རས་པ།
དེ་རིང་རྫོང་ཁའི་སྨྱུག་སྡེའི་ངོ་དེབ་ཚོགས་པ་རུ་ཞུགས་ཏེ་ཡུན་ཙམ་རིང་ཁོང་ཚོའི་སྙན་ངག་དང་། བསམ་ཚུལ་བཀླགས་ནས་བསྡད་པ་ཡིན། ལ་རྩེ་དཔེ་མཛོད་ཁང་སོགས་སུ་བོད་ཡིག་སྡེ་ཚན་དང་རྫོང་ཁའི་སྡེ་ཚན་ཞེས་གཉིས་སུ་ཡོད་པར་བཤད། འདས་པའི་ལོ་ཤས་གོང་གུས་པས་འདུ་འཛོམས་ཤིག་ཏུ་བོད་ཡིག་གི་ཁྲོམ་ར་ཆེར་བསྐྱེད་ཀྱི་ཐབས་ལམ་ཡག་ཤོས་ནི་འབྲུག་འབྲས་ལྗོངས་དང་ཧི་མ་ལའི་རི་རྒྱུད་ཀྱི་བོད་ཡིག་བོད་སྐད་སྤྱོད་མཁན་རྣམས་དང་སྐད་ཡིག་གི་ཉེ་བའི་འབྲེལ་བ་བཙུགས་ཏེ་ཕན་ཚུན་རྒྱུས་ལོན་དང་སྤེལ་རེས་བྱེད་རྒྱུ་དེ་རེད་ཅེས་ཞུས་མྱོང་། དེ་ལྟར་བྱུང་བ་ཡིན་ན་བོད་ཡིག་སྤྱོད་མཁན་ས་ཡ་དྲུག་ནས་བཅུ་གཉིས་ཙམ་ལོངས་སྲིད་པས་སྐད་ཡིག་ཁྱབ་རྒྱ་ཆེན་པོ་རེད།
དེ་རིང་རྫོང་ཁའི་སྨྱུག་སྡེའི་ནང་སླར་ཡང་བསམ་ཚུལ་དེ་དྲན་སོང་། ལྷག་པར་དུ་སྨྱུག་སྡེའི་ནང་གི་རྫོང་ཁའི་རྩོམ་ཡིག་ཁ་ཤས་ནི་མགོ་ནས་མཇུག་པར་དུ་ཆ་ཚང་གོ་ཐུབ་ཀྱི་འདུག་པ་དང་། ཁ་ཤས་ཕྱེད་དམ་ཡང་ན་དེ་ལས་ཉུང་བ་མ་གཏོགས་གོ་ཡི་མི་འདུག རྫོང་ཁ་རང་གི་ནང་དུ་ཅིའི་ཕྱིར་འབྲི་ཚུལ་གཉིས་སླེབས་པ་རེད་དམ། ངས་དེ་ལྟར་བསམ་ཞོར་སྨྱུག་སྡེའི་ནང་ཉུལ་དུས་ཁོ་ཚོས་སྙན་ངག་འབྲི་དུས་ཚུ་ལུ་དང་ཨིན་མི་སྤྱོད་སྒོ་ཉུང་ཞིང་། བསམ་ཚུལ་སྤེལ་དུས་ཕྲད་ལྟ་བུ་འདི་དག་མང་པོ་ཡོང་གི་འདུག་པ་ཚོར།
སྒོ་ཡོན་ཞུ་བའི་སྙན་ངག་པ་ཞིག་གིས་ཁམས་པའི་སྐད་འགྲོས་བོད་ཡིག་ཏུ་ཕབ་ཏེ་སྙན་ངག་ཅིག་བྲིས་ཡོད་བཀླགས་ཤེས་ཀྱང་དོན་ཁྱོན་ནས་མི་གོ་བ་དང་བལྟས་མ་ཐག་ཏུང་ཧོང་ཡིག་རྙིང་ལོས་ཡིན་སྙམ་པ་ཞིག་ཡོད་ཅིང་། སླར་ཡང་དེ་བོད་ཡིག་གི་དག་ཆ་ཡོད་པའི་ཐོག་ཕབ་ཡོད་པ་ནི་དོན་འདུས་ལ་ཚིག་རྩལ་ཡག་པོ་ཞིག་ཡིན་ཐལ། ངས་འདི་ནས་གང་བཤད་འདོད་ཡོད་ཟེར་ན། རྫོང་ཁ་ཞེས་པ་ནི་འབྲུག་པའི་ཡུལ་སྐད་ཀྱི་སྒྲ་རྗེས་འབྲངས་ཏེ་ཡུལ་སྐད་བྱེ་བྲག་པའི་སྐད་འགྲོས་གཞིར་བཞག་བོད་ཡིག་གི་ཚིག་ཕྲེང་སྤེལ་བཞིན་པ་ཞིག་སྟེ། བོད་ཀྱི་བསྟན་བཅོས་སྐད་དུ་༼ མི་བཟང་གི་༽ ཞེས་པ་ངེད་ཀྱི་ཡུལ་སྐད་དུ་༼མི་ཧྲ་གི་༽ཞེས་པ་དང་མཚུངས་སོ།
རྫོང་ཁ་སྨྱུག་སྡེ་ངོ་དེབ་ཀྱི་དྲ་བྱང་འདི་ནས་གཟིགས། https://www.facebook.com/groups/102752393188250/
བོད་པ་ཡིན་ན་བོད་ཡིག་སྦྱོང་།
འབྲུག་པ་ཡིན་རྫོང་ཡིག་སྦྱོང་།
མོན་པ་ཡིན་ན་མོན་ཡིག་སྦྱོང་།
ར་མ་ལུགས་ལ་བརྩོན་་ཆེ་ན་།
བོད་ཡིག་རླག་པའི་སྔ་བལྟས་རེད་།
ལ་དྭགས་པ་ཁ་ཅིག་གིས་བོད་བརྡ་སྤྲོད་ལྟར་བྲིས་པ་མ་ཡིན་པར་ཕལ་སྐད་དམ་ཡུལ་སྐད་དུ་འབྲི་བ་ན། བཀའ་བསྟན་སོགས་ཡོངས་གྲགས་ཀྱི་ཡིག་སྦྱོར་ལ་གནོད་པ་འདུག་ཟེར་དེ་ལྟར་འབྲི་བ་ལ་ངོ་རྒོལ་བྱེད། དེ་བཞིན་དུ་འབྲུག་པས་ཀྱང་བོད་ལ་འགྲོ་ཞེས་པར་བོད་ལུ་འགྲོ་ཞེས་པ་སོགས་འབྲི་བ་དེ་ཡོངས་གྲགས་ཀྱི་་ཆོས་སྐད་དང་མི་མཐུན། དེ་བཞིན་དུ། བོད་ལུང་སོ་སོའི་ཕལ་སྐད་དུ་འབྲི་བ་ཚང་མས་བསམ་དགོས་པ་ཞིག་མ་ཡིན་ནམ།
་
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།
འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
་
ཞེས་པ་དང་སྒོ་ཀུན་ནས་མཚུངས་སོ།
ང་ ལས་ཀ བྱེད་ལ་ འགྲོ་བགྱི་ ཡིན།
ཞེས་པ་ལ།
ལྷ་ས་པས།
ང་ ལས་ཀ་བྱེད་གག་ འགྲོ་བགྱི་ཡིན། ཟེར།
གག་འདི་ལྷ་ས་པའི་ལ་དོན་བརྒྱད་པ་དེ་རེད།
སྐད་ཟེར་བ་འདི་ལ་དབྱིན་སྐད་དུ་Accent་ཟེར་བ་དེ་དཔེ་གལ་ཆེན་པོ་རེད། བོད་སྐད་ལེགས་ཉེས་ཅི་རིགས་རྒྱག་པ་ཙམ་ནི་རྒྱ་མི་དང་རྒྱ་གར་བ་དབྱིན་ཇི་སོགས་ཚང་མས་དེང་དུས་རྒྱག་གི་འདུག ། དཔེར་ན་བཀའ་འགྱུར་བསྟན་འགྱུར་གྱི་སྐད་ཟེར་བ་དེ་ཡང་དེ་ཚོ་འདྲ་པོ་ཡིན་སྲིད། །
