའི་བདེན་དཔང་ཞིག་གནང་ངེས་ལ། ས་པཎ་གྱིས།
རང་བླློ་ཤེས་བྱའི་གནས་ལ་མ་བསླབས་ན།།
ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌།།
ཞེས་ པའི་རྡོ་རྗེ་ཕ་ལམ་གྱི་ཐོ་བ་ལྕི་མོ་འདིའི་རིན་ཐང་དང་ནུས་ཤུགས་ཀྱིས་ཁྱོད་ལ་ བདེན་ཁ་སྦྱིན་པ་མ་ཟད། ཕྲག་དོག་དང་རྨོངས་རྫོང་བརྩེགས་པའི་སེམས་ཁམས་ཀྱི་བྲག་རི་གཏོར་བའི་རྣོ་ལྕགས་ ཀྱི་མེ་ལྕེ་ཞིག་ཀྱང་འབར་ངེས།
ཀྱེ་ གྲོགས་པོ་ལགས། ཚིག་ཕྲད་དང་རྣམ་དབྱེ་ལྟ་ཅི། ཐ་ན་བཅད་མཚམས་དང་སྦྱོར་ཀློག་ལ་རྨོངས་ཤིང༌། ས་རྟགས་དང་རང་མིང་སྨྱུག་རྩེ་ནས་མི་འཐོན་པའི་རིག་པའི་དབང་ཕྱུག་པཎྜིཏ་དེ་ཚོས་ ཤེས་བྱའི་གནས་ལུགས་དང་རང་གི་མི་ཚེ་བདེན་པར་མ་གྲུབ་པར་ཐག་བཅད་རྗེས། རང་ཉིད་གང་གི་མཚན་གཞི་ཡིན་པ་མི་མཁྱེན་པས། ཁྱོད་ཀྱིས་ཁོང་ལ་བསྟན་དར་ལྷ་རམས་པས།
མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན།།
སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།།
རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན།།
ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན།།
རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།།
དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།ཞེས་པ་དང༌།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།
རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དཀའ།།
མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ།།
ཞེས་ པའི་གཏན་ཚིགས་འདིའི་ཐོག་ནས་རང་ཉིད་གང་གི་མཚན་གཞིར་སོང་བའི་གནས་ལུགས་མཛུབ་ སྟོན་ཐེངས་གཅིག་གནོངས་དང༌། ཁྱོད་ལ་ལེགས་གསོལ་གྱི་དངོས་འབུལ་མེད་ཀྱང༌། དགོངས་དག་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་འབོད་སྒྲ་མེད་པའི་སེམས་ཁོང་ནས་འབབ་ ངེས། གལ་ཏེ་ཁྱོད་རང་དགུན་གསུམ་གྱི་འཁྱགས་རྒོད་དང་གཙང་འགྲམ་གྱི་རྡོ་ལོག་ལམ་ མཁྲེགས་པའི་ཀླད་རྙིང་གི་རྒྱ་རྫོང་ལ་གཏན་ཚིགས་ཀྱི་མེ་སྒྱོགས་ཇི་ཙམ་རྣོ་ཡང་ འཐོར་ཞིག་མི་ཐུབ་པར་གཞི་ནས་སུན་སྣང་ཞིག་སྐྱེ་སྲིད་ཀྱང༌། དེ་ནི་ཁྱོད་ཀྱི་ལས་དབང་གི་བགོ་སྐལ་གཅིག་པོ་མིན་ཏེ། དབྱངས་ཅན་མའི་མགྲིན་པ་ལ་འཁྱུད་ཉེས་ནས་ཛམ་བྷ་ལའི་བཀའ་ཆད་ཕོག་པའི་ཁེར་རྐྱང་ གི་རྩོམ་པ་པོ་ཞིག་གིས།
མངོན་གྱུར་མཛུབ་མོས་སྟོན་ན་མིག་ཟུང་བཙུམས།།
ལྐོག་གྱུར་རྟགས་ཀྱིས་སྒྲུབ་ན་རྣ་བ་འགེབས།།
ཡིན་ལུགས་ཁད་ཀྱིས་འཚོལ་ན་ཁྲེལ་དགོད་བྱེད།།
སྲ་མཁྲེགས་གོར་མའི་ཀླད་རྒྱ་ཅན་དེ་མཚར།།
ཞེས་པའི་སྙིང་ཁོང་གི་སུན་སྣང་མཚོན་པའི་ཟིན་ཐོ་ཉིན་དེབ་ལ་བཀོད་མྱོང་བ་དེས་ཁྱོད་ལ་རམ་འདེགས་དང་སེམས་གསོ་ཞིག་གནང་ངེས།
ཀྱེ་ གྲོགས་པོ་ལགས། ཁྱོད་ཉིད་ཕེབས་སའི་རྩོམ་རིག་གི་ལམ་སྣེ་དེ་ན། རྙིང་ལུགས་མཁྲེགས་འཛིན་གྱི་འགག་འཕྲང་དང༌། དེང་ལུགས་ཨ་གསར་གྱི་གཡང་གཟར་ཤིན་ཏུ་མང་བས། ཁྱོད་ཀྱིས་དུས་རབས་ཀྱི་བྱེས་འབྱོར་སྙན་ངག་པ་སྨྱོན་པའི་མིང་ལ་དགའ་བ་ཞིག་གིས་ བྲིས་པའི།
གངས་ཅན་རང་མོས་སྲོལ་འབྱེད་དོན་འགྲུབ་རྒྱལ།།
སྒྱུ་རྩལ་རིག་པའི་དབང་ཕྱུག་སྨན་བླླ་སྐྱབས།།
རྩོམ་རིག་དབུ་མའི་ལམ་སྟོན་འཇུ་སྐལ་བཟང༌།།
ཨ་མའི་བུ་རྒོད་གསུམ་ལ་གསོལ་བ་འདེབས།།
ཞེས་ པའི་དྲན་རྟེན་གྱི་སྡོམ་ཚིག་འདི་ཉིད་ལམ་ཡིག་མཛད་ནས། གནའ་རབས་མཁས་པ་ཚོར་ཁྲེལ་དགོད་དང༌། དེང་རབས་སྒྱུ་རྩལ་བ་ཚོར་མཐོང་ཆུང་མེད་པའི་ལམ་ཕྲན་དེ་བརྒྱུད་ནས་ཕེབས་དང༌། ཁྱོད་ཉིད་རྩོམ་རིག་གི་ཞིང་ཁམས་ལ་སླེབས་ངེས་ལ། སྒྱུ་རྩལ་གྱི་དགའ་མ་ལ་འཐམ་འཁྱུད་ཀྱང་བྱེད་ནུས་པས། དེ་དུས་ཁྱོད་ཀྱིས་སྙིང་ཁྲག་དང་མིག་ཆུ་བསྲེས་པའི་རྩོམ་བྲིས་རེ་རེས་འཇིག་ རྟེན་ཟླུམ་པོ་འདིའི་གསང་བ་བརྟོལ་ནས་ཨ་མེས་དང་ཡང་མེས་ཚོའི་གདོད་མའི་བླླ་ སྲོག་དང་ཞབས་རྗེས་རྙེད་པ་ཡིན་ལ། འཛམ་གླིང་ཟླུམ་པོ་འདིའི་ཆགས་འཇིག་ཀྱི་དབྱངས་རྟར་སྐྱོན་པའི་རྩོམ་པོའི་རུ་ སྣེ་དེར་ཚུད་པ་ཡིན།
ཀྱེ་ གྲོགས་པོ་ལགས། འཇིག་རྟེན་འདིར་མཐོང་ཚད་འཁོར་བའི་འཆིང་རྒྱ་དང་ཐོས་ཚད་ཐར་བའི་བཀག་རྡོར་འཛིན་ པའི་དཔུང་སྡེ་ཁྱུ་གཅིག་གིས། ཁྱོད་ལ་ལྟས་ངན་དང་ལྟ་ལོག ཀླ་ཀློ་དང་ཆོས་མེད། འདུ་འཛི་དང་ཆོ་མེད་སོགས་ཀྱི་ཁ་དམག་བྱ་རྒོད་འཚུབ་པ་ལྟར་རྒྱག་ངེས་ཀྱང༌། དགེ་ཆོས་སྨྱོན་པས། གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར། རིག་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག །ཅེས་པའི་བཟི་གཏམ་གྱི་ལེགས་བཤད་འདི་བཙན་རྫོང་མཛོད་དང༌། ཁྱོད་ཀྱི་དམ་བཅའི་ཚེ་སྲོག་ལ་གཞོམ་གཞིག་མི་ནུས་པ་མ་ཟད། གང་ལའང་སྙིང་པོ་མེད་པར་ལྟ་བའི་མཐའ་མཇུག འཇིག་རྟེན་འདིར་སྙིང་པོ་ཡོད་པའི་བྱ་བཞག་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པར་མི་ ཚེའི་རིན་ཐང་སྟོང་པ་ཉིད་ལ་ཐིམ་པའི་ཕམ་ཁའི་རྡོག་ཁྲེས་ལྕི་བོ་ཞིག་ཁུར་ནས་མི་ ཡུལ་གྱི་འཇིག་རྟེན་འདིར་གྱེས་མཇལ་བྱེད་སའི་ལམ་སྣེ་དེ་ནས་ཁྱོད་ལ་སླར་ཡང་ཁ་ བཏགས་དང་མཎྜལ་མེད་ཀྱང་ནོངས་འགྱོད་ཀྱི་བཤགས་སྡོམ་ཞིག་འབུལ་སྲིད།
ཀྱེ་ གྲོགས་པོ་ལགས། ཁྱོད་རང་རྩོམ་པ་པོའི་དཔུང་སྡེ་ལ་ཞུགས་པའི་ཉི་མ་དེ་ནས་ཁྱོད་ཀྱི་ཕྱག་ཏུ་སྒྱུ་ རྩལ་དང་ཚོར་བ་བརྡར་བའི་སྨྱུ་གུའི་མཚོན་ཆ་ཞིག་ཐོབ་པས། དེ་ནས་བཟུང་ཁྱོད་ཀྱིས་སྤྱི་ཚོགས་དང་ཁོར་ཡུག་གི་སྐྱོན་ཡོན་ཡོ་སྲོང་དང༌། དགེ་འདོན་སྐྱོན་སེལ། གོ་སྐོན་ར་སྤྲོད། སྙིགས་འདོར་བཅུད་ལེན་སོགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་དང་ཟུངས་ཁྲག་གཏའ་མ་ལ་ བཞག་ནས་མདུན་མཆོང་གནང་བ་ལས། སྒེར་དོན་གཅེས་འཛིན་དང༌། ངོ་དགའ་སྤྲེལ་ལད། རང་རྒྱལ་གཞན་ཕམ་སོགས་ཀྱི་བྱང་ཐང་གི་ཁ་བའི་སླུ་བྲིད་དང༌། བྱེ་ཐང་གི་སྨིག་སྒྱུའི་གཡོ་འཕྲུལ་ལ་རེ་བཅོལ་དང་ཡིད་ཆེས་རྨི་ལམ་དུ་ཡང་གནང་ མི་ཉན། སྨྲ་བརྗོད་དང་རྩོམ་རིག་གི་རང་དབང་འདིའི་ཆེད་དུ་རང་གི་ཟུངས་ཁྲག་དམར་པོས་ གཤིན་ཐང་བརླན་མྱོང་བའི་གདོང་མཆོང་གི་གསར་བརྗེའི་སྙན་ངག་པ་ལུའུ་ཞུན་གྱིས། དབང་འཛིན་པའི་དགྲ་བོ་ལྟེ་བ་དེ་རྩོམ་པ་པོ་ཡིན། ཞེས་པའི་གཏན་ཚིགས་འདི་ཁྱོད་ཀྱི་སྨྱུག་རྩེ་དང་ཁ་བྲལ་ཐབས་མེད་པའི་རྩ་ཚིག་ཡིན་ ལ། དེ་ནི་རྩོམ་པོའི་ཚེ་སྲོག་དང་འབྲེལ་བའི་དབང་རྩ་ཞིག་ཀྱང་ཡིན་པས། ཁྱོད་ཀྱིས་སྨྱུག་རྩེའི་མེ་མདའ་ཁ་ཕྱོགས་གང་ལ་གཏད་དགོས་པའི་ལམ་སྟོན་ཀྱང་ཡིན་ ནོ།།
ཀྱེ་ གྲོགས་པོ་ལགས། སླད་ནས་མཇལ་ཡོང༌། སྒྱུ་རྩལ་དང་ཚོར་བ་བརྡར་བའི་ཞིང་ཁམས་ནས་མཇལ་ཡོང༌། སྙིང་ཁྲག་དང་མིག་ཆུས་བརླན་པའི་སྨྱུག་རྩེ་ནས་མཇལ་ཡོང༌། བདེན་རྫུན་གྱི་དབྱེ་མཚམས་དང་ལོ་རྒྱུས་ཀྱི་མཇུག་སྣེ་ནས་མཇལ་ཡོང༌། མིག་ཆུ་དང་དགོད་སྒྲ་བསྲེས་པའི་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་དེར་མཇལ་ ཡོང༌། ཅིས་ཀྱང་མཇལ་ཡོང༌། ཀྱེ་གྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས།།
༼ལྡུམ་ར༽། ཐོག་བཀོད།
༄༅།། རྒན་ལགས་སམ་་རྩོམ་པ་པོ་བེ་རིམཆོག་ལ་བཞུ་འདོད་པ་ཞིག་ནི༌། ཁོ་བོ་ནི་ད་ལྟ་རྩོམ་པ་པོ་ཞིག་མིན་ཡང་རྩོམ་རིགས་གི་ཞིང་ས་དཀྱེལ་པོར་ཉུལ་བར་ཤིན་ཏུ་ནས་འདུན་པ་ཆེ་བའི་ཤེས་གཉེར་བ་ཞིག་ཡིན་མོད།་ ཡིན་ཡང་མདུན་བསྐྱོད་ཀྱི་ལམ་་སྣེ་ནི་དཀའ་བ་བྲརྒྱ་ཁྲག་ལས་འགྲུབ་པ་ཞིག་ཡིན་པས་ཤིན་ཏུ་ནས་གཀའ་འོ༌། དེ་ལས་ལྡོག་ཏེ་་ཁྱེད་ནི་རྩོམ་རིག྄ས་ཀྱི་ཐོག་ལ་གཞན་འདྲིང་མི་འཇོག་པ་ཞིག་ཡོད་་པས།་དེའི་ཐོག་ལ་ལམ་བསྟོན་དང་བཀའ་སློབ་གང་མང་ཡོང་བ་ཞུ།
བེ་འཇིགས་ལགས། ཁྱེད་ཨི་བདེ། ཉིད་ཀྱིས་བྲིས་པའི་གོང་བཀོད་ཀྱི་རྩོམ་ཐུང་དེར་བརྒྱ་མདུན་གཉིག་ནས་གོ་རྒྱུ་འདུག་ག། སྙན་ངག་ལ་ཚིག་དོན་གཅིག་དང་ལྐོག་གྱུར་གྱི་གོ་དོན་གཅིག་ཡོད་ཅེས་གྲགས་པ་དི་ཅི་མི་བདི། མ་ཚེད། བརྡ་རྙིང་གྱིས་མ་ལྷད་པ་མི་ཀུན་ནས་ཀློག་ཐུབ་པ་བཟོ་རྒྱུ་དེ་འབྲི་པ་པོས་ཀློག་པ་པོར་སོོམས་དགོས་པའེ་གཞི་རྩ་གལ་འགངས་ཆེ་གྲས་ཤིག་བརྩི་དགོས་སྟགས་ཁྱེད་ཀྱིས་དེ་ལྟར་བྲིས་ཡོད་པ་སྙམ། རང་གིས་འཆར་སྣང་འགའ་མྱུར་དུ་མཆན་བྲིས་པ་ལས་རྩོམ་དོན་ལྟར་བསྡད་ཡོད་མེད་དྲ་ཤ་ཚོས་མུ་མཐུད་དེ་དཔྱད་ཞིབ་རེ་འབྲི་དགོས། ཡང་སངས་རྒྱས་ལ་ཀ་ཁ་བསླབ་པའི་བསམ་མནོ་འདྲ་ཆགས་ཡོད་ན་བཟོད་སྲན་ཞུའོ།
སླད་དུས་ན་རག་ན་རྗེས་སུ་མཇལ་ཡོང་། ད་བདི་པོ་ཤོག།
བདི་ནི་བདེ་ལ་དག་བཅོས་དགོས། ངོ་མ་ཐེངས་དང་པོར་དྲ་ཐོག་འཛུལ་སྐབས་དགའ་རོགས་མཉམ་དུ་ཉིན་དང་པོར་ལྡུམ་རྭ་ནང་སྙིང་གཏམ་བཤད་ཆས་པ་དང་གཅིག་རེད་འདུག་ག། སྐྲག་གིན་སྐྲག་གིན་སྤྲོ་་སྣང་ཞིག་ཀྱང་མཆིས།
དྲ་ དཔོན་ལགས། བལྟས་བལྟས་རིག་རིག་ལ་དྲ་རྩོམ་ཁ་ཤས་ཤིག་མེད་པ་ཆགས་འདུག དེའི་རྒྱུ་མཚན་ཤེས་མ་བྱུང༌། ཡང་བསྐྱར་རྩོམ་རིག་ལ་སྐུལ་བའི་དྲིལ་བརྡ་འདི་ཉིད་སྐྱར་འཇུག་བྱས་པས་ཐད་ཀར་ཆས་ སོང༌། གལ་ཏེ་དེ་ནས་བསུབས་པ་འདྲ་ཡིན་ན་ནི། མ་སུབས་རོགས་ཞུ་རྒྱུ་ཡིན། མདའ་མཚན་པ་ལྟ་བུའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གི་ལྟེ་གནས་གལ་ཆེ་དེ་ འདྲ་གཏོར་རྒྱུའི་བློ་ཁོག་ཡོད་མཁན་ཡིན་ན།ལ྄ྟེ་གནས་ཁང་ཆེན་པོ་དེ་འདྲ་གཏོར་སར་ ཕེབས་རྒྱུ་ལས། ཉམ་ཆུང་མིའི་དྲ་ཡིག་ནག་བསུབས་གཏོང་ན་ཕན་ཐོགས་གང་ཡང་མེད། དེ་བས་རང་ཉིད་མི་དགའ་ས་དེ་ཚོའི་དྲ་རྩོམ་རེ་གཉིས་སླེབས་ཚེ། དེ་ཚོ་ལ་རྒྱུ་མཚན་འདང་མིན་ལ་མ་ལྟོས་པར་ཁ་རྡུང་ཚིག་རྡུང་འདྲ་རེ་གཉིས་གཏོང་ ནས་སྡོད་ན་སྣང་བ་སྤྲོ་བོ་ཡོང་ངེས། གོ་ཨེ་ཐལ།
གངས་ཅན་རྩམ་པའི་སྤག་ལ་འཚིག་དྲི་དྲོ་།།
དངོས་སྟོབས་རིག་པའི་ཤིང་རྟའི་འཁོར་ལོ་ཆག།
ཆོས་སྲིད་འདྲེས་མའི་ཨ་རག་འཐུང་དྲགས་ནས།།
བེར་འཇིགས་སྨྱོས་པས་སྙན་ངག་རྐུ་མ་ཤོར།།
ཁོ་རེ་ཀུ་རེ་ཡིན་དོ།
མེ་སྒྱོགས་རྒྱོ་རྒན་ལགས། ཁྱོད་ཀྱི་གྲོགས་པོ་མེཀ་སི་ཀོའི་བུ་མོའི་རྐུབ་ཁོལ་གྲྭ་ལོག་ལྟ་ལོག་སྲིད་ལོག་དེ་ཚོར་ཚིགས་བཅད་འདིའི་གོ་དོན་དྲན་གསོ་རེ་གཏོང་རོགས།
རི་བོ་སྒང་དྲུག་ལྗོངས་ནས་རི་དྭགས་བཞིན་འཁྱམས་ཏེ།།
ཐག་རིང་རྒྱུས་མེད་མི་ཡི་རྒྱལ་ཁམས་སུ་སླེབས་ནས།།
མདོ་མེད་འཕྱོར་མོའི་ཕྱོགས་ལ་རང་སེམས་དེ་ཤོར་ནས།།
དྲིན་ཅན་ཕ་མ་བརྗེད་པའི་བུ་རུལ་ང་སྐྱོ་བ།།
—དགེ་འདུན་ཆོས་འཕེལ།
འཆི་བདག་སྐྱབས་ནས། ཁྱོད་ཀྱི་དགོངས་འཆར་གནང་བ་ཐུགས་རྗེ་ཆེ། རྩོམ་རིག་ནི་རང་ངོས་ནས་བག་ཆགས་སེལ་སྟོབས་ལ་གཙོ་བོ་རགས་ལས་པ་ལས་ལམ་སྟོན་ཙམ་གྱིས་ཡོང་གི་མེད་པ་འདྲ། ཡིན་ནའང་དེ་སྔོན་བྲིས་ཟིན་པའི་ཚིག་འཁྱོགས་ཕན་ཐོགས་ཡོད་མཁན་ཡང་ཁ་ཤས་ཡོད་སྲིད་པས། དསེ་རིགས་དྲ་ཐོག་ཏུ་འགོད་ཆོག་ཞུ་རྒྱུ་ཡིན།
