རང་ རེ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད། ཤར་ཕྱོགས་ཙི་ནའི་ཡུལ་ནས་ གུང་ཁྲན་དམར་པོའ་ིསྲིད་གཞུང་གིས་བོད་ཤར་རྒྱུད་མདོ་ཁམས་གཉིས་ནས་རིམ་པར་བཞིན་ དྲག་པོས་བཙན་འཛུལ་བྱས་ནས་མདོ་དབུས་སྐོར་གསུམ་གྱི་ས་ ཕྱོགས་ཡོངས་རྫོགས་བཙན་བཟུང་གིས། བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་ཆགས་འཇིག་གི་འགག་ འཕྲང་ལ་སླེབས་ཤིང༌། ྋགོང་ས་རྒྱ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་དང་སྐུ་དབང་ཡང༌། རླུང་འཚུབ་དྲག་ པོས་གཡོ་བའི་མཚོ་གྲུ་བཞིན་གྱུར་པ་སོགས། མདོར་ན་ལོ་རྒྱུས་ཐོག་དེ་སྔོན་བྱུང་ མ་མྱོང་བའི་ཛ་དྲག་གི་གནས་སྟངས་ས་གཞི་གས་ཤིང་རི་བོ་ཉུལ་བ་ལྟ་བུའི་འོག ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་ཁམས་རིགས་དཔའ་བོ་ ཚོ་གཅིག་གིས་ཨ་འབྲུག་ཚང་གི་མཆོད་ཁང་ནང༌། བོད་བསྟན་སྲིད་ཀྱི་དོན་དུ་ གནའ་གན་མཐུ་བོ་ཆེ་བཞག་ནས། མ་སྐུལ་དྭངས་བླངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས། ས་ཁྱི་སྤྱི་ལོ་༡༩༥༨ལོ་ཟླ་ ༦ ཚེས་ ༡༦ ཉིན་ ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས། རྒྱལ་སྲུང་དགྲ་འཐབ་ཀྱི་དྲག་པོའ་ིདམག་གི་སྒྲིག་འཛུག་གསར་དུ་ཚུགས་པ་ནས། ཨ་འབྲུག་ཚང་སྐུ་དངོས་ཀྱིས་སྣེ་འཁྲིད་དེ་སྙེ་མོ་མདོ་དཀར་སུམ་མདོ་ནས་བཟུང་། ཁྱུང་པོ་བར་བྱང་བསྐྱོད་དམག་གིས་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་དང༌། རྩེད་ཐང་ཁུལ་སྡོད་དམག་སྒར་ཨ་མའི་དྭངས་བླངས་དམག་མི་ཚོས། སྔ་ཕྱིར་ལྷོ་ཁ་དང་ ཀོང་པོ་སོགས་སུ་དགྲ་ཐེངས་སོ་བཞི་རྒྱབ་པ་དང༌། དེ་བཞིན་ལི་ཐང་ཨ་ཐར་ ནོར་བུ་སོགས་ཀྱིས་ཨ་རི་གསང་བའི་ལས་ཁུངས་དང་འབྲེལ་པ་བྱས་ཏེ། ཏར་ འཕྲིན་ཚོགས་ཆུང་སྔ་ཕྱི་དུ་མ་རྩ་འཛུགས་བྱས་ནས། གནམ་མཆོང་ས་བབ་ཀྱིས་ དམག་དོན་བཀོད་སྒྲིག་དང་གོ་མཚོན་རོགས་རམས། དེ་བཞིན་བོད་ས་སྟོད་སྨད་ གང་སར་གནམ་ཐོག་ནས་མཆོངས་ཏེ། རྒྱལ་སྲུང་དགྲ་འཐབ་ཀྱི་ལས་འགུལ་རྒྱ་ ཆེར་སྤེལ་བ་བཅས་ཀྱི་ནང་ནས། ཁམས་རིགས་གཙོ་བོར་བྱས་འི་དཔའ་བོ་སྟོང་ ཕྲག་མང་པའོ ་ིརྣམ་ཤེས་མཁའ་ལ་ཡལ༌། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲགོ་གི་རིན་ ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་ཁྲག་རླབས་ཕྱུར་པའི་ ལོ་རྒྱུས་དང༌། ནམ་ཡང་ཟུབ་ཐབས་མེད་པའི་དཔའ་བོའ་ིམཚན་སྙན་མི་ཡུལ་ གྱི་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་དོན་ས་ཕག༡༩༥༩ལོའ་ི རི་བོ་རལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་ཟིངས་སྐབས། གུང་ཁྲན་གྱིས་ གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་དུས་གཅིག་ཏུ་འཁྲུག་པའི་གསེབ་ ནས། ཤ་ཁྲག་གི་ཟམ་པ་དམར་པོའ་ིཐོག་རི་ཁྲི་ཆུ་སྟོང་གི་འགག་འཕྲང་བརྒལ་ ནས། ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་ མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུའི་བ་སྤུ་ཙམ་ལའང་ ཉེས་པའི་སྐྱོན་གྱིས་ཆ་ཙམ་མ་གོས་པར། རྒྱ་གར་འཕགས་པའི་ཡུལ་དུ་གདན་ འདྲེན་ཞུས་པ་དང༌། དེ་བཞིན་ས་ཆེན་གོང་མ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་ པ་རིན་པོ་ཆེ། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་སོགས་རེས་མེད་ཆོས་བརྒྱུད་ ཁག་གི་བླ་ཆེན་རྣམ་པ་དང༌། གདན་ ས་གསུམ་གྱིས་མཚོན་པའི་ས་དགེ་བཀའ་ རྙིང་བོན་དང་བཅས་པའི་དགེ་འདུན་པ། མདོར་ན་ཆོལ་གསུམ་རེས་སུ་མ་ཆད་ པའི་བོད་རིགས་ཁྲི་ཕྲག་ཁ་ཤས་ཤིག་རྒྱ་གར་འཕགས་པའི་ཡུལ་དུ་ཐར་ཐབས་ བྱས་པ་དང༌། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ཨ་རི་གསང་བའི་ལས་ ཁུངས་དང་མུ་འཐུད་འབྲེལ་བ་བྱས་ཏེ། གློ་སྒྲིག་འཛུགས་དང༌། རྒྱ་གར་གཞུང་ གི་ཁོངས་གཏོགས་ཨང་གྲངས་ ༢༢ པའི་དམག་སྒར་སགོ ས་ཀྱིས་དྲག་པའོ ་ིལས་ འགུལ་ཅི་རིགས་སྣ་ཚོགས་སྤེལ་ཏེ། བོད་བསྟན་སྲིད་ཀྱི་བདེན་མཐའ་སེལ་བའི་ ཆེད། ཁམས་རིགས་དཔའ་བོ་བརྒྱ་ཕྲག་མང་པོས་ཚེ་སྲོག་གིས་འགྲོ་གྲོན་བཏང་ པའི་ལོ་རྒྱུས་རྣམས། ཨ་རིའི་གསང་བའི་ལས་ཁུངས་ནས་བཏོན་པའི་མེ་ཏོག་ པདྨའི་མིག་ཆུ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་ རྒྱུས། ཞེས་པའི་དེབ་དེ་དག་གི་ནང་དུ། ཁམས་པའི་དཔའ་བོ་ཚོས་བོད་བསྟན་ སྲིད་ཀྱི་དོན་དུ་དྲག་པོའ་ིལས་འགུལ་ཇི་ཙམ་སྤེལ་ཡོད་ཚུལ་གསལ་པོ་འཁོད་ འདུག་པ་དེ་དག འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་ བསྟོད། །དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན། །ཞེས་པ་ལྟར་ལགས་པས་ ང་ཚོས་སྔོན་གཤེགས་དྭངས་བླངས་དཔའ་བོ་ཚོའི་མཛད་རྗེས་བསྐྱར་བཤད་མ་ བྱས་ནའང་མཁྱེན་གསལ་རེད། ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་དག་གི་ཁྲོད་ནས། དེ་སྔོན་ཁོ་བོ་དང་ཆབ་མདོ་ ཤེས་རབ་གཉིས་ཀྱིས་བྲིས་པའི། <<ཆུ་སྒང་ལོ་རྒྱུས་དེབ་དང་པོའ་ི>>ནང༌། བོད་སྤྱིའི་ལོ་རྒྱུས་ཀྱི་བྱུང་རིམ་ནས་ལོ་རྒྱུས་ཐོག་རྒྱ་བོད་དབར་འགལ་བ་ཇི་ ལྟར་ བྱུང་ཚུལ། དེའི་རྗེས་འབྲེལ་གྱིས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཐོག་མར་ འཛུགས་པའི་རྒྱུ་མཚན་དང༌། བར་དུ་ཇི་ལྟར་བཙུགས་པའི་ཚུལ། བཙུགས་ནས་ ཐོག་མར་ཨ་འབྲུག་ཚང་གིས་སྣེ་ཁྲིད་དེ་ཤོངས་དགའ་ལྡན་ཆོས་འཁོར་གླིང་དུ། གོ་ལག་ལེན་མཁན་སོང་བ་ནས་བཟུང༌། སྙེ་མོ་མདོ་དཀར་སུམ་མདོ་ནས་ཁྱུང་ པོ་བར་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་བརྒྱབ་པའི་ལོ་རྒྱུས་སྐོར་ཡིན། དེབ་ཕྲེང་གཉིས་པ་འདིའི་ནང་ལྷོ་ཁ་དམག་སྒར་ཨ་མ་འི་ནང་སྣེ་འཁྲིད་ མི་སྣ་ཚོས་དམག་ཇུས་སྟངས་འཛིན་ཇི་ལྟར་བྱས་པ་དང༌། རྩིས་ཐང་དང་། ཀོང་ པོ་སོགས་སུ་སྔ་ཕྱིར་གཞི་རྒྱ་ཆེ་ཆུང་ངེས་མེད་ཀྱི་དགྲ་འཐབ་སོ་བཞི་བརྒྱབ་ཚུལ། ས་ཕག་དུས་འགྱུར་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་བཙན་བྱོལ་དུ་ཕེབས་ དགོས་བྱུང་སྐབས། ལྷོ་ལམ་གཙང་སེལ་གྱིས་ར་སྨད་གྲུ་ག་ནས་མོན་རྟ་དབང་ བར། དྲག་པོའ་ིདམག་གིས་ཕེབས་བསུ་གྲ་རྒྱས་ཞུས་ཚུལ་བཅས་བཀོད་ཡོད། ལོ་རྒྱུས་དེབ་ཕྲེང་འདིའི་ཐོག་ནས་གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་ བརྗིད་ཆེ་བའི་ཞིང་གཤེགས་དྭངས་བླངས་དཔའ་བོ་དེ་དག་དང༌། ད་དུང་འཚོ་ བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི། ཟབ་རླིངས་ཐུགས་ཀྱི་ དགོངས་པའི་ཀློང་ན། མཚོ་རླབས་ཀྱིས་གཡོ་བའི་གྲུ་རྫིངས་དང༌། རླུང་རླབས་ ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉན་འཕྲང་གི་འགྱུར་འགྲོས་མང་ པོའ་ིའཕྲང་སྣེ་ནས། བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་ དོན་དུ། ལངས་ཕྱོགས་བརྟན་པོའ་ིསྒོ་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱིས་དགྲ་བོར་ གདོང་ལེན་བྱས་པའི་དངོས་བྱུང་གི་ལོ་རྒྱུས་རྣམས་མེ་ལོང་དང་གཟུགས་བརྙན་ གྱི་དཔེ་ལྟར། རང་གི་རིགས་ལ་ཞེན་པ་དཀར་བའི་རྒྱ་ཆེ་ཀློག་པ་པོ་ཚོའི་བསམ་ བློའ་ིཁང་བཟང་ནང་ཁྲ་ལྷམ་མེར་འཛུལ་ངེས་སྙམ། ད་དུང་ལོ་རྒྱུས་འདི་བསྒྲིགས་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རྒྱ་ མིས་བྲིས་པའི་ཉེ་རབས་བོད་རྒྱའི་དུས་འགྱུར་སྐབས་ཀྱི་ལོ་རྒྱུས་དུ་མའི་ནང༌། ྋགོང་ས་མཆོག་དང་བོད་ཀྱི་མཐོ་རིམ་མི་སྣ་ཁག་གཅིག་མ་གཏོགས། གཞན་ བོད་རིགས་ཡོངས་རྫོགས་རྒྱ་གཞུང་ལ་དགའ་ཞེན་དང་བཅོས་བསྒྱུར་ལ་དོན་ གཉེར་ཡོད་ལུགས་ཀྱི་རྣམ་པ་འབུར་དུ་བཏོན་ནས་བསྒྲིགས་འདུག་པ་དེ་དག་ ལ། དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་ངོ་མའི་བཞིན་རས་གསལ་པོར་ བཟོ་བའི་ཆེད་དུ་ཡིན་ལ། དེ་ཡང་མདོ་སྟོད་སྨད་དང་དབུས་གཙང་ཁུལ་གྱི་ བོད་རིགས་མི་དམངས་ཀུན། མ་བགྲོས་བསམ་པ་གཅིག་མཐུན་གྱིས། བཙན་ རྒོལ་རྒྱལ་སྲུང་གི་ལས་འགུལ་ལག་བསྟར་དང་རྒྱབ་སྐྱོར། ཆིག་སྒྲིལ་གྱི་ནུས་པ་ འབུར་དུ་བཏོན་པའི་ཐབས་ལམ་དང༌། བོད་རིགས་ཡོངས་རྫོགས་བོད་ཀྱི་བསྟན་ པ་ཆབ་སྲིད་དང༌། མི་རིགས་ཀྱི་ལ་རྒྱ་གསེར་གྱི་རི་བོ་དང་འོ་མའི་རྒྱ་མཚོ་ལྟར་ བརྟན་ཅིང་བརླིང་བ་དང༌། ལྷག་དོན་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་ པ་ལ་འཆི་བ་སྲོག་ལ་གཏུགས་ཀྱང་ཟློག་ཐབས་མེད་པའི་དད་པ་དང་དོ་སྣང་ བརྟན་པོ་ལྡན་པ་བཅས་ཀྱི་ནུས་པ་ལ་བརྟེན་ནས། རྒྱ་མིས་ཞི་བས་བསླུ་བྲིད་ཀྱི་ འཛུམ་མདངས་ཇི་ཙམ་བསྟན་ནའང་། སྤྱང་ཀིས་ལུག་ཕྲུག་ལ་བྱམས་སྐྱོང་བྱས་ པའི་དཔེ་བཞིན། སྤྱང་གྲུང་ལྡན་ལ་དད་པ་དམ་ཚིག་དང་མཐུན་ལམ་ཆིག་སྒྲིལ་ ཟབ་པའི་ཉམ་ཆུང་བོད་རིགས་ཚོ། བསླུ་བྲིད་ཀྱི་དྲ་རྒྱའི་འོག་མ་ཚུད་པས། དྲག་ པོས་གནན་ཤུགས་སྤྲོད་དེ་གནམ་ས་གཉིས་ནས་དུས་རབས་ཀྱི་མཚོན་ཆ་འདྲ་ མིན་བེད་སྤྱོད་ཀྱིས། བོད་རིགས་མི་དམངས་ཁྲི་ཕྲག་མང་པོའ་ིཚེ་སྲོག་ལ་གད་ ཆག་བྱུང་བ་དང༌། ྋགོང་ས་མཆོག་གིས་དབུས་བོད་རིགས་ཁྲི་ཕྲག་དུ་མ་རང་ ས་བཞག་ནས་མི་ཡུལ་སྐྱབས་བཅོལ་ལ་བསྡད་དགོས་བྱུང་བ། གཞིས་བཞུགས་ བོད་རིགས་ས་ཡ་མང་པོར་དམྱལ་ཁམས་ས་སྟེང་བུད་འདྲའི་དཀའ་སྡུག་ཅི་ཆེར་ བྱུང་བ་དེ་ཀུན་སུས་བྱས་པའི་གནས་སྟངས་གསལ་པོ་དེབ་འདིའི་ནང་ནས་ཤེས་ ཐུབ་པ་ཞིག་ཡིན་སྙམ། གཞན་ཡང་སྒྲིག་འཛུགས་འདི་ལ་ཆ་རྒྱུས་དེ་ཙམ་མེད་ མཁན་དང༌། ཡོད་ཀྱང་གནས་སྟངས་གང་ཞིག་གི་རྐྱེན་པས་ཟུར་ཟ་དང་ངན་ སྨྲས། སྡང་ཟུག་དང་འཆིལ་ཞགས། གནན་ཤུགས་དང་འབུར་འཇོམས་སོགས། མདོར་ན་གནས་ལུགས་དངོས་པོ་ལ་རིན་ཐང་མི་སྤྲོད་པར་གསེར་དང་རག་གི་ གོ་ས་ག་བསྒྱུར་བྱེད་པའི་ཕྱོགས་གཏོགས་དེ་དག་ལ་གདེན་པ་ར་སྤྲོད་ཀྱི་དཔང་ རྟགས་ཤིག་རང་བཞིན་གྱིས་འགྱུར་བའང་སྨོས་མེད་རེད་སྙམ། དེབ་ཐེར་འདི་བཞིན་ཕྲན་གྱིས་སྤྱི་ལོ་ ༢༠༠༠ ཐམ་པའི་ལོ་ནས་བསྒྲིགས་ ཤིང་། ལོ་ལྟར་ཟླ་བ་གཉིས་རེའི་དུས་ཚོད་ཆ་བགོས་ཀྱིས་རྩོམ་བསྒྲིགས་བྱས་ཏེ། སྤྱོ་ལོ་ ༢༠༠༢ ལོའ་ིདབྱར་ཁར་མཇུག་སྒྲིལ་ནས་ལོ་རྒྱུས་འདི་དང་འབྲེལ་ཡོད་ མི་སྣ་ཁག་ལ། འདྲ་བཤུས་སྤྱན་འབུལ་གྱིས་བསྣན་འཕྲི་དང་བཟོ་བཅོས་དགོས་ རིགས་ལེགས་བཅོས་གནང་རྒྱུའི་ཆེད་དུ་ཕྱོགས་བསྐུར་བྱས་པ་ཡིན། སྤྱི་ལོ་ ༢༠༠༣ ལོ་མགོར་ཞུ་དག་གིས་དཔེ་སྐྲུན་བྱེད་འཆར་ཡོད་ནའང་། འབྲེལ་ཡོད་ ཁག་གིས་ཞུ་བཅོས་འདྲ་བཤུས་མ་འབྱོར་བའི་ཐོག ང་རང་ཡང་དེང་སང་མི་ ཡུལ་གྱི་དག་ཞིང་བརྩི་ས་ནུབ་ཕྱགོས་ཨ་མེ་རི་ཁ་ཨི་ཌི་ཨ་ན་ཆེས་མཐའོ ་ིགཙུག་ ལག་སློབ་གྲྭ་ཆེན་མོས(Indiana University adjunct lecturer)་ ཨེ་ཤི་ཡ་ལོ་རྒྱུས་ཞིབ་འཇུག་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོར་གདན་ འདྲེན་ཞུས་པ་ལྟར། ཕྱོགས་དེར་འགྲོ་དགོས་བྱུང་བ་དང༌། རྒྱ་གར་དུ་ཕྱིར་ཡོང་ ནས་ཀྱང་གདན་ས་ཆེན་མོར་དགེ་བཤེས་དམ་བཅའ་བཞག་པ་དང༌། འཕགས་ བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང་རྩོམ་སྒྲིག་བྱེད་བཞིན་པའི་ མུར། གཟིག་པགས་གོན་པའི་བོང་རྒན་བཞིན། དགེ་ལུགས་སྤྱི་འཐུས་ཀྱི་མིང་ ཐོག་ནས་མི་ལོ་ཧྲིལ་པོ་གཅིག་གི་རིང་ལ། དྷ་སར་སྤྱི་འཐུས་རྒྱུན་ལས་བྱས་ནས་ བསྡད་དགོས་བྱུང་བ་སོགས། འདུ་འཛིའི་གཡེངས་བ་ཆར་པའི་ཟེགས་མ་དང་། རྒྱ་མཚོའི་རྦ་རླབས་ལྟར་འཛིངས་ཤིང་འཁྲུག་པའི་སྣེ་ནས་སྤྱི་ལོ་ ༢༠༠༥ ལོ་བར་ དཔེ་སྐྲུན་བྱེད་མ་ཐུབ་པར་ལུས་སོང༌། ལོ་དེར་སྐབས་དང་བསྟུན་ནས། ལས་ཀ་མང་པོ་ཞིག་ཆེ་བཞག་ཆུང་ བསྐྱུར་གྱིས་ལྡི་ལི་ཚ་བའི་གྲོང་ཁྱེར་ནང་བསྡད་ནས། ལོ་རྒྱུས་ཚ་བོ་འདི་བཞིན་ སྔོན་ཡོད་མ་ཕྱིའི་ཐོག ཁུངས་ལྡན་ཡིག་ཆ་དང་རྒྱུས་ཡོད་མི་སྣའི་ངག་རྒྱུན་ འགའ་ཞིག་ལ་བརྟེན་ནས། སྣོན་འཕྲི་གང་འཚམ་དང་འབྲེལ། མཇུག་རྫོགས་ པར་བྱས་ཏེ་རྩ་ཆེ་ཡིག་ཆ་ཁག་གཅིག་གི་པར་བཤུས་དང་པར་རིས། འབྲེལ་ ཡོད་ས་ཁྲ་ཁག་གཅིག་བཅས་ཨ་ཆར་ན་པར་ཁང་དུ་བསྐྱལ་ཟིན་རྗེས། མི་རྗེ་སྐུ་ ངོ་བཀའ་ཁྲི་ཟུར་པ་འཇུ་ཆེ་སྐུ་དངོས་ཀྱིས་ཞུ་དག་གནང་རྒྱུའི་ཞལ་བཞེས་ལྟར་ པར་རྩའི་འདྲ་བཤུས་འབུལ་ལམ་ཞུས། སྤྱི་ལོ་ 2007 ལོར་ཆུ་སྒང་ཚོགས་ཆེན་ཐོག སྐུ་ངོ་འཇུ་ཆེན་མཆོག་ དང༌། གྲའུ་བོ་དཔོན་ལགས། ཀོང་པོ་ཐུབ་བསྟན་ལགས་གསུམ་གྱིས་རྩོམ་སྒྲིག་ འགན་ཁུར་དང་ཞུ་དག་གནང་ནས། མགྱོགས་མྱུར་པར་སྐྲུན་ཞུ་རྒྱུ་ཐག་གཅོད་ གནང༌། སྤྱི་ལོ་2009་ཟླ་བ་2 པའི་ཚེས་ 20 ཉིན་ཞུ་དག་དང་། སྣོན་འཕྲི་ དགོས་རིགས་ཚར་ནས། པར་རྩའི་འདྲ་བཤུས་ཕྲན་གྱི་ལག་ཏུ་འབྱོར། སློབ་ སྟོན་དང་ཞུ་དག་པ་སྐུ་ངོ་འཇུ་ཆེན་མཆོག་གི་བཀའ་བཞིན། གོང་འོག་བཀྲུགས་ འཇུག་དང༌། བར་འཇུག་སྣོན་འཕྲི་དགོས་རིགས་གློག་ཀླད་ནང་སྒྲིག་འཇུག་གིས་ མཇུག་སྒྲིལ་བར་བྱས། ལོ་རྒྱུས་འདི་ཉིད་གསར་སྒྲིག་གི་ཁུངས་འཚོལ་ས་ནི། དེ་སྔོན་རྡོ་རྗེ་ གླིང་ནས་མགོ་འཛུགས་ཏེ། ཆུ་བཞི་སྒང་དྲུག་ལས་ཁུངས་སུ་བོད་རྒྱའི་དམག་ འཁྲུགས་ནང་དངོས་སུ་ཞུགས་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི་ ངག་རྒྱུན་བསྡུ་ལེན་བྱས་པའི་ཚིག་ཐོ་ཐ་ཐོར་དང༌། ཆུ་སྒང་དཔའ་བོ་རྒན་གྲས་ ཁག་གཅིག་གི་རང་ཉིད་སྒེར་གྱི་མི་ཚེ་ལོ་རྒྱུས། ཕ་ལྷ། སྟག་ལྷ། ལྷ་ཚེ་སོགས་ ཀྱིས་བསྒྲིགས་པ་དང་བཤད་པའི་ཡིག་ཆ་ཁག དེ་བཞིན་རྒྱ་ནག་དང་ཨ་རི༌། ཐེ་ ཝན་སོགས་རྒྱལ་ཁབ་དང་མི་རིགས་གཞན་གྱིས་བྲིས་པའི་ཡིག་ཆ་ཁག ད་དུང་ ྋགོང་ས་མཆོག་གི་མཛད་རྣམ་ཁག རྒྱུས་ཡོད་མི་རྒན་དུ་མའི་ངག་སྒྲོས་སོགས། ལོ་རྒྱུས་འདི་དང་འབྲེལ་ཡིག་ངག་སྔ་ཕྱི་དུ་མར་ཞིབ་འཇུག་གང་ནུས་བྱས་ནས་ བསྒྲིགས་པ་ཡིན། འོན་ཀྱང་དགོས་ངེས་པའི་དཔྱད་གཞི་འགའ་ཞིག་ལག་སོན་ མ་བྱུང་བ་དང༌། དམག་འཁྲུགས་ནང་དངོས་སུ་ཞུགས་མྱོང་པའི་དཔའ་བོ་དང་ ། སྟངས་འཛིན་ཇུས་འགོད་གནང་མཁན་གྱི་མི་སྣ་གལ་ཆེ་མང་པོ་ཞིག་ལ། དྲི་ གཏུགས་བྱེད་ས་མ་རྙེད་པ། དཔའ་བོ་མང་པོ་ཞིག་གི་མཚན་དང་འདྲ་པར་མ་ རག་གོང་དུས་ཀྱི་ཁོམ་པས་གཏུགས་ནས་ཡིག་འབྲུའི་དག་ཆ་ཚུན་ཆད་ལ་ཞུ་ དག་ངེས་འབྲངས་བྱེད་ལོངས་མ་བྱུང་བར་དེབ་ཐེར་འདི་ཉིད་མཇུག་སྡོམ་གྱིས་ གློ་བུར་དུ་དཔེ་སྐྲུན་བྱེད་དགོས་བྱུང་བས༌། རྒྱ་ཆེ་ཀློག་པ་པོ་ཚོའི་ཐུགས་ཀྱི་བཞེད་ པ་ཡོངས་སུ་བསྐང་པ་ཞིག་བྱུང་མ་སོང་བར་དགོངས་སེལ་ཞུ་རྒྱུ་ཡིན། དེབ་ཐེར་འདི་ཉིད་དེ་སྔོན་གསར་སྒྲིག་གི་མགོ་བཙུགས་པ་ནས། བཀའ་ ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྣམ་རྒྱལ་གྱི་སློབ་སྟོན་འོག ཆུ་བཞི་སྒང་དྲུག་ གི་སྔ་ཕྱི་རྒྱུན་ལས་ཀུན་གྱིས་གཟིགས་སྐྱོང་ཆེ་མཐོང་དཔེ་མེད་ཀྱིས་གྲ་སྒྲིག་ སྣེ་ ལེན་དང༌། ལྷག་དོན་རྩོམ་སྒྲིག་ཁང་གི་འགན་ཁུར་པ་གྲ་འུར་དཔོན་རིན་ཆེན་ ཚེ་རིང་དང་། སྐུ་གཤེགས་ཆབ་དྲུང་བློ་བཟང་དབང་འདུས་གཉིས་ཀྱིས་ཆུ་སྒང་ ཡིག་ཆ་དང་པར་རིས༌། དེ་བཞིན་ས་ཁྲ་སོགས་དེབ་ཐེར་འདི་ལ་དགོས་ངེས་ཀྱི་ མཐུན་རྐྱེན་གལ་ཆེ་མང་པོ་ཞིག དུས་ཐོག་ཏུ་གནང་བ་དང༌། ཉེ་བའི་ཆར་སྐུ་ངོ་ འཇུ་ཆེན་དང༌། གྲའུ་དཔོན། ཀོང་པོ་ཐུབ་བསྟན་གསུམ་གྱིས་རྩོམ་སྒྲིག་འགན་ ཁུར་གནང་ནས་ཞུ་དག་ངེས་འབྲངས་སོང་བ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ ནས། དེབ་ཐེར་འདི་བཞིན་ལེགས་གྲུབ་བྱུང་བས་ཁོང་རྣམ་པར་བཅོས་མིན་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན། ྋགོང་ས་ཕྱག་ན་པདྨོ་རྒྱལ་དབང་དོན་གྱི་ བདག་པོའ་ིསྐུ་ ཚེ་བསྐལ་པ་ཕྲག་རྒྱར་བརྟན་ཅིང་། ཐུགས་ཀྱྀ་བཞེད་པ་མཐའ་དག་ལྷུན་གྱིས་ འགྲུབ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལུགས་གཉིས་རྒྱལ་ མཚན་མཐནོ ་པའོ ་ིགྲིབ་བསིལ་འགོ ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་ མའི་དགའ་སྟོན་གྱི་དཔལ་ལ་སྤྱོད་ནས། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་ བཟང་དགའ་སྟོན་ལ། ཅི་དགར་སྤྱོད་པའི་སྐལ་བཟང་མངོན་དུ་གྱུར་པའི་སྨོན་ འདུན་བཅས། རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་གྱིས། སྤྱི་ལོ་ 2009 ལོ་ཟླ་བ་ 4 ཚེས་ 1 ཉིན་ལ་བྲིས།
སྐུ་ཞབས་བེ་རི་ལགས།
ཆུ་སྒང་གི་ལོ་རྒྱུས་སྐོར་ནས་འབྲི་དུས་ཡིན་གཅིག་མིན་གཉིས་ཁམས་པ་ཚོའི་དཔའ་བློ་ཁོག་དང་། ཁོ་ཚོའི་འཇོན་རབས། ཁོ་ཚོའི་ཡག་ལུགས་རྐྱང་རྐྱང་འབྲི་དགོས་དོན་ག་རེ་ཡིན་ནམ།
ཆུ་སྒང་གི་དམག་མིའི་གྲས་སུ་དབུས་གཙང་བ་དང་། ཨ་མདོ་བ་མེད་དམ།
ཆུ་སྒང་གི་ལོ་རྒྱུས་ལྟ་བུ་དག་འབྲི་མཁན་ཁྱེད་ཀྱིས་གཙོས་པའི་ཁམས་པ་ཚོས་ནི་ཆུ་བཞི་སྒང་དྲུག་ཙམ་ལ་ཡང་འགྲེལ་ལོག་གང་འདྲ་ཞིག་བརྒྱབ་དང་རྒྱག་བཞིན་འདུག་གམ།
ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙན་དག་ཏུ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡང་ཡང་གསལ་བ་རྣམས་ཀྱི་གོ་དོན་ཡང་རང་སོར་མི་འཇོག་པ་ག་རེ་ཡིན་ནམ།
ཕྱིས་སུ་ཆུ་སྒང་དུ་བཙན་བསྒྱུར་མ་བྱས་པའི་ཐོག་མར་བསྟན་སྲུང་དང་བླངས་དམག་ཅེས་ཐོགས་ཤིང་འབོད་པ་ལས། ཡོད་ཚད་ཁམས་པའི་བྱས་རྗེས་སུ་འུར་བསྟོད་པའི་ད་ལྟའི་ཆུ་སྒང་གི་ལོ་རྒྱུས་ཁག་དེ་འདྲ་ནི་མ་རེད་བསམ། སྤྱིར་བཏང་ཁམས་རིགས་ཚོས་བོད་ཀྱི་བསྟན་སྲིད་དོན་ལ་བྱས་རྗེས་བཞག་པ་ནི་ཉུང་ཉུང་མིན་ན་ཡང་། ཁམས་རིགས་དཔའ་བོར་འུར་སྒྲོག་པའི་ནང་ན་བོད་ཀྱི་དོན་ལ་ཞབས་འདྲེན་ཞུ་མཁན་ཡང་ཉུང་ཉུང་གཏན་ནས་མིན་ཚུལ་ཁྱེད་ཀྱིས་ཤེས་བཞིན་དུ་བློ་ཁ་ཁྱོགས་ལ་འཕྱང་དོན་ག་རེ་ཡིན་ནམ།
གནས་སྐབས་སུ་དེ་ཙམ་ཡིན།
གྲོགས་པོ་འོས་ལངས་ལགས། སྐུ་ཞབས་བེ་རི་ལགས།
ཆུ་སྒང་གི་ལོ་རྒྱུས་སྐོར་ ནས་འབྲི་དུས་ཡིན་གཅིག་མིན་གཉིས་ཁམས་པ་ཚོའི་དཔའ་བློ་ཁོག་དང་། ཁོ་ཚོའི་འཇོན་རབས། ཁོ་ཚོའི་ཡག་ལུགས་རྐྱང་རྐྱང་འབྲི་དགོས་དོན་ག་རེ་ཡིན་ནམ་ཞེ་ན། སྐབས་དེའི་ཁམས་རིགས་དཔའ་བོ་མང་པོ་ཞིག་གླེན་རྟགས་ཚ་བའི་བྱ་སྤྱོད་ཁོ་ནར་བརྟེན་ནས་དགྲ་སྲུང་དགྲ་འཐབ་བྱས་པའི་ལོ་རྒྱུས་རང་རེ་བོད་པ་ཚོས་བྲིས་པ་མ་ཡིན་པར། ཨ་རི་གསང་ལས་དང་རྒྱ་ནག་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་བྲིས་འདུག་པས། རང་རེས་སྔོན་གཤེགས་དཔའ་བོ་ཚོའི་མཛད་རྗེས་ངེས་པར་དུ་འབྲི་ལོས་དགོས།
ཆུ་སྒང་གི་དམག་མིའི་གྲས་སུ་དབུས་གཙང་བ་དང་། ཨ་མདོ་བ་ཡོད་པ་མ་ཟད། མཛད་རྗེས་གཟེངས་སུ་ཐོན་པ་དུ་མ་བྱུང་འདུག དྲག་པོའི་སྒྲིག་འཛུགས་འདི་ཐོག་མར་འཛུགས་དུས་ཨ་འབྲུག་ཚང་གིས་མགོ་ཁྲིད་པའི་ཁམས་པའི་དཔུང་ཁག་གཅིག་ལ་ཨ་རིའི་གསང་ལས་ཀྱིས་རོགས་རམ་བྱེད་ཐབས་གང་ཡང་མི་འདུག ཁོང་ཚོའི་སྒྲིག་འཛུགས་ནང་དེ་འྟར་བྱས་ན་ཇག་དཔུང་ལ་རོགས་རམ་བྱེད་པའི་རྣམ་པར་ཆགས་འགྲོ་གི་ཡོད་ཙང་བྱེད་ཐབས་ཡོད་པ་མ་རེད། ཁོང་ཚོས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་དངོས་སམ་ཡང་ན། བོད་གཞུང་དང་འབྲེལ་བ་བྱུང་མཚམས་གཞི་ནས་རོགས་རམ་གནང་རྒྱུ་གཏན་འཁེལ་ཡོད་པ་དང༌། ཕར་ཕྱོགས་ནས་འབྲེལ་ལམ་གནང་མཁན་ལྷ་སྲས་རྒྱལ་ལོ་དང་དེའི་དྲུང་ཡིག་ལྷ་མོ་ཚེ་རིང་འདྲ་བོ་ཞིག་མེད་ན་ཨ་རིའི་གསང་ལས་དང་འབྲེལ་བ་བྱེད་མི་ཐུབ། ཚུན་ཕྱོགས་ནས་སྐབས་དེར་གོང