ཡིན་ནའང་བོད་མི་རང་གིས་བོད་སྐད་བརྒྱབ་པ་ཇི་བཞིན་བོད་སྐད་ཀྱི་Accent་ཡིན་མདོག་ཁ་པོ་དེ་ཁོ་ཚོ་ལ་ཐོན་རྒྱུ་ཁག་པོ་ཞེ་དྲགས་རེད། བཀའ་འགྱུར་བསྟན་འགྱུར་གྱི་ནང་ལའང་བོད་སྐད་ཀྱི་Accentདྭངས་མ་དེ་ངོས་འཛིན་བྱེད་ས་ལྷག་ཡོད་མ་རེད། །
དེ་འདྲ་ཡིན་དུས། བོད་སྐད་ཀྱི་Accentདྭངས་མ་དེ་བདག་པོ་རྒྱག་མཁན་བོད་པའི་ཁ་རེད་དམ། ཡང་ན་ཕྱི་རྒྱལ་མི་རིགས་ཁ་རེད། ཡང་མིན་ན་བཀའ་འགྱུར་བསྟན་འགྱུར་གྱི་ཁ་རེད་དམ། ལན་ཞིག་ཡོད་པ་ཞུ། །
དཔེར་ན་དབྱིན་སྐད་ལའང་སྐད་རིགས་མང་པོ་ཡོད་མོད། ཡིན་ནའང་British Accent་དེ་དབྱིན་ཡུལ་གྱི་གདོད་མའི་མི་རིགས་རང་ལ་མ་གཏོགས་གཞན་ཚོ་ལ་ཚུལ་བཞིན་ཐོན་རྒྱུ་ཁག་པོ་རེད། དེ་ནི་རིན་བྲལ་གྱི་ནོར་བུ་འདྲ་པོ་ཞིག་ལའང་བརྩི་སྲོལ་ཡོད་པ་ཁྱེད་ཚོས་ལོས་ཤེས། །
འབྲུག་པས་རྫོང་ཁའི་Accentདྭངས་མ་དེ་ཇི་བཞིན་ཡི་གེར་འབྲི་བ་དང་དུས་རྒྱུན་ཁར་གླེང་བཞིན་པ་འདི་རིགས་ནི་གཟི་བརྫིད་ལོས་ཡིན། རྗེས་སུ་ཡིད་རང་ཞུ། །
བོད་པ་ཚོས་ཀྱང་སྟོད་སྐད་དང་དབུས་སྐད་དང་ཁམས་སྐད་དང་ཨམ་སྐད་སོགས་འབྲུག་པས་རྫོང་ཁ་བྲིས་བ་ཇི་བཞིན་འབྲི་རོགས་གནང་ན་རང་མི་རིགས་ཀྱི་ཕ་སྐད་གཙང་མ་དེ་ཡུན་རིང་བདག་པོ་རྒྱག་ཐུབ་ངེས་རེད་དོ། །
བན་བོན་བོད་ཀྱི་རིག་གཞུང་སྐད་དེ་བོད་པས་སྲུང་དགོས། སྐད་དེ་མེད་པར་འགྲོ་ན། སྔར་གྱི་བན་བོན་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་རིག་གནས་རྒྱ་མཚོ་ལྟ་བུ་བོད་པས་གོ་རྟོགས་མེད་པར་ཆགས་པ་དེ་རྒྱ་གུང་ཁྲང་ཏང་འགའ་ཞིག་གིས་སྔར་གྱི་དངོས་རྫས་མང་པོ་རྒྱ་ནག་དང་བོད་དུ་མེད་པར་བཏང་བ་ལས་ཆེས་ཕངས་པ་ཞིག་ཏུ་མཐོང་བ་མ་ཡིན་ནམ། གལ་ཏེ་མ་མཐོང་ན། བྱེད་ཐབས་དཀའ། མཐོང་ན།
ཆུ་བོ་མ་འབྱུང་གོང་ན་རགས་དང་། རྐྱེན་ངན་མ་འབྱུང་གོང་ན་ཟློག་པ་རྒྱབ་པར་མཐོང་ངོ་།