ཡོང་ཁུངས། བོད་ཀྱི་དུས་བབ།
མི་དཀྱུས་མ་ཞིག་ལ་བརྩེ་དུང་སོགས་གང་ཡོད་པ་དེ་ང་ལའང་ཡོད།
དེ་རིང་ཉིན་རྒྱབ་ཆུ་ཚོད་༡།༥༠ སྟེང་དྷ་རམ་ས་ལའི་ཟློས་གར་ཚོགས་ཁང་དུ། འདས་པའི་ཉིན་བཞིའི་རིང་གི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་བསྒྲིལ་བ་དང་འབྲེལ་ཏེ། རྫོང་གསར་མཁྱེན་རྩེ་རིན་པོ་ཆེ་མཆོག་གིས་བཟོ་སྐྲུན་གནང་བའི་བྱིན་རླབས་སམ་དབྱིན་སྐད་ནང་(Vara)ཞེས་པའི་གློག་བརྙན་དེ་གཟིགས་འབུལ་དང་འབྲེལ། རིན་པོ་ཆེ་མཆོག་གློག་བརྙན་དུས་སྟོན་མཇུག་བསྡོམས་སྟེང་དངོས་སུ་ཕེབས་ཏེ། གོང་གི་གློག་བརྙན་དེ་དང་འབྲེལ་ཏེ་གཟིགས་མོ་བ་རྣམས་དང་དྲི་བ་དྲིས་ལན་དང་། བོད་པ་དང་རྒྱ་གར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བཅས་གནང་སོང་།
དྲི་བ། རིན་པོ་ཆེ་མཆོག་ཐོག་མ་གློག་བརྙན་བཟོ་བའི་ལམ་ཁར་ཇི་ལྟར་ཞུགས་པ་ཡིན་ནམ།
ལན། ངས་གློག་བརྙན་བཟོ་རྒྱུ་དེ། ཐོག་མ་དབྱིན་ཇི་ལུང་པ་ནས་སློབ་སྦྱོང་བྱས་ཏེ་ཏོག་ཙམ་བསྡད་པ་རེད། སྐབས་དེར་ང་རང་གློག་བརྙན་ལྟ་རྒྱུར་དགའ་བོ་ཞེ་དྲག་ཡོད། གློག་བརྙན་ལྟ་རྒྱུའི་གོ་སྐབས་ཀྱང་མང་པོ་རག་གི་འདུག་སྟབས། སློབ་སྦྱོང་ཐོག་དོ་སྨང་མ་བྱས་པར་གློག་བརྙན་སྦྱང་ནས་བསྡད་པ་རེད། སྐབས་དེར་གློག་བརྙན་ཡག་པོ་ཟེར་ན་འདྲ། རྩ་ཆེན་པོ་མང་པོ་ཞིག་ལ་ལྟ་རྒྱུའི་གོ་སྐབས་བྱུང་སོང་། སྐབས་དེར་སོ་སོས་ཀྱང་གློག་བརྙན་བཟོ་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་བློ་འཁོར་སོང་། དེ་དུས་ཨི་ཊ་ལིའི་གློག་བརྙན་སྐད་གྲགས་ཆེན་པོ་ཞིག་བཟོ་བཞིན་པའི་སྐབས་ལ་ང་རང་གིས་འཁྲབ་སྟོན་པའི་ལས་ཀ་ཏོག་ཙམ་བྱས་པ་ཡིན། དེ་ནས་རིམ་པས་གློག་བརྙན་བཟོ་རྒྱུའི་ལས་ཀ་བྱས་པ་རེད།
དྲི་བ། རིན་པོ་ཆེ་མཆོག་བོད་པའི་བླ་སྤྲུལ་ཞིག་ཡིན་ནའང་དེ་རིང་འདིར་གཟིགས་འབུལ་ཞུས་པའི་གློག་བརྙན་(Vara)ཞེས་པ་འདི་བོད་པའི་སྤྱི་ཚོགས་དང་འབྲེལ་བ་མེད་པ་མ་ཟད། ནང་པའི་ཆོས་ལུགས་ལའང་འབྲེལ་བ་མེད་པར་རྒྱ་གར་སྤྱི་ཚོགས་ནང་གི་གནས་ཚུལ་ཞིག་བརྗོད་གཞིར་བཟུང་ཡོད་སྟབས། རིན་པོ་ཆེ་མཆོག་གིས་གློག་བརྙན་