འཆི་བདག་སྐྱབས་ལགས། ཁྱོད་ཀྱི་དགོངས་འཆར་གནང་བ་ཐུགས་རྗེ་ཆེ། རྩོམ་རིག་ནི་རང་ངོས་ནས་བག་ཆགས་སེལ་སྟོབས་ལ་གཙོ་བོ་རགས་ལས་པ་ལས་ལམ་སྟོན་ཙམ་གྱིས་ཡོང་གི་མེད་པ་འདྲ། ཡིན་ནའང་དེ་སྔོན་བྲིས་ཟིན་པའི་ཚིག་འཁྱོགས་ཕན་ཐོགས་ཡོད་མཁན་ཡང་ཁ་ཤས་ཡོད་སྲིད་པས། དསེ་རིགས་དྲ་ཐོག་ཏུ་འགོད་ཆོག་ཞུ་རྒྱུ་ཡིན།
གངས་ཅན་རྩམ་པའི་དཀར་མདོག་དྲོ་བའི་བེ།།
དངོས་སྟོབས་རིག་པའིདཔའ་ཞིང་སྡུག་མི་འཇིགས།།
ཆོས་སྲིད་གཉིས་ལ་མཁས་པའི་ཤིས་རབ་དབང་།།
བེ་རི་ལྟར་བའི་གང་ཟག་འདི་ལ་དཀོན།།
མེ་སྒྱོགས་རྒྱ་མཚོ་ཟེརབ་ཁྱེད་ངན་ཤོག། ཁོ་རེ་གོ་ཨི་ཐལ། རྒྱུ་མཚན་དང་ལྡན་པའི་ཐོག་བསྔགས་པ་ལསཀུ་རེ་ཚུལ་དུ་བྲིས་མེད་ད།
མཆན་༦༽་པ་ལ
མཁའ་འགྲོ་མཚོ་ལགས། ཁྱེད་རང་གི་ཞལ་མཆུ་ལྷེབ་ལྷེབ་དེར་བདག་པོ་བསྐྱོན་མ་ཐུབ་ན་ངས་བེར་འཇིགས་དགེ་བཤེས་ཀྱི་མདུན་དུ་ཁྱེད་རང་གིས་མདང་དགོང་གི་བྱས་ཉེས་ཡོད་ཚད་ཞིབ་ཅིང་ཕྲ་བར་འདིར་འགོད་རྒྱུ་ཡིན་དོ། དེ་དུས་འཆལ་གཏམ་གྱི་སྡིག་པ་ཚང་མ་ཁྱེད་རང་གིས་འཁུར་དགོས་རྒྱུ་རེད། སྡིག་པ་ཅི་མི་ཤེས། ཁྱེད་རང་གིས་བྱེད་སྟངས་དེ་དག་འདིར་ཤོད་དགོས་ན་འཚེར་སྣང་ཞིག་སྐྱེས་ཀྱི་འདུག
མཁས་དབང་དགེ་ཆོས་ཀྱི་ཚིག་བཅད་དེ་གང་ན་བརྩམས་པ་རེད། ཀ་ལི་ཀ་ཏར་ཨེ་རེད། ཁོང་དེ་གར་བཞུགས་དུས་འདོད་པའི་བསྟན་བཅོས་བརྩམས་པ་རེད་དཱ། མ་འོངས་པ་ངས་བསྟན་བཅོས་དེ་ཚན་རིག་གི་ལམ་༼ཧཧཧཧཧ༽་ནས་ཞིབ་འཇུག་བྱེད་ས་དེ་མན་ཇུ་གྲི་ལ་རེད་དཱ། ཁྱེད་རང་གི་མིང་ཐོ་ཐོག་མར་འཇོག་ཆོག་ལོ། སེམས་ཁྲེལ་མ་བྱོས་ཤིག་ལོ། ཁྱེད་རང་གི་ཚིག་བཅད་འདིར་བཀོད་པ་དེ་ལ་འབྲེལ་བ་མི་འདུག་ཟེར་ལོ།
ལྷ་རྟ་དཀར་པོ་ལགས། ངས་ཁྱེད་གི་རྟ་སྲབ་འཐེན་ནས་ཁ་ལོ་བསྒྱུར་ན་མ་གཏོགས་ཁྱེད་རང་འགྲོ་ཤེས་ཀྱི་ཡོད་ཚད་མིན་འདུག ཡག་པོ་ལྟོས་དང་། བེར་འཇིགས་ཀྱིས་སྙན་རྩོམ་རྐུ་ཤོར་འདུག་གསུངས་ནས་སྐད་རྒྱག་གིན་མི་འདུག་གམ། ངའི་ཚིག་བཅད་དེ་བེར་འཇིགས་ལ་དམའ་འབོད་རེད་དང་གང་རེད་ཁྱེད་རང་གིས་ཁ་ཕྱོགས་གང་ནས་བལྟ་འདོད་པ་དེ་རེད། མ་རེད་དམ། མགོ་གཞུག་སློག་ནས་ཀློག་དང་། འཕྲེད་ལ་ཉལ་ནས་ཀློགས་དང་། མ་གཞི་ནས་ངས་མི་ཤེས་པ་གཅིག་ནི་སྙན་ངག་འབྲི་རྒྱུ་དེ་རེད།
གཅིག་བྱས་ན་ཁྱེད་རང་བེ་རི་རྒྱལ་པོའི་ཆིབས་རྟ་ཡིན་སྲིད། རྩེ་མོ་བྱས།
གངས་ཅན་མཁས་པའི་གཙུག་ན་བད་ཐོར་འཁྲུངས།།
དངོས་སྟོབས་རིག་པའི་བཅོས་ཐབས་ལ་བརྟེན་ནས།།
ཕྱི་ནང་ལུགས་གཉིས་འཛིན་པའི་མེ་སྒྱོགས་ཀྱིས།།
མེ་བཙག་འཇོག་གྱིན་འཇོག་གྱིན་ནད་གཞི་བཅོལ།།
དགོངས་དག་བེར་འཇིགས་ཐུགས་ལ་མ་ཕོག་རོགས།།
ཁྱེད་ཀྱི་ཆིབས་རྟ་དཀར་པའི་བཤང་ལམ་འདི།།
སྡོད་ཚུགས་མེད་པར་རྙང་བཤལ་འཆེག་འགྱུར་ན།།
རྟ་ལྕགས་བརྒྱ་ཡིས་ཉེན་ཆད་གཏང་རྒྱུ་ཡིན།།
མེ་སྒྱོགས་རྒྱོ་རྒན་ལགས། དགེ་ཆོས་ཀྱི་རྩོམ་ཆོས་དེ་ཁྱོིད་ལ་ཞུས་པ་མིན། དེ་ཁྱོད་ཀྱི་གྲོགས་པོ་དེ་ཚོ་ལ་ཞུས་པ་ཡིན།
ཕྱིེར་སྡོད་བོད་རིགས་མེ་སྒྱོགས་རྒྱོ་རྒན་ལགས༎
སྲེད་པའི་མེ་སྒྱོགས་རྒྱག་འདོད་དངོས་ཡིན་ན༎
ཉམཆུང་བོད་མོའི་ཁ་ལ་རྒྱག་པ་ལས༎
སྐྲ་སེར་བུ་མོའི་རྐུབ་ལ་རྒྱག་རོགས་གྱིས།
ཨ་ཅང་རྩེད་མོ་ཡིན་གོ་ གྲོགས་པོ་མེ་སྒྱོགས་ལགས།
འདིར་རྩོམ་རིག་གི་ཉམས་མྱོང་ཅུང་ཟད་གླེང་ན། རྩོམ་པ་པོ་ནི་མིའི་སྤྱི་ཚོགས་ནང་གི་བསམ་བློའི་ཁྲིམས་དཔོན་ཡིན། རྩོམ་པ་པོ་ལ་སྔོན་འགྲོའི་ཆ་རྐྱེན་གསུམཚང་དགོས།
དང་པོ། བརྗོད་བྱེད་ཀྱི་ཆ་རྐྱེན་སུམ་རྟགས་དག་གསུམ་དང་མངོན་བརྗོད་སྡེབ་སྦྱོར་ཚིག་རྒྱན་ནམ་སྙནངག་བཅས་ཤེས་དགོས།
གཉིས་པ། བརྗོད་བྱའི་ཆ་རྐྱེན་ཆོས་སྲིད་གཉིས་དང་རང་བྱུང་ཁོར་ཡུག་ སྲོག་ཆགས། སྤྱི་ཚོགས་ཀྱི་གནས་ཞབས་སོགས་ཤེས་དགོས།
གསུམ་པ། བསམ་བློའི་ཆ་རྐྱེན། མང་ཚོགས་ཀྱིས་བསམ་བློའི་སྐུ་ཚབ་དང༌། ངན་སྲོལ་ཐེར་འདོན་དང་སྐྱོན་ཡོན་ཡོ་སྲོང་གི་ཆེད་རང་གི་ཁེ་ཕན་བློས་བཏང་ཐུབ་པའི་ལྟ་བ་ཁྱེར་དགོས། རྩོམ་ཡིག་འབྲི་སྟངས། རྩོམ་ཡིག་འབྲི་སྟངས་ཀྱི་ཐད་ཡུལ་དུས་ལ་བརྟེན་ནས་རྩོམ་ཡིག་གི་འགྱུར་འགྲོས་ཀྱང་འདྲ་མིན་གྱུར་ཏེ།
དང་པོ། གནའ་རྩོམ་ནི་བསམ་བློ་དང་ཚིག་སྦྱོར་བརྗོད་གཞི་གསུམ་ཀ་སྲོལ་རྒྱུན་དང་འབྲེལ་བའི་རྩོམ་ཡིག་ལ་ཟེར།
གཉིས་པ། དེང་རྩོམ་ནི་དུས་རབས་ཀྱི་བསམ་བློ་དང་ཚན་རིག་ལྟ་གྲུབ་ལྡན་པའི་རྩོམ་ཡིག་ལ་ཟེར།
གསུམ་པ། རྩོམ་ཡིག་གི་སྒྲིག་གཞི། རྩོམ་ཡིག་འབྲི་བའི་སྐབས་བརྗོད་གཞི་གང་ཞིག་གཏན་འབེབས་བྱས་པ་དེ་ཉིད་རྩ་འཛིན་བྱས་ཏེ། བརྗོད་དོན་ཁ་གསལ་ཞིང་གོ་བདེ་བ། བརྗོད་ཚིག་ཉུང་ཞིང་རྡོག་སྒྲིལ་བ། སྔ་ཕྱི་གོ་རིམ་ཡོད་པ། བརྗོད་གཞི་དང་མ་འབྲེལ་བའི་ཚིག་རྙོག་མེད་པ། བརྗོད་ཚིག་ཡོངས་རྫོགས་བརྗོད་གཞིའི་ཐོག་ཏུ་བཞ་ཐུབ་པ། བརྗོད་དོན་གྱི་གནས་ལུགས་གཏིང་ཟབ་ཏུ་གཏོང་པ་བཅས་དགོས།
བཞི་པ། རྩོམ་ཡིག་གི་བརྗོད་གཞི་གཏན་འབེབས་བཟོ་སྟངས། རྩོམ་ཡིག་མ་བྲིས་པའི་སྔོན་དུ་རྩོམ་པ་པོས་གང་ཞིག་འབྲི་འདོད་པ་དེའི་ངོ་བོ་དང་ཁྱད་ཆོས་ནུས་ཤུགས་སོགས་གཏན་འབེབས་བྱེད་དགོས། དཔེར་ན། བོད་ཀྱི་ཞིང་ཁམས་ལ་བསྟོད་པའི་རྩོམ་ཡིག་ལྟ་བུ་ཞིག་ལ་མཚོན་ན་ཡུལ་ལྗོངས་ཀྱི་གངས་རི་དང༌། རྫ་རི། སྤང་རི། དེ་བཞིན་རྩྭ་ཤིང་ནགས་ཚལ། མཚོ་དང་གཙང་པོ། ཡུལ་ལྗོངས་ཀྱི་བཟོ་དབྱིབས། དུས་ཚིགས་དང་གནམ་གཤིས་ཀྱི་འགྱུར་རྡོག་ ། ཤིང་འབྲས་དང་ལོཏོག་ ། མེ་ཏོག་དང་འབྲས་བུ། གཅན་གཟན་དང་རི་དྭགས། བྱ་དང་བྱེའུ། གསེར་དངུལ་ཟངས་ལྕགས། རང་བྱུང་ཁམས་ཀྱི་ཐོན་ཁུངས་རྟ་མཛོ་ར་ལུག་སོགས་སྒོ་ཕྱུགས་བཅས་ཀྱི་གནས་བཞ་ལ་ཞིབ་འཇུག་གིས་གཏན་ལ་ཕབ་རྗེས་གཞི་ནས་རྩོམ་ཡིག་འབྲི་དགོས།
ལྔ་པ། རྩོམ་པ་པོའི་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་ཐབས། རྩོམ་པ་པོས་བརྗོད་གཞི་གང་ཞིག་བཟུང་བ་དེའི་ཐོག་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་བའི་ཆེད། བརྗོད་གཞི་འམ་དོན་རྐྱེན་དེའི་རྒྱུ་རྐྱེན་དང་གང་དུ་ག་དུས་ཇི་ལྟར་ཅི་ཞིག ། དེའི་མཇུག་འབྲས་སོགས་དང་འབྲེལ་བའི་རྩོམ་ཡིག་འབྲི་དགོས།
དྲུག་པ། རྩོམ་ཡིག་གི་རྣམ་གྲངས། བོད་ཀྱི་རྩོམ་རིག་ལ་བརྗོད་གཞི་དང་དུས་མཚམས་གང་ཅིའི་ཐོག་ནས་ཞིབ་འཇུག་བྱས་ན་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་ཡོད་པ་དེ་དག་ལས་འགའ་ཞིག་འབུར་དུ་བཏོན་ནས་བཤད་ན།
སྙན་རྩོམ། སྙན་རྩོམ་ཞེས་པ་ནི་ཚིག་སྦྱོར་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་སྒོ་ནས་རྩོམ་པ་པོས་གང་ཞིག་བརྗོད་འདོད་པ་དེ་ཉིད་འབུར་དུ་བཏོན་ནས་ཀློག་མཁན་གྱི་སེམས་ཁམས་ལ་དགའ་སྡུག་གི་ཚོར་སྣང་སྤྲོད་པའི་ཚིག་རྒྱན་གྱི་རྩོམ་ཡིག་ལ་ཟེར་བ་ཡིན། འདི་ཉིད་འགྲོ་བ་མིའི་སྤྱི་ཚོགས་ཐོག་མར་བྱུང་བ་དང་དཔུང་གདོང་མཉམ་དུ་གཤིབ་ནས་བྱུང་བ་ཞིག་ཡིན། འདི་ལ་ནང་བསྲེས་ཀྱི་དབྱེ་བ་ཕྱེ་ན་གདོད་མའི་སྙན་རྩོམ་དང༌། སྲོལ་རྒྱུན་སྙན་ངག རང་མོས་སྙན་ངག་གམ་སྙན་ངག་གསར་པ་བཅས་ཡོད།
མེ་སྒྱོགས་རྒྱོ་རྒན་ལ་ངས་གཅིག་གཤད།
བློ་གཟུ་ལ་གནས་པའི་ཐོག་བེ་འཇིགས་ལ་ཚིག་བཟང་གྱི་ལས་ནསདྲང་གཏམ་གྱི་སྐད་ཆ་གཅིག་བཤད་པར་བེད་མེད་པའི་ལྕཊ་བཙའ་ཅན་གྱི་མེ་སྒྱོགས་ཟེར་པ་དེ་སེམས་པ་སྐྱིད་པོ་རང་བྱུང་མེད་ས་རེད། ངའི་སྐད་ཆ་དེ་ཁྱེད་ཀྱི་མེ་སྒྱོགས་ལས་ཤུགས་ནུས་ཆེ་བ་འགྲོ་རྒྱུ་རེད་རྩ་་བ་ནས་དྲན་མ་སོང་དཀོན་མཆོག་གསུམ། བདོན་པ་ལ་ནུས་ལ་མཆིས་བ་ངོ་མ་རེད་འདུག་ག། ད་སེམས་མ་ཕམ་གོང་ནས་བེད་མེད་མེ་སྒྱོགས་ཁྱེད་བསྡད་མ་ཚུགས་ནས་ལན་རྒྱག་མཁན་ལ་རྒྱག་མ་ཅིག་དོན་མེད་མིའི་བྱུས་གཏོགས་ནང་འཛིལ་པའི་ཉེས་ལས་རེད།
ང་ལྷ་རྟ་དཀར་པོཌྷའི་སྲབ་གྱི་བདག་དབང་རང་ཡིན་པ་མ་ཟད་ཕྱོགས་གང་ལ་འཐེན་པའང་རང་དབང་ཡོད་མཁན་ཞིག་ཡིན། བཙའ་ནད་ཕོག་པཌྷའི་དུས་རབས་བཅུ་དགུའི་མེ་སྒྱོགས་ལགས། དུས་རབས་ཉེ་གཅིག་པའི་ལྷ་རྟ་ངའི་འོད་ཆེམ་ཆེམ་འཕོ་པའི་འཕོངས་ཁྱེད་ཕྱོགས་ལ་སྟོན་ཡོད་པས་རྟ་ལྕག་བརྒྱ་ཐམ་པ་གཞུག་པའི་བློ་ཁོག་འདང་ན། ད་མ་ཆུང་བཙའནད་མེ་སྒྱོགས་ལགས། ཡ་་་་་ཡ་་་་་་་་ཁྱེད་ལ་སེམས་བུ་མི་འདུག་ག། དེ་ན་ངས་དེ་ལ་གཅིན་པ་སེར་པོ་ཞིག་རྟ་སྐྱག་ཚ་པོ་ཞིག་བཏང་ཡོད་པས། མེ་སྒྱོགས་ཀྱི་ཁར་དཀའ་ངལ་མེད་ན་གང་དགའ་གང་འདོད་ལྟར་ལུངས་སུ་སྤྱོད་རོགས། མ་འདང་ན་རྗེས་སུ་ཡང་གཏོང་ཆོག།
ཨ་རོ་ཀུ་རེ་ཡིན་མ་ངུ་་་་་་་་་་་་་་་་་་་
བརྗེད་གླུ་སྐྱོ་བའི་གཞི་མ བཀླགས་པའི་ཚོར་འདུ་དམར་པོ།།
རྒྱལ་ཁམས་དུ་མ་འགྲིམས་ན་ཡང༌།
རང་ཡུལ་གངས་ལྗོངས་བརྗེད་ཐམས་མེད།
མགོ་སེར་སློབ་མར་འགྲོགས་ན་ཡང༌།
ཆོས་གྲོགས་སེམས་ནས་བརྗེད་མ་མྱོང༌།
རྒྱ་ཁྲིམས་དམར་པོ་བཙན་ན་ཡང༌།
རང་ཁྲིམས་སྡོམ་པ་བརྗེད་མ་མྱོང༌།
གློག་ཀླད་ངོ་ལ་ཅེར་ཅེར་ནས།
མཛེས་མ་ཟེར་བ་བརྗེད་དེ་ཐལ།
ཁང་བརྩེགས་མང་པོ་མཐོང་མཐོང་ནས།
སྐྱིད་པའི་སྦྲ་ནག་གྲུ་བཞི་དྲན།
འབྱོར་ཕྱུགས་འགྲན་བསྡུར་མང་དྲག་ནས།
འཇིག་རྟེན་འདི་ལ་ཞེན་མེར་ལངས།
ཁེར་རྐྱང་རྒན་རྒོན་མཐོང་མཐོང་ནས།
བདག་གི་མ་རྒན་བརྗེད་མ་མྱོང༌།
ཡོ་གླིང་སྒྱུ་མའི་འཇིག་རྟེན་ནས།
ཕ་ཡུལ་རི་ཁྲོད་དྲན་ནས་ཡོད།
རྩ་ལྡུམ་སྔོན་པོ་བཟས་བཟས་ནས།
གངས་ལྗོངས་ཤ་མར་རྩམ་གསུམ་དྲན།
སིལ་ཁུ་ནག་པོ་འཐུང་འཐུང་ནས།
འོ་ཞོ་མངར་མོ་དྲན་ནས་ཡོད།
ཕྱི་གླིང་གོས་སློག་གོན་གོན་ནས།
བོད་ལྭ་གོང་ཅན་དྲན་ནས་ཡོད།
ཕྱི་ལྷམ་ནག་པོ་གོན་གོན་ནས།
ཕྱོགས་རེས་མེད་པའི་བོད་ལྷམ་དྲན།།
སྐད་རིག་མང་པོ་སྦྱང་སྦྱང་མཐར།
བོད་སྐད་གཙང་མ་བཟང་བ་ཤེས།
མི་རིགས་མང་པོར་འགྲོགས་འགྲོགས་མཐར།།
གདོང་དམར་བོད་པ་བཟང་བ་ཤེས།
ས་ཆ་མང་པོར་སོང་སོང་མཐར།།
བསིལ་ལྡན་གངས་ལྗོངས་བཟང་བ་ཤེས།
ཡུན་ནས་འགྲོགས་པའི་གྲོགས་མཆོག་སྐུ་ངོ་བེ་རུ་ལགས་དུས་ཚོད་ཀྱིས་དབང་གིས་ཁ་བརྡ་འདི་ནས་འཇོག་དགོས་བྱུང་བའི་མགྱོགས་པར་མཇལ་ཡོང།
བྲག་སྨྱོན་ཡ་མ་ར་ཛཱས་ཕུལ།།
མཆན་༡༣་པར་མཁའ་འགྲོ་མཚོ་ལ་ཕུལ་བ།
༼ཨར་མོ༽
སྐྲ་སེར་སྟུ་དཀར་སྟུ་སྤུ་སེར་པོའི་གསེང་།།
བོད་ཀྱི་སྒྱོགས་འདི་རྒྱག་རྒྱུ་མང་དྲགས་ནས།།
ཉི་མའི་འོད་དང་བསྡེབས་ནས་བལྟས་གྱུར་ན།།
མཇེ་སྤུ་སེར་རོ་གྱུར་འདུག་དཀོན་མཆོག་གསུམ།།
༼བོད་མོ་༽
ནག་ནོག་ལྷབ་ལྷེབ་སྙུ་པོ་རྙིད་ཏོ་ཅན།།
བྲག་སྲིན་ནག་མོའི་མཚན་མ་ཚ་བོའི་ནང་།།
རེ་ཞིག་བསྣུན་ཀྱང་འདོད་སྐད་མི་བྱོན་པས།།
འཕག་མཆོང་ལས་ཀྱི་མྱུར་ཚད་ཇེ་མགྱོགས་ཀྱིས།།
འདོད་པས་བསྐོས་པའི་ཁྲལ་འདི་འཇལ་བར་བྱེད།།
དགོས་པའི་མཇེ་ལ་ངོ་ཚ་སྨིན་མདོག་དང་།།
མི་དགོས་ཁྲེལ་ལ་དང་དོད་ཆེ་མདོག་གྱིས།།
ཡངས་བའི་སྟུ་སྒོ་ཐེ་ཚོམ་རྒྱ་ཡིས་བསྡོམ།།
འདི་འདྲའི་ལས་ལ་བཟང་སྤྱོད་མི་བརྩི་བར།།
སྟུ་སྒོ་ཕྱེ་ཞིང་འདོད་སྐད་བྱོན་བར་ཤོག།
ཨ་རོ་མཁའ་འགྲོ་མཚོ་ལགས། ད་ནས་བཟུང་རྒྱོའི་སྐོར་གླེང་མ་ཡོང་རོགས་གྱིས། འདིར་འབྲི་ནས་འགོད་བདེ་བོ་རང་མིན་འདུག བརྗོད་བྱ་འདི་འགོ་བཙུགས་མཁན་ཁྱེད་རང་ཡིན་པས་མཚམས་འཇོག་རོགས་གྱིས། གལ་སྲིད་ཟ་འཕྲུག་ལངས་ཀྱི་འདུག་ན་རེ་བའི་ཟ་ཁང་ལ་ཤོག་དང་ངས་བོང་རྒོད་གཅིག་དང་ངོ་སྤྲོད་བྱ་ཆོག མ་གཞི་ནས་ལྷ་རྟ་དཀར་པོ་འདི་རྟ་ཕོ་ཞིག་ཡིན་ན་ཁྱེད་གཉིས་ཆ་བསྒྲིག་རྒྱུ་འདུག་ག བསམ་བློའང་མཐུན་ས་རེད། བློ་མཐུན་རང་རེད། <_<
