བསམ་གླིང་ཚེ་རིང་ལྷ་མོ།
དྭངས་བསིལ་ཆབ་ཀྱི་མེ་ལོང་རབ་གསལ་ཞིང་།།
ལྗོན་པའི་ཕྲེང་བས་ལང་ཚོ་རབ་ཏུ་ངོམ།།
མཁའ་ཡི་སྤྲིན་དཀར་ཆུ་མོའི་ནང་དུ་གསལ།།
རྫིང་བུའི་མཐའ་རུ་ཆུ་བྱས་བྲོ་གར་འཁྲབ།།
གསོམ་ཤིང་སྡོང་པོའི་ཕྲེང་བས་ཡོངས་སུ་འཁྲིགས།།
རུ་སྟར་སྒྲིག་པའི་དཔའ་བོའི་ཁྱུ་དང་མཚུངས།།
ཆུ་གཉེར་རླུང་གིས་དལ་བུར་རི་མོར་བཀོད།།
མཁའ་ལྡིང་བྱ་ཡང་གཟུགས་བརྙན་རྫིང་བུར་ངོམ།།
ལྷིང་འཇགས་རྫིང་བུའི་རླབས་ཕྲེང་དལ་བུར་འཕྱུར།།
ཆུ་བྱའི་མགྲིན་སྒྲས་ཡིད་ཀྱི་ངལ་དུབ་བཀྲུས།།
མཐའ་སྐོར་བཀྲ་བའི་མེ་ཏོག་བུང་བར་འགྲོགས།།
ངོ་མཚར་ལྟད་མོས་ཡིད་ཁམས་རབ་ཏུ་མྱོས།།
ཁོ་མོ་ཡང་སྙན་ངག་ལ་མོས་པ་ཆེ་ཡིན་ཡང་རྩོམ་མ་པོ་ཞིག་ད་བར་འགྱུར་མ་སོང་
བསམ་གླེང་ཚེ་རིང་ལྷ་མོ་ལྟ་བུ་ལ་མོས་པ་ཤིན་ཏུ་ཆེ།
རབ་མཛེས་ཁ་བརྡ་དྲ་བའི་དོ་ར་ན།།
བུ་མོ་མིང་ཅན་མང་དུ་འགྲོ་བཞིན་འདུག།།
བུ་མོ་སྙན་ངག་དགའ་མཁན་མང་ཙམ་འདུག།
ཨ་ཕོ་དོལ་སྨྱོན་སེམས་པ་དགའ་ནས་ཡོད།།
རྫིང་བུའི་འཁྲིས་ཀྱི་སྙན་ངག་འདི།།
དྭངས་གསལ་ཆུ་བོའི་ཀློང་ན་ལྷེམ།།
ཡི་གར་འཇོ་བའི་ཚིག་གི་དབྱངས།།
མིག་དང་རྣ་བར་ངང་གིས་སིམ།།
བུ་མོ་ང་ཡིས་སྙན་ངག་མི་ཤེས་པས། །
གཞན་རྩོམ་ཕལ་ཆེར་གོ་བ་དཀའ་ན་ཡང་། །
མཛངས་མ་བསམ་གླིང་བུ་མོའི་སྙན་ངག་ཁག །
དོན་སྤྱི་ཙམ་ཞིག་བློ་ལ་འཇུག་པ་བདེ། །
རྫིང་བུ་དང་བའི་ཁྲིས་ཀྱི།།
ཆིག་བལ་གྱེར་བའི་བུ་མོ།།
བསམ་གླིང་ཚེ་རིང་ལྷ་མོས།།
སྙན་ངག་བྲིས་པ་སྤྲོ་བྱུང༌།།
བསམ་གླིང་བུ་མོ་གཟུགས་བརྙན་འཆར་སའི་གཙང་བོ་རྒྱུན་དེ་བཞུར་གི་གདའ།།
ལྗོན་ཤིང་མགོ་ན་ས་རུ་ཟགས་པའི་ཁེར་རྐྱང་ལོ་མའི་རྣམ་ཤེས་ཡང་།།
ཐག་རིང་རླུང་བུའི་སྒུལ་ཤུགས་ཞིག་གི་གཙང་བའི་ངོགས་ན་ལྟེམས་ལྟེམས་ངང་།།
ཡར་ཁའི་སྤང་ན་ལྷུག་ལྷུག་དགོད་པའི་མེ་ཏོག་ཕྱི་མིག་འཕེན་བཞིན་དུ།།
ཞེན་ཆགས་ལྗི་མོ་སེམས་ལ་འཁུར་བཞིན་ད་དུང་སེམས་པ་འཆི་མི་འདུག
རྫིང་བུའི་འཁྲིས་ཀྱི་ཆིག་ལབ། །
གཅིག་པུར་གྱེར་བའི་བུ་མོ། །
བསམ་གླིང་ཚེ་རིང་ལྷ་མོར། །
སྙན་དངགས་མཁན་ཅིག་བསུ་ཆོག །
གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚོ་ཁ་ན། །
ཤིང་ལོ་དབེན་པའི་སྡོང་སྐམ་རུ་བསྟར་སྒྲིག །
ཉ་དང་བྱེ་འུ་འཚོ་བའི་རྫིང་འགྲམ་ན། །