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། གློག་བརྙན་ཟེར་བ་འདི་དབྱིན་ཇིའི་སྐད་ནང་ལག་ཆ་འདྲ་བོ་ཞིག་རེད། དབྱིན་ཇིའི་སྐད་ནང་(Medium)ཟེར་བ་དེ་དང་གཅིག་པ་རེད། སྤྱིར་བཏང་གྲི་ཟེར་བ་འདི་ལག་ཆ་ཞིག་རེད། གྲི་དེ་བེད་སྤྱོད་གང་ལ་གཏོང་དང་མི་གཏོང་ཟེར་བ་དེ་འཛིན་མཁན་དང་། ཁོའི་ཀུན་སློང་ལ་རགས་ལས་ཡོད་པ་རེད་བསམ་གྱི་འདུག དེ་བཞིན་གློག་བརྙན་ཟེར་བ་འདི་ཡང་ཀུན་སློང་ཡག་པོ་དང་དམིགས་འབེན་ཡག་པོ་ཞིག་ལ་ཁ་གཏད་པ་ཡིན་ན། དེས་སྤྱི་ཚོགས་ལ་ཕན་ཐོགས་འབྱུང་ཐུབ་པ་ཞིག་རེད། ངས་དེ་རིང་མང་ཚོགས་ལ་ཞུས་པ་ལྟར། ང་རང་གི་དམིགས་ཡུལ་ངོ་མ་དེ། མ་འོངས་པར་སྟོན་པ་ཤཀྱ་ཐུབ་པའི་རྣམ་ཐར་སྐོར་གྱི་གློག་བརྙན་ཞིག་བཟོ་ཐུབ་ན་བསམ་ཡོད། དེ་བཟོ་བར་གློག་བརྙན་སྐོར་ལ་ཉམས་མྱོང་ཆེན་པོ་ཞིག་དགོས་པ་རེད། སྟོན་པའི་རྣམ་ཐར་གྱི་གློག་བརྙན་དེ་ལས་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད། དེ་ཡག་པོ་ཞིག་མ་བྱུང་ན་ང་ནང་པ་ཞིག་ཡིན་པའི་ཆ་ནས་ཡག་པོ་མི་འདུག དེར་བརྟེན། ཉམས་མྱོང་གསོག་པའི་ཆེད་དུ་འདི་ལྟ་བུའི་གློག་བརྙན་ཆུང་ཆུང་འགའ་རེ་བཟོས་པ་ཡིན། དེ་ནས་སྟོན་པའི་འཁྲུངས་རབས་ཤིག་བཟོ་དགོས་ན་རང་བཞིན་གྱིས་རྒྱ་གར་གྱི་གནས་ཚུལ་མང་པོ་ཞིག་ནང་ལ་སླེབ་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་སྟོན་པ་སྐུ་འཁྲུངས་ས་རྒྱ་གར་རེད། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་ངས་ཐེངས་འདིར་རྒྱ་གར་སྤྱི་ཚོགས་བརྗོད་གཞིར་བཟུང་སྟེ་གློག་བརྙན་འདི་བཟོས་པ་ཡིན།
དྲི་བ། རིན་པོ་ཆེ་མཆོག་གིས་སྔོན་མ་གློག་བརྙན་ཁ་ཤས་བཟོས་ཡོད་པ་རེད། སྔོན་མ་དང་ད་ལྟའི་བར་ཉམས་མྱོང་དང་གློག་བརྙན་བཟོ་སྟངས་ལ་ཁྱད་པར་གང་འདྲ་འདུག་གམ།
ལན། ངས་སྔོན་ཆད་ཕོར་བ་དང་ཆང་ཧུབ་གང་ཟེར་བའི་གློག་བརྙན་དེ་དག་བཟོས་པ་རེད། ཕོར་བ་ཟེར་བའི་གློག་བརྙན་དེ་སྔོན་མ་ང་རང་སྡོད་སའི་དགོན་པའི་ནང་བཟོས་པ་རེད། དེའི་ནང་གི་འཁྲབ་སྟོན་མི་སྣ་དག་ཀྱང་ང་ཚོ་བོད་པའི་གྲྭ་བ་རྐྱང་རྐྱང་རེད། ང་རང་གིས་བླ་མའི་མིང་ཞིག་འཁྱེར་ཡོད་སྟབས་སྐབས་དེར་གྲྭ་བ་ཚོར་དབང་ཡོད་བྱས་ཡོད་རྒྱུ་རེད། གློག་བརྙན་དེ་ལས་སླ་བོ་འདྲ་བོ་བྱུང་སོང་། ཐེངས་འདིའི་ཝ་རྭ་ཞེས་པའི་གློག་བརྙན་འདི་འཁྲབ་ཡུལ་དང་འཁྲབ་སྟོན་མི་སྣ། དེ་བཞིན་ལས་རོགས་ཡོངས་རྫོགས་རྒྱ་གར་བ་རེད། དེའི་ཁྲོད་དུ་ང་རང་མ་གཏོགས་བོད་པ་དང་ནང་པ་གཅིག་ཀྱང་ཡོད་པ་མ་རེད། དཀའ་ངལ་མང་པོ་ཞིག་འཕྲད་སོང་ལ། དཀའ་ངལ་དེ་དག་བརྒྱུད་ནས་ཉམས་མྱོང་ཡང་མང་པོ་ཞིག་རག་སོང་།
དྲི་བ། ཝ་རྭ་ཟེར་བའི་གློག་བརྙན་འདི་བཟོ་སྐྲུན་ལ་དུས་ཡུན་ཅི་ཙམ་འགོར་སོང་ངམ།
ལན། གློག་བརྙན་འདིའི་འཁྲབ་གཞུང་འབྲི་རྒྱུར་ལོ་གཅིག་འགོར་སོང་། འགྲོ་སོང་ཉུང་ཉུང་ཡོང་ཐབས་ལ་དངོས་སུ་འཁྲབ་སྟོན་བྱས་ཏེ་ཟླ་གཅིག་དང་ཉིན་བཅུ་གྲངས་ཤིག་ལས་འགོར་མ་སོང་། དེའི་རྗེས་ལ་གློག་བརྙན་ཕྱོགས་བསྒྲིགས་དང་མཚོན་མདངས་སྒྲིག་པ། རོལ་དབྱངས་སོགས་སྒྲིག་སྦྱོར་བྱས་ཏེ་ཟླ་དྲུག་ལྷག་འགོར་སོང་།
དྲི་བ། རིན་པོ་ཆེ་མཆོག་གིས་མ་འོངས་པར་སྟོན་པའི་མཛད་རྣམ་སྐོར་གྱི་གློག་བརྙན་ཞིག་བཟོ་འཆར་ཡོད་གསུངས་སོང་། དེ་མི་ཡིན་པའི་ལས་འཆར་གཞན་གང་དག་ཡོད་དམ།
ལན། འཆར་གཞི་གཅིག་གང་ཡོད་ཟེར་ན། དེང་སྐབས་བརྡ་འཕྲིན་གྱི་ཐོག་ནས་ཕན་ཚུན་ངོ་མ་ཤེས་པའི་ཐོག་ནས་གླེང་མོལ་བྱེད་པ། དབྱིན་སྐད་ནང་(Chatroom)ཟེར་བ་དེ་ཤུགས་ཆེན་པོ་ཞིག་དར་བཞིན་འདུག དེ་བརྒྱུད་ནས་ཡག་སྡུག་གི་གནས་ཚུལ་ཡང་མང་པོ་ཞིག་ཡོང་གི་འདུག གནས་ཚུལ་དེ་བརྗོད་གཞིར་བཟུང་སྟེ་གློག་བརྙན་ཞིག་འབྲི་བཞིན་ཡོད།
དྲི་བ། དེ་རིང་གི་(Vara)ཞེས་པའི་གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་དེ་རྒྱ་གར་སྤྱི་ཚོགས་ནང་གི་སྲོལ་རྒྱུན་གྱི་གོམས་གཤིས་མི་ལེགས་པ་ཞིག་ལ་ཐེར་འདོན་ལྟ་བུ་བྱས་ཡོད་སྟབས། གློག་བརྙན་འདི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་རྗེས་ཁྱོད་ལ་དཀའ་རྙོག་དེ་འདྲ་བྱུང་སོང་ངམ།