མཆན་༡༥་པ་༽ ལྷ་རྟ་དཀར་པོ་ལགས། དང་པོ་འོག་དེ་ཀློགས་དང་།
“༄༅།། སི་ཁྲོན་དར་མདོ་ནས་ཁྲོ་ལྕགས་མེ་སྒྱོགས་གསར་རྙེད་བྱུང་བ།
བོད་མིའི་རིག་གནས་དྲ་བའི་གནས་འཕྲིན་ལྟར་ན། ༢༠༠༨ལོའི་ཟླ༣པའི་ཚེས༢༧ཉིན། བཟོ་སྐྲུན་རུ་ཁག་ཅིག་གིས་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཞིག་ཏུ་ཨར་ལས་བྱེད་སྐབས། གས་ཆག་མ་ཤོར་བའི་ཁྲོ་ལྕགས་མེ་སྒྱོགས་ལྔ་གསར་རྙེད་བྱུང་།
ས་འོག་ནས་གསར་རྙེད་བྱུང་བའི་ཁྲོ་ལྕགས་མེ་སྒྱོགས་འདི་ལྔ་པོ་ལས། ཁྲོ་ལྕགས་མེ་སྒྱོགས་ཆེན་པོ་གཅིག་ཡོད་པ་དེའི་རིང་ཚད་ལ་ཧ་ལམ་ལི་སྨི༢༠༠དང་ལྗིད་ཚད་ལ་ཧ་ལམ་རྒྱ་མ་བརྒྱ་ལྷག་ཡོད། གཞན་ཆུང་ཤས་བཞི་ཡོད་པ་དེའི་རིང་ཚད་ལ་ཧ་ལམ་ལི་སྨི༡༥༠དང་ལྗིད་ཚད་ལ་ཧ་ལམ་རྒྱ་མ་བརྒྱ་མཆིས། འབྲེལ་ཡོད་ཆེད་མཁས་པས་གསར་འགོད་པར་བཤད་པ་ལྟར་ན། ཁྲོ་ལྕགས་མེ་སྒྱོགས་འདི་དག་གི་ཕྱིའི་ཚུགས་ཀ་དང་རྣམ་པའི་ཐོག་ནས་བལྟས་ན། དེ་ནི་ཆིན་རྒྱལ་རབས་དུས་ཀྱི་དམག་དོན་འགོག་སྲུང་གི་མཚོན་ཆ་ཡིན་ངེས་ལ། ད་ལྟའི་བར་དུ་ལོ་ངོ༢༠༠ལྷག་གི་ལོ་རྒྱུས་ལྡན་པ་རེད། ལོ་རྒྱུས་ཡིག་ཚགས་དུ་བཀོད་པ་ལྟར་ན། ཆིན་སྲིད་རྒྱལ་རབས་ཀྱི་དུས་སུ། ས་ཁུལ་འདི་ནི་དར་རྩེ་མདོའི་དང་ཐོག་གི་སྲིད་འཛིན་སྒར་ས་ཡིན་པས། དམག་དོན་གྱི་ས་ཁོངས་སུ་གཏོགས་པ་རེད། ཁྲོ་ལྕགས་མེ་སྒྱོགས་འདི་དག་ནི་སྐབས་དེའི་དམག་དོན་གྱི་མཚོན་ཆ་གཙོ་བོ་ཡིན་ངེས། འདི་དག་གསར་རྙེད་བྱུང་བ་དེས་དར་རྩེ་མདོ་ས་ཁུལ་གྱི་དེ་སྔའི་ཆབ་སྲིད་དང་དམག་དོན་ལོ་རྒྱུས་ཞིབ་འཇུག་བྱེད་པར་དངོས་པོའི་དཔྱད་གཞི་གལ་ཆེན་མཁོ་སྤྲོད་བྱས་པ་རེད།”
གོང་གི་དེ་ཀྲུང་གོ་བོད་རིགས་པའི་དྲ་བ་ནས་དེ་རིང་འདིར་དྲངས་པ་ཡིན། ཨ་རོ་ལྷ་རྟ་དཀར་པོ། ཁྱོད་རྩྭ་ཟ་ཆུ་འཐུང་ཡག་མོ་གྱིས། སང་ཉིན་ནས་གོང་གི་གནད་དོན་འདིའི་ཐད་རྒྱ་ནག་ལ་རྩིས་སྤྲོད་རྩིས་ལེན་བྱེད་པར་འགྲོ་དགོས།
ཁྱོད་ལ་རྟ་གཅིན་སེར་པོ་དེ་འདྲ་གཏང་རྒྱུ་ཡོད་ན་ཁྱེད་རང་གན་རྐྱལ་སློག་ནས་ཐོངས། མགོ་རྟིང་སློག་ནས་ཐོངས་དང་། དེ་ནས་ཁྱེད་རང་གིས་སྤུ་དཀར་པོ་དེ་ཡང་སེར་པོ་འགྱུར་ངེས་རེད། དེ་ནས་ངས་ཞྭ་མོ་སེར་པོ་ཞིག་ཀྱང་སྐོན་ཆོག་ལ་ལྷམ་སེར་པ་ཞིག་ཀྱང་གཡོགས་ཆོག དེ་ནས་ངས་རྟ་སྲབ་སེར་པོ་ཞིག་བཏགས་ནས་མི་སུ་ཡིས་གང་དུ་ཁ་བསྒྱུར་ནའང་བསྒྱུར་ཆོག་པའི་ཆིབས་རྟ་ཞིག་ཏུ་བསྒྱུར་གྱིན་ཡིན། ཨའའའའུནའའའུན ཙོབ་ཚོབ་ཚོབ གཡང་ཟོག་ཤོག་ཨ། ཧ ཧཧཧཧ།
སྙན་ངག་པ་བེར་འཇིགས་དགེ་བཤེས་ཀྱིས་རྩོམ་རིག་ལ་དབྱེ་བར་འབྱེད་པ་འདིས་ང་ཡིས་བོད་ཡིག་གི་རྩོམ་ཡིག་ཀློག་སྟངས་ལ་ཕན་ཐོགས་བྱུང་། དུས་དང་གནས་སྐབས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྡེབས་ནས་མིའི་བསམ་བློའི་དད་དོད་དང་དབྱིངས་ཞུགས་སྟངས་སོགས་ཀྱང་འགྱུར་འགྲོ་གི་ཡོད་པ་དེ་བཞིན་དུ་རྩོམ་ཡིག་གི་བརྗོད་བྱ་དང་སྙན་འཇེབས་འདོན་སྟངས་སོགས་ཀྱང་གོང་གི་འགྱུར་བ་ལ་བསྟུན་ཐུབ་ན་ཀློག་པ་པོའི་སེམས་ལ་ཚོར་བ་སྦྱིན་ཐུབ་པ་ཞིག་རེད་སྙམ།
འདིར་ངས་ཁྱེད་རང་གི་རྩོམ་རིག་ཟིན་བྲིས་ལ་སྐྱོན་བརྗོད་བྱེད་ཀྱི་མེད། ཀློག་པ་པོ་གང་ཟག་གཅིག་སྟེ་ངའི་ཚོར་བ་འགའ་ཤོད་ཆོག་པ་ཞུ།
གསར་རྩོམ་ལ་གསར་རྩོམ་གྱི་ཐོག་ནས་ཀློག་སྟངས་ཤིག་དང་སྲོལ་རྒྱུན་སྙན་ངག་ལ་དེ་ལུགས་ཀྱི་ཀློག་སྟངས་ཡོད་པ་བདེན་པ་རེད། སྲོལ་རྒྱུན་སྙན་ངག་གི་ནང་དུ་མངོན་བརྗོད་མང་པོ་དང་རིག་བྱེད་ཀྱི་གཏམ་བརྒྱུད་དང་སྦྱར་ནས་བརྩམས་ན་དེར་ཚིག་དོན་གཉིས་ཀྱི་སྙན་འཇེབས་ཤིག་ངས་མཐོང་གི་མིན་འདུག ཡིན་ནའང་བརྗོད་བྱ་ཁྱད་པ་བ་རེ་འགའ་ལ་དེ་འདྲ་བཀོལ་དགོས་ནའང་སྙན་པོ་ཡོད་རྒྱུ་རེད།
ཟིན་བྲིས་ནང་གི་ལུང་དྲངས་པ་དེ་དག་གིས་ང་ཡིས་སྙན་ངག་སྦྱོང་དགོས་ཀྱི་འདུག་བསམ་པའི་བསམ་བློ་ཞིག་སྤྲོད་མ་སོང་།
ཁྱེད་རང་གིས་བརྗོད་བྱ་གཅིག་གི་སྟེང་དུ་སྙན་ངག་གིས་ཕྱུག་པའི་རྩོམ་ཡིག་གཅིག་དང་སྙན་ངག་གི་ཚིག་སྦྱོར་མེད་པའི་རྩོམ་ཡིག་ཅིག་བསྡུར་ནས་སྙན་འཇེབས་བསྟན་སྟངས་དང་ནང་དོན་གསལ་སྟངས་སོགས་དཔེ་བརྗོད་དང་བཅས་བཀོད་ན་བློ་ངོར་འཇུག་བདེ་བར་ཡོང་ངེས་འདུག འདི་ངའི་འཆར་སྣང་རེད། ང་ནི་ཕྱི་ནང་གི་རྩོམ་ཡིག་མང་ཙམ་བཀླགས་མྱོང་ཡང་འབྲི་མི་ཤེས་མཁན་ཞིག་ཡིན།
མེ་སྒྱོགསལགས། ང་དྲ་རྒྱ་འདིའི་ནང་ཨུ་ཚུགསཀྱིས་འཛུལ་དོན་ནི། བོད་ཡིག་ཡ་རྒྱས་ཀྱི་ཆེད་ཡིན། ཁྱོད་ཀྱིས་ང་ལ་བློ་སྐྱེད་རེ་ཡོང་གི་རེད་བསམ་བྱུངཡང། བཙོག་གཏམ་རྐྱང་རྐྱང་གསུང་གི་འདུག དྲ་རྒྱ་ནང་བུ་མོ་ཉུང་ཉུང་རེད། དེ་ཚོ་ལ་རོགས་པ་བཟོ་རྒྱུ་བཞག་ནས་བཙོག་གཏམ་གསུང་ན་ཡག་པོ་མི་འདུག གོང་དུ་མེ་སྒྱོགས་རྒྱོ་རྒན་ཞུ་བ་ཡང་ངས་དང་པོར་ཡིག་ནོར་ཤོར་སོང༌། ཡང་བསྐྱར་ལྟ་དུས་དགོད་བྲོ་བོ་འདྲ་མཐོང་བྱུང༌། ནོར་བཅོས་བཟོས་མེད། ད་ལྟ་དུས་ངས་བྲིས་པ་ནང་བཞིན་རྒྱ་རྒན་ཞིག་དང་ཡིན་ས་རེད། ཨོ་ད་ཁྱད་མི་འདུག དེ་བས་རྩོམ་རིག་ཐོག་དགོངས་འཆར་འདྲ་གནང་རོགས། ངའི་གྲོགས་པོ་ཐུགས་རྗེ་ཆེ།
གྲོགས་མེ་སྒྱོགས་ལགས། གོང་གི་མཆན་17་ནང་། ཁྱོད་ཀྱིས།
༼བོད་མོ་༽
ནག་ནོག་ལྷབ་ལྷེབ་སྙུ་པོ་རྙིད་ཏོ་ཅན།།
བྲག་སྲིན་ནག་མོའི་མཚན་མ་ཚ་བོའི་ནང་།།
རེ་ཞིག་བསྣུན་ཀྱང་འདོད་སྐད་མི་བྱོན་པས།།
འཕག་མཆོང་ལས་ཀྱི་མྱུར་ཚད་ཇེ་མགྱོགས་ཀྱིས།།
འདོད་པས་བསྐོས་པའི་ཁྲལ་འདི་འཇལ་བར་བྱེད།།
བྲིས་འདུག ཐུགས་རྗེ་ཆེ། ང་དང་འབྲེལ་བ་གང་ཡང་མེད། ང་རང་ད་ལྟར་བུ་མོ་ཆུང་ཆུང་ཡིན། ཆང་ས་རྒྱག་རྒྱུ་ཡིན། ཁྱོད་ཀྱིས་ང་ལ་ཕན་ཐོགས་བཟོ་བསམ་ན་རྩོམ་རིག་གི་སྐོར་ཡག་པོ་དེ་འདྲ་ངོ་སྤྲོད་གྱིས་དང༌། གཞན་བཙོག་གཏམ་དེ་འདྲ་མ་གསུང་ན་འགྲིག་གི་འདུག སྡུག་སྐྱག་ཨེ་འདྲ་ད་ང་ཡང་འབྲི་ཤེས་ཀྱི་ཡོད། ཡིན་ན་ཡང་ང་ཚོ་བོད་རིགས་ལ་ངོ་ཚ་དགོས་པ་རེད་བ། གོ་སོང་ངམ། གྲོགས་པོ་ལགས།
མཁའ་འགྲོ་མཚོ་ལགས། ཁྱེད་ཀྱི་སེམས་ནང་དུ་རྩ་བ་ཉིད་ནས་མེད་པ་ཞིག་མཛུབ་མོས་བསྣུན་ནོར་ཤོར་བ་རུལ་སྦལ་སྐེ་ལ་གསེར་གྱི་གཉའ་ཤིང་དེ་འདྲ་ཨ་ཡིན་ནམ། ཐེ་ཚོམ་ཡང་བྱེད་མི་དགོས་པ་ཞིག་རེད། ཡིན་ནའང་སྐྱོན་མི་འདུག སྡུག་ཉེས་པ་ཡོད་ཚད་ངའི་སྟེང་ལ་གཡུག་ཆོག ཧཧཧཧ། བཤད་ས་འདི་ཅུང་མི་བདེ་བ་འདུག་པ་མ་གཏོགས་འདི་འདྲའི་རིགས་ཤོད་དགོས་ན་ངོ་ཚ་རྒྱུ་མེད་དོ།
རེད་རེད། ང་ཚོ་བོད་རིགས་ཚོས་ཉལ་ཁྲི་སྟེང་ལ་མ་སླེབས་གོང་ནས་གློག་གསོད་ནས་འགྲོ་གི་རེད། ཉལ་ཁྲི་སྟེང་གི་སྒྱུ་རྩལ་ལ་མཐོང་ཆུང་བྱས་ན་བྱས་ཉེས་ནི་བོད་ཀྱི་མ་རྒན་སེམས་ཅན་ཐམས་ཅད་ཀྱིས་མྱོང་དགོས་པ་རེད། འདི་ནི་འཇིག་རྟེན་པའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།
བརྗོད་བྱ་འདིའི་སྒོ་རྒྱོབས། ཕྱེ་རྒྱུ་དེ་གང་ཡིན་མི་ཤེས།
བྱེས་བཞུགས་ཀྱི་སྙན་ངག་པ་བསྟན་འཛིན་བརྩོན་འགྲུས་ཀྱི་སྙན་རྩོམ་བཀླགས་ཨེ་མྱོང་། ཀློག་འདོད་ཡོད་ན་ངས་འདིར་འགོད་ཆོག ད་ཟ་རྒྱུ་ཟ་འཐུང་རྒྱུ་འཐུང་ནས་ཉལ་རན་ཡོང་གི་འདུག སང་ཉིན་མཇལ་ཡོང་།
མཁའ་འགྲོ་འཚོ་ལགས། བུ་མོ་ལོ་ཆུང་ཡིན་ན་གཙོག་བཤད་དེ་ཚོ་མང་པོ་མ་ཀློག ད་དུང་སློབ་སྦྱོང་མང་ཙམ་བྱོས། གཙོག་བཤད་དེ་ཚོ་ལོ་ཚད་ལ་སླེབས་ན་རང་བཞིན་གྱིས་ཤེས་ཡོང་གི་རེད།
གཞོན་ནུ་ཟླ་མེད་ལགས། འདི་གཙོག་བཤད་ཟེར་དགོས་དོན་ག་རེ་རེད། འདི་ནི་འཇིག་རྟེན་པའི་ཆོས་རེད། འདི་ལ་བཙོག་རྒྱུ་ཅི་འདུག
ལྷ་བླ་མའི་མིང་འཁྱེར་ནས་འདི་ལ་ཁྲག་དྲི་དྲོ་གི་ཨེ་འདུག
ཕྱི་མི་ནང་དུ་ཁྲིད་ནས་དམར་བསད་འདིས་བཏང་ཨེ་འདུག
ལས་འདི་བྱས་ནས་བོད་མི་རིགས་བར་དུ་ཕུ་དཀྲུགས་འདབ་དཀྲུགས་བྱས་ཨེ་སོང་།
སེམས་ནང་དུ་དུག་གསུམ་གྱིས་མེ་ལྕེ་འབར་གྱིན་ལ་ཁ་ནས་འཁོར་གསུམ་ལ་ཆོས་འཁོར་བསྐོར་མདོག་བྱེད།
ད་དུང་འཇིག་རྟེན་མི་སྐྱ་ཚོ་ལ་ལམ་སྟོན་ཤེས་ཁུལ་བྱེད།
ངེད་འཇིག་རྟེན་མི་སྐྱ་ཚོ་རི་མགོ་ལ་འགྲོ་ནས་ལ་གླུ་ལེན་ནའང་ཁྱེད་ཚོའི་ལྷ་བླ་མ་ཚོ་བསྟོད་དགོས་ཀྱི་འདུག
ངེད་འཇིག་རྟེན་པས་ཆང་འཐུང་ནའང་ཁྱེད་ལྷ་འདྲེ་ཚོ་ལ་མཆོད་དགོས་ཀྱི་འདུག
ཁྱེད་ཚོ་སྒོ་ཀླད་ན་ཡོད། ཐབ་ཚང་ན་འཛུལ། གྱང་བསྡེབས་སུ་གཅེར་རུ་འཐོམས་ནས་སྡོད་ཆོག་གི་ཡོད།
ཁྱེད་ཚོས་བོད་པའི་ནང་གི་མཛེས་ཆོས་ཡོད་ཚད་བརྫད་ས་ནས་བརྫད། འཕྲོག་ས་ནས་འཕྲོག
ད་དུང་བཤམས་ཆོག་པ་དང་བཤད་ཆོག་མིན་གྱི་བཀའ་རྒྱ་ཕེབས་ཁུལ་བྱས།
གལ་སྲིད་སྐྱེས་པ་ཕྱི་མ་ཞིག་ཡོད་ན་ཁྱེད་ཚོ་ལྷ་དང་བླ་མ་གསོ་མཁན་ཚང་མ་ཤི་ནས་བོད་པའི་ལུས་ཡང་བསྐྱར་མ་སྐྱེས་པ་ཤོག་ཟེར་རྒྱུ་ཡིན། བོད་མི་རིགས་ལ་ཁྱེད་ཚོ་མི་མཁོ། ངོ་མ་མི་མཁོ། དུག་དུག་ནག སྐྱག་པ་སྐྱག་ནག
ལྟོས་དང་། མཁའ་འགྲོ་མཚོ་ཟེར་མཁན་གྱི་མོ་རྫུས་འདིས་ཐོག་མ་ནས་གང་བཤད་འདུག་ལྟོས་དང། འདི་ལ་མཆན་ཞིག་འབྲི་རྒྱུ་མེད་པར་རྣམ་འགྱུར་འདྲ་ཞིག་བསྟན་ནས་འགྲོ་ཁུལ་བྱས།
ཉལ་དགོས་བསམས་སོང་ནའང་ད་སྐར་མ་ཉི་ཤུ་ཙམ་འཕྲོ་བརླག་ཕྱིན་སོང་།
རྡ་རམ་ས་ལ་ཆར་པ་འབབ་དུས།
ཆར་ཐིག་གིས་བྷག་སིང་ལག་ཤུབས་གོན་ནས
དེ་དག་སྟོང་ཚོ་དང་སྟོང་ཚོས
ངའི་ཁྱིམ་ལ་རྡུང་བརྡེག་བྱེད་པར་ཡོང་།
ལྕགས་ཤོག་གི་ཐོག་ཁེབས་འོག་ལ
རང་ཁྱིམ་གྱིས་ནང་ནས་ངུ་ངག་འཐེན
ངའི་ཉལ་ཁྲི་རློན་པ་བྱེད ངའི་ཡིག་ཆ་རློན་པར་བྱེད།
མཚམས་རེར་སྤྱང་གྲུང་ཚ་བའི་ཆར་པ
རང་ཁྱིམ་གྱི་རྒྱབ་ལོག་ནས་འཛུལ་པར
དགྲ་གཉེན་གྱི་འདུ་ཤེས་ལོག་པའི་གྱོང་ལྡེབས་དག་གིས
རྐང་རྟིང་ཡར་བཅགས་ནས
རང་ཁྱིམ་དུ་ཆུ་ལོག་ཆུང་ཆུང་ཞིག་འཛུལ་དུ་འཇུག
ང་རང་ནི་གླིང་ཕྲན་གྱི་རྒྱལ་ཁབ་ལྟར་བུའི་ཉལ་ཁྲི་ལ་སྡོད་པ་དང
ཆུ་ལོག་ནང་དུ་ཡོད་པའི་རང་གི་རྒྱལ་ཁབ་ལ་བལྟ་ཞིབ་བྱེད
རང་བཙན་གྱི་ཟིན་བྲིས་དང
བཙོན་ཁང་ཁག་ཏུ་སྡོད་རིང་གི་བརྗེད་ཐོ
མཐོ་སློབ་ཀྱི་གྲོགས་པོ་ཚོའི་གཏོང་ཡིག
མེ་གྷིའི་ཐུག་པ་རྣམས
ཆུའི་སྟེང་དུ་མཆོང་ལྡིང་གྱིས་འཕག་ཡོང་བ་ནི
བརྗེད་ཟིན་པའི་དྲན་པ་ཞིག་གློ་བུར་དུ་གསར་རྙེད་ཡོང་བ་ལྟར་རེད།
ཟླ་བ་གསུམ་རིང་གི་རྡུང་བརྡེག་ནི
ཁབ་རྩེའི་ལོ་མ་ཅན་གྱི་ཐང་ཤིང་ནང་གི་ཆར་དུས་ཀྱིས
ཧི་མ་ལ་ཡ་གཙང་ཁྲུས་བཏང་སོང
ཕྱི་དྲོའི་ཉི་མའི་འོད་ཆེམ་ཆེམ་དུ་འཆར།
ནམ་ཞིག་ཆར་ཤོད་འཇམ་ནས
རང་ཁྱིམ་འདིར་རྡུང་བརྡེག་གི་མཚམས་མ་འཇོག་བར་དུ
རྒྱ་གར་དབྱིན་རྒྱལ་གྱི་དུས་ནས་འགན་འཁུར་བཞིན་པའི
རང་གི་ལྕགས་ཤོག་ཐོག་ཁེབས་འདི་ལ་སེམས་གསོ་བྱ་དགོས།
ཡུལ་མ་ངེས་པའི་སྤྲང་པོ་མང་པོར
ཁྱིམ་འདིས་ཁྱིམ་གཞིས་སྤྲོད་ཡོད།
ད་སྐབས་ཁྱིམ་འདི་ནི་ནེའུ་ལེ་དང
ཙི་ཙི རྩངས་པ་ཁ་རལ སྡོམ་བུ་ཡིས་བཟུང་ཡོད་ལ
དེའི་ཕྱེད་ཙམ་རང་གིས་གླས་ཡོད།
གླས་པའི་ཁང་པ་འདི་རང་ཁྱིམ་དུ་བྱེད་པ་ནི
ཉམ་དམའ་པའི་འཇིག་རྟེན་གྱི་འཚོ་བ་ཞིག་རེད།
ཀ་ཤི་མི་རིས་ནས་ཡིན་པའི་ངའི་ཁང་བདག་མོ
ལོ་རྒན་བརྒྱད་ཅུ་ལོན་ནའང་རང་ཁྱིམ་དུ་ཕྱི་ལོག་མི་ཐུབ།