སྒྲོ་ཡག་རྨ་བྱ་ཁེར་འགྲོ་སྣང་བ་སྐྱིད། །
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིག་མེད་ལས་ཀ་ནས་དགོངས་ཞུ་དགོས་པའི་བཀའ་ཡིག་ཕེབས་པ། བདུན་གཉིས་ཀྱི་སྔོན་ལ་ལས་ཁུང་ཨ་མའི་ང་ཕོད་འཇིག་མེད་ལས་ཁུང་སུ་སྐད་བཏང་དེ་ལས་གནས་ནས་དགོངས་ཞུ་དགོས་པའི་བཀའ་བཏང་འདུག་ཁོང་ནི་སྐབས་ཐོག་དེ་མ་བདེ་བ་དང་བློ་ཕམ་ཡང་བྱུང་ཡོད་ཀྱང་མཐར་ཁོང་གི་ཁོང་ཚོའི་རེ་འདུན་སྨོས་མཐུན་བྱུས་ཡོད་འདུག་མཚན་རྟགས་ཀྱང་བགོད་ཚར་འདུག།
པདྨ་ཕྲིན་ལས་འདིས་ག་ས་ག་ལ་སྐྱག་པ་གཏོང་གི་འདུག
རྫིང་བུའི་འཁྲིས་ཀྱི་བུ་མོ། །
བསམ་གླིང་ཚེ་རིང་ལྷ་མོས། །
སྙན་དངགས་ཆིག་ལབ་རྒྱག་དུས། །
གར་སླེབས་འདི་ལབ་མེད་པའི། །
ཨེ་ཤ་ཡ་ཡི་རང་དབང་། །
རླུང་འཕྲིན་ཁང་གི་ང་ཕོད། །
བྱུས་མེད་བྱུས་གཏོགས་བྱེད་མཁན། །
པདྨ་འཕྲིན་ལས་སླེབས་འདུག །
བསམ་གླིང་ཚེ་རིང་ལྷ་མོའི།།
སྙན་འཇེབས་དབྱངས་ལ་ཉན་དུས།།
ཐོག་ཁང་དམར་པོའི་སྐྱོ་གར།།
ཡིད་ལ་ཝ་ལེར་ཤར་བྱུང།།
དྲ་གྲོགས་མེ་ཏོག་དཀར་པོ་ལགས་བཀའ་དྲིན་ཆེ་ག་ས་གང་དུ་སྐྱག་པ་བཏངས་བའི་ནང་དུ་གནས་ཚུལ་གསར་བ་འདྲ་མི་འདུག་གམ། ང་ཕོད་འཇིག་མེད་ལ་ལས་ཁུང་ཨ་མའི་འགན་གཛིན་གྱི་ཡར་ལས་ཁུང་ནང་དུ་སྐད་བཏང་དེ་ཁོང་ལ་ལོ་རྫེས་མའི་ཟླ་དགུ་བའི་བར་ལས་གནས་ནས་དགོངས་ཞུ་དགོས་པའི་བཀའ་བཏང་འདུག། སྐབས་དེར་ཁོང་གི་རྒྱུ་མཚན་ཅི་ཡིན་བཀའ་འདྲི་བྱེས་ཡོད་ཀྱངལན་རྒྱབ་མི་འདུག། ཁོང་ནི་བློ་འཕམ་བྱུང་ཡོད་ཀྱང་མཐར་ཁོང་གི་མཚན་རྟགས་འགོད་དེ་ཁས་ལེན་བྱས་འདུག། བོད་སྐད་སྡེ་ཚན་གྱི་ལས་བྱེད་ཚང་མ་སེམས་ཚབས་འང་སྡད་ཡོད་འདུག་རྒྱུ་མཚན་ནི་ཁོང་བྱིན་པའི་རྫེས་སུ་མི་སུ་ཞིག་ཁོང་གི་ཚབ་ལ་ཡོང་མིན་དེ་རེད།
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་འཚམས་འདྲི་ཞུ་བ་དང་། སྙན་དབྱངས་ལེགས་སྐྱེས་གནང་བར་ཐུགས་རྗེ་ཆེ་ཞུ།
དང་གཙང་རྫིང་བུའི་འགྲམ་དུ།
ན་ཆུང་བསམ་གླིང་ཕེབས་ནས།
སྙན་འཇེབས་ཡིད་དབང་འཕྲོགས་པའི།
སྙན་ངག་དབྱངས་སུ་གྱེར་སོང་།
ཟམ་གླིང་སྙན་ངག་གནའ་སྲོལ་རོལ་དབྱངས་བཞིན། །
སྙན་ཞིང་འཇེབས་ལ་གདངས་ཀྱི་འདེགས་འཇོག་མཉམ། །
འདི་ལྟའི་ཡིད་འཕྲོག་ངག་གི་གླིང་བུ་ཡིས། །
བདག་སེམས་ཐོལ་གྱིས་དཀྲོགས་པ་ཐེངས་གཅིག་མིན། །