ལན། ཐོག་མ་ང་ལའང་སེམས་འཚབ་དེ་འདྲ་ཞིག་བྱུང་སོང་། གང་ཡིན་ཟེར་ན་གློག་བརྙན་འདིའི་ནང་མི་རིགས་ཀྱི་གནས་ཚུལ་ཏོག་ཙམ་ཡོད་པ་རེད། དེ་ནས་ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱི་ཆོས་ལུགས་(Krishna)ཟེར་བ་དེའི་སྐོར་ཡང་ཏོག་ཙམ་ཡོད་སྟབས། རྙོག་གྲ་རེ་བྱུང་ཨེ་ཡོང་ན་བསམ་པའི་དོགས་པ་ཕྲན་བུ་བྱུང་སོང་། ཡིན་ནའང་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་པའི་རྗེས་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་བོ་བྱེད་ཀྱིན་འདུག སྤྱིར་གཏིང་སྒྱུ་རྩལ་གྱི་ལས་ཀ་ཞིག་བྱེད་དགོས་ན་གནས་ཚུལ་ག་རེ་ཡིན་ནའང་ཡོད་སྲིད་པ་ཞིག་རེད་དེ། ད་སྔ་ང་རང་གི་གློག་བརྙན་འདིའི་ཐད་མི་ལེགས་པའི་གནས་ཚུལ་གང་ཡང་བྱུང་མ་སོང་།
དྲི་བ། གློག་བརྙན་འདིའི་ནང་རྒྱ་གར་སྤྱི་ཚོགས་ནང་གི་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་སྐོར་གཏིང་ཟབ་མོའི་སྒོ་ནས་མཚོན་པར་བྱས་པ་བརྒྱུད་ནས་སྲོལ་རྒྱུན་གྱི་གོམ་སྲོལ་མི་ལེགས་པ་ཞིག་སྟོན་གྱིན་ཡོད་སྟབས། རིན་པོ་ཆེ་མཆོག་ལ་མཚོན་ན་རབ་བྱུང་བ་ཞིག་དང་། ལྷག་པར་དུ་བོད་པའི་བླ་མ་ཞིག་ཡིན་པའི་ངོས་ཐད་ནས་སྤྱི་ཚོགས་ནང་གི་ཕོ་མོའི་བརྩེ་དུང་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུར་སྟབས་མ་བདེ་བ་དེ་འདྲ་བྱུང་སོང་ངམ།
ལན། ང་རང་ལ་བླ་མའི་མིང་ཞིག་བཏགས་ཏེ་བླ་སྤྲུལ་ཞིག་གི་རྐུབ་སྟེགས་སྟེང་བསྡད་ཡོད་པ་ཙམ་རེད་མ་གཏོགས། མི་ཧ་ཅང་དཀྱུས་མ་དཀྱས་མི་ཞིག་གི་བསམ་བློ་གཏོང་སྟངས་དང་གཅིག་པ་གཅིག་རྐྱང་ཡིན། མི་དཀྱུས་མ་ཞིག་ལ་ཡོད་པའི་བརྩེ་དུང་སོགས་ང་རང་ལའང་ཡོད། དངོས་གནས་བྱས་ན་བླ་མ་ཞིག་བྱེད་ན་ཆོས་ཉམས་སུ་ལེན་དགོས་པ་རེད་དེ། ང་རང་གིས་ཆོས་ཞེ་དྲག་ཉམས་སུ་ལེན་ཐུབ་ཀྱི་ཡོད་པ་མ་རེད། ཁྲ་ཁྲ་ཟིང་ཟིང་ནང་འཁོར་ནས་བསྡད་ཡོད་པ་རེད། ཡིན་ནའང་རྩ་བའི་ཞབས་འདྲེན་ཆེན་པོ་ཞིག་མ་བཞག་པ་ཡིན་ན། སྤྱི་ཚོགས་ནང་ག་རེ་ལབ་ཀྱང་མིག་བཙུམས་ནས་ལས་ཀ་འདི་འདྲ་བྱས་བསྡད་ཡོད་པ་རེད།(བཞད་མོ་དང་བཅས་གསུངས།)
དྲི་བ། གློག་བརྙན་འདིའི་ནང་ཆོས་ལུགས་དང་ཕོ་མོའི་བརྩེ་དུང་གཉིས་ཀ་ཡོད་པ་དེ་ཁྱེད་རང་གི་དམིགས་ཡུལ་དང་ཉམས་མྱོང་ལས་བརྒལ་ཡོད་ཀྱང་། ཕོ་མོའི་འབྲེལ་བ་མཚོན་སྟངས་དེ་དངོས་ཡོད་དང་མཐུན་ཞིང་། སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་འཐོབ་ཀྱི་ཡོད་པ་དེ་རྒྱུ་མཚན་གང་ཡིན་ནམ།