་ས་མཆོག་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་ལ་རང་ལས་དྲག་པོའི་ལས་འགུལ་ལ་ཐུགས་འདོད་རྩ་བ་ནས་མེད་པ་དེ་ཨ་རིའི་གསང་ལས་ཀྱིས་སྐབས་དེ་དུས་ནས་ཤེས་ཡོད་པ་རེད། དེར་འབརྟེན་ཕ་ལྷ་མགྲོན་གཉེར་ཆེན་པོ་ལགས་ཀྱིས་བོད་གཟུང་གི་མིང་ཐོག་ནས་ལས་འགུལ་འདིར་རྒྱབ་སྐྱོར་གནང་མེད་ན། དྲག་པོའི་འཛུགས་འདིར་ཨ་རིས་རོགས་རམ་ཐོབ་ཐབས་ཡོད་པ་མ་རེད། ཨ་རི་དང་འབྲེལ་བ་ཡོད་པའི་གནས་ཚུལ་གོ་བ་ཙམ་གྱིས་ཁམས་རིགས་མང་པོ་ཞིག་བློ་ཁོག་དང་སེམས་ཤུགས་ཆེས་ཆེར་འཕར་ཏེ། ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཚུགས་པ་ཞིག་རེད། འདི་ཐོག་མར་འཛུགས་དུས་ནས་མདོ་དབུས་གཉིས་ཀ་འདིས་ནང་ལ་ཡོད་པ་མ་ཟད། གཞུང་དམག་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལྟ་བུའི་རླབས་ཆེན་གྱི་དཔའ་བོ་ཁག་གཅིག་ལྟའང་ཞབས་བཞུགས་ཡོད་པ་རེད་ལ། རྩིས་དཔོན་རྣམ་གླིང་པ་ལྟ་བུ་ཁ་ཞིང་ཡོངས་རྫོགས་བློས་བཏང་བྱས་ནས་དྲག་པོའི་སྒྲིག་འཛུགས་འདིའི་ནང་ཞུགས་གནང་མཛད་འདུག དུས་ཕྱེ་ཨ་མདོ་སྦྱིན་ཞུ་བའི་དཔའ་འཛངས་གཉིས་ལྡན་གྱི་ཨ་མདོའི་ཕོ་རྒོད་མང་པོ་ཞིག་ཀྱང་དསརག་པོའི་སྒྲིག་འཛུག་འདིའི་ནང་འཛུལ་ནས་སྐད་དྲག་བཞག་འདུག
ཆུ་སྒང་གི་ལོ་རྒྱུས་ལྟ་བུ་དག་འབྲི་མཁན་ཁྱེད་ཀྱིས་གཙོས་པའི་ཁམས་པ་ཚོས་ནི་ཆུ་བཞི་སྒང་དྲུག་ཙམ་ལ་ཡང་ འགྲེལ་ལོག་གང་འདྲ་ཞིག་བརྒྱབ་དང་རྒྱག་བཞིན་འདུག་གམ་ཞེས་པའི་ངས་འགྲེལ་ལོག་ག་རེ་རྒྱག་ཡོད་པ་དྲན་གི་མི་འདུག
ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་ བཙན་དག་ཏུ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡང་ཡང་གསལ་བ་རྣམས་ཀྱི་གོ་དོན་ཡང་རང་སོར་མི་འཇོག་ པ་ག་རེ་ཡིན་ནམ། གསུངས་པའི་ཐད། འ[དི་རང་སོར་མི་འཇོག་མཁན་སོག་པོས་བོད་དབང་སྐབས་རེད། སྐབས་དེར་སོག་པོས་མངའ་རིས་སྐོར་གསུམ་དབང་བསྒྱུར་བྱས་ཐུབ་མེད་པས། དེའི་མན་ཆད་ལ་དུམ་བུ་གསུམ་བའི་ས་མི་ཐེམ་དུད་ཞིབ་གཤེར་གྱིས་གཏན་འབེབས་བྱས་པ་ཞིག་རེད། སྐབས་དེར་མདོ་སྟོད་སྨད་གཉིས་ས་མཚམས་ཆུ་མཚམས་གསལ་པོ་དེ་འདྲ་གང་ཡང་གནང་ཡོད་པ་མ་རེད། རྗེས་མ་ཡག་ཤོས་བྱུང་ན་མདོ་སྟོད་སྨད་གཉིས་སྲོང་བཙན་སྐབས་ ནང་བཞིན་གཅིག་ཏུ་སྒྲིལ་ན་དགེ་མཚན་ཆེ་བ་མཐོང་གི་འདུག (སྐུ་ཉིད་དངོས་གནས་དགོངས་འཆར་གནང་མཁན་ཞིག་ཡིན་ན་ཞལ་པར་ཐོག་འབྲེལ་བ་གནང་དང་རྒྱུ་མཚན་མང་པོ་ཞུ་རྒྱུ་ཡོད)གོང་ས་ལྔ་པའི་སྐབས་མངའ་རིས་སྐོར་གསུམ་བོད་ཀྱི་ཆབ་འབངས་སུ་བསྒྱུར་ཟིན་སྟབས་ཁོང་རྣམ་པར་སྲོང་བཙན་སྐབས་ཀྱི་ས་ཐོབ་ཞིག་སྤྲོད་ན་མི་འོས་པ་མི་འདུག་སྙམ།
ཕྱིས་སུ་ཆུ་སྒང་དུ་བཙན་བསྒྱུར་མ་བྱས་པའི་ཐོག་མར་བསྟན་སྲུང་དང་བླངས་དམག་ཅེས་ཐོགས་ཤིང་འབོད་པ་ལས། ཡོད་ཚད་ཁམས་པའི་བྱས་རྗེས་སུ་འུར་བསྟོད་པའི་ད་ལྟའི་ཆུ་སྒང་གི་ལོ་རྒྱུས་ཁག་ དེ་འདྲ་ནི་མ་རེད་བསམ། གསུངས་པའི་ཐད། སྒྲིག་འཛུགས་འདིར་ཆུ་བཞི་སྒང་དྲུག་བཏགས་རྒྱུ་མཚན་དེ། སྒྲིག་འཛུགས་གསར་འཛུག྄་ནགང་མཁན་ཨ་འབྲུག་ཚང་གིས་སྣེ་འཁྲིད་པའི་སྒྲིག་ཞུགས་མི་སྣ་ཚོ་འབྲི་ཆུའི་ཤར་རྒྱུད་ཀྱི་ཁམས་རིགས་ཚོ་རྒྱ་ཁོང་མིན་པར་མཚོན་ཆེད་དུ་བཏགས་པ་རེད་འདུག རྗེས་མ་ཨ་མདོའི་མི་ཡང་སྒྲིགས་འཛུག་འདིར་ཞུགས་རྗེས་བོད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡིག་ཆ་དུ་མའི་ནང༌། ཆུ་བཞི་སྒ་དྲུག་ཨ་མདོ་དང་བཅས་པ་ཞེས་བྲིས་འདུག དེ་རྗེས་མགོ་ལོག་ཞུགས་སྐབས་ཆུ་བཞི་སྒང་དྲུག་ཨ་མདོ་མགོ་ལོག་དང་བཅས་པ་ཞེས་བྲིས་འདུག་པས། མིང་འདི་ཚོ་དེ་སྔོན་བོད་རྒྱའི་འཐབ་རྩོད་ནང་ཞུགས་མཁན་དེ་རིགས་རང་གི་ཕ་ས་མ་རྒྱུད་བོད་སྡེ་ཡིན་པ་མཚོན་ཆེད་མིང་དེ་འདྲ་བཏགས་སྡོད་པ་ཡིན་སྲིད་སྙམ། སྤྱིར་བཏང་ཁམས་རིགས་ཚོས་བོད་ཀྱི་བསྟན་སྲིད་དོན་ལ་བྱས་རྗེས་བཞག་པ་ནི་ཉུང་ ཉུང་མིན་ན་ཡང་། ཁམས་རིགས་དཔའ་བོར་འུར་སྒྲོག་པའི་ནང་ན་བོད་ཀྱི་དོན་ལ་ཞབས་འདྲེན་ཞུ་མཁན་ཡང་ཉུང་ཉུང་གཏན་ནས་མིན་ཚུལ་ཁྱེད་ཀྱིས་ཤེས་བཞིན་དུ་བློ་ཁ་ཁྱོགས་ལ་འཕྱང་དོན་ག་ རེ་ཡིན་ནམ། གསུང་པའི་ཐད། ངས་རྩོམ་དེབ་ཁྱོད་ཀྱིས་མ་གཟིགས་པའི་སྔོན་ནས་འདྲི་བ་འདི་འདྲ་ཞིག་སླེབས་པ་ཡ་མཚན་ན་ཡང༌། ངས་དེབ་འདིའི་ཐོག་ཞབས་འདྲེན་ཞུས་སྐོར་གཅིག་ཀྱང་བྲིས་མེད། དེ་ནི་མི་རབས་རྗེས་མ་ཚོས་བཀའ་དྲིན་རྗེས་དྲན་ལ་གེགས་ཆག་མི་ཡོང་པའི་ཆེད་དུ་ཡིན།
ཆུ་སྒང་ལོ་རྒྱུས་དེའི་ནང་དུ་མི་སྣ་བཟང་ངན་གཉིས་ཀ་འབྲི་རོགས། ལོ་རྒྱུས་ནི་ཨ་རི་བ་ཚོས་བྱིས་པ་གཉོར་གཉོར་ནང་བཞིན་ཡག་ས་འཇམ་ས་བདེ་ས་སྐྱིད་ས་རྐྱང་རྐྱང་མིག་སྔར་བཤམས་སྟོན་བྱེད་དགོས་ནི་མ་རེད། གྲོགས་པོ་ནང་ཚང་ཞིག་གི་སྙིང་གཏམ་ཡིན།
གྲོགས་པོ་འོས་ལངས་ལགས།
ཆུ་སྒང་གི་ལོ་རྒྱུས་སྐོར་ ནས་འབྲི་དུས་ཡིན་གཅིག་མིན་གཉིས་ཁམས་པ་ཚོའི་དཔའ་བློ་ཁོག་དང་། ཁོ་ཚོའི་འཇོན་རབས། ཁོ་ཚོའི་ཡག་ལུགས་རྐྱང་རྐྱང་འབྲི་དགོས་དོན་ག་རེ་ཡིན་ནམ་ཞེ་ན། སྐབས་དེའི་ཁམས་རིགས་དཔའ་བོ་མང་པོ་ཞིག་གླེན་རྟགས་ཚ་བའི་བྱ་སྤྱོད་ཁོ་ནར་བརྟེན་ནས་རྒྱལ་སྲུང་དགྲ་འཐབ་བྱས་པའི་ལོ་རྒྱུས་རང་རེ་བོད་པ་ཚོས་བྲིས་པ་མ་ཡིན་པར། ཨ་རི་གསང་ལས་དང་རྒྱ་ནག་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་བྲིས་འདུག་པས། རང་རེས་སྔོན་གཤེགས་དཔའ་བོ་ཚོའི་མཛད་རྗེས་ངེས་པར་དུ་འབྲི་ལོས་དགོས།
ཆུ་སྒང་གི་དམག་མིའི་གྲས་སུ་དབུས་གཙང་བ་དང་། ཨ་མདོ་བ་ཡོད་པ་མ་ཟད། མཛད་རྗེས་གཟེངས་སུ་ཐོན་པ་དུ་མ་བྱུང་འདུག དྲག་པོའི་སྒྲིག་འཛུགས་འདི་ཐོག་མར་འཛུགས་དུས་ཨ་འབྲུག་ཚང་གིས་མགོ་ཁྲིད་པའི་ཁམས་པའི་དཔུང་ཁག་གཅིག་ལ་ཨ་རིའི་གསང་ལས་ཀྱིས་རོགས་རམ་བྱེད་ཐབས་གང་ཡང་མི་འདུག ཁོང་ཚོའི་སྒྲིག་འཛུགས་ནང་དེ་ལྟར་བྱས་ན་ཇག་དཔུང་ལ་རོགས་རམ་བྱེད་པའི་རྣམ་པར་ཆགས་འགྲོ་གི་ཡོད་ཙང་བྱེད་ཐབས་ཡོད་པ་མ་རེད། ཁོང་ཚོས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་དངོས་སམ་ཡང་ན། བོད་གཞུང་དང་འབྲེལ་བ་བྱུང་མཚམས་གཞི་ནས་རོགས་རམ་གནང་རྒྱུ་གཏན་འཁེལ་ཡོད་པ་དང༌། ཕར་ཕྱོགས་ནས་འབྲེལ་ལམ་གནང་མཁན་ལྷ་སྲས་རྒྱལ་ལོ་དང་དེའི་དྲུང་ཡིག་ལྷ་མོ་ཚེ་རིང་འདྲ་བོ་ཞིག་མེད་ན་ཨ་རིའི་གསང་ལས་དང་འབྲེལ་བ་བྱེད་མི་ཐུབ། ཚུན་ཕྱོགས་ནས་སྐབས་དེར་གོང་ས་མཆོག་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་ལ་རང་ལས་དྲག་པོའི་ལས་འགུལ་ལ་ཐུགས་འདོད་རྩ་བ་ནས་མེད་པ་དེ་ཨ་རིའི་གསང་ལས་ཀྱིས་སྐབས་དེ་དུས་ནས་ཤེས་ཡོད་པ་རེད། དེར་བརྟེན་ཕ་ལྷ་མགྲོན་གཉེར་ཆེན་པོ་ལགས་ཀྱིས་བོད་གཞུང་གི་མིང་ཐོག་ནས་ལས་འགུལ་འདིར་རྒྱབ་སྐྱོར་གནང་མེད་ན། དྲག་པོའི་འཛུགས་འདིར་ཨ་རིས་རོགས་རམ་ཐོབ་ཐབས་ཡོད་པ་མ་རེད། ཨ་རི་དང་འབྲེལ་བ་ཡོད་པའི་གནས་ཚུལ་གོ་བ་ཙམ་གྱིས་ཁམས་རིགས་མང་པོ་ཞིག་བློ་ཁོག་དང་སེམས་ཤུགས་ཆེས་ཆེར་འཕར་ཏེ། ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཚུགས་པ་ཞིག་རེད། འདི་ཐོག་མར་འཛུགས་དུས་ནས་མདོ་དབུས་གཉིས་ཀ་འདིས་ནང་ལ་མེད་པ་རེད་མི་འདུག ། གཞུང་དམག་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལྟ་བུའི་རླབས་ཆེན་གྱི་དཔའ་བོ་ཁག་གཅིག་ལྟའང་ཞབས་བཞུགས་ཡོད་པ་རེད་ལ། རྩིས་དཔོན་རྣམ་གླིང་པ་ལྟ་བུ་ཁ་ཞིང་དབང་ཐང་ཡོངས་རྫོགས་བློས་བཏང་བྱས་ནས་དྲག་པོའི་སྒྲིག་འཛུགས་འདིའི་ནང་ཞུགས་གནང་མཛད་འདུག དུས་ཕྱིས་ཨ་མདོ་སྦྱིན་པ་རྒྱ་མཚོ་གཙོས་དཔའ་འཛངས་གཉིས་ལྡན་གྱི་ཨ་མདོའི་ཕོ་རྒོད་མང་པོ་ཞིག་ཀྱང་དྲག་པོའི་སྒྲིག་འཛུག་འདིའི་ནང་འཛུལ་ནས་སྐད་གྲགས་བཞག་འདུག