ངེད་གཉིས་ཀྱིས་ཡང་ཡང་དུ
ཀ་ཤི་མི་རི་དང་བོད་བར་གྱི་མཛེས་སྡུག་ལ་བསྡུར།
དགོང་མོ་རྟག་པར་ང་རང་གླས་ཁང་དུ་ཡོང
ཡིན་ནའང་འདི་འདྲ་བྱས་ནས་ང་ནམ་ཡང་འཆི་རྒྱུ་མིན།
འདི་ལས་ཐར་བའི་ལམ་བུ་ཞིག
ངེས་པར་དུ་ཡོད་དགོས་ངེས་ཡིན།
རང་ཁྱིམ་ལྟར་ང་རང་ངུ་མི་ཐུབ
བཙན་ཁང་ཁག་གི་ནང་དང
འུ་ཐུག་པའི་གནས་སྐབས་དག་ལ
མང་ཐག་ཆོད་ཞིག་ངུས་ཚར་བ་ཡིན།
འདི་ལས་ཐར་བའི་ལམ་བུ་ཞིག
ངེས་པར་དུ་ཡོད་དགོས་ངེས་ཡིན།
ང་ངུ་མི་ཐུབ
རང་ཁྱིམ་འདི་རླན་ཐག་ཆོད་ཆགས་ཡོད།
ཨ་རོགས་སྙན་ངག་པ་བེར་འཇིགས་ལགས། སྙན་ངག་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དབྱིན་ཡིག་ཏུ་སྙན་ངག་འདི་འདྲ་ཞིག་བྲིས་འདུག དེ་ངས་བོད་ཡིག་ཏུ་བསྒྱུར་ཁུལ་བྱས་པ་ཡིན། ཡིན་ནའང་དབྱིན་ཡིག་ཏུ་ཡོད་པ་ནང་བཞིན་གྱི་སྙན་ཆ་ཐོན་མ་སོང་ལ། ཚིག་རྙོག་བརྫངས་ནས་ཚིག་གི་སྙན་ཆ་དོན་ཐབས་ཀྱང་བྱས་མེད། དོན་ལ་བསམས་ན་ད་དུང་སྙན་ཆ་འདུག་བསམ་གྱིན་ཡོད། ཨ་རོ་མོ་རྫུས་མཁའ་འགྲོ་མཚོ། འདི་བཀླགས་ནས་ཚོར་སྣང་ཤོད་ཤོག་ལོ།
༄༅།། ཐུགས་རྗེ་ཆེ་རྩོམ་་པ་པོ་བེ་རི་ལགསཁྱེད་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ང་འདྲའི་ཤེས་དམན་པ་ཞིག་ལ་བཀའ་སློབ་གསུང་གི་བདུད་བརྩི་གནང་པར་ཡིད་སེམས་ཤིན་ཏུ་ནས་དགའ་འོ། ཁྱོད་ནས་བཀའ་གནང་བ་བཞིན་ངས་ཅི་བསྒྲུབ་བྱ་རྒྱུ་ཡིན་ནོ༌།།
ཨ་རོ་མེ་སྒྱོགས་རྒྱ་མཚོ་ལགས།
ཁྲོ་ལྕགས་ཀྱི་གསར་རྙེད་སྐོར་ལ་ངོ་སྤྲོད་ཐུང་ཐུང་ཞིག་གནང་བ་ཡག་བྱུང། ཁ་རྩེད་གྱི་བར་ནས་ཤེས་བྱ་རག་རྒྱུ་ཡོད་པ་དེ་ཁ་བརྡའི་རྒྱན་རེད།
རྗེས་སུ་མཇལ་ཡོང།
ཨ་རོ་བེར་ལྟ་སེར་པོ། ཧཧ་་ཧཧཧ་། ད་ཁྱེད་ཀྱིས་བེ་རི་འོག་འཇུག་ཀྱང་སེར་པོ་བཟོས་ཚར་འདུག སྡིག་ཆེན་ཁྱོད། ལྟོས་དང་། ད་དུང་མོ་ཊའི་ལམ་འགག་ཚང་མ་འཛོར་བོ་བཟོས་ནས། ཁྱེད་ཀྱི་རྐུབ་དེ་ལ་ངོ་མ་མེ་བཙག་ཅིག་འཇོག་དགོས་འདུག མིང་འདོགས་རེས་བྱེད་པར་ཅང་འཛེམས་དགོས་པ་མིན། ཡིན་ནའང་མཁའ་འགྲོ་མཚོ་མིང་ཅན་པས་ཚུར་ང་ལ་མིང་ཆེ་ཐག་ཆོད་ཅིག་བཏགས། ཕར་ལན་ཕུལ་དུས་ང་ཚོ་བོད་རིགས་ལ་ངོ་ཚ་དགོས་ཀྱི་རེད་ཟེར་མདོག་བྱས། ཨ་ནེ་སྙེ་མོ། འཚང་དཀྲུག་མ། ཧཧཧ་རྩེད་མོ་ཡིན་དཱ། དགོངས་པ་མ་འཚོམས་རོགས་གྱིས། ཁྱེད་ཀྱི་བཤད་སྟངས་ལ་བལྟས་ན། ལོ་ཆུང་ཞིག་རེད་མིན་འདུག གལ་སྲིད་ཡིན་ན་དགོངས་འགལ་མེད་པ་ཞུ།
དྲ་གྲོགས་གཞོན་ནུ་ཟླ་མེད་ལ་མཆན་༢༤་པའི་ནང་དུ་མང་པོ་ཞིག་བཤད་ཤོར་འདུག ཁ་སྔོན་མགོན་པོ་ཕྱག་གཉིས་ཀྱི་ཆང་ཏམ་དང་ཙི་ཙི་གཉིས་ཀ་ང་ལ་བརྩིས་སྤྲོད་ནས་འགྲོ་ཚར་འདུག དེ་བེད་སྤྱོད་གཏོང་ནོར་ཤོར་བ་རེད། མཆན་དེ་”ཙོང་ཁ་པས་ཀྱི་རིག་གཞུང་གསར་བརྗེ་དང་བོད།”ཅེས་པའི་ཟིན་བྲིས་ནང་དུ་ལྷ་བླ་མ་རྩོད་མཁན་ཚོ་ལ་དམིགས་ན་འདེགས་རྒྱུ་རང་རེད་འདུག སོང་ཙང་གཞོན་ནུ་ཟླ་མེད་ལ་འཕེན་ཀྱང་ཕོག་ས་ཁོང་མ་རེད། ཁོང་ནི་ཆོས་སྤྱོད་གྲལ་རིམ་པའི་ནང་ནས་ལེགས་པའི་གྲས་ཅིག་རེད་འདུག ཐུགས་ལ་ཕོག་མི་ཉན། གོང་གི་མཆན་དེ་མི་གཅིག་གི་བསམ་བློ་རེད་བསམ་པ་མ་གཏོགས་གང་ཟག་སྒེར་ལ་སྡང་སེམས་བྱེད་པས་མིན་ཤེས་རོགས་གྱིས དགོངས་པ་རྩ་ནས་འཁྲུག་མི་ཉན། ངའི་མི་ཚེ་ནང་དུ་གང་ཟག་སྒེར་དགྲ་མི་གཅིག་ཀྱང་མེད།
བེར་འཇིགས་ལའང་གུས་ཞབས་མ་བྱས་ནས་མཆན་བཏབ་པ་རེད་མ་བསམ་རོགས། ང་རང་ཆོས་ལ་དད་མོས་མིན་འདུག་ཀྱང་རང་གི་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ན་ཁྱད་གསོད་བྱ་ག་ལ་ཕོད། ཆབས་ཅིག་ཏུ་རང་གི་བསམ་བློ་ལའང་གུས་ཞབས་དང་བརྩི་མཐོང་སྤྲོད་ལོས་དགོས། གང་ལྟར་ངས་ཟིན་བྲིས་དང་མཆན་བཏབ་སོགས་ཀྱི་མི་སུ་ལ་ཕོག་ཐུག་བྱུང་ཡོད་ན་དགོངས་དག་ཐུགས་བདེ་ཟེར་རྒྱུ་ཡིན།
ད་གནས་སྐབས་རིང་བོད་ཡིག་གི་ཟིན་བྲིས་ནང་ཉུལ་རྒྱུ་མིན། དྲ་གྲོགས་ཚང་མར་བདེ་མོ་གྱིས།
མེ་སྒྱོགས་ལགས། ཉིད་ནས་ང་ལ། མཁའ་འགྲོ་མཚོ་མིང་ཅན་པས་ཚུར་ང་ལ་མིང་ཆེ་ཐག་ཆོད་ཅིག་བཏགས། ཕར་ལན་ཕུལ་དུས་ང་ཚོ་བོད་རིགས་ལ་ངོ་ཚ་དགོས་ཀྱི་རེད་ཟེར་མདོག་བྱས། ཨ་ནེ་སྙེ་མོ། འཚང་དཀྲུག་མ། ཧཧཧ་རྩེད་མོ་ཡིན་དཱ། དགོངས་པ་མ་འཚོམས་རོགས་གྱིས། ཞེས་གསུངས་འདུག རྩེ་མོ་ལ་ང་ཁོང་ཁྲོ་ལང་དོན་མི་འདུག ཡིན་ན་འང་ང་ལ་མཐོང་ཆུ་མ་གཏོང་རོགས། ང་རྒྱ་གར་སླེབས་རྗེས་གཞི་ནས་བོད་ཡིག་སྦྱངས་པ་ཡིན། ང་རང་དགའ་ཤས་བོད་ཡིག་ཡིན་ཡང་སློབ་གྲའི་ནང་བོད་ཡིག་གི་གོ་སྐབས་དེ་ཙམ་ཡག་པོ་རག་མ་བྱུང༌། རྩོམ་ཐར་ཐོར་འབྲི་རྒྱུར་དགའ་ཡང་ཡག་པོ་ཞིག་འབྲི་མི་ཤེས། དྲ་རྒྱ་ནང་ནས་བེ་རི་དང༌། ཀླུ་སྨྱོན། མེ་སྒྱོགས་ཁྱོད་རྣམ་པ་ནས་རྩོམ་ཡིག་གི་བློ་སྐྱེད་མང་ཙམ་རག་གི་འདུག དེར་བརྟེན་དྲ་རྒྱ་ནང་ཟིན་བྲིས་འབྲི་ཁུལ་བྱེད་པ་ཡིན།
གཞོན་ནུ་ཟླ་མེད་ལགས། ཁྱོད་ཀྱིས་བསླབ་བྱ་གནང་བ་ཐུགས་རྗེ་ཆེ། ཁྱོད་ཀྱི་ཁ་ལ་ཉན་ངེས་ཡིན།
མཁའ་འགྲོ་མཚོ་དང་གྲོགས་པོ་ཚོ། རྩོམ་ཟེར་ལེ་དེ་ཡ་རབས་སྤྱོད་བཟང་གིས་མི་ཤེས། གང་བྱུང་མང་བྱུང་བྲིས་ན་རྩོམ་འབྲི་ཤེས་པར་ཕན་ཐོགས་ཆེ། དེར་བརྟེན་ངས་འདིར་འབྲུག་པ་ཀུན་ལེགས་ཀྱི་གསུང་ལེགས་བཤད་བཙོག་རྩོམ་ཁ་ཤས་ཤིག་བཞག་འདོད་བྱུང༌། གཟིགས་ཨ།
ཁེ་ཡིས་ཉེན་འཚོལ་བ་དེ་ཉ་པ་ཡི་རྒད་པོ། །ཞེན་ཆེས་པས་སྲོག་སྐྱེལ་བ་དེ་ཀུན་ལེགས་པའི་ཨ་ཕ། །མཇེ་ཡིས་ནོར་སྐྱེལ་བ་དེ་ཀུན་དགའ་ཡི་ལེགས་པ། །སྟུ་ཆུང་གིས་ཁ་ཆུང་གསོ་བ་དེ་སྡེ་ཞོལ་གྱི་བུ་མོ། །ཤར་མོ་ལ་ཕྱིན་པས་ནོར་རྫས་བསྐྱལ་བ་དེ་བྱིངས་པ་ཡི་དཔོན་མོ། །འཕུར་བས་ལངས་རྒྱུ་མེད་པ་དེ་རྒད་པོ་ཡི་མཇེ་རྒན། རྡོ་འཇོང་ཚན་མོ་གླན་པས་དྲོས་རྒྱུ་མེད་པ་དེ་རྒན་མོ་ཡི་སྟུ་རྒན། །ལ་ཅའི་མཇེ་སྟུ་ཕུགས་སུ་སོང་བ་དེ་བཙུན་མ་ཡི་རྒན་མོ། །མི་ཚེ་རི་ལ་སྐྱེལ་བ་དེ་ལུག་རྫི་ཡི་རྒན་པོ། །གདུལ་བྱ་ཚུར་ལ་ཨེ་ཡོང་བསམ་ནས་གཞང་བཙོངས་པས། །ཆང་རྫ་མ་གང་ཕར་ཤོར་བ་དེ་བྱབ་ཆུང་གི་རྐང་འདྲེན་མ། །སྟུ་ཆུ་རུ་སོང་བ་གཅིག་ཤུལ་གཅིག་གིས་བཏུང་པ་དེ་སྡེ་པ་ཡི་སྒུག་བསྡད་པ། །
ཕུགས་སུ་བཀྲ་ཤིས་པ་དེ་འཕྲལ་གྱི་ཁ་ཏ། འཕྲལ་དུ་སྐྱིད་པ་དེ་ནང་ཁ་གཤིན་པོ། །བློ་བདེ་བ་དེ་བླ་མ་ཡི་བཀའ་དྲིན། །དོན་གཉིས་སྒྲུབ་པ་དེ་དུས་གསུམ་གྱི་སངས་རྒྱས། །འབྲུག་པ་ཀུན་ལེགས་པ་དེ་ཡང་ལྷ་མིའི་མགྲིན་པ་བྱེད་ན། །རྒྱལ་ཁམས་པའི་མི་ཚོ་ལ་ཨོ་རྒྱན་པདྨའི་བཀའ་བཞིན་གྱིས། །དགེ་བ་སྒྲུབས་ལ་སྡིག་པ་སྤོངས། །ཁྲམ་དང་ག་ཡོ་སྒྱུ་ཟོལ་ཟོག་མ་བྱེད་གྱིས་དང༌། །ཞེས་གསུངས་སོ། །རྩོམ་ལ་དགའ་བོ་ཡོང་ཆེད་འདིར་བཞག་པ་ཡིན། གཟིགས་རོགས།
ཡང་འདི་འདྲ་ཞིག་འདུག གཟིགས་ཨ། ”རྣལ་འབྱོར་ཀུན་དགའ་ལེགས་པ་ངས། །བསམ་ཡས་མདོ་སྡེ་མཆོད་པའི་དུས། །སྐྱ་སེར་མེད་པ་བཟློག་པ་མཛད། །བདག་ཀྱང་ཟློག་པ་འདི་ལྟར་བྱེད། །འཁྲུལ་སྣང་སྟོང་པའི་གཞལ་ཡས་ནས། །སྲིད་པའི་སངས་རྒྱས་སྒམ་པོ་ཕྱས། །བསྐོས་པའི་ལས་གཏོར་འདི་བཞེས་ལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །མི་བསམ་དགུ་བསམ་ཐམས་ཅད་ཟློག །ལྟས་ངན་རང་གྲུབ་འདི་ལྟར་ཟློག ། ཆོས་བརྒྱད་དངོས་ཞེན་ཀུན་སློང་འདི། །བླ་མ་ཡོངས་ཀྱི་ལྟས་ངན་ཡིན། །མ་བཅོས་ལྷུག་པའི་སྤྱོད་པ་དང༌། །དག་སྣང་ཕྱོགས་མེད་ཐུགས་རྗེས་ཟློག།ཉེ་གནས་ཆུང་མ་འཚོལ་བ་དེ། །བླ་མའི་ནོར་གྱི་ལྟས་ངན་ཡིན། གསོལ་ཐབ་རྡོ་རྗེ་ཤ་ལ་དགའ། །ཤ་དགའ་ཆང་དགའི་བཀྲ་ཤིས་ཤོག །སྐྱོབ་སྐྱོབ་ཁ་རལ་ཤོ་ལ་དགའ། །ཨ་ཞང་ཁྱུང་སྐྱབས་གླུ་ལ་དགའ། །ཤོ་དགའ་གླུ་དགའི་བཀྲ་ཤིས་ཤོག།འབའ་ལེབ་ཟུང་ཟུང་མ་ཎིར་དགའ། །དོན་གྲུབ་དཔལ་བཟང་ཉ་ལ་དགའ། །ཆོས་དགའ་ཉ་དགའི་བཀྲ་ཤིས་ཤོག ། ཨ་ནེ་ཨ་བཙུན་ཉལ་བར་དགའ། །ཨ་ཕ་ཨ་སྐྱབས་ལངས་པར་དགའ། །ཉལ་དགའ་ལངས་དགའི་བཀྲ་ཤིས་ཤོག །སྟོད་པ་ཚེ་དབང་ཆོས་ལ་དགའ། །བྱ་བཏང་ཀུན་ལེགས་གནས་མོར་དགའ། །།ཆོས་དགའ་གནས་དགའི་བཀྲ་ཤིས་ཤོག ། བཙུན་ཆུང་བཀྲ་ཤིས་བོད་ལ་དགའ། །བརྩོན་འགྲུས་བཟང་པོ་ལྷོ་ལ་དགའ། །བོད་དགའ་ལྷོ་དགའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡེ་རང་གི་དགོན་པ་བདེ་ཆེན་ཕུག་ཏུ་རྟ་ལམ་ཨ་ནནྡྷ་རས་ཉེས་དགའ་བཞད་གད་བཀྲ་ཤིས་མ་ཅིག་དགོས་ཟེར་བ་ལ། འབྲུག་པ་ཀུན་ལེགས་ཆང་གིས་བཟི་བའི་ཧོར་ཆོལ་དུ་སྨྲས་སོ། །ཡཱ། བོད་ཀྱི་ར་ལུང་ཆོས་རྗེ་འདི། །གདུང་རུས་བཙུན་པས་མི་ཆོག་པར། །བྱིན་རླབས་ཆེ་སྟེ་ཅི་བྱ་བ། །སྒང་ཁའི་ཡལ་ཏོག་མེ་ཏོག་འདི། །ཁ་དོག་ལེགས་པས་མི་ཆོག་པར། །སྦྲང་རྩི་མངར་ཏེ་ཅི་བྱ་བ། །ཁྱོད་སེང་ཨ་ཞི་རྒྱལ་འཛོམ་འདི། །མོ་སྒོ་མཚར་བས་མི་ཆོག་པར། །འོག་འདེགས་མཁས་ཏེ་ཅི་བྱ་བ། །དགོད་སྟོད་སྲས་མོ་ཨ་འཛོམ་འདི། །ཚ་མོ་ཡན་པས་མི་ཆོག་པར། །ཉལ་ལུགས་མཁས་ཏེ་ཅི་བྱ་བ། །ཆོས་རྗེ་བྱ་བཏང་ཀུན་ལེགས་ང༌། །རྒྱལ་ཁམས་བསྐོར་བས་མི་ཆོག་པར། །ཤར་མོ་མང་སྟེ་ཅི་བྱ་བ། །གཞུང་ཡུལ་གྱེར་གླིང་ཉི་ཤར་འདི། །དད་པ་ཆེ་བས་མི་ཆོག་པར། །འབྲས་ཆང་ཁག་སྟེ་ཅི་བྱ་བ། །དྲུང་དྲུང་རྒྱལ་མཆོག་རྒྱལ་འཛོམ་གཉིས། །རང་སོ་བཟུང་སྟེ་མི་སྡོད་པར། །ཐུགས་རྒྱ་ཆེ་སྟེ་ཅི་བྱ་བ། །ཉ་མ་དཔལ་འཛོམ་བུ་ཁྲིད་འདི། །སྟུ་ཀས་འཇིབ་པས་མི་ཆོག་པར། །མ་མཆུ་འཇིབ་སྟེ་ཅི་བྱ་བ། །སྒང་མཁར་བླ་མ་དཔལ་འབྱོར་འདི། །སྟུ་ཁལ་ལྔ་འདོད་ཀྱང་ཁུག་པ་ལ། །སྟུ་ཅིག་ལ་འཐབ་ནས་ཅི་བྱ་བ། །…. …”གྲོགས་པོ་ཚོ། འདི་ཚོ་རྩོམ་རིག་ལ་དོ་སྣང་སླེབས་པའི་ཆེད་ཁོ་ན་ཡིན་གོ། བཀའ་བསྒྱུར་མེད་པ་ཞུ།
ངས་འབྲུག་པ་ཀུན་ལེགས་ཀྱི་རྩོམ་སྟངས་བྱས་ནས་གཅིག་འབྲི་གི་ཡིན། དཔེ་མཚོན་ཙམ་ཡིན། གཟིགས་ཨ།
བླ་སྤྲུལ་དགེ་བཤེས་ཆོས་ལ་དགའ༎
མི་ཆེན་དཔོན་པོ་སྲིད་ལ་དགའ༎
ཆོས་དགའ་སྲིད་དགའ་བཀྲ་ཤིས་ཤོག༎
བེ་རི་རྒྱལ་པོ་རྩོམ་ལ་དགའ༎
སྒོམ་སྡེ་དགེ་བཤེས་རྩོད་ལ་དགའ༎
རྩོམ་དགའ་རྩོད་དགའ་བཀྲ་ཤིས་ཤོག།
ཨ་ལགས་ཀླུ་སྨྱོན་མདོ་ལ་དགའ༎
དགྱེས་པ་རྡོ་རྗེ་སྔགས་ལ་དགའ༎
མདོ་དགའ་སྔགས་དགའ་བཀྲ་ཤིས་ཤོག༎
ཨ་མདོ་གསེར་སྨྱུགས་བསྟོད་ལ་དགའ༎
མགོན་པོ་ཕྱག་གཉིས་སྨོད་ལ་དགའ༎
བསྟོད་དགའ་སྨོད་དགའ་བཀྲ་ཤིས་ཤོག༎
བེ་རི་འཇིགས་མེད་དྲང་ལ་དགའ༎
ཧིར་གཙང་འཇིགས་མེད་ཕྱོགས་ལ་དགའ༎
དྲང་དགའ་ཕྱོགས་དགའ་བཀྲ་ཤིས་ཤོག༎
མཁའ་འགྲོ་མཚོ་ལགས་རྩོམ་ལ་དགའ༎
མེ་སྒྱོགས་རྒྱོ་རྒན་རྒྱོ་ལ་དགའ༎
རྩོམ་དགའ་རྒྱོ་དགའ་བཀྲ་ཤིས་ཤོག།
གྲོགས་པོ་ཚོ། འདི་དཔེ་མཚོན་ཙམ་ཡིན། རྩོམ་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་ཨེ་རེད།
དྲ་གྲོགས་ཚོ། རྩོམ་ཡིག་འབྲི་བའི་དང་པོ་ལ། བརྗོད་གཞི་འཚོལ་སྟངས་གང་འདྲ་བྱས་ན་རག་གི་རེད། དཔེར་ན། ལྡི་ལི་མ་ཇུ་ཊིག་ལ་འདྲ་བོ་ཞིག་ལ་ཆ་བཞག་ན་བརྗོད་གཞི་འཚོལ་སྟངས་གང་འདྲ་བྱས་ན་རྩོམ་ཡིག་ཞིག་འབྲི་ཐུབ་གི་རེད།