ལན། སྤྱིར་བཏང་ང་རང་ (Sunil Gangopadhyay)ཞེས་པའི་སྒྲུང་དེ་མར་ཀློག་ཡོང་སྐབས་སེམས་འགུལ་ཆེན་པོ་ཐེབས་པ་དང་། གཉིས་པ་ང་རང་གིས་གློག་བརྙན་གཞན་མང་པོ་ཞིག་ལ་བལྟས་པའི་མྱོང་ཚོར་སོགས་ཕྱོགས་བསྡོམས་བྱས་ཏེ། ཐེངས་འདིའི་གློག་བརྙན་འདིའི་འཁྲབ་གཞུང་བྲིས་པ་ཡིན་དུས། གཅིག་བྱས་ན་སྟབས་ལེགས་ལྟས་དབང་གིས་ཁྱིམ་པའི་སྤྱི་ཚོགས་ནང་གི་ན་གཞོན་ཕོ་མོའི་བརྩེ་བ་མཚོན་སྟངས་གང་འཚམ་ཡག་པོ་བྱུང་བ་ཞིག་ཡིན་རྒྱུ་རེད།
དྲི་བ། རིན་པོ་ཆེ་བོད་པ་ཞིག་ཡིན་པ་དང་། མཚར་ལོངས་བྱུང་ས་ཡང་བོད་པའི་སྤྱི་ཚོགས་དང་། ལྷག་པར་དུ་རབ་བྱུང་བའི་སྤྱི་ཚོགས་ཤིག་ཡིན་སྟབས། རྒྱ་གར་སྤྱི་ཚོགས་ནང་གི་གནས་ཚུལ་ཞིག་གི་སྐོར་ལ་འཁྲབ་གཞུང་བཟོ་སྐབས་དཀའ་ངལ་འཕྲད་སོང་ངམ།
ལན། དེའི་སྐོར་ལ་དཀའ་ངལ་མང་པོ་འཕྲད་སོང་། དང་པོ་ཧིན་རྡིའི་ (Devadasis)ཞེས་པའི་ལུགས་སྲོལ་ཞིག་འདུག་པ་དེ་གཞི་རྩར་བཟུང་ནས་བྲིས་པ་རེད། ཡིན་ནའང་དེ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་དྲགས་ཏེ་འབྲི་ཐུབ་མ་སོང་། མཐའ་མ་(Sunil Gangopadhyay)ལགས་ཀྱིས་བྲིས་པའི་རིགས་དམན་པའི་བུ་ཞིག་དང་། རིགས་ཅུང་མཐོ་བའི་བུ་མོ་ཞིག་གི་བརྩེ་དུང་ཐོག་དཀའ་ངལ་འཕྲད་པའི་སྒྲུང་ཐུང་ཐུང་ཞིག་ཡོད་པ་རེད། དེ་འཛམ་གླིང་གི་མི་རིགས་སུ་ཞིག་ཡིན་ཡང་ཧ་མི་གོ་བ་མེད་པ་ལྟ་བུ་རེད། སྒྲུང་དེ་གཞི་ལ་བཞག་པའི་ཐོག་ནས་རྒྱ་གར་དམངས་ཁྲོད་ཀྱི་ཆོས་ལུགས་དང་འབྲེལ་བའི་ཞབས་བྲོ་(Bhrathanatynam)ཞེས་པ་དེ་ཚུར་བསྡུས་ཏེ་གློག་བརྙན་འདི་བཟོས་པ་རེད།
དྲི་བ། སྤྱིར་བཏང་གློག་བརྙན་རིགས་ཀྱིས་ད་ལྟའི་སྤྱི་ཚོགས་ནང་ནུས་པ་གང་འདྲ་ཞིག་འཐོན་གྱི་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།
