སོག . སྨོན་ལམ།
-རྒན་ལྷ་མོ་སྐྱབས་ཕྱིར་དྲན་ཞིག་གི་ཞོར་དུ།
རྫི་བོ་རྟ་ནོར་ལུག་གསུམ་གྱི་རྗེས་ན་ཡོད་དུས
གང་ནས་ཡོང་མི་ཤེས་པའི་སྤྱང་ཀི་འགའ་རེ་མཐོང་རྒྱུ་ཡོད
རྫི་བོས རང་གི་ལྷས་འདབས་ནས་སྤྱང་ཀི་ཆེས་མང་པོ་ཞིག་མཐོང་ཆོག་ཨང་སྙམ་ནས་རེ་ཞིང་སྒུག
མཚམས་ཞིག་ལ སྤྱང་ཀི་ཇེ་ཉུང་དང་རྫི་བོ་ཇེ་མང་དུ་ཕྱིན་སྟབས
རྫི་བོས རང་གི་འུར་ཆ་སྐེད་པར་བཏགས་ནས་སྤྱང་ཀི་འཚོལ་དུ་འགྲོ་རྒྱུ་ཐག་བཅད
རྫི་བོས་བཤད་པ་ལྟར་ན སྤྱང་ཀི་རེ་གཉིས་ཤིག་ལས་མཐོང་རྒྱུ་མེད་པ་ནི རྫི་བོ་མང་དྲགས་པས་མ་རེད
ད་ལོའི་འུ་ཚང་གི་རྟ་ནོར་ལུག་གསུམ་གྱི་ཤ་ཤེད་འདི་སྤྱང་ཀིའི་ཐུགས་ལ་མ་བབས་པས་རེད་ཟེར
དུས་དེ་ནས་བཟུང རྫི་བོས་སྤྱང་ཀི་འཚོལ་བཞིན་མ་ཎི་བགྲང སྤྱང་ཀིས་རྫི་བོ་དྲན་བཞིན་ལྟོགས་སྐོམ་མྱངས
ཁ་བརྡ་ཚང་ཡ་ཁ་བརྡ་ཚང། དེང་སང་གཉིད་ཁུགས་ནས་བཞུགས་ཡོད་དམ། ཁ་བརྡ་ཚང་གི་དགེ་རབ་དང་དོན་བཀྲ། ལུང་རིགས་སོགས་ཀྱིས་རྩོམ་ཡིག་ཅིག་མ་བྲིས་དུས། ཉིན་གཅིག་གཉིས་ཤིག་ལ་ཁ་བརྡའི་ངོ་གདོང་དུ་སྐྱག་པ་རྐྱང་རྐྱང་སླེབས་སོང། ཁ་བརྡ་ཚང་ལགས།།
ཨོ། ངས་གོ་ནོ་ཡིན་ན་དེང་སང་སྤྱང་ཀིས་ཡང་རྩ་ཟ་ཤེས་བས་རེད་ཟེར།
དེང་སང་ལྟས་ལྟས་རིག་རིག་ལ་ཁ་བརྡ་ཚང་གི་རླུང་རྟ་ཉམས་འགོ་ཚིགས་སོང་། གློ་བུར་དུ་མི་ཉུང་དུ་སོང་ནོ་ཅི་མ་ཉན་ནི་རེད།
སྤྱང་ཀིས་རྫི་བོ་དྲན་པ། (གོང་གི་བཀླགས་འཆར)
རྫི་བོ་ཞིག་ལ་ཕྱུགས་དཀར་ནག་སུམ་ཅུ་ཡོད།
ད་དུང་སྒོ་ཁྱི་བཞི་ཡོད།
གལ་ཏེ་སྒོ་ཕྱུགས་ཀྱི་འཕེལ་ཚད་དེ་གྲངས་ཚད་ཅིག་གིས་འཇལ་དགོས་ན།
རྫི་བོ་དེ་རྒྱུ་བདག་དགའ་ཞིག་མ་རེད།
ཡང་ན་གྲངས་ཚད་དེ་ནས་ནམ་ཡང་ལྷུང་མ་མྱོང་པས།
རྫི་བོ་དེ་འཚོ་སྐྱོང་བ་དགའ་ཞིག་ཡང་ཡིན་ཆོག
སྒོ་ཁྱི་བཞིས་ཕྱོགས་བཞི་ནས་སྒོ་ཕྱུགས་སྐྱོང།
རྫི་བོ་དེས་སྤྱང་ཀི་འགའ་རེ་རྒྱུག་ན་འདོད།
ལོ་ཕྱུགས་ལེགས་ཤོས་ནི་ཏག་ཏག་སྤྱང་ཀི་མང་དུས་རེད།
ཡང་ན་སྤྱང་ཀི་མང་དུས་དེ་སྒོ་ཕྱུགས་འཕེལ་དུས་རེད།
རིམ་བཞིན་དུ་སྤྱང་ཀི་ཉུང་དུ་སོང་བས།
སྒོ་ཁྱི་བཞི་བོ་ཡང་ཤི་བོ་དང་འདྲ་ལ།
རྫི་བོ་ཡང་སྤྲང་བོ་ཞིག་དང་འདྲ།
རྫི་བོ་དེ་སྤྱང་ཀི་འཚོལ་དུ་སོང་བ་ཡིན་ནམ།
ཡང་ན་སྤྱང་ཀི་དེས་རྫི་བོ་དྲན་པ་ཡིན་ནམ།
ཉི་མ་ཞིག་ལ་རྫི་བོ་དང་སྤྱང་ཀི་གཉིས་ཐང་སྟོང་ཞིག་ནས་ཐུག
རྫི་བོས་ཟེར་ན་སྤྱང་ཀིའི་ངུ་སྐད་གོ་ནས་ངུས་པ་ཡིན་ཟེར།
སྤྱང་ཀིས་ཟེར་ན་རྫི་བོའི་ཀི་སྒྲ་བྲག་ཅར་འཁོར་བས་བགད་པ་ཡིན་ཟེར།
རྫོ་བོ་དང་སྤྱང་ཀི་གཉིས་ཀྱིས་དམ་བཅས་ཏེ།
ངེད་གཉིས་སྒོ་ཕྱུགས་དེ་ཚོ་འཚོ་རུ་འགྲོ་ཟེར།
འཚོ་སྐྱོང་བཟང་མིན་ནི་་་་