31. ཡང་འདི་འདྲ་ཞིག་འདུག གཟིགས་ཨ། ”རྣལ་ འབྱོར་ཀུན་དགའ་ལེགས་པ་ངས། །བསམ་ཡས་མདོ་སྡེ་མཆོད་པའི་དུས། །སྐྱ་སེར་མེད་པ་བཟློག་པ་མཛད། །བདག་ཀྱང་ཟློག་པ་འདི་ལྟར་བྱེད། །འཁྲུལ་སྣང་སྟོང་པའི་གཞལ་ཡས་ནས། །སྲིད་པའི་སངས་རྒྱས་སྒམ་པོ་ཕྱས། །བསྐོས་པའི་ལས་གཏོར་འདི་བཞེས་ལ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །མི་བསམ་དགུ་བསམ་ཐམས་ཅད་ཟློག །ལྟས་ངན་རང་གྲུབ་འདི་ལྟར་ཟློག ། ཆོས་བརྒྱད་དངོས་ཞེན་ཀུན་སློང་འདི། །བླ་མ་ཡོངས་ཀྱི་ལྟས་ངན་ཡིན། །མ་བཅོས་ལྷུག་པའི་སྤྱོད་པ་དང༌། །དག་སྣང་ཕྱོགས་མེད་ཐུགས་རྗེས་ཟློག།ཉེ་གནས་ཆུང་མ་འཚོལ་བ་དེ། །བླ་མའི་ནོར་གྱི་ལྟས་ངན་ཡིན། གསོལ་ཐབ་རྡོ་རྗེ་ཤ་ལ་དགའ། །ཤ་དགའ་ཆང་དགའི་བཀྲ་ཤིས་ཤོག །སྐྱོབ་སྐྱོབ་ཁ་རལ་ཤོ་ལ་དགའ། །ཨ་ཞང་ཁྱུང་སྐྱབས་གླུ་ལ་དགའ། །ཤོ་དགའ་གླུ་དགའི་བཀྲ་ཤིས་ཤོག།འབའ་ལེབ་ཟུང་ཟུང་མ་ཎིར་དགའ། །དོན་གྲུབ་དཔལ་བཟང་ཉ་ལ་དགའ། །ཆོས་དགའ་ཉ་དགའི་བཀྲ་ཤིས་ཤོག ། ཨ་ནེ་ཨ་བཙུན་ཉལ་བར་དགའ། །ཨ་ཕ་ཨ་སྐྱབས་ལངས་པར་དགའ། །ཉལ་དགའ་ལངས་དགའི་བཀྲ་ཤིས་ཤོག །སྟོད་པ་ཚེ་དབང་ཆོས་ལ་དགའ། །བྱ་བཏང་ཀུན་ལེགས་གནས་མོར་དགའ། །།ཆོས་དགའ་གནས་དགའི་བཀྲ་ཤིས་ཤོག ། བཙུན་ཆུང་བཀྲ་ཤིས་བོད་ལ་དགའ། །བརྩོན་འགྲུས་བཟང་པོ་ལྷོ་ལ་དགའ། །བོད་དགའ་ལྷོ་དགའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡེ་རང་གི་དགོན་པ་བདེ་ཆེན་ཕུག་ཏུ་རྟ་ལམ་ཨ་ནནྡྷ་རས་ཉེས་དགའ་བཞད་ གད་བཀྲ་ཤིས་མ་ཅིག་དགོས་ཟེར་བ་ལ། འབྲུག་པ་ཀུན་ལེགས་ཆང་གིས་བཟི་བའི་ཧོར་ཆོལ་དུ་སྨྲས་སོ། །ཡཱ། བོད་ཀྱི་ར་ལུང་ཆོས་རྗེ་འདི། །གདུང་རུས་བཙུན་པས་མི་ཆོག་པར། །བྱིན་རླབས་ཆེ་སྟེ་ཅི་བྱ་བ། །སྒང་ཁའི་ཡལ་ཏོག་མེ་ཏོག་འདི། །ཁ་དོག་ལེགས་པས་མི་ཆོག་པར། །སྦྲང་རྩི་མངར་ཏེ་ཅི་བྱ་བ། །ཁྱོད་སེང་ཨ་ཞི་རྒྱལ་འཛོམ་འདི། །མོ་སྒོ་མཚར་བས་མི་ཆོག་པར། །འོག་འདེགས་མཁས་ཏེ་ཅི་བྱ་བ། །དགོད་སྟོད་སྲས་མོ་ཨ་འཛོམ་འདི། །ཚ་མོ་ཡན་པས་མི་ཆོག་པར། །ཉལ་ལུགས་མཁས་ཏེ་ཅི་བྱ་བ། །ཆོས་རྗེ་བྱ་བཏང་ཀུན་ལེགས་ང༌། །རྒྱལ་ཁམས་བསྐོར་བས་མི་ཆོག་པར། །ཤར་མོ་མང་སྟེ་ཅི་བྱ་བ། །གཞུང་ཡུལ་གྱེར་གླིང་ཉི་ཤར་འདི། །དད་པ་ཆེ་བས་མི་ཆོག་པར། །འབྲས་ཆང་ཁག་སྟེ་ཅི་བྱ་བ། །དྲུང་དྲུང་རྒྱལ་མཆོག་རྒྱལ་འཛོམ་གཉིས། །རང་སོ་བཟུང་སྟེ་མི་སྡོད་པར། །ཐུགས་རྒྱ་ཆེ་སྟེ་ཅི་བྱ་བ། །ཉ་མ་དཔལ་འཛོམ་བུ་ཁྲིད་འདི། །སྟུ་ཀས་འཇིབ་པས་མི་ཆོག་པར། །མ་མཆུ་འཇིབ་སྟེ་ཅི་བྱ་བ། །སྒང་མཁར་བླ་མ་དཔལ་འབྱོར་འདི། །སྟུ་ཁལ་ལྔ་འདོད་ཀྱང་ཁུག་པ་ལ། །སྟུ་ཅིག་ལ་འཐབ་ནས་ཅི་བྱ་བ། །…. …”གྲོགས་པོ་ཚོ། འདི་ཚོ་རྩོམ་རིག་ལ་དོ་སྣང་སླེབས་པའི་ཆེད་ཁོ་ན་ཡིན་གོ། བཀའ་བསྒྱུར་མེད་པ་ཞུ།
མཁའ་འགྲོ་མཚོ་དང་གྲོགས་པོ་ཚོ། རྩོམ་ཟེར་ལེ་དེ་ཡ་རབས་སྤྱོད་བཟང་གིས་མི་ཤེས། གང་བྱུང་མང་བྱུང་བྲིས་ན་རྩོམ་འབྲི་ཤེས་པར་ཕན་ཐོགས་ཆེ། དེར་བརྟེན་ངས་འདིར་འབྲུག་པ་ཀུན་ལེགས་ཀྱི་གསུང་ལེགས་བཤད་བཙོག་རྩོམ་ཁ་ཤས་ཤིག་ བཞག་འདོད་བྱུང༌། གཟིགས་ཨ།
ཁེ་ཡིས་ཉེན་འཚོལ་བ་དེ་ཉ་ པ་ཡི་རྒད་པོ། །ཞེན་ཆེས་པས་སྲོག་སྐྱེལ་བ་དེ་ཀུན་ལེགས་པའི་ཨ་ཕ། །མཇེ་ཡིས་ནོར་སྐྱེལ་བ་དེ་ཀུན་དགའ་ཡི་ལེགས་པ། །སྟུ་ཆུང་གིས་ཁ་ཆུང་གསོ་བ་དེ་སྡེ་ཞོལ་གྱི་བུ་མོ། །ཤར་མོ་ལ་ཕྱིན་པས་ནོར་རྫས་བསྐྱལ་བ་དེ་བྱིངས་པ་ཡི་དཔོན་མོ། །འཕུར་བས་ལངས་རྒྱུ་མེད་པ་དེ་རྒད་པོ་ཡི་མཇེ་རྒན། རྡོ་འཇོང་ཚན་མོ་གླན་པས་དྲོས་རྒྱུ་མེད་པ་དེ་རྒན་མོ་ཡི་སྟུ་རྒན། །ལ་ཅའི་མཇེ་སྟུ་ཕུགས་སུ་སོང་བ་དེ་བཙུན་མ་ཡི་རྒན་མོ། །མི་ཚེ་རི་ལ་སྐྱེལ་བ་དེ་ལུག་རྫི་ཡི་རྒན་པོ། །གདུལ་བྱ་ཚུར་ལ་ཨེ་ཡོང་བསམ་ནས་གཞང་བཙོངས་པས། །ཆང་རྫ་མ་གང་ཕར་ཤོར་བ་དེ་བྱབ་ཆུང་གི་རྐང་འདྲེན་མ། །སྟུ་ཆུ་རུ་སོང་བ་གཅིག་ཤུལ་གཅིག་གིས་བཏུང་པ་དེ་སྡེ་པ་ཡི་སྒུག་བསྡད་པ། །
ཕུགས་སུ་བཀྲ་ཤིས་པ་དེ་ འཕྲལ་གྱི་ཁ་ཏ། འཕྲལ་དུ་སྐྱིད་པ་དེ་ནང་ཁ་གཤིན་པོ། །བློ་བདེ་བ་དེ་བླ་མ་ཡི་བཀའ་དྲིན། །དོན་གཉིས་སྒྲུབ་པ་དེ་དུས་གསུམ་གྱི་སངས་རྒྱས། །འབྲུག་པ་ཀུན་ལེགས་པ་དེ་ཡང་ལྷ་མིའི་མགྲིན་པ་བྱེད་ན། །རྒྱལ་ཁམས་པའི་མི་ཚོ་ལ་ཨོ་རྒྱན་པདྨའི་བཀའ་བཞིན་གྱིས། །དགེ་བ་སྒྲུབས་ལ་སྡིག་པ་སྤོངས། །ཁྲམ་དང་ག་ཡོ་སྒྱུ་ཟོལ་ཟོག་མ་བྱེད་གྱིས་དང༌། །ཞེས་གསུངས་སོ། །རྩོམ་ལ་དགའ་བོ་ཡོང་ཆེད་འདིར་བཞག་པ་ཡིན། གཟིགས་རོགས།
•
གྲོགས་པོ་ལགས། ངས་རྩོམ་དཔེ་ཞིག་འགོད་བྱུང༌། རྩོམ་ཡིག་འདི་དེ་སྔོན་ང་རང་རྡ་ས་ནས་ལྡི་ལིར་ཡོང་སྐབས་ཤིག་ཏུ་བྲིས་པ་ཡིན། འདིའི་བརྗོད་གཞི་ཐད། མ་ཇུ་ཊིག་ལའི་ཁོར་ཡུག་ག྄ི་གནས་སྟངས་འགའ་ཞིག་གཞི་རྩར་བ ནས་བྲིས་པ་ཡིན། དང་པོ། ཁོར་ཡུག་ཡོང་དགོས་བྱུང་ལུགས་དང་ཡོང་དུས། གཉིས་པ། ལྡི་ལི་རེ་ཞིག་སྡོད་དགོས་བྱུང་བའི་རྒྱུ་རྐྱེན། གསུམ་པ་དེ་སྔོན་ཡང་ས་ཕྱོགས་འདིར་ཡོང་མྱོང་ལུགས། བཞི་པ། ས་གནས་འདིར་མཐོང་ཐོས་མང་ལུགས། ལྔ་པ། སྐབས་དེར་དམིགས་བསལ་གྱི་མཐོང་ཐོས་གང་བྱུང་བའི་ཚུལ་དེ་རྩོམ་འདིའི་བརྗོད་གཞི་དངོས་གཞི་དེ་བཟུང་ནས། དེ་ལ། ནང་གསེས།
1ཤ་ཆང་གི་ཚོང་འགྲེམས།
2བུ་མོ་དང་ཨ་མའི་ཀུན་སྤྱོད།
3གྲྭ་གཟུགས་དང་མི་ཚོང་རྒྱག་མཁན།
4རྒྱན་རྩེད་དང་ཁྱིམ་བདག་མའི་བྱ་སྤྱོད། བཅས་གནད་དོན་འགའ་ཞིག་ཐེར་འདོན་བྱས་ནས་ཉིན་ཐོའི་རྣམ་པ་བྱས་ཏེ་བྲིས་པ་ཞིག་རེད། འདིའི་ཐོག་ནས་ཁོར་ཡུག་དེ་གར་རྩོམ་ཡིག་ཅིག་འབྲི་དགོས་ན་གོང་གི་བརྗོད་གཞÔ་དེ་ཚོ་སྔོན་ལ་བསམ་གཞིགས་གནང་། དེ་ནས་ཤོག་ཐོག་ཕབ་ན་ཅི་འབྲི་འདི་འབྲི་མེད་པའི་དཀའ་ངལ་དེ་མི་ཡོང་བ་སེམས།
གཤམ་གྱི་རྩོམ་ཐུང་དེ་ལ་གཟིགས་རོགས།
(རྩོམ་ཡིག་འདིས་མ་ཇུ་ཊིག་ལ་ནས་ཆག་སྒོ་ཉོ་གྲབས་ཐེངས་གཉིས་བྱས་བྱུང༌། དེང་སང་ཅི་ཟེར་མཁན་མི་འདུག)
མན་ཇུག་ཊི་ལའི་ལྟད་མོ་སླར་ཡང་མཐོང༌།
ཁ་རྩངས་དགུང་མོར་དྷ་རམ་ས་ནས་ཡོང༌།།
ད་ནངས་ཞོགས་པར་མ་ཇུག་ཊི་ལར་སླེབས།།
སང་ཉིན་ཉིན་གུང་ལྷོ་ཕྱོགས་འགྲོ་དགོས་ཀྱང༌།།
དེ་རིང་འདི་ན་མི་འདུག་ཀ་མེད་རེད།།
མྱི་མང་སྣ་འདུས་མ་ཇུག་ཊི་ལའི་ཁྲོམ།།
ཡུན་རིང་བསྡད་འདོད་སེམས་ལ་མེད་ན་ཡང༌།།
མེ་འཁོར་འཛིན་བྱང་དུས་ཐོག་མ་རག་པས།།
ད་དུང་ཉིན་ཤས་མ་བསྡད་རང་བསྡད་རེད།།
དེ་སྔོན་ནུབ་ཕྱོགས་ཨ་རིར་འཕུར་སྐབས་དང༌།།
དྷ་རམ་ས་ལར་ཐེངས་མང་བསྐྱོད་པའི་སྐབས།།
ལྷ་འདྲེའི་ཆོ་འཕྲུལ་འདྲ་བའི་གྲོང་ཚོ་འདིར།།
ཐེངས་གཅིག་མིན་པར་ཡང་ཡང་འགྲིམས་ནས་སོང༌།།
སྟོན་མཇུག་རླུང་ལྟར་འཚུབ་པའི་ཁོར་ཡུག་འདིར།།
ཇི་ཙམ་སླེབས་ཀྱང་རྫོགས་མཐའ་མི་མངོན་པའི།།
ཡ་མཚན་ལྟད་མོ་འདྲ་མིན་མང་དྲགས་ནས།།
ཐམས་ཅད་བྲིས་ན་རྫོགས་མཐའ་ག་ལ་ཡོད།།
དེ་རིང་གསར་དུ་མཐོང་བའི་ལྟད་མོ་འགའ།།
དོན་གྱི་སྙིང་པོར་སྒྲོ་བཏགས་མ་བྱས་ཤིང༌།།
ཚིག་གི་ལོ་མས་བརྗོད་དོན་མ་སྒྲིབ་པར།།
བདེན་པའི་གཏམ་གྱི་ཉིན་ཐོ་འབྲི་འདོད་སྐྱེས།།
ཆང་ཁང་བཀག་ནས་ཞག་གསུམ་མ་ལོན་གོང༌།།
ཨ་ཁང་སྒོ་འབྱེད་བྱས་པའི་མཛད་སྒོ་མཐོང༌།།
བྱམས་བརྩེ་དཀར་སྐྱོང་ཚོགས་མིའི་ཟ་ཁང་ནང༌།།
ར་ཤ་གླང་ཤའི་རྒྱས་སྤྲོས་སྔར་བས་ཆེ།།
གཉེན་སྒྲིགས་རྟེན་འབྲེལ་བྱས་པའི་སྔར་ནུབ་ཏུ།།
བཟའ་ཟླའི་ཕང་ནས་ཕྲུ་གུ་སྐྱེས་པ་ཐོས།།
བུ་དགུ་ཨ་མས་པ་ཇ་བྷ་ཛའི་ཁྲོམ།།
འཇའ་མ་བརྫིས་ནས་སྟུ་བཙོང་རྒྱབ་པ་ཐོས།།
གྲྭ་ཆས་གོན་ནས་ཨེ་སིང་མགྲོན་ཁང་ནང༌།།
ན་གཞོན་བུ་མོ་རུམ་པའི་ལྟད་མོ་མཐོང༌།།
ཨེ་བྷི་སི་ཌི་ཡིག་ངོ་མི་ཤེས་པར།།
ཡིག་ཆ་རྫུན་མའི་ནག་འཚོང་རྒྱག་མཁན་མང༌།།
གཞང་འཚོང་བུ་མོ་བཀག་པའི་ཁྱབ་བསྒྲགས་འོག།
མོ་བྷེལ་ཨང་གྲངས་འཁོད་པའི་འཛིན་བྱང་གསལ།།
ཚོང་པ་རྒན་པོ་བསྡད་སའི་མགྲོན་ཁང་ནང༌།།
སྨད་ཚོང་བུ་མོའི་དགོད་སྒྲ་གཞན་ལས་སྙན།།
རྒྱབ་ལྕོག་གྲུ་བཞི་བསྒྲིགས་པའི་སྦག་ཁང་ནང༌།།
ཁྲི་ཕྲག་འབུམ་ཕྲག་འཛུགས་པའི་རྒྱན་རྩེད་མཐོང༌།།
ཁྱོ་ག་ཆང་གིས་བཟི་ནས་གཉིད་པའི་རྗེས།།
བཟའ་ཟླ་གཡོག་པོས་རུམ་པའི་གཏམ་རྒྱུད་མང༌།།
མན་ཇུག་ཊི་ལའི་ཡ་མཚན་ལྟད་མོ་ཀུན།།
ཤོག་ཐོག་ཕབ་ན་རྫོགས་མཐའ་མི་འདུག་ཀྱང༌།།
དེ་རིང་ཁ་རྩངས་མཐོང་ཐོས་བྱུང་བ་རྣམས།།
ཉིན་ཐོ་གྲུ་བཞིའི་ནང་དུ་བཀོད་པ་ལགས།།
༢༠༠༥།༦།༦།ཉིན་ལྡི་ལི་ནས་བྲིས།
ཁ་སྐྱ་ཐད་ནག སྐྱ་བོ་མི་ནག
ཁྱེད་ཀྱིས་ངའི་རྩ་བའི་བླ་མ་ཀུན་ལེགས་ཀྱི་གསུང་འབུམ་བསྔོགས་ནས་དཔེ་མི་སྲིད་པའི་ཧམ་པ་རེད། དགེ་ཕྲུག་ང་ལྷོད་པོར་སྡོད་བཅུག་མ་སོང་།
ཁྱེད་རང་གི་ངའི་བླ་མའི་རྩོམ་སྟངས་འདི་བཀོལ་བ་ཤིན་ཏུ་ལེགས་པོ་བྱུང་འདུག
ཁྱེད་ཀྱིས་ངའི་རྩ་བའི་བླ་མའི་ལད་ཟློས་བྱེད། ངས་ཁྱེད་རང་གི་ལད་ཟློས་བྱེད་ཆོག་པར་ཞུ།
ཁ་སྐྱ་མི་ནག་སྟུ་ལ་དགའ།།
སྟུ་ནག་སྟུ་སྤུ་ནག་ལ་དགའ།།
སྟུ་ལོ་ནག་པའི་བཀྲ་ཤིས་ཤོག།
བེར་འཇིགས་སུག་ཀྲི་གོན་ལ་དགའ།།
སུག་ཀྲི་ནག་པོ་གོན་ལ་དགའ།།
དགའ་བའི་བསམ་པ་འགྲུབ་པར་ཤོག
ཨ་ནེ་མཁའ་འགྲོ་རྩོམ་ལ་དགའ།།
རྩོམ་རྒྱ་ཅན་གྱི་རྩོམ་ལ་དགའ།།
རྩོམ་ལོའི་ལྕགས་སྒྲོག་གྲོལ་བར་ཤོག
ལྷ་རྟ་དཀར་པོ་གཅིན་ལ་དགའ།།
གཅིན་པ་སེར་པའི་གཅིན་ལ་དགའ།།
གཅིན་ཀྱིས་བཟིས་ནས་སྨྱོས་བར་ཤོག།
གཞོན་ནུ་ཟླ་མེད་གསུང་ལ་དགའ།།
གསུང་རབ་བཀའ་ཆོས་གསུང་ལ་དགའ།།
གསུང་གི་རྟུག་དྲི་བྲོ་བར་ཤོག།
བེ་རི་འཇིགས་མེད་ཆོས་ལ་དགའ།།
ཆོས་སྲིད་འདྲེས་པའི་ཆོས་ལ་དགའ།།
ཆོས་མིན་སྲིད་མིན་བཀྲ་ཤིས་ཤོག།
ཀླུ་སྨྱོན་ས་བག་བརྩིག་ལ་དགའ།།
དགུ་བརྩེགས་ས་བག་བརྩིག་ལ་དགའ།།
བརྩིགས་པའི་སྙན་ངག་ཞིག་གྱུར་ཅིག།
ཞིག་པའི་སྙན་ངག་ལྷུག་གྱུར་ཅིག།
ལྷུག་རྩོམ་འཕེལ་པའི་བཀྲ་ཤིས་ཤོག།
མེ་སྒྱོགས་རྒྱ་མཚོ་འབྲི་ལ་དགའ།།
འབྲི་བར་ཅི་བསམ་འབྲི་ལ་དགའ།།
འབྲི་ལོ་རྒྱས་པའི་བཀྲ་ཤིས་ཤོག།
འཆི་བདག་སྐྱབས་མགོན་བསྔོག་ལ་དགའ།།
བེ་རིའི་ཁ་སོ་བསྔོག་ལ་དགའ།།
བསྔོགས་ནས་རྩོམ་རྩལ་བརྙེད་གྱུར་ཅིག།
ལྷ་ཀླུ་གཉན་གསུམ་རྒྱོ་ལ་དགའ།།
སྙན་ངག་གསོན་པོ་རྒྱོ་ལ་དགའ།།
རྒྱོ་ཕྲུག་རྒྱུན་དུ་འཕེལ་བར་ཤོག།
སྒོམ་སྡེ་ལྷ་རམས་ཚིག་ལ་དགའ།།
གྲོག་མ་བཞིན་དུ་བསགས་ལ་དགའ།།
བསགས་པའི་ཚིག་རྣམས་རྒྱས་གྱུར་ཅིག།
མགོན་པོ་ཕྱག་གཉིས་རྩོད་ལ་དགའ།།
རྩོད་པའི་ཚིག་རྣམས་རྣོ་ལ་དགའ།།
རྣོ་བས་གནད་ལ་འཁེལ་བར་ཤོག།
རིག་འབྱུང་དོན་འགྲུབ་ཆོས་ལ་དགའ།།
ཆོས་དཔལ་བསྲེས་ནས་རྩོམ་ལ་དགའ།།
ཆོས་ལོ་འཚིག་ནས་དཔལ་ལོ་རྣམས།།
འཛམ་བུའི་རྒྱན་དུ་སྐྱེས་གྱུར་ཅིག།
རབ་གསལ་ཆུང་ཆུང་དོན་ལ་དགའ།།
ཁ་བརྡའི་བརྗོད་བྱའི་དོན་ལ་དགའ།།
དོན་གྱི་འབྲས་བུ་སྨིན་པར་ཤོག།
གསར་འབྱོར་བ་མཁའ་འགྲོ་མཚོ། ཁྱེད་དྲི་མ་ཚ་ཚད་འདུག་དཱ། ཧཧཧེཧེ། མུ་མཐུད་བྲིས་ལོ། ངོ་ཚ་མདོག་བྱེད་ཀྱིན་སྡོད་ན་མི་ཚེ་འཕྲོ་བརླག་དང་གྱང་རེད་ལོ།
དེ་རང་རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་གིས་ང་ལ་བླ་མ་ལགས།
ཁྱོད་མངའ་རིའི་ཕྱོགས་ལ་འགྲོ་ན་མགྱོགས་པར་འགྲོ་ན་དགའ།
ང་ད་ལྟ་ལྷ་ས་ལ་ཡོད། ཚང་མ་བརླགས་ཚར་འདུག ང་ཚོའི་གཞུང་ནས་གང་ཡང་བྱས་མི་འདུག་ང་ངུ་བཞིན་ཡོད། ཁོང་གི་སྔར་གྱི་བསམ་ཚུལ་དང་མཐོང་སྣང་མི་འདྲ་བ་ཞིག་བྱུང་འདུག།