ལན། སྔོན་མ་ཡིན་ན་གློག་བརྙན་གྱིས་སྤྱི་ཚོགས་ནང་ནུས་པ་ཧ་ཅང་ཆེན་པོ་འཐོན་ཐུབ་ཀྱི་ཡོད་པ་རེད། དེང་སྐབས་ལ་མཚོན་ན། གློག་བརྙན་གྱིས་དེ་ཙམ་ནུས་པ་འཐོན་ཐུབ་ཀྱི་ཨེ་ཡོད་ན་བསམ་པའི་དོགས་པ་ཞིག་འདུག གང་ཡིན་ཟེར་ན། དེང་སྐབས་སྤྱི་ཚོགས་དྲ་འབྲེལ་(Social Networking)རིགས་འདྲ་མིན་དང་། བརྙན་རིས་ཅན་གྱི་རྩེད་ཆས་(Video Game)སོགས་གློག་བརྙན་དང་གསར་འགྱུར་བརྒྱུད་ལམ་ལས་ཀྱང་བརྒལ་ཏེ། མིའི་ཡིད་དབང་འགུག་ཐུབ་པ་དང་། བེད་སྤྱོད་མང་པོ་ཡོད་པ། གནས་ཚུལ་སོགས་མྱུར་བ་ཡོང་གི་ཡོད་སྟབས། གཅིག་བྱས་ན་གློག་བརྙན་གྱི་ནུས་པ་སྔོན་ཆད་དང་བསྡུར་ན་ཕྲན་བུ་ཆུང་དུ་འགྲོ་བཞིན་མེད་འགྲོ་བསམ་པ་ཞིག་འདུག
དྲི་བ། རིན་པོ་ཆེ་མཆོག་གིས་མ་འོངས་པར་གློག་བརྙན་བཟོ་སྐབས་ཁ་ཕྱོགས་གང་འདྲ་ཞིག་གཙོ་བོར་འཛིན་འདོད་ཡོད་དམ།
ལན། གློག་བརྙན་གང་འདྲ་ཞིག་བཟོ་ནའང་ཐོག་མ་སྒྲུང་ཡག་པོ་ཞེ་དྲག་ཅིག་དགོས་པ་དེ་གལ་ཆེ་ཤོས་རེད། སྒྲུང་དེར་ཡང་གོ་རྒྱུ་ཡོད་པ། སྤྱི་ཚོགས་ལ་ཐག་ཉེ་བོ་ཟེར་ན་འདྲ། དངོས་ཡོད་གནས་ཚུལ་ཞིག་གཞི་རྩ་ལ་བཟུང་སྟེ་ཁ་ཕྱོགས་ཡག་པོ་སྟོན་ཐུབ་པ་དེ་གལ་ཆེ་ཤོས་མིན་ནམ་བསམ་གྱི་འདུག
ང་ཚོ་བོད་པའི་གློག་བརྙན་བཟོ་མཁན་ཞིག་ལ་མཚོན་ན། ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་ཆ་མང་པོ་ཞིག་ཡོད་པ་དེ་དག་ལས་མ་བརྒལ་བ་ཞིག་གི་ཐོག་ནས་གསར་གཏོད་དང་སྒྱུ་རྩལ་གཏིང་ཟབ་མོའི་ཐོག་ནས་བཟོ་ཐུབ་ན་ཡག་པོ་འདུག དེང་སྐབས་ཕྱི་རྒྱལ་དང་རྒྱ་གར་ནང་གློག་བརྙན་བཟོ་མཁན་དེ་ཚོའི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་རྒྱ་ཆེན་པོ་ཞེ་དྲག་ཡིན་སྟབས། ང་ཚོའང་དེའི་རྗེས་སུ་རྒྱུག་ནས་གློག་བརྙན་གྱི་ནང་དོན་དང་རྣམ་པ་གཉིས་ཀ་ང་ཚོ་རང་གི་སྤྱི་ཚོགས་ལས་རྦད་དེ་ཁ་གྱེས་སོང་ན་ཕན་ཐོགས་ཡོང་གི་མ་རེད་བསམ་གྱི་འདུག
དྲི་བ། དེ་རིང་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རིན་པོ་ཆེ་མཆོག་གི་གློག་བརྙན་(Vara)ཞེས་པ་འདི་གཟིགས་འབུལ་བྱས་པ་བརྒྱུད་དེ་རིན་པོ་ཆེ་མཆོག་ལ་དམིགས་བསལ་གསུང་རྒྱུ་དེ་འདྲ་ཡོད་དམ།
