ནམ་མཁའ།
དགོད་མ་འཛུམ་གྱི་སེམས་ཁམས་འདིས།
སྣོད་བཅུད་ཀྱི་འཇིག་རྟེན་ལ་གོད་ཆག་བཟོས།
གས་ཆག་ཏུ་སོང་བའི་འཇིག་རྟེན་ན།
རྫུན་འབག་གི་མ་རྒྱན་པའི་འཇིག་རྟེན་ཞིག་མཐོང་ཨེ་སྲིད།
བཅོས་མའི་སེམས་ཁམས་འདིས།
བཅོས་མའི་འཇིག་རྟེན་ཞིག་བསྐྲུན་ཞོར།
བཅོས་མའི་གཏམ་ཞིག་སྒྲིགས་ཏེ།
བཅོས་མའི་རྫུན་ཚིག་ལ་སྤྲོ་བའི་མི་རབས་ཀྱི་མདུན།
དགོད་བྲོ་ལ་ངུ་ཡང་བྲོ་བའི་རྫུན་མའི་རི་མོ་བཀྲམས།
བཅོས་མའི་རྒྱན་ཆ་ལ་སྤྲོ་བའི་སེམས་པ་དག་ཀྱང་།
བཅོས་མའི་ཡིག་འབྲུ་དང་རི་མོ་ལ་སྙེགས།
༨/༥/༢༠༡༢ལ་བྲིས།
འཇིག་རྟེན་མཐོང་མཁན་ལ་དགའ་ནི་འོ།
ངོ་མ་དོན་དང་ལྡན མི་རིགས་ཤིག་གི་ཕམ་ཁ་རེད་ཡ་་་་་་་་་་་་་་་་རང་བཙན་ལས་ཀྱང་་་་་་་་་་་་་་་