དགོན་པ་མི་འདུག་ཅེས་ཟེར་བ་འདིས་གོ་རྒྱུ་ཚོར་རྒྱུ་མང་གི་ཨ།
ཡང་ཧོ་ནན་ནས་ཡིན་པ་ཞིག་གི་ཤེས་ཙང་མི་ནི་ཚང་མ་འཇིགས་སྐུལ་བ་རེད་ཅེས་ང་རང་ཧ་སང་དགོས་བཟོ་སོང༌། ངོ་མ་མི་གོ་གི།
གྲོགས་པོ་ཞིག་གིས་བོད་ནས་གློག་འཔྲིན་ཞིག་འབྱོར་བའི་ནང་དུ། འདི་ལྟར་འཁོད་འདུག
མཁྱེན་ཡངས་བེརི་འཇིགས་མེད་ཀྱི་དྲུང་དུ། ཉིད་ཀྱི་སྐུ་པར་དང་ཕྱག་བྲིས་མཇལ་བས་སྤྲོ་བ་རབ་ཏུ་འཕེལ། ཁྱད་པར་དུ་བསྟན་འགྲོ་ལ་སྨན་པའི་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པ་ནི་ངེད་ཅག་ གི་རྗེས་སུ་ཡིད་རང་གི་གནས་སུ་གྱུར། ཁ་བརྡ་དྲ་བ་ལས་ཀྱང་མཆོག་ཉིད་ཀྱི་ལེགས་རྩོམ་ཁ་ཤས་མཇལ་རྒྱུའི་སྐལ་བ་བྱུང་། འདི་ཕྱོགས་ཧི་གཟུགས་ཟིན་བྲིས་སྒོ་འདོན་ནས་ཉིན་མང་སོང་བས་ཟིན་བྲིས་སྤེལ་ཐབས་ བྲལ།
ཁོ་བོ་ལུས་པོ་འཕྲོད་བསྟེན་གྱི་ཆེད་རྒྱ་ནག་སྤོས་ངད་ གྲོང་རེ་ཞིག་སྡོད་དེ་ད་ལྟ་རང་ཡུལ་དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ཕ་སྐད་མ་ ཡིག་གི་སློབ་ཁྲིད་བྱེད་བཞིན་ཡོད་ལགས།
གནས་ཚུལ་བཟང་པོ་ཞིག་ལ་འདི་ཕྱོགས་ཡིད་བཞིན་ནོར་བུ་ལ་ངོ་རྒོལ་བྱེད་པའི་བྱ་ འགུལ་མཚམས་ཆད་པས་ཟིང་བདེ་ཞིང་། དཀར་མཛེས་དགོན་པས་དབུ་འཛིན་ཏེ་ཞི་བདེའི་ཚོགས་འདུ་ཆེན་མོ་ཟེར་བ་ཞིག་ཉིན་ གསུམ་གྱི་རིང་དུ་ཚོགས་པ་དང་། ཚོགས་ཞུགས་ཀྱང་རྫོང་ནང་གི་དགོན་ཁག་བཞི་བཅུ་ལྷག་གི་གྲྭ་བཙུན་བརྒྱ་ལས་བརྒལ་བ་ ཡོད་པར་ཐོས། ཚོགས་འདུའི་དམིགས་ཡུལ་ནི་རྐུན་ཇག་ཁྲོམ་གསུམ་དང་འཛིང་རྩོད་སོགས་མི་ཡོང་བ་ དུས་བདེ་ཟིང་འཇགས་ཡོང་བའི་ཆེད་དུ་ཡིན་པ་རེད་འདུག
སླད་དུའང་སྐུ་ཉིད་ཀྱི་མཛད་འཕྲིན་སྔར་ལས་རྒྱས་པའི་སྨོན་འདུན་དང་བཅས། ཞེས་འཁོད་འདུག
ང་ཚོས་ཧ་ཅང་གིས་དོ་སྣང་བྱེད་དགོས་པ་ནི། ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ་ནངདུ། ཏཱ་ལའི་རུ་ཚོགས་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱེད་བཞིན་པ་ལགས་ན། རྒྱ་གཞུང་གིས་གླང་ཆེན་གྱི་སོ་ནང་བཞིན་བྱ་སྤྱོད་ཕྱི་ནང་གཉིས་སྤེལ་བྱེད་བཞིན་ཡོད་པ་གསལ་བོ་མཁྱེན་ནས་མགོ་སྐོར་འོག་ཚུད་མི་ཉན་པའི་དྲན་གཟོ་གཏོང་དགོས་ཀྱི་འདུག
ཡ་མ་རྰ་ཛྰས་རྩོམ་གཉིས་བྲིས་འདུག་ཀྱང་གཉིས་ཀ་རྩ་བའི་བརྗོད་གཞི་དང་འབྲེལ་བ་ག་རེ་ཡོད་པ་ང་གོ་བ་སྐྱོ་དྲག་ནས་གོ་མ་སོང་་་་་་་་་་་་་་་་་་་་་་་་་་་
མ་གཞི་ནས་འདི་འདྲ་ཞིག་ཀྱང་ཡིད་ལ་ཤར་་་་་་་་་་་་་་་་་་་་་་་
མཛུབ་གནོན་ལེགས་པར་མ་སྦྱང་ཞིང་། །བརྡ་དག་ཞིབ་པར་མ་བསླབ་པར། །འབྲི་དང་རྩོམ་པའི་ཁུར་ལེན་པ། །རང་སྐྱོན་གཞན་ལ་ངོམ་པ་ཙམ། །
མཁའ་འགྲོ་མཚོ་་་་་་་་་་་་་་་་་་་་་་་་་
ཡང་གཅིག་མིན་ན་མཛེས་མ་འཇོ་སྒེག་ཅན། །ཡང་ན་རྒན་མོ་རྐུབ་རུལ་མ་ཞིག་འདྲ། །ཡང་ཕོ་མིན་མོ་མིན་མོ་རྫུས་མཁན། །ཁྱོད་རང་ཅི་ཡིན་དེ་རིང་དྲང་པོར་ཤོད། །
མཆན་ ཡང་ན་ཕོ་མིན་མོ་མིན་མོ་རྫུས་མཁན། །
ངས་ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་སྐོར་ལས་འཕྲོས་པའི་མཆན་ཞིག་བྲི་འདུན་བྱུང༌།
ཚང་མས་ཤེས་དགོས་པ་ཞིག་ལ་སྐུ་སྒེར་ཡིག་ཚང་ནས་ཧོར་འཇིགས་ལ་མདོ་སྨད་ལོ་རྒྱུས་འབྲིར་བཅུག་པ་རེད་ཟེད་བ་དེ་ཧ་མ་གོ་བའི་གཏམ་རེད། ཁོ་པས་གོང་ས་མཆོག་ལ་ཡར་ལོ་རྒྱུས་བྲི་རྒྱུ་ཡིན་ཟེར་ཡར་ཞུས་པ་རེད། དེ་ནས་གོང་ས་མཆོག་གིས་ཁྱེད་རང་མི་སྒེར་ཞིག་གི་ངོས་ནས་བྲིས་པ་ཡིན་པས་ཡུལ་བྱེ་བྲག་པ་དང་རྒྱ་བོད་ཀྱི་གཞུང་གང་ཞིག་ཕྱོགས་སུ་ལངས་ན་སབྲིས་མི་དགོས་པར་དངོས་ཡོད་གང་ཡིན་པ་དེ་བྲིས་ཤོག་གསུངས་པ་རེད། གོང་ས་མཆོག་གི་མདུན་དུ་དེབ་ཞིག་བྲི་རྒྱུ་ཡིན་ཞེས་ཞུ་དུས་གོང་ས་མཆོག་ནས་མ་བྲིས་ཞེས་གསུངས་ཧ་ལམ་མི་སྲིད་པ་རེད། འདི་དག་གི་སྐོར་པད་མ་ཅན་དང་སེང་རལ་ཅན་སོགས་ནས་རང་ཉིད་ཕྱོགས་ལྷུང་གདོན་གྱིས་མྱོས་ནས་ཧོར་གཙང་ལ་སྐྱོན་བརྗོད་ཁུལ་བྱས་ཀྱང་ཧོར་འཇིགས་ནི་བཙན་བྱོལ་ནང་སྙན་རྩོམ་གང་མང་ཞིག་ཡོངས྄་ཁྱབ་ཏུ་བཏོན་ནས་བཙན་བྱོལ་ནང་རྩོམ་ཡིག་འབྲི་རྒྱུར་བསྐུལ་སློང་ཤུགས་ཆེ་གཏོང་མཁན་ཞིག་རེད། པད་སེང་ཁྱེད་གཉིས་ལ་བོད་སྤྱི་ལ་ཕན་པའི་གྲུབ་འབྲས་སྦར་མོ་གང་ཡང་ཨེ་ཡོད་སྙམ། ད་དུང་ཉ་དབོན་སོགས་ཀྱི་ཕར་ཊིག་དང་རྗེ་བླ་མའི་ཕར་ཊིག་སྡུར་རྒྱུ་ཡོད་པ་ལྟ་བུར་བཤད་པ་ནི་དགོད་བྲོ་བ་ཞིག་རེད།
རྗེ་བླ་མའི་ཕར་ཊིག་ནི་ད་ལྟའང་སློབ་དེབ་ལྟ་བུར་བྱས་ནས་སྦྱོང་བཞིན་ཡོད་པ་དང་། ཉ་ཊིག་ནི་ཧ་ལམ་མི་མངོན་དབྱིངས་སུ་ཐིམ་པ་ལྟ་བུ་ཞིབ་འཇུག་པ་འགའ་ཡིས་ལྟ་བ་ཙམ་དུ་ཟད་དོ། སེང་རལ་ཅན་ནས་ཉ་དབོན་སོགས་དང་རྗེ་བླ་མའི་ཕར་ཕྱིན་གསུང་ལ་རྒྱུས་ཆེ་མདོག་བྱས་འདུག་པས་ངས་འདི་དྲི་བར་བྱ་སྟེ། ཐེག་ཆེན་སྒྲུབ་པའི་དམིགས་པ་བཤད་སྐབས་རྐུན་པོ་ཕྱིར་ཕྱུང་དང་སྒོ་འཕར་བཅད་ལྟར་ཞེས་པའི་དཔེ་དོན་ཉ་དབོན་སོགས་དང་རྗེ་བླ་མའི་འགྲེལ་ཚུལ་ཁག་ཇི་ཡིན། སློབ་དཔོན་སེང་བཟང༌དང་འཕགས་གྲོལ་གང་གི་ཕར་འགྲེལ་རྣམས་སུ་ཇི་ལྟར་གསུངས། འགྲེལ་ཚུལ་མི་འདྲ་བ་བྱུང་དོན་བཤད་བྱ་རྩ་བའི་མདོ་ལ་ཐུག་གམ་རྩ་བའི་ཚིག་སྦྱོར་གྱི་དབང་གིས་ཡིན། ཡང་ན་བྱེ་སྨྲའི་བཞེད་པའི་ཤན་གྱིས་མི་མཐུན་པར་གྱུར་པ་གང་ཡིན། ཕར་འགྲེལ་གཞན་དུ་དེ་དག་གསུངས་ཚུལ་གང་ཡོད། འདི་དག་ལ་ལན་ལམ་སང་འདེབས་དང་ཁྱེད་ལ་ཉ་དབོན་སོགས་དང་རྗེ་བླ་མའི་ཕར་འགྲེལ་བཀླགས་པའི་མཐོང་རྒྱ་ཡོད་མེད་དེ་མ་ཐག་ཤེས་ནུས་སོ༎
དྲྭ་གྲོགས་བཀྲ་ཤིས་ཚེ་རིང་ལགས། རྩོད་གཞི་འདིར་དགེ་མཚན་ཆེར་མ་གཟིགས་ནས་དྲྭ་རྒྱ་དཀག་སོང་རུང་། ཉིད་ལ་ཧོར་འཇིགས་ཀྱི་དེབ་ཀྱི་རྒྱུས་མངའ་ཡོད་པའི་སྒོ་ནས་གསལ་བཤད་བྱེད་འདོད་ན། ཧོར་འཇིགས་ཀྱི་དེབ་དེའི་སྦྱིན་བདག་དེ་སྐུ་སྒེར་ཡིག་ཚང་གིས་བྱས་པ་དེ་བདེན་པ་རེད་དམ། གལ་སྲིད་དེ་བདེན་པ་མ་རེད་ན་གསལ་བཤད་ཡག་པོ་ཞིག་གནང་ན། ཧོར་འཇིགས་སྒེར་གྱིས་ངོས་ནས། གང་བྱས་ནའང་བོད་སྤྱི་བའི་མཐུན་འབྲེལ་ལ་གནོད་ཚབ་ཆེར་བ་གཏོང་མི་ནུས། གལ་སྲིད་སྐུ་སྒེར་ཡིག་ཚང་གིས་སྤར་སྐྲུན་བྱས་པ་ཡིན་ན། ཡིད་བཞིན་ནོར་བུས་མི་ཚེ་གཅིག་ཏུ་ཆོས་ལུགས་ཁག་མཐུན་འབྲེལ་གྱི་ཆེད་དུ་སྐུ་ངལ་བསྐྱོན་པ་དེ་ཕ་ཆེར་སྐུ་སྒེར་ཡིག་ཚང་གིས་ཆུད་ཟོས་སུ་བཏང་འདུག་བསམ་གྱིན་ཡོད།
དོན་གྲུབ་རྒྱལ་དང་དེས་བོད་ཀྱི་རྩོམ་རིག་གསར་བར་ཐེབས་པའི་ཤུགས་རྐྱེན་སྐོར།
བཀྲ་ཤིས་དཔལ་ལྡན་གྱིས་འདི་ལྟར་བྲིས་འདུག གཟིགས་རོགས།
བརྩམས་ཆོས་ཀྱི་སྒྱུ་རྩལ་རང་བཞིན་དང་རྩོམ་རིག་གསར་པའི་ཤུགས་རྐྱེན།
རྩོམ་རིག་གི་བརྩམས་ཆོས་ཡག་པོ་ཞིག་འབྲི་བར་བྱང་ཆུབ་པའི་སྒྱུ་རྩལ་གྱི་མཐུན་རྐྱེན་ཞིག་མེད་ན་བརྗོད་བྱའི་དོན་རྣམས་གསལ་པོར་མཚོན་པ་དང་།ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་རྒྱུ་ཟེར་བ་ནི་སྟོང་གཏམ་ཙམ་དུ་ཟད།འོ་ན་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་དེ་ལྟ་བུའི་ནང་དོན་ཟབ་མོ་དང་ཡིད་དབང་འགུགས་ཆེན་པོ་ཡོད་དོན་ཅི་ཡིན་ཟེར་ན།དེ་ནི་རྩོམ་པ་པོས་རྣམ་ཀུན་སྤྱི་ཚོགས་ཀྱི་འཚོ་བར་རྟོག་ཞིབ་དང་།བརྗོད་བྱ་གདམ་གསེས་བྱས་ཏེ་དངོས་ཡོད་ཀྱི་འཚོ་བ་བྲིས་པ་ཙམ་དུ་མ་ཟད།ཡུན་རིང་སློབ་སྦྱོང་དང་བརྩོན་ཞིབ་བྱས་ནས་སྒྱུ་རྩལ་ལ་ནང་བྱན་ཆུད་པས།ཕྱོགས་གཅིག་ནས་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྒྱུན་འཛིན་དང་།ཕྱོགས་གཞན་ཞིག་ནས་མི་རིགས་གཞན་དག་གི་རྩོམ་སྲོལ་ལ་སློབ་སྦྱོང་གིས་དེ་གཉིས་ཀྱི་སྙིང་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྒྲུང་གི་བརྒྱུད་རིམ་དང་།མི་སྣའི་གཟུགས་བརྙན་ཞིབ་འབྲི།ཕན་ཚུན་གཏམ་གླེང་དམངས་ཁྲོད་ཅན་དུ་འགྱུར་བ་བྱས་ཏེ་ལྟ་ན་འདོད་ལ་ཉན་ན་སྤྲོ་བའི་སྒྱུ་རྩལ་བེད་སྤྱོད་བྱས་པ་དང་།བརྗོད་བྱ་ཚགས་དམ་ལ་སྒྲུང་གི་གོ་རིམ་རྣམས་ཟུར་བལྟས་ལེབ་མཐོང་གི་སྐྱོན་ལས་གཡོལ་ཏེ་ཆུ་བོའི་རླབས་་བཞིན་འཚོ་བ་དངོས་ལྟར་ཀྱག་ཀྱོག་གི་འབྲི་ཚུལ་སྤྱད་ནས་ཀློག་པ་པོར་སྙིང་སྟོབས་སྤྲད་པ་ལས་བྱུང་བ་ཞིག་ཡིན།ཁོང་གི་རྩོམ་འབྲི་སྲོལ་ནི་ཆུ་སྣ་གར་ཁྲིད་ལྟར་མིན་པར་རང་ཉིད་ཀྱི་རྩོམ་སྲོལ་ཞིག་གྲུབ་ཡོད།ཁོང་གིས་བྲིས་པའི་སྒྲུང་གཏམ་མང་པོ་ཞིག་མི་སྣ་དང་པོའི་འབྲི་སྲོལ་ཐོག་ནས་བྲིས་ཡོད་པ་དེ་དག་ལའང“རྩོམ་བརྒྱ་དོན་གཅིག”གི་སྣང་བ་གཏན་ནས་མེད་པར་དེ་དག་སོ་སོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་བཏོན་ནས་བརྗོད་དོན་རྣམས་གསལ་པོར་མངོན་ཡོད་པ་དང་།ལྷག་པར་འབྲི་ཚུལ་དེས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་སེམས་ཁམས་ཞིབ་འབྲི་བྱེད་རྒྱུར་གཞོགས་འདེགས་དང་ཁྱད་དུ་འཕགས་པའི་ནུས་པ་ཐོན་ནས་མི་སྣ་རེ་རེ་བཞིན་གྱང་ལྡེབས་ཀྱི་རི་མོ་ཙམ་མ་ཡིན་པར་གཟུགས་ཡོད་ལ་རྣམ་ཤེས་ཡོད་པའི་མི་སྣ་གསོན་པོ་ཤ་སྟག་ཆགས་ནས་ཀློག་པ་པོའི་མིག་མདུན་དུ་ལངས་ནས་བྱ་སྤྱོད་སྤེལ་བ་དང་སྐད་ཆ་བཤད་ཀྱིན་ཡོད་པའི་ཚོར་བ་སྟེར།སྒྲུང་གཏམ་དེ་དག་སོ་སོའི་མི་སྣའི་གཟུགས་བརྙན་བཀོད་འབྲི་བྱེད་སྐབས་ཀྱང་ཚང་མ་ཁུགས་པར་གཅིག་ནས་ཐོན་པ་ལྟར་མིན་པར་མི་སྣ་རེ་རེར་སོ་སོར་གཤིས་ཀ་དང་། སེམས་ཁམས།འདུ་ཤེས།ཕུགས་བསམ།གཏམ་སྤྱོད།འཇིག་རྟེན་ལྟ་ཚུལ་བཅས་མི་འདྲ་བ་རེ་ཡོད་པ་དཔེར་ན<>ནང་གི་ལྷ་སྐྱིད་དང་རིག་ཡག་ལྟ་བུ་དང་།<>ནང་གི་སྤྲུལ་སྐུ་ལྟ་བུ། <>ནང་གི་ཀུན་ཏུ་བཟང་མོ་ལྟ་བུ།<>ནང་གི་དབང་ལྡན་དང་དབང་ལྡན་གྱི་ཨ་ཕ་ལྟ་བུ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་མི་སྣའི་གཟུགས་བརྙན་དེ་དག་ལ་དེ་བས་དངོས་འབྲེལ་དང་རང་བཞིན་གྱི་སྣང་བ་ཤུགས་ཆེར་མངོན་གྱི་ཡོད་པ་ལྟ་བུའོ།།སྒྲུང་གཏམ་གྱི་འབྲི་ཚུལ་ཐད་ལའང་རྩོམ་སོ་སོར་ཁྱད་ཆོས་མི་འདྲ་བ་དང་།འབྲི་ཚུལ་མི་འདྲ་བ་རེ་ཡོད་པ་དཔེར་ན<>ནི་ད་ལྟ་ང་ཚོ་བོད་རིགས་ཀྱི་རྩོམ་རིག་ཐོག་རྦད་དེ་གསར་པ་ཡིན་པའི་འབྲི་སྲོལ་བེད་སྤྱད་དེ་བརྩམས་པ་ཞིག་ཡིན་ཅིང་། སྒྲུང་གཏམ་དེའི་ནང་གི་གཤིས་རྒྱུད་མི་འདྲ་བའི་མི་སྣ་ཚེ་རིང་དང་།ལྷ་སྐྱིད། རིག་ཡག ལྷ་མོ།ཇོ་མོ་སྒྲོལ་མ།ཨ་ཕ་ཕུན་ཚོགས་བཅས་གཙོ་བོའི་མི་སྣ་ཚང་མར་སྒྲུང་གི་གོ་རིམ་ལྟར་རང་གི་བརྒྱུད་རིམ་བཤད་དུ་བཅུག་པ་དེས།ཀློག་པ་པོར་གཤིས་རྒྱུད་མི་འདྲ་བའི་མི་སྣ་རེ་རེ་བཞིན་གྱི་སེམས་ཁམས་རྒྱུས་མངའ་བྱུང་ནས་འཚོ་བ་ངོ་མའི་བག་ཆགས་ཡོང་བ་དང་།དེ་བཞིན་<>ནང་དུ།དང་ཐོག་རྩོམ་ཡིག་མགོ་ཚུགས་སྐབས་ཀྱི་ཀླུ་ཕྱུག་གི་མཐོང་ཐོས་ཆུང་ངུ་ནས་རིམ་བཞིན་འཚོ་བའི་ཁོར་ཡུག་ཆེན་པོའི་ནང་དུ་ཁྲིད་ནས་བརྗོད་བྱ་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་བ་དང་།བརྗོད་བྱ་གཙོ་བོ་རྣམས་དབང་ལྡན་ལ་བཤད་དུ་བཅུག་ལ།ཡང་དེའི་ནང་དུ“ང”སྟེ་ཀླུ་ཕྱུག་ཀྱང་ཡོད་པས་དབང་ལྡན་གྱི་གཟུགས་བརྙན་བཀོད་འབྲི་གཏིང་ཇེ་ཟབ་ཏུ་གཏོང་བའི་རྩོམ་སྲོལ་དེའང་གསར་པ་ཞིག་རེད།ད་དུང་དེ་ལས་གཞན་ཁོང་གིས་བྲིས་པའི་<>དེ་དེང་སྐབས་ནུབ་ཕྱོགས་རྩོམ་རིག་གི་འབྲི་་སྲོལ“འདུ་ཤེས་རྒྱུ་བའི(རྟོག་པ་རང་ཡན་པ)”འབྲི་ཚུལ་དང་དང་ཉེ་ཞིང་།ད་དུང་གཞན་གྱི་བཤད་ཚུལ་ལྟར་ན་རྩོམ་དེ་ནི་ཧ་ལམ་སྐུ་ཞབས་ལུའུ་ཞུན་གྱི་རྩོམ་དང་འདྲ་པོ་ཡོད་ཟེར།སྙན་ངག<>ཡང་རྦད་དེ་འབྲི་ཚུལ་གསར་པ་བཏོད་པའི་སྐོར་ལ་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་མི་བྱེད།