ལན། དེང་གི་དུས་ཚོད་འདིར་གསར་བྱུང་གི་དངོས་པ་དང་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། སྤྱི་ཚོགས་དེ་འདྲ་འཁྲིག་པོ་ཞིག་གི་ནང་ལ་ང་རང་གིས་ཀྱང་གློག་བརྙན་འདི་འདྲ་ཞིག་གི་ལག་སྐྱེས་འབུལ་ཐུབ་པ་དེར་བློ་སྟོབས་ཆེན་པོ་ཞིག་སྐྱེས་སོང་། ང་རང་གི་གློག་བརྙན་འདི་ལ་རྐྱེན་བྱས་ཏེ་བོད་རིགས་ན་གཞོན་ཚོས་སོ་སོའི་རྣམ་དཔྱོད་དང་། སྒྱུ་རྩལ་དེ་སྤྱི་ཚོགས་ཐོག་འདོན་ཐུབ་པའི་མཐུན་རྐྱེན་ཟེར་ན་འདྲ། གྲོགས་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད།
བླ་མ་འདི་ཕྱི་དངོས་པོ་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ནས་བཞུགས་འདུག ཁོ་རང་གིས་ཕྱི་རྒྱལ་མགོ་གསེར་ཚོ་ལ་ཆོས་འདྲ་གསུངས་སྐད། རང་ཉིད་མ་འདུལ་བར་གཞན་འདུལ་བར་བྱེད་པ་ཁག་པོ་རེད།
ཁོང་གིས་ཡག་པོ་གསུངས་འདུག
རྫོང་གསར་མཁྱེན་བརྩེ་མཆོག་ནས། གང་ཉིད་མི་དཀྱུས་མ་ཞིག་ཡིན་པར་ཁས་བླངས་འདུག མཆོག་ཉིད་ལ་ཆོས་ཕྱོགས་ནས་ཡོན་ཏན་ཆེན་པོ་མེད་ཚུལ་གསུངས་འདུག ཡག་པོ་རེད། དྲང་བོར་བརྗོད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གཞན་ལ་ཕན་ཐོགས་ན་ལམ་ཁ་གང་ཡིན་ཀྱང་འགྲིག་གི་འདུག་ལགས།།
ཤཀྱ་ཐུབ་པ་འཁྲུངས་ས་nepal རེད། india མ་རེད།
བླ་མ་འདི་ལ་དགའ་དད་ཆེན་པོ་ཡོད། གཞོན་ནུ་དོན་གྲུབ་རྒྱ་གར་པ་རེད། མ་གཏོགས། བལ་པོ་མ་རེད། དྲ་གྲོགས་མེ་དཀར་ལགས། ཡུན་རིང་མ་མཇལ་བར་ཚིག་རྩོད་འདིས་བསུ་བ་ཡིན་ནོ།།
ཁོང་ནི་ཧ་ཅང་ཁྱད་པར་དུ་འཕགས་པའི་སྐྱེས་བུ་རླབས་ཆེན་ཞིག་རེད། ཁོང་གི་རླབས་ཆེན་གྱི་མཛད་པ་གཏན་དུ་གནས་རྒྱས་པར་སྨོན།
ཁོང་གིས་འདི་འདྲའི་ལམ་ཁ་ཞིག་བདམས་པ་ནི་ང་ཚོའི་སྤྱི་ཚོགས་ནང་ཐོལ་བརྒལ་གྱི་རང་བཞིན་རེད་དམ། ཡང་ན། ནུབ་ཕྱོགས་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་རེད། མ་གཞི་ཁོང་ལ་བོད་ཀྱི་རིག་གནས་ཀྱི་རྨང་གཞི་མེད་པ་འདྲ།
རྫོང་གསར་བླ་མས་བོན་ལ་སྡོང་གྲོགས་མཛོད་ཅིག་ཀྱེ། བོན་སྐྱོང་སྲུང་མས་དབྱིངས་ནས་ཅིས་མི་གཟིགས། །
Dzongsar Gonpa was originally founded in 746 AD by a Bönpo Lama. Originally there was just a very small temple at this site, called Jowo-Lha-Chig-Kar-Chig and the Bönpo shrine remained until 1958.
