གློག་ཀླད་སྨན་པ་ནས།
སྤྱིར་བཏང་ཡིན་ན་ང་ཆོ་ཕྱི་རྒྱལ་མི་བོད་སྐད་སྦྱོང་མཁན་རྣམས་ལྷ་སའི་ཁ་སྐད་སྦྱོང་གི་ཡོད། དེ་རིང་ངས་དམིགས་ཡུལ་མེད་པར་དྲ་རྒྱར་བོད་སྐད་དྲ་ཤོག་འཚོལ་དུས་གཤམ་གསལ་གྱི་ Podcast ཞིག་རྙེད་བྱུང་། ད་ལྟ་ངས་རྗོང་ཁ་ཁ་སྐད་ཀྱང་སློང་སྦྱོང་བྱེད་ཐུབ་ཀྱི་རེད། འདི་ཉན་རྗེས་བསམ་མཆར་གནང་རོགས་གནང་།
[audio:learndzongkha_20070220_1147-4146-2449-2-25.mp3|titles=Lesson 1 (Greetings)|artists=Learn Dzongkha Podcast]Podcast ཞེས་བྱ་བ་ནི་བོད་ཡིག་ཐོག་གང་འདྲ་འགྱུར་དགོས་རེད་དམ།
དྲ་ཤོག་གི་ཁ་བྱང་། http://learndzongkha.mypodcast.com/
Podcast ཞེས་བྱ་བ་ནི་བོད་ཡིག་ཐོག་གང་འདྲ་འགྱུར་དགོས་རེད་དམ།
ལན་དུ། སྒྲ་སྦྱོར་འབེམ་པོ་གཉིས་པ་ལྟར་ན། ངེད་ཚོས་གོང་གི་མིང་ཚིག་འདི་སྒྲ་ལ་ཕབ་ནས་བོད་ཡིག་ཚིག་བཟོས་ན་འགྲིག།
དེར་བརྟེན་གོང་གི་སྒྲིག་གཞི་ལྟར་ན་གཤམ་གསལ་ལྟར་བྲིས་ན་འགྲིག་སྙམ།
རྒྱང་བསྒྲགས་པོཊ་ཁཱ་ས་ཊ་
ལོག་ཡིག་ལ་མི་སྤྲོ་ན་གཤམ་གསལ་ལྟར་བྲི་ན་གང་འདྲ་འདུག
ཕོ་དྲི་ཁ་སི་ཁྲི།
སྐུ་ཞབས་ཀློག་ཀླད་སྨན་པ་ལགས། podcastདེའི་ནང་དོན་དངོས་གནས་དེ་གང་ཞིག་ཡིན་ནམ།
སྤོབས་པ་ལགས།
podcast ཟེར་བ་འདི་ཚིག་གཉིས་ནས་བྱུང་པ་རེད། ཚིག་དང་པོ་དེ་ནི་ IPod ཞེས་པ་གླུ་གཞས་ཉན་ཆས་གྲུ་བཞི་ནར་མོ་ཆུང་ཆུང་ཞིག་ཡོད་པ་དེ་ནས་བྱུང་པ་རེད། Cast ཟེར་བ་དེ་ནི་རྒྱང་བསྒྲགས་ཞེས་པའི་དབྱིན་ཡིག་གི་ཚིག་ Broadcast ཞེས་པ་ནས་བྱུང་པ་རེད། དེར་བརྟེན། Podcast ནི་བདུན་རེའི་རླུང་འཕྲིན་ལྟ་བུའི་རིགས་སྒེར་གྱི་གློག་ཀླད་དུ་ཕབ་བཤུ་བྱས་ནས་དེ་ལ་མཉན་པའམ་ཡང་ན་ IPod ལ་བཤུས་ནས་ཉན་པར་བྱེད་པ་དེ་རེད། འགྲེལ་བཤད་ཞིབ་ཚགས་གཤམ་གསལ་གྱི་འབྲེལ་ཐག་ལ་འདུག གཟིགས་དང་།
http://en.wikipedia.org/wiki/Podcasting
འབྲུག་གི་གསར་འགོད་ཁང་ཞིག་གིས་ པོཌི་ཀཱསིཊི་ཞེས་འབྲི་གིན་འདུག། འདི་བོད་སྐད་དང་འབྲུག་སྐད་དུ་བསྒྱུར་ན་བསྒྱུར་མི་ཐུབ་པ་ཞིག་རེད་པས།