སྐད་ཆ་ནི་རྩོམ་གྱི་རྒྱུ་རྐྱེན་ཨང་དང་པོ་དེ་ཡིན་པས་སྒྲུང་གཏམ་ནང་གི་མི་སྣའི་སྐད་ཆ་རྣམས་སྒྱུ་རྩལ་གྱི་རང་བཞིན་དང་ལྡན་པ་ཞིག་མ་བྱུང་ན་སྒྱུ་རྩལ་ཞེས་པ་བརྗོད་ཐབས་མེད་པས། དེའི་སྐོར་ལ་རླབས་ཆེན་གྱི་རྩོམ་པ་པོ་ཀོར་ཅིས“སྐད་ཆ་ནི་རྩོམ་རིག་པའི་མཚོན་ཆ་ཡིན་པ་དེའང་མེ་མདའ་ནི་དམག་མིའི་མཚོན་ཆ་ཡིན་པ་དང་འདྲ་ཞིང་།མཚོན་ཆ་ཇི་ཙམ་ཡག་པ་དེ་ཙམ་གྱིས་འཐབ་འཛིང་པའི་ནུས་ཤུགས་ཀྱང་ཆེ་བ་ཡོད་པ་ནི་གསལ་པོ་རེད”ཅེས་གསུངས་པ་ལྟར།སྐད་ཆ་བེད་སྤྱད་བྱ་རྒྱུ་ཇི་ཙམ་གྱིས་ཡག་པ་དེ་ཙམ་གྱིས་རྩོམ་ཡང་ཡག་པོ་ཡོང་གི་ཡོད་པས།ཁོང་གིས་བྲིས་པའི་རྩོམ་དུ་སྤྱད་པའི་སྐད་ཆ་རྣམས་ནི་བོད་སྤྱིས་གོ་བའི་སྐད་ཆའི་རྨང་གཞིའི་ཐོག་ས་གནས་དེ་གའི་མང་ཚོགས་ཀྱི་ཁ་རྒྱུན་དུ་སྤྱོད་པའི་སྐད་ཆ་གནད་དུ་འཁེལ་ལ་ཉན་སྤྲོ་བ་མང་པོ་ཞིག་སྟབས་བསྟུན་གྱིས་བེད་སྤྱོད་བྱེད་མཁས་པོ་བྱས་ཡོད་པ་དཔེར་ན<>ཞེས་པའི་ནང་སྒྲུང་ནང་གི་མི་སྣ་གཙོ་བོ“ང”དང་འབྲུག་མཚོ་སློབ་གྲྭ་ཐོན་ཁར་ལས་ཀའི་འདུན་མ་འབྲི་རྒྱུར་གྲོས་བྱེད་སྐབས་ཁོ་གཉིས་ཀྱི་ལྟ་བ་མ་མཐུན་པས་འབྲུག་མཚོ་མ་དགའ་བར་འགྲོ་རྩིས་བྱེད་སྐབས་སྐད་ཆ་དུམ་བུ་འདི་འདྲ་ཞིག་བྲིས་པ་ཡོད་པ་ནི“ངས་མཐར་ཕྱིན་ལ་ཡོད་པས་གཅིག་གཅིག་གི་སེམས་ལ་སྡུག་བཞག་ནས་ཅི་བྱེད་སྙམ་སྟེ་མོའི་ལྭ་བའི་ཐུ་སྣེ་ནས་བཟུང་སྟེ། འབྲུག་མཚོ། ཁོང་ཁྲོ་མ་ལང་། ནམ་ལང་ཁ་དང་བྱ་འཕུར་ཁ་ཟེར་བའི་དཔེ་རེད། ང་ཡང་འབྲོག་ཕྱོགས་ལ་འགྲོ་འདོད་མེད།འབྲོག་ཕྱོགས་ལ་སོང་ན……”ཞེས་དང་།“ཡང་དང་འོར་གྱིས་ཅི་བཤད།ཕོ་ངན་གྱི་ཚིག་ལ་བསྐྱར་བཟློས་དང་རུམ་མས་རྩམ་པ་ཉིས་འཐག་ཟེར་བ་ངོ་མ་རེད།ད་ནས་བཟུང་ཁྱོད་ན་རོ་སྐྱིད་པ་ཁྲི་ཐོག་དང་ང་ཞབས་ཀྱུ་སྡུག་པ་སྟན་འོག་བྱེད”ཅེས་དང་།ཡང་<>ནང་“དགུན་གསུམ་གྱི་དུས་ཚིགས་སྐད་ཅིག་སྐད་ཅིག་ལ་ཕར་འདས་པ་དང་དཔྱིད་གསུམ་གྱི་མངོན་རྟགས་ཀྱང་རྐང་འཇབ་ལག་འཇབ་ཀྱིས་མིག་གི་མདུན་དུ་མངོན་སུམ་དུ་ཤར་ཡོང”ཞེས་པ་ལ་སོགས་པའི་གླེང་མོ་རྣམས་ནི་ཤིན་ཏུ་གསོན་ཉམས་ལྡན་ཞིང་།གཟུགས་བརྙན་ལས་གྲུབ་པའི་སྣང་བ་ཞིག་ཡོང་གི་ཡོད།ད་དུང་སྒྲུང་དེའི་ནང་དུ་ཚེ་རིང་དང་ལྷ་སྐྱིད་ཀྱི་ཨ་ཕས་ལྷ་སྐྱིད་ད་དུང་མའི་མངལ་ན་ཡོད་དུས་ཚེ་རིང་གི་ཕུ་བོ་རིག་ཡག་ལ་སྟེར་རྒྱུའི་གཉེན་གཏམ་བྱེད་སྐབས་ཁོ་གཉིས་ཀྱིས་ཕན་ཚུན་རེ་བ་བྱས་པར་ལན་འདེབས་རེས་འདི་འདྲ་ཞིག་བྱས་ཡོད་དེ། “ངས་འདོད་པ་བུ་ཞིག་ཡིན་ཀྱང་ཁྱོད་ཀྱིས་འདོད་པ་བུ་མོ་ཞིག་རེད།གལ་ཏེ་ཁྱོད་ཀྱི་འདོད་ཐོག་ལ་སོང་ན་ཁྱོད་ལ་སྟེར”“ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་ནམ།”ཞེས་པའི་སྐད་ཆ་དང་གཏམ་དཔེ་དེ་དག་ནི་རྦད་དེ་གནད་དུ་འཁེལ་ཞིང་དོན་ལ་གནས་པ།རྣོ་ངར་ཆེ་ཞིང་རྙོག་དྲ་མེད་པ་ཞིག་མི་འདུག་གམ།དེ་དང་འདྲ་བའི་སྐད་ཆ་ནི་བགྲང་ལས་འདས་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས།
མདོར་ན་རླབས་ཆེན་གྱི་སྙན་ངག་པ་ཕུ་ཤིས་ཅིན་གྱིས་གསུངས་པ་ལྟར།ཁོང་གིས་མང་ཚོགས་ཀྱི་ཁྲོད་ནས་རྒྱུན་གཏན་གྱི་འཚོ་བར་སྤྱོད་པའི་བབ་ཆགས་པའི་སྐད་ཆ་སྟེ་དུས་དེབ་ནང་ནས་རྙེད་ཐབས་མེད་པའི་སྐད་འཚོལ་ཞིབ་བྱས་པ་ཙམ་དུ་མ་ཟད།རྩོམ་པ་པོ་ཁོང་ནི་གཞན་ལས་ལྷག་པའི་སྐད་ཆའི་སྒྱུ་རྩལ་གྱིས་ནུས་པ་ཡོད་པ་དང་རྣམ་པ་ཀུན་ནས་མང་ཚོགས་ཀྱི་འཚོ་བ་དང་སྐད་ཆའི་ཐད་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་མཚོན་ཡོད།དེ་བཞིན་ཁོང་གིས་བོད་རིགས་ཀྱི་རྩོམ་རིག་ནང་མེད་པའི་མིང་ཚིག“ལོས་ཡིན་ལོས་ཡིན།ཁྱིས་མི་བཟའ་ལྕགས་དང་མིས་མི་བཟའ་གནའ་ཡིན”ཞེས་དང་།<>ནང་སྔོན་ཆད་ཆེས་ཉེ་བའི་གྲོགས་མོ་འབྲུག་མོ་དང་།ལྕགས་མོ་བྱམས་གཉིས“སྤྲུལ་སྐུའི”གཡོ་སྦྱོར་དང་མི་གཙང་བའི་ལག་པས་བཟོས་པའི་འགལ་རྐྱེན་གྱིས་ཁ་རྩོད་ཤོར་སྐབས་ལྕགས་མོ་བྱམས་ཀྱིས“ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་ཟོས།ཁག་ངན་པ་ཨ་ཆེ་ཝ་མོར་བཀལ་ཟེར་བ་དེ་ཁྱོད་ལ་རན།རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་མིའི་མགོ་ལ་སྐོན”“སྔ་དྲོ་རྟ་ཕོ་ཆས་ཀྱིས་གསོས་ན་ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ་ཟེར་བ་དེ་ཁྱོད་འདྲ་བ་ལ་བཤད་པ་རེད།ཆང་ལན་ཆུ་འཇལ་དང་ཇ་ལན་གཅིག་གྱིས་མ་འཇལ་ན་བཟང”“ཁྱོད་ཀྱིས་ང་ལ་ཇ་ཞིག་བླུད་པ་དེ་དུག་ལས་ཁ་བ་རེད།ཁྱོད་མ་དགའ་གས་སོང་རུང་མ་སྐྱིད་ཤི་སོང་རུང་སྤྲུལ་སྐུ་ངའི་ཡིན།”ཞེས་པ་ལ་སོགས་དང་ཐ་སྙད་མང་པོ་ཞིག་ཀྱང་མི་རིགས་གཞན་གྱི་མིང་ཚིག་དང་ཐ་སྙད་ལས་བླངས་ཏེ་མི་རིགས་ཅན་དུ་བསྒྱུར་བ་བྱས་ནས་རྩོམ་རིག་གི་མིང་ཚིག་དང་ཐ་སྙད་ལ་ཁ་སྣོན་དང་ཕུན་སུམ་ཚོགས་པར་བཏང་བས་ད་ཆ་རྩོམ་པ་པོ་མང་པོས་རིམ་བཞིན་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད།ཉེ་ལམ་ལོ་ཤས་རིང་གངས་ཅན་གྱི་ལྗོངས་འདིར་བརྗོད་བྱ་རྒྱ་ཆེ་བརྗོད་དོན་གཏིང་ཟབ་པ་དང་།རྗོད་བྱེད་གོ་བདེ་ལ་རྩོམ་ཚུལ་སྣ་ཚོགས་ཀྱིས་སྤུད་པའི་རྩོམ་རིག་གི་མེ་ཏོག་རབ་ཏུ་བཞད་པ་དེ་དག་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་བྱང་ཚད་བཅས་གང་ཐད་ནས་དེང་རབས་རྩོམ་རིག་གི་གསར་གཏོད་རྣམ་པ་གང་འཚམས་ལྡན་པ་ཡོད་པའི་ཁྲོད་དུ་དོན་གྲུབ་རྒྱལ་གྱི་རྩོམ་གྱིས་ནང་གལ་ཆེའི་གནས་བབ་བཟུང་ཡོད་པ་དཔེར་ན།བོད་ཡིག་གི་ཐོག་ནས་བྲིས་པའི་སྒྲུང་གཏམ<>དང་།<>ལྷུག་རྩོམ<>དེ་བཞིན་སྙན་ངག་གི་གུ་དོག་པའི་ལམ་བུ་གཤོང་མཁན<>བཅས་ནི་ཆེས་གཟེངས་སུ་ཐོན་པ་དང་།ངོ་གནོང་མི་དགོས་པའི་རྩོམ་ཤ་སྟག་ཡིན་ལ།ལྷག་དོན་སྙན་ངག<>ཞེས་པ་དེ་ཉིད<>དུས་དེབ་ཐོག་བཀོད་པ་ནས་བཟུང་བོད་རིགས་ཀྱི་དེང་རབས་རྩོམ་རིག་ལ་གཡོ་འགུལ་ཆེན་པོ་བྱུང་སྟེ་བསྒྱུར་བཅོས་ལ་དགའ་བའི་གཞོན་ནུ་རྩོམ་པ་པོ་མང་པོས་གསར་གཏོད་མཁན་གྱི་རྗེས་སུ་འབྲངས་ནས<>དང་<>ཀྱི་འཁོར་རྒྱ་ཆུང་ངུའི་ནང་མགོ་འཁོར་ནས་མི་སྡོད་པ་དང་།མངོན་བརྗོད་དང་བརྡ་རྙིང་གིས་ཁེངས་ཤིང་རྒྱན་དང་ཚིག་རྐང་སྙོམ་པའི་དྲ་བ་དོག་པོ་ལས་ཐོན་ཏེ་དངོས་ཡོད་ཀྱི་འཚོ་བའི་གོམ་སྟབས་དང་།བརྩེ་དུང་།མི་རིགས་ཀྱི་བསམ་བློའི་འདུ་ཤེས་སོགས་མཚོན་པའི་སྙན་ངག་གསར་པའི་རྩོམ་འབོར་ཆེན་བྲིས་ཡོད་པ་དེ་དག་ལ་གྲུབ་འབྲས་མངོན་གསལ་ཅན་ཐོབ་ཡོད།དེ་བཞིན་<>ཞེས་པའི་སྒྲུང་གཏམ་དེ<>ཐོག་བཀོད་པ་ནས་བཟུང་རྩོམ་རིག་ལས་རིགས་ཐོག་གི་ཤེས་ཡོན་ཅན་རྒན་གཞོན་ཚང་མའི་ཁྲོད་དུ་བག་ཆགས་གཏིང་ཟབ་དང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་ནི།སྒྲུང་གཏམ་དེ་བོད་མི་རིགས་ཀྱི་གཤིས་རྒྱུད་མཚོན་པའི་རྩོམ་ཡག་པོ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་པ་ཙམ་དུ་མ་ཟད།དེང་དུས་རྒྱལ་ཡོངས་དང་རྒྱལ་སྤྱིའི་རྩོམ་རིག་ཁྱབ་ཁོངས་ནང་དུའང་རྐང་པ་འཛུགས་ཐུབ་པ་ཞིག་དང་།ང་ཚོ་བོད་རིགས་ཀྱི་དེང་རབས་རྩོམ་རིག་གི་ཚབ་མཚོན་རང་བཞིན་གྱི་ནུས་པ་ཐོན་ཐུབ་པ་ཞིག་ཀྱང་ཡིན་པས་སོ།། མདོར་ན་དོན་གྲུབ་རྒྱལ་གྱིས་བོད་རིགས་ཀྱི་དེང་རབས་རྩོམ་རིག་གི་ལམ་ཐོག་ཏུ་བློ་ཁོག་ཆེན་པོས་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་འགྲོ་ལམ་ཞིག་བཏོད་དེ་གཟེངས་སུ་ཐོན་པའི་གྲུབ་འབྲས་བཞག་ཡོད་ལ། ཁོང་གི་རྩོམ་རིག་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན་དེའང་རིམ་བཞིན་གཏིང་ཇེ་ཟབ་དང་ཕུན་སུམ་ཇེ་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ཡོད་པ་དཔེར་ན།དང་ཐོག་གཞོན་ནུ་རྣམས་ལ་རིག་གཞུང་ཚན་རིག་སློབ་དགོས་པར་སྐུལ་བའི་བརྗོད་བྱ་ཅུང་སྟབས་བདེ་བའི་རིགས་ལས་རིམ་བཞིན་རང་རེའི་མི་རིགས་འདི་ཉིད་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་ལ་དཔྱད་པ་དང་།ཞིབ་དཔྱོད་གཏིང་ཟབ་བྱས་ཏེ་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་མི་རྣམས་ལ་བློ་སྒོ་འབྱེད་པ་དང་།རྨོངས་གཉིད་ལས་སད་རྒྱུར་སྐུལ་མ་དྲག་པོ་བྱེད་པའི་བརྗོད་བྱ་གཏིང་ཟབ་ལ།སྣེ་མང་རྙོག་འཛིང་ཅན་གྱི་ཕྱོགས་སུ་སྤེལ་ཡོད་པ་དེས།རྩོམ་རིག་ལས་རིགས་ཀྱི་མི་སྣ་ཚོར་སྒྱུ་རྩལ་གྱིས་མི་དམངས་མང་ཚོགས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་དང་།མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས་ན།སྔོན་ལ་རང་ཉིད་ཀྱི་ཞན་ཆ་རྟོགས་དགོས་པ་དང་།དེའི་རྗེས་གསར་གཏོད་ཀྱི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་དང་མ་དཔེ་བཟང་པོ་བསྟན་ཡོད།འདིར་ནན་བཤད་བྱེད་དགོས་པ་ཞིག་ནི།གསར་གཏོད་བྱེད་པའི་བརྒྱུད་རིམ་ནང་བྱ་དངོས་གསར་པ་དང་གང་འདྲ་ཞིག་ཡིན་རུང་ཚུར་བསྡུ་ལེན་བྱེད་མཁས་པོ་མ་བྱུང་ན་ང་ཚོའི་རྒན་རབས་ཚོའི“ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་པར་བུ་མོ་ང་རང་འགྲོ་སྟངས་ཤོར”ཟེར་བའི་གཏམ་དཔེ་ལྟར་དུ་འགྱུར་ཉེན་ཤིན་ཏུ་ཆེ་བས།ག་དུས་ཡིན་རུང་མུན་འཐོམས་དང་ལོང་མཆོང་གིས་གཞན་རྗེས་སུ་རྒྱུགས་པ་ནི་ལོ་རྒྱུས་དང་དངོས་ཡོད་ཀྱི་འཚོ་བ་གང་དང་ཡང་འཚམ་ཐབས་མེད་པས་ངེས་པར་དུ་གཟབ་ནན་གནང་དགོས་པ་གལ་ཆེ་ཞིང་།ལྷག་དོན་སྲོལ་རྒྱུན་སྙན་ངག་གི་འབྲི་སྲོལ་ནི“ལོ་རྒྱུས་ཀྱི་དངོས་མང་བཤམས་སྟོན་ཁང”དུ་སྐྱེས་པའི་དུས་ལ་སླེབས་མེད་པས་ང་ཚོས་སྲོལ་རྒྱུན་སྙན་ངག་གིས་གཙོ་བོ་བྱེད་པའི་མི་རིགས་ཀྱི་སྙན་ངག་རིག་གཞུང་དང་།རྩོམ་ཡིག་འཕེལ་རྒྱས་གཏོང་རྒྱུ་གལ་ཆེར་འཛིན་འོས་པ་གླེང་དུ་མེད།དེར་བརྟེན་གསར་དུ་ཐོན་པའི་རྩོམ་དེ་དག་གིས་རང་རེའི་མི་རིགས་ཀྱི་སྲོལ་རྒྱུན་སྙན་ངག་རྩོམ་སྲོལ་གྱི་རྐུབ་སྟེགས་འཕྲོག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ལ།སྲོལ་རྒྱུན་གྱི་སྙན་ངག་ནི་དུས་ལས་འདས་པ་ཞིག་རེད་ཅེས་བཤད་པ་དེ་བས་ཀྱང་མིན།འོན་ཀྱང་ཁོ་བོས<>སོགས་དོན་གྲུབ་རྒྱལ་གྱིས་རྩོམ་དག་ལ་རང་བློས་གང་དཔོག་གིས་བསྔགས་བརྗོད་དང་གདེང་འཇོག་གང་ལེགས་བགྱིས་པ་དེ་ནི།རྩོམ་པ་པོ་གང་ཉིད་གསར་གཏོད་ཀྱི་ལམ་བུ་འབྱེད་མཁན་ཞིག་དང་།གང་དེའི་རྩོམ་གྱིས་བོད་རིགས་ཀྱི་སྙན་ངག་བང་མཛོད་ནང་དུ་རིན་ཐང་བྲལ་བའི་ནོར་བུ་གསར་པ་ཞིག་ཁ་སྣོན་བྱས་པ་དེའང་རང་རེའི་རྩོམ་རིག་གི་མ་ལག་ཅིག་ཏུ་འགྲུབ་པར་སེམས་ནས་བརྗོད་པ་རེ་ཞིག་རྫོགས་སོ།།
(1989ལོའིདེབ་དང་པོ་ལས་བདམས།)
ཋེ་ཀོར་གྱི་རྩོམ་རིག་སྒྱུ་རྩལ།