ཆུ་སྒང་གི་ལོ་རྒྱུས་ལྟ་བུ་དག་འབྲི་མཁན་ཁྱེད་ཀྱིས་གཙོས་པའི་ཁམས་པ་ཚོས་ནི་ཆུ་བཞི་སྒང་དྲུག་ཙམ་ལ་ཡང་འགྲེལ་ལོག་གང་འདྲ་ཞིག་བརྒྱབ་དང་རྒྱག་བཞིན་འདུག་གམ་ཞེས་པའི་ཐད། ངས་འགྲེལ་ལོག་ག་རེ་རྒྱག་ཡོད་པ་དྲན་གི་མི་འདུག
ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙན་དག་ཏུ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡང་ཡང་གསལ་བ་རྣམས་ཀྱི་གོ་དོན་ཡང་རང་སོར་མི་འཇོག་ པ་ག་རེ་ཡིན་ནམ། གསུངས་པའི་ཐད། འདི་རང་སོར་མི་འཇོག་མཁན་དེ་སོག་པོས་བོད་དབང་བྱས་སྐབས་རེད། སྐབས་དེར་སོག་པོས་མངའ་རིས་སྐོར་གསུམ་དབང་བསྒྱུར་བྱས་ཐུབ་མེད་པས། དེའི་མན་ཆད་ལ་དུམ་བུ་གསུམ་དུ་བགོས་ཏེ་ས་མི་ཐེམ་དུད་ཞིབ་གཤེར་གྱིས་གཏན་འབེབས་བྱས་པ་ཞིག་རེད། སྐབས་དེར་མདོ་སྟོད་སྨད་གཉིས་ས་མཚམས་ཆུ་མཚམས་གསལ་པོ་དེ་འདྲ་གང་ཡང་གནང་ཡོད་པ་མ་རེད། རྗེས་མ་ཡག་ཤོས་བྱུང་ན་མདོ་སྟོད་སྨད་གཉིས་སྲོང་བཙན་སྐབས་ནང་བཞིན་གཅིག་ཏུ་སྒྲིལ་ན་དགེ་མཚན་ཆེ་བ་མཐོང་གི་འདུག (སྐུ་ཉིད་དངོས་གནས་དགོངས་འཆར་གནང་མཁན་ཞིག་ཡིན་ན་ཞལ་པར་ཐོག་འབྲེལ་བ་གནང་དང་རྒྱུ་མཚན་མང་པོ་ཞུ་རྒྱུ་ཡོད)གོང་ས་ལྔ་པའི་སྐབས་མངའ་རིས་སྐོར་གསུམ་བོད་ཀྱི་ཆབ་འབངས་སུ་བསྒྱུར་ཟིན་སྟབས་ཁོང་རྣམ་པར་སྲོང་བཙན་སྐབས་ཀྱི་ས་ཐོབ་ཞིག་སྤྲོད་ན་མི་འོས་པ་མི་འདུག་སྙམ།
ཕྱིས་སུ་ཆུ་སྒང་དུ་བཙན་བསྒྱུར་མ་བྱས་པའི་ཐོག་མར་བསྟན་སྲུང་དང་བླངས་དམག་ཅེས་ཐོགས་ཤིང་འབོད་པ་ལས། ཡོད་ཚད་ཁམས་པའི་བྱས་རྗེས་སུ་འུར་བསྟོད་པའི་ད་ལྟའི་ཆུ་སྒང་གི་ལོ་རྒྱུས་ཁག་ དེ་འདྲ་ནི་མ་རེད་བསམ། གསུངས་པའི་ཐད། སྒྲིག་འཛུགས་འདིར་ཆུ་བཞི་སྒང་དྲུག་བཏགས་རྒྱུ་མཚན་དེ། སྒྲིག་འཛུགས་གསར་འཛུགས་གནང་མཁན་ཨ་འབྲུག་ཚང་གིས་སྣེ་འཁྲིད་པའི་སྒྲིག་ཞུགས་མི་སྣ་ཚོ་གཙོ་བོ་ཚོས་འབྲི་ཆུའི་ཤར་རྒྱུད་ཀྱི་ཁམས་རིགས་ཚོ་རྒྱ་ཁོང་མིན་པར་མཚོན་ཆེད་དུ་བཏགས་པ་རེད་འདུག རྗེས་མ་ཨ་མདོའི་མི་ཡང་སྒྲིགས་འཛུག་འདིར་ཞུགས་རྗེས་བོད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡིག་ཆ་དུ་མའི་ནང༌། ཆུ་བཞི་སྒ་དྲུག་ཨ་མདོ་དང་བཅས་པ་ཞེས་བྲིས་འདུག དེ་རྗེས་མགོ་ལོག་ཞུགས་སྐབས་ཆུ་བཞི་སྒང་དྲུག་ཨ་མདོ་མགོ་ལོག་དང་བཅས་པ་ཞེས་བྲིས་འདུག་པས། མིང་འདི་ཚོ་དེ་སྔོན་བོད་རྒྱའི་འཐབ་རྩོད་ནང་ཞུགས་མཁན་དེ་རིགས་རང་གི་ཕ་ས་མ་རྒྱུད་བོད་སྡེ་ཡིན་པ་མཚོན་ཆེད་མིང་དེ་འདྲ་བཏགས་སྡོད་པ་ཡིན་སྲིད་སྙམ། དེ་འདྲ་རེད་མ་གཏོགས། ཆུ་སྒང་ཞེས་པའི་མིང་འདི་དེ་རིང་ཁ་རྩང་གསར་པ་བཏགས་པ་ཞིག་རད་མི་འདུག སྤྱིར་བཏང་ཁམས་རིགས་ཚོས་བོད་ཀྱི་བསྟན་སྲིད་དོན་ལ་བྱས་རྗེས་བཞག་པ་ནི་ཉུང་ ཉུང་མིན་ན་ཡང་། ཁམས་རིགས་དཔའ་བོར་འུར་སྒྲོག་པའི་ནང་ན་བོད་ཀྱི་དོན་ལ་ཞབས་འདྲེན་ཞུ་མཁན་ཡང་ཉུང་ཉུང་གཏན་ནས་མིན་ཚུལ་ཁྱེད་ཀྱིས་ཤེས་བཞིན་དུ་བློ་ཁ་ཁྱོགས་ལ་འཕྱང་དོན་ག་ རེ་ཡིན་ནམ། གསུང་པའི་ཐད། ངས་རྩོམ་དེབ་ཁྱོད་ཀྱིས་མ་གཟིགས་པའི་སྔོན་ནས་འདྲི་བ་འདི་འདྲ་ཞིག་སླེབས་པ་ཡ་མཚན་ན་ཡང༌། ངས་དེབ་འདིའི་ཐོག་ཞབས་འདྲེན་ཞུས་སྐོར་གཅིག་ཀྱང་བྲིས་མེད། དེ་ནི་མི་རབས་རྗེས་མ་ཚོས་བཀའ་དྲིན་རྗེས་དྲན་ལ་གེགས་ཆག་མི་ཡོང་པའི་ཆེད་དུ་ཡིན།
ཨ་ལགས་ཀླུ་སྨྱོན་ལགས། དེ་རིང་དྲ་རྒྱ་ནང་འཇལ་བ་ཤིན་ཏུ་སྤྲོ། ང་ད་ལྟར་མོན་གྷོ་གཞིས་ལས་ཁང་དུ་ཡོད། དེ་སྔོན་ང་ཚོ་ཤིང་སྡོང་སྒུ་རུ་ནས་ཡར་མར་འགྲོ་སྡོད་ས་དེ་ཚོ་མཐོང་དུས་དངོས་གནས་འདས་དོན་བསྐྱར་ལོག་རྒྱག་གི་འདུག ཕྲན་གྱིས་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དེ་པར་སྐྲུན་ཞུས་ཟིན་པ་རེད། ཤོག་གྲངས་560ཡན་མན་ཙམ་ཡོད། རྗེས་ནས་ཁྱོད་ཀྱིས་ལྕགས་ཞྭ་ཞིག་སྐུར་གནང་མཛོད་དང་ངས་ཁྱོད་ཀྱི་བཀའ་བཞིན་གསར་པ་ཞིག་འབྲི་འོང། ཨ་ཅང་རྩེད་མོ་ཡིན།