(རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་བཅོ་ལྔ་འཁོར་བའི་དུས་དྲན་དུ།)
གཡུ་ཞུན
ལོ་ངོ་བཅུ་ལྔའི་སྔོན་ལ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས
ལང་ཚོ་དང་ལྷག་བསམ་གྱིས་སྒྲོན་པའི་མེ་དཔུང་ཚོམ་བུ
རྒྱན་ནག་གི་ས་གཞིའི་ཁྱོན་ཡོངས་ལ་ཁེབས་ཤིང་སྦར
ཡིན་ཡང
དུག་གི་མདུང་རྩེ་༨༩ལོའི་དྲུག་པའི་ཚེས་བཞིར་གཏད་དུས
གདུག་རྩུབ་ཀྱི་དྲག་ཆར་སྟོབས་ཀྱིས་ཞོད་ཞིང་རྒྱུ
མཚན་མོ་གཅིག་ལ་ཁྲག་ཐིགས་གོར་མོའི་ཤུལ་རྗེས་ཙམ་ལས
ཡོད་ཚད་རླུང་ནག་འཚུབ་མས་གཤེགས་ཤིང་དེད
ཕུགས་བསམ་གི་རྒྱགས་བྲོ་ཁུག་གང་བསྣམས་པའི
ན་གཞོན་ཁྱུ་གཅིག་རང་ཡུལ་ནས་གཞན་ལ་རྒྱང་ཕུད་བརྒྱབ
མི་ཡི་ལུང་པར་ཁོང་ཚོའི་ཕུགས་བསམ་ལ་ལོ་ཟླའི་གས་ཁའི་གཙེས
སྟོན་ཟླ་བཅོ་ལྔ་བཞུད་པའི་དེ་རིང་ཁོང་ཚོའི་རེ་སྨོན
༨༩ལོའི་དམག་མིས་མེ་སྒྱོགས་དང་མེ་མདའི་རྩེ་ཁ་ནས
རེ་རེ་འགྱེལ་བའི་ན་གཞོན་ཕོ་མོ་སྟོང་ཕྲག་གི་རྣམ་ཤེས་དང་ལྷན་ཅིག
ད་དུང་བར་དོའི་ཁམས་ན་མི་ཡུལ་ལ་ཞེན་ཆགས་དང་ངུ་ཟུག་རྒྱག་པ
རང་དབང་དང་དམངས་གཙོར་དུངས་པའི་སྐྱེ་བོ་རྣམས་ཀྱི་དྲན་ཤིང་ལ་བསྐྱོན་ཞིང
དམར་པོའི་སྲིད་དབང་སྒེར་འཛིན་མཁན་གྱི་མཐའ་མའི་གནས་མལ་ཅི་ལ་མིན
འདས་པའི་ལོ་རྒྱུས་གསོན་པོར་ཕྱིར་འཕོས་མེད་པ་བདེན་དུ་སྲིད་ཀྱང་རུང
དྲང་བདེན་གྱིས་ནམ་ཞིག་ལོ་རྒྱུས་ཀྱི་དོན་རྐྱེན་དེར་གཟི་འོད་ཀྱི་ཕྲེང་བ་གཏོར་ངེས
འགྲོ་བ་མིའི་རིགས་ནི་ཁྲེལ་གཞུང་ལ་འགན་ལེན་བྱེད་མཁན་ཉག་ཅིག་དེ་ཡིན་པའི་ཕྱིར
2004.06.04
(དེ་རིང་ནི་དྲུག་པའི་ཚེས་བཞི་སྟེ་། མི་ལོ་ཉེར་གཅིག་སྔོན་གྱི་དེ་རིང་། རྒྱ་ནག་གཞུང་གི་དམག་དཔུང་ནས་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམངས་གཙོའི་དགོས་འདུན་སྐྱོར་མཁན་སློབ་མའི་གཞི་རྒྱ་ཆེ་བའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་མ་ཟད། དེ་རིང་སྔར་བཞིན་གཞུང་གིས་སྔོན་མའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད།ཡིན་ནའང་རྒྱ་ནག་མི་དམངས་ཐེ་བའི་འཛམ་གླིང་མི་དམངས་ཀྱིས་དུས་ཀྱི་འགྱུར་འགྲོས་ལས་ལོ་རྒྱུས་དོན་རྐྱེན་དེ་བརྗེད་མི་སྲིད། དེ་རིང་འདིར་བདག་གིས་དྲུག་བཞིའི་དུས་དྲན་ཐེངས་བཅོ་ལྔ་བར་ཕུལ་བའི་སྙན་རྩོམ་ཞིག་བསྐྱར་བཀོད་ཀྱིས།རྒྱ་ནག་གི་དམངས་གཙོ་དང་རང་དབང་ཆེད་ཚེ་སྲོག་གི་འགྲོ་གྲོན་ཕུལ་བའི་མི་རྣམས་ལ་མྱ་ངན་གུས་འདུད་ཞུ།)
རྒྱ་ནག་རྒྱ་ཆེའི་མི་མང་ཡར་ལོངས་ཤོག
ངས་ཡང་རང་དབང་དང་དམངས་གཙོའི་ཆེད་ཚེ་སྲོག་ཤོར་བ་དེ་རྣམས་ལ་མྱ་ངན་དང་གུས་འདུད་ཞུ། གཞན་ཡང་ཁོང་རྣམ་པས་སྲོག་དོར་བ་དོན་མེད་དུ་མི་འགྱུར་བར་རེ་འབྲས་སྨིན་པའི་སྨོན་འདུན་ཡང་ཞུ།
ང་གོང་ཁྲན་དང་གི་དཔོན་རིགས་དགེར་སྤྱོད་པ་འདི་འཚོ་ལ་སྙིང་ལང་གི་། ལྷག་པར་དུ་མི་ངན་འདི་དག་ལ་་་་den xao ping jiang zai myin li peng hu jin tao