འཇིག་རྟེན་འདིའི་ཐོག་རྩོམ་ཡིག་འབྲི་མཁན་ཤིག་ཏུ་མང་ལ་རྩོམ་ཡིག་ཀློག་མཁན་དེ་བས་མང༌། རྩོམ་ཡིག་འབྲི་མཁན་ཚོའི་ནང་ནས་སྒྱུ་རྩལ་གྱི་གནས་ཚད་ལ་ཚད་བཟུང་དང་རྣམ་གྲངས་བགྲངས་ཀྱིས་མི་ལང་ཞིང༌། ཡུལ་དུས་ཁོར་ཡུག་གི་རྐྱེན་པས་རྩོམ་པ་པོའི་ལྟ་གྲུབ་ཀྱང་གཅིག་ཏུ་མ་ངེས་པར་རྟ་མོག་གི་སྤུ་ལྟར་མང་བས་དེ་དག་གི་རིང་ཐུང༌། མཐོ་དམན། སྦོམ་ཕྲ་སོགས་ཀྱི་རིན་གོང་རྒྱབ་པ་ལས་སླ་བོ་མིན་ཡང༌། ད་རེས་ཋེ་ཀོར་གྱི་རྩོམ་རིག་ཐད་མཐོང་ཐོས་གང་ཞིག་བྱུང་བའི་སྐོར་ཅུང་ཟད་དཔྱད་པར་འདོད་དེ། ཋེ་ཀོར་གྱི་རྩོམ་ཡིག་དེབ་གྲངས་རྒྱ་གར་བྷང་ག་ལའི་སྐད་ཡིག་ཐོག་ཁོ་ན་ ༣༨ ཙམ་ཡོད་པ་ཁོང་གི་བུའི་གྲོགས་པོ་ཞིག་གི་རྒྱུད་ནས་ཐོས་ཤིང༌། གཞས་ཚིག་གཅིག་པོ་ཡང་སྟོང་ཕྲག་བརྒལ་ཞིང༌། སྙན་ངག་དང་འཁྲབ་གཞུང་སོགས་ཀྱི་ལེ་ཚན་ཤིན་ཏུ་མང་ལ་དེ་དག་ལས་མང་པོ་ཞིག་ནི་དབྱིན་ཡིག་དང༌། རྒྱ་ཡིག འཇའ་པན། ཕ་རེ་སི་སོགས་སྐད་ཡིག་མི་འདྲ་བ་ཉི་ཤུ་ལྷག་ཙམ་ཐོག་བསྒྱུར་འདུག དེ་དག་གི་སྐོར་སུ་ཞིག་གིས་བཀླགས་ཀྱང་གསན་ཉམས་ལྡན་ཞིང༌། ཡིད་ལ་འཇེབས་པ་དང་རྣ་བར་སྙན་པའི་ཁྱད་ཆོས་གཞན་ལས་འབུར་དུ་འཐོན་པ་ནི་བཤད་མ་དགོས་པ་རེད། རྩོམ་ཡིག་དེ་དག་གི་ནང་ནས་སུ་ནཱི་ཏི་ཀུ་མཱ་ར་ཐ་ཀས་བསྒྱུར་པའི་སྙན་ངག་བསྡུས་པ་དང༌། ག་ཤ་དངོས་གྲུབ་ཀྱིས་བསྒྱུར་པའི་གླུ་ཐལ་སྦྱར་མ་དང་ཞལ་ཟས་མ་གཉིས། ཆུང་བདག་གིས་བསྒྱུར་པའི་སྙན་ངག་ལེ་ཚན་ཁ་ཤས་ཟུང་ཆུ་ཆོས་གྲགས་ཀྱིས་བསྒྱུར་བའི་སྒྲུང་རིང་གྷོ་ར༌༌༌བཅས་ལ་ཞིབ་ཏུ་བལྟས་པའི་སྐལ་བ་བྱུང་ལ། གཞན་ཡང་སཱ་ཧི་ཏ྄ཡ་ཨ་ཀའ་ད་མཱིས་བརྩམས་པའི་ཐེ་ཀོར་གྱི་ལོ་རྒྱུས། ཋེ་ཀོར་གྱི་དྲྭ་རྒྱ་ཁག་དུ་མར་ཤེས་རྟོགས་ངེས་ཅན་བྱས་པའི་མཐོང་སྣང༌།
ཋེ་ཀོར་གྱི་བསམ་བློའི་ལྟ་གྲུབ་ནི་ཡི་ཤུ་དང༌། ཧིན་དི། ཁ་ཆེ། ནང་པ་སོགས་ཀྱི་ཆོས་ལུགས་ཐོག་ལྟ་གྲུབ་མི་འདྲ་བའི་ཕྱོགས་ཞེན་དང༌། ལུང་ཚན་དང་སྐད་ཡིག་གོམས་སྲོལ་བཅས་པ་ཕན་ཚུན་གཅིག་འོག་གཅིག་སྡོད་ལྟ་བུ་མི་དགོས་པའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་རྩ་འཛིན་གྱིས། འཛམ་གླིང་ཧྲིལ་པོ་ལུགས་མཐུན་གནའ་སྲོལ་གྱི་མཆོད་རྟེན་ལ་དེང་ལུགས་ཀྱི་ལེགས་ཆའི་ཕྲ་ཆོམ་བཏབ་ནས་རྒྱལ་ཁབ་འདྲ་མཉམ་དང་མི་རིགས་འདྲ་མཉམ་གྱི་དམིགས་ཡུལ་ལ་ཕུག་རྒྱང་རིང་པོའི་མདུན་སྙེགས་བྱེད་རྒྱུ་དེ་ཡིན། ཋེ་ཀོར་གྱི་རྩོམ་ཡིག་གི་བརྗོད་གཞི་བཀོད་སྟངས་ཐོག་རང་གི་ལྟ་གྲུབ་གང་ཞིག་གཞིར་བཟུང་གིས་དམིགས་ཕུག་པའི་བརྗོད་དོན་གྱི་རྨང་གཞི་གཏན་ལ་ཕབ་པ་དེ་བཞིན་མི་སྣ་བཀོད་སྒྲིག་དང་ཡུལ་ལྗོངས་ཞིབ་འབྲི། རྩོད་རྙོག་འཐབ་འཁྲུག སྤྲོ་སྐྱིད་རྒྱས་སྤྲས་ཀྱི་རིམ་པར་ཚིག་སྦྱོར་གྱི་རྒྱས་སྤྲས་ཇི་འདྲ་ཞིག་སྒྲིག་ནའང་མཐའ་མའི་འགག་རྩ་དེ་ཉིད་བརྗོད་དོན་ཐོག་ཧྲིལ་གྱིས་སྒྲིལ་བ། གང་ཞིག་གཏན་འབེབས་བྱས་པའི་བརྗོད་དོན་དེ་ཉིད་ལ་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་པ། རིག་པའི་གཞུང་ལུགས་དང་ལྡན་པའི་རྒྱུ་མཚན་གྱི་རྒྱུད་རིམ་དང་སྒྲུང་གི་བྱུང་རིམ་གྱི་བར་གས་སྲུབ་མི་མཛའ་བའི་རིགས་མེད་པར་ཕན་ཚུན་འབྱར་ཞིང་འབྲེལ་ཆགས་པ།སུས་ཀློག་ནའང་སྒྲུང་རྩོམ་ཀློག་མགོ་ཚུགས་པ་ནས་བྱིས་པའི་ཁར་སྦྲང་རྩི་དང༌། རྒན་པོའི་ཁར་རྒུན་ཆང་བཞིན་ཞལ་ཏག་རྒྱག་རྐྱང་མ་གཏོགས་བར་མཚམས་བཞག་ཐབས་མེད་པར་ཚིག་དོན་སྔ་མ་བཀླག་གིར་ཕྱི་མའི་དོན་རྐྱེན་ལ་གོ་རིམ་མཐར་ཆགས་སུ་ལྟ་ཀློག་མི་བྱེད་ཀ་མེད་གྱུར་པ། སྒྲུང་རྩོམ་གང་ཞིག་བཀླགས་ཟིན་པ་དང་སྒྲུང་རྩོམ་དེའི་བརྗོད་གཞིའི་སྙིང་དོན་དང་འབྲེལ་བའི་ལྟ་གྲུབ་དེ་མི་མངོན་པའི་ཚུལ་གྱི་སྒྲུང་རྩོམ་ཀློག་པ་པོ་དེའི་སེམས་ཁམས་སུ་ཁུ་སིལ་མེར་འཛུལ་འོང་བ། ལྟ་གྲུབ་གང་ཞིག་བཟུང་བ་དེ་ཉིད་སྒྱུ་རྩལ་གྱི་ཚིག་སྦྱོར་བཀོད་སྟངས་ལ་བརྟེན་ནས་སྐབས་རེར་ངུ་བྲོ་ཞིང༌། ལན་རེར་རྒོད་བྲ་བ། མཚམས་མོར་ཁྲོས་ནས་སེམས་ཨམ་ཚིགས་བསྡོམ་དགོས་པ་དང༌། སྐབས་འགར་ཞེ་མེལ་ནས་སྐྱུགས་བྲོ་བ་བཅས་ཀྱིས་བརྗོད་གཞི་དེ་ཉིད་མཚོན་ཐབས་བྱས་ཡོད།་ ཁོང་གི་རྩོམ་རིག་གི་ཁ་ཕྱོགས་གང་ལ་བཏོད་པའི་ལྟ་གྲུབ་ཀྱི་བྱུང་རིམ་ནི་ཆུང་དུས་ནས་རྩོམ་རིག་གི་བག་ཆགས་ཤིག་ཏུ་ཟབ་པ་ཡོད་ཐོག་དབྱིན་ལན་གྱི་མཐོ་སློབ་འགྲིམ་དུས་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཚིག་སྦྱོར་གྱི་གྲུབ་ཆ་མང་པོ་ཞིག་བླངས་ནས་ གཅོད་པའི་གྲུ་རྫིང་ དང་ གདུང་བའི་སྙན་ངག་གི་ཚིགས་སུ་བཅད་པ་་ སོགས་དེང་རྩོམ་འགའ་ཞིག་བྲིས། ༡༨༨༠ལོར་རྒྱ་གར་ཕྱིར་སླེབས་ནས་་ གྲོང་མཁར་གྱི་བློ་གསལ་བ་ དང་ དུས་ངན་གྱི་ཁྱི་ར་ ཞེས་པའི་གླུ་དབྱངས་ལྡན་པའི་གཏམ་བརྗོད་་ སྙན་ངག་མཁན་གྱི་སྔ་དྲོའི་གླུ་དབྱངས་ ཕྱི་དྲོའིགླུ་དབྱངས་ ་སོགས་་རྩོམ་པར་ནུབ་ཕྱོགས་པའི་འཆར་ཡན་གྱི་ཤན་ཞུགས་ཐེབས་པར་བསྙད་ནས་གཉེན་བཤེས་རྣམས་ཀྱང་ཁྲོས། དེ་དག་ཡབ་ལ་སྤྱན་བསྟར་ཞུས་པས་ཡབ་ཀྱིས་ཡབ་མེ་དམ་པ་ཚོའི་བསམ་བློའི་ཁྱད་ཆོས་དང༌། སྔ་སྲོལ་བཟང་པོའི་རྒྱུན་བཟང་གི་ལེགས་ཆ་དེང་ལུགས་ཀྱི་ཞན་ཆ་རེ་རེ་བཞིན་བརྣག་ཐོག་རྩ་འཁེལ་གྱིས་ཐེར་འདོན་གནང་ནས་སུན་འབྱིན་མཛད་པས་གཞི་ནས་རྩོམ་ཡིག་རིག་པའི་གཞུང་ལུགས་གང་ཞིག་གསར་བསྐྲུན་དགོས་ན་དེའི་གཞི་འཛིན་བྱེད་པའི་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་པའི་ལྟ་གྲུབ་ཞིག་ལ་གཞི་བཀོལ་དགོས་པའི་བསམ་བློའི་སྒོ་འཕར་ཆེན་པོ་ཕྱེས།
ད་བཟོད་ལྟ་གྲུབ་ཀྱི་རྨང་གཞི་བརྟན་པོ་ལྡན་པའི་རིག་པའི་གཞུང་ལུགས་ཤིག་འཚོལ་སྒྲུག་གནང་འདོད་ནས་སྔོན་བྱོན་རྒྱ་གར་འཕགས་ཡུལ་གྱི་མཁས་པ་མང་པོའི་གསུང་རྩོམ་ལ་དཔྱོད་པ་གསུམ་གྱིས་ཞིབ་འཇུག་ནན་པོར་བྱས་འབྲས་སུ། སྟོན་པ་བདེ་བར་གཤེགས་པའི་གསུང་རབས་ཀྱི་དགོངས་དོན་དང་མཐུན་པར་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་མེད་ཞི་བའི་ལམ་བཟང་གཞི་ལ་བཅོལ་བའི་ཆོས་ལུགས་རིས་མེད་ཀྱི་མི་རིགས་རིང་ལུགས་ཀྱི་འདོད་ཚུལ་འབུར་དུ་བཏོན་པ་དེ་ཡིན། དེ་ཡང་ཁོང་གིས་ཕྱི་ལོ་ ༡༩༣༡ ལོར་བརྩམས་པའི་རྒྱ་གར་བངྒ་ལའི་སྐད་དུ་ བྱབུད་དྷ་དེ་ཝེར་པྲ་ཏི།བྱ བོད་སྐད་དུ་ཀྱེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་པའི་ལེ་ཚན་དེའི་ནང༌།
བཅོམ་ལྡན་འདས་ཀྱེ་སངས་རྒྱས་ཞེས་བྱ་འཇིག་རྟེན་འདིར།།
ཁྱེད་ཀྱི་མཚན་སྙན་ས་གཞི་ཆེན་པོ་ཀུན་ཏུ་གྲགས་གྱུར་ན།།
ཡུལ་འདིའི་ཁྲོམ་གྱི་ཚོགས་དང་དབེན་པའི་གནས་རྣམས་སུ།།
སེམས་ཅན་རྣམས་ལ་བདེ་མཚན་དེ་ཡང་སྟོན་རོགས་གནང༌།།
འཇིག་རྟེན་ཀུན་ཏུ་ཁྱད་འཕགས་སླར་ཡང་ཁྱེད་ཕེབས་ཕྱིར།།
ཀུན་སེལ་མཆོག་གི་སྒོ་ཕྱེས་ཕྱོགས་བཞིར་དུང་སྒྲ་སྒྲོག །
བྱམས་དང་སྙིང་རྗེ་ཚད་མེད་རྟག་ཏུ་སྒྲོག་མཛད་པ།།
འཇིག་རྟེན་ཀུན་ལས་མི་ཕམ་མཆོག་ཁྱེད་སླར་ཡང་བྱོན། ཅེས་དང༌།
ཕྱི་ལོ་ ༡༩༣༣ ལོར་བརྩམས་པའི་རྒྱ་གར་བངྒ་ལའི་སྐད་དུ་ བྱབུད་དྷ་ཇིན་མོ་ཏས་བ།བྱ བོད་སྐད་དུ། བཅོམ་ལྡན་འདས་སངས་རྒྱས་ཀྱི་སྤྲུལ་སྐུ་འཁྲུངས་པའི་དུས་སྟོན། ཞེས་བྱ་བ་ལས།
འཇིག་རྟེན་འཁོར་ལོར་ཕྲག་དོག་གིས་མྱོས་པས།།
ཉིན་རེ་རེར་ཡང་གཡུལ་འཐབ་དྲག་ཤུལ་གྱིས།།
མུན་པའི་ལམ་ནི་ཡང་དག་གྱར་གྱུ་ཅན།།
སྐམ་ཆགས་འཆིང་བའི་རྒྱ་ལས་གྲོལ་བར་འགྱུར།
ཞེས་སོགས་སྔ་ཕྱི་སྙན་ངག་མང་པོ་ཞིག་གི་ནང་འཇིག་རྟེན་འདིའི་ཐོག་གི་རྙོག་འཛིང་བགྲང་ལས་འདས་པ་ཞིག་ཡོད་པ་དེ་དག་ལྟོས་གྲུབ་ཀྱི་རིག་པས་དཔྱད་པའི་མཐའ་མཇུག་དཀའ་རྙོག་དེ་དག་སེལ་བའི་ཐབས་ལམ་ཡང་དག་པ་དེ་བྱམས་བརྩེ་ཁོ་ན་ཉིད་དུ་ངོས་འཛིན་ཐོག བྱམས་བརྩེའི་གཞུང་ལུགས་ཀྱང་སྟོན་པ་བདེ་བར་གཤེགས་པ་ཁོ་ནའི་དགོངས་དོན་ཉིད་དུ་ངོས་འཛིན་གནང་འདུག ད་དུང་དེས་མཚོན་ནས་སྔ་ཕྱིར་སྙན་ཚིག་མང་པོ་ཞིག་གི་དགོངས་པའི་འཐིལ་གྱི་ལྟ་གྲུབ་ངོ་མའི་གདོང་རིས་གསལ་པོ་བསྟན་འདུག
སྤྱི་ལོ་༡༨༨༡ལོར་་ ཕྲུ་གུ་ ཞེས་པའི་སྙན་ངག་ཅིག་རྩོམ་པ་དེའི་ནང༌། ཕྲུ་གུ་དག་གི་སྙིང་ལ་འབྱུང་འགྱུར་ཡོད།།ཅེས་ཕྲུ་གུ་ཆུང་ཆུང་དག་ལ་དགའ་ཞིང་བརྩེ་བ་དང༌། དེ་དག་སྨད་པ་མི་འོས་པ་དང་དེ་དག་གི་རྒྱུད་ལ་འབྱུང་འགྱུར་གྱི་བྱ་བཞག་རྒྱ་ཆེར་ཡོད་པའི་གདེངས་འཇོག་ཆེན་པོ་གནང་འདུག
སྤྱི་ལོ་༡༩༠༢ ཨཱལ་མོ་གྲ་ཞེས་པའི་ལུང་པ་དེར་རང་གི་ཆུང་མའི་དྲན་རྟེན་ཆེད་ ¿སཱམརཱནབྱབྱ ཞེས་པའི་ལོ་རྒྱུས་ཀྱི་དེབ་དེ་བྲིས་ཤིང༌། དེབ་དེའི་ནང་འཇིག་རྟེན་མི་ཞིག་གི་མིའི་འཇིག་རྟེན་འདིར་བྱ་བཞག་གང་ཞིག་སྐྲུན་པ་ཀུན་གྱི་སྟོབས་ཤུགས་ཀྱི་ནུས་པ་དང་ཕུགས་བསམ་གྱི་མདུན་ལྗོངས། ལ་རྒྱའི་དམིག་བུ་དང་ཡ་རབས་ཀྱི་སྤྱོད་པ། གཅིག་སྒྲིལ་གྱི་རྨང་གཞི་ཡོངས་རྫོགས་ཀྱི་ཀླད་རྩ་དང་སྙིང་ཁྲག་ལྟ་བུ་ནི་ལྷོད་མེད་པའི་བརྩེ་དུང་དང་ཡིད་ཆེས་ཁོ་ན་ཡིན་པ་དེ་འབུར་དུ་བཏོན་ཡོད་ལ། བརྗོད་གཞིའི་སྙིང་དོན་དེས་རྒྱ་གར་བའི་མང་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་གི་བསམ་བློའི་གོམ་ཁ་ལ་ཚད་ཐིག་དྲང་པོ་བཏབ། དེ་ནི་ལེགས་བཤད་དང་སྒྱུ་རྩལ་གྱི་རྩོམ་རིག་གཉིས་ཀ་ཡིན་སྟབས་ད་ལྟའི་བར་སྙན་གྲགས་ཤིན་ཏུ་ཆེ།
ད་དུང་ཋེ་ཀོར་གྱི་རྩོམ་ཆོས་ནང་སྒྲོ་བཀུར་ལས་དངོས་ཡོད་གལ་ཆེ་བ་དང༌། ཕྱོགས་ལྷུང་ལས་དྲང་བདེན་རྩ་ཆེ་བ་བཅས་ཀྱི་གཞི་རྩ་བཅོལ་ས་ནི་མུར་ཛ་གྷ་ལིའི་རྩོམ་ཆོས་ཡིན་ཞིང༌། རྩོམ་པ་པོ་འདི་ཉིད་ལ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དུ། རྒྱ་གར་གྱི་ལོ་རྒྱུས་འབྲི་སྟངས་ཐོག་བསྟོད་ར་ཆེན་པོ་གཏང་འདུག ད་དུང་ཚིག་སྦྱོར་ཐད་སྐད་ཡིག་མི་འདྲ་བ་བརྒྱད་ལ་མཁས་པའི་རྩོམ་པ་པོ་ ར་མེ་ཧེ་ ལགས་ཀྱི་རྩོམ་ཆོས་དང་ཡང་ཉེ་བའི་ཕྱོགས་སུ་གཅར་གང་ཐུབ་གནང་ཡོད་འདུག ཐེ་ཀོར་གྱི་སྙན་ཚིག་ཅིག་གི་ནང་ནག་མོ་ཁོལ་ལ་ཡུལ་གྱི་རྒྱལ་པོས་སྙན་ངག་པ་ཀུན་ལས་ཕུལ་ཏུ་བྱུང་བའི་གཟེངས་བསྟོད་གནང་ཚུལ་གྱི་ལོ་རྒྱུས་དང་བསྒྲགས་ནས། གལ་ཏེ་ཐེ་ཀོར་རང་ཉིད་སྐབས་དེར་འཇིག་རྟེན་དུ་ཡོད་ན་ནག་མོ་ཁོལ་ལ་ཁ་བརྡ་དང་འགྲན་བསྡུར་བྱེད་ཆོག་པར་མ་ཟད། ནག་མོ་ཁོལ་ལ་ཐོབ་པའི་མཚན་སྙན་གྱི་གཟེངས་རྟགས་དེ་རང་ཉིད་ཀྱིས་ཐོབ་སྲིད་པའི་གདེང་འཇོག་ཀྱང་བྱས་ཡོད།
ཀ་རྩོམ་བྲིས་ཚད་ཚིག་རྩུབ་རྐྱང་རྐྱང་རེད༎
ཁ་ནས་བཤད་ཚད་རྩོག་གཏམ་རྐྱང་རྐྱང་རེད༎
ག་བར་སོང་ཡང་བརྙས་བཅོས་བྱེད་མཁན་རེད༎
ང་རང་དྲ་རྒྱ་འདིའི་ནང་ཡིད་ཐང་ཆད༎
ཅ་ཆོ་རྩོམ་གྱི་ནང་དུ་སྙན་ཚིག་འདུག།
ཆ་མེད་རྒྱུས་བཤད་ནང་དུ་བློ་བསྐྱེད་འདུག།
ཇ་མིན་ཆང་ཆང་མིན་ནང་དུ་གཟི་རྩི་འདུག༎
ཉ་ཉུང་གསེས་པའི་བསེབ་དུ་ཉམས་མྱོང་འདུག།
ཏཱ་ལའི་བླ་མའི་ཐུགས་རྗེ་མ་བརྗེད་ནས་བྲིས་ཤིགས།
ཐ་ཤལ་གཏམ་གྱི་འཁྱོག་བཤད་དབེན་ཙམ་བྱས་ན་དེ་བས་བཟང་།
ད་ནི་མཁའ་འགྲོ་མཚོ་ཡང་ཡིད་ཐང་མ་ཆད་མང་ཙན་བྲིས།
ན་ཆུང་གཞོན་པའི་དུས་ལ་ཁ་གཙོག་ཤོད་རྒྱུ་ཉུང་ན་བཟང་པོ་འདུག