[1] The original Bönpo Gonpa was later transformed into a Nyingma and a Kadampa temple at some stage but it wasn’t until 1275 that it was founded as a Sakya monastery by Drogön Chögyal Phagpa on his return from China.[1][2]
ཕལ་ཆེར་དེ་དུས་ཀྱི་བོན་དགོན་དེའི་མཚན་ལ་་་བཀྲ་ཤིས་ལྷ་རྩེ་་་ཞེས་སུ་འབོད་སྲོལ་ཡོད་པར་ངེས། །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཁོང་ནི་ཁྱད་དུ་འཕགས་པའི་སྐྱེས་བུ་རླབས་ཆེན་ཞིག་རེད་ཟེར། ཁྱེད་ཀྱི་སྐད་ཆ་འདི་ལ་ཡིད་ཆེས་བྱེད་ཐུབ་མ་སོང་། རྒྱུ་མཚན་ངས་ད་སྔ་ཁོང་གིས་རླབས་ཆེན་གྱི་བྱ་བཞག་ཅི་ཞིག་སྒྲུབ་པ་གོ་མ་མྱོང་བས་ཡིན། གློག་བརྙན་འཁྲབ་སྟོན་བྱས་པ་ཙམ་ལ་རླབས་ཆེན་ཞེས་པའི་ཐ་སྙད་འདི་བཀོལ་ན་མི་བཟང་། དེས་ན་ཁྱེད་ཀྱིས་ཁོང་་་ཁྱད་དུ་འཕགས་པ་དང་། སྐྱེས་བུ་རླབས་ཆེན་ཡིན་ཚུལ་གསལ་བོ་གསུང་རོགས། དེ་མིན་འདི་འདྲའི་འུར་བསྟོད་བྱས་པ་ལ་སྙིང་བོ་ཅི་ཡང་མི་འའདུག
ཁོང་ནི་སློབ་སྦྱོང་གི་བརྒྱུད་རིམ་དེ་ཙམ་མེད་མཁན་ཞིག་རེད།
གང་ལྟར་དེང་སང་སྤྱི་ཚོགས་ལ་ནི་མི་མགོ་བདེ།
འཁྲབ་ཏོ་དེ་ཚོ་བྲིན་གི་འདུག་གཱ དཔེར་ན་རྫ་ཚེ་བཀྲ་ཟེར་བ་འདི་ལྟ་བུ། རྒྱ་བླ་འདྲ་བྱས་ནས་བསྡད།
མི་དེ་ཚོར་ཁོང་གི་༧རྒྱལ་བ་རིན་པོ་ཆེས་ཆེད་དུ་བཏང་གནང་བ་འདྲ་བྱས་ནས་མགོ་སྐོར་གཏོང་གི་འདུག་ག
དེ་ཚོ་བྲིན་པོ་ཡོད་རེད།
དེང་སང་སྤྱི་ཚོགས་ཨེ་འདྲེ་རེད་པ
དྲ་འབུ་ཚང་མ་ཉོན་ཨང་རྫོང་གསར་བླ་མས་གློག་བརྙན་བཟོས་ནའང་འདྲ་གློག་བརྙན་འཁྲབ་ནའང་འདྲ་བླ་མ་བྱས་ནའང་འདྲ་མ་བྱས་ནའང་འདྲ་ཆོས་བྱས་ནའང་འདྲ་མ་བྱས་ནའང་འདྲ་དྲ་འབུ་ཁྱོད་ཚོར་ཇུས་གཏོག་མེད་རེད་།
བདེན་པའི་ཕོ་ཉ་ཉོན་ཨ། དྲྭ་འབུ་ཚོས་མཆན་བུ་ཡག་པོ་བྲིས་ན་རུང་། སྡུག་ཅག་བྲིས་ན་རུང་། ཁྱེད་རང་ལ་ཇུས་གཏོགས་སྤ་ཙམ་ཡོད་མ་རེད། ཧ་ཧ་།
སྐུ་གོང་མ་རྫོང་གསར་མཁྱེན་བརྩེ་ནི་དངོས་གནས་མིང་དོན་མཚུངས་པའི་བླ་མ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། འོན་ཀྱང་ཁོང་གི་སྐྱེ་སྤྲུལ་དུ་ངོས་འཛིན་པའི་ད་ལྟའི་རྫོང་གསར་མཁྱེན་བརྩེ་ནི་སྐྱ་མིན་སེར་མིན། ཆོས་སྲིད་གང་ལའང་འདི་ཡིན་ཟེར་བའི་བྱས་རྗེས་མེད་མཁན། དེ་བཞིན་དེང་རབས་པ་ཡིན་འདོག་འདོག་བྱས་ནས་ཤཀྱའི་བསྟན་པ་ལས་བརྒལ་བའི་བྱ་བ་དེ་དག་ནི་ཡག་པོ་ཞིག་མ་རེད། གལ་སྲིད་ཁོང་མི་སྐྱུས་མ་ཞིག་ཡིན་གསུངས་པ་ལྟར་ལག་ལེན་བསྟར་མཁན་ཞིག་ཡིན་ན་རྫོང་གསར་མཁྱེན་བརྩེའི་མིང་ཁུར་ནས་བྱ་བྱེད་འདི་འདྲ་བྱེད་མི་རིག དེས་ན་རང་ཉིད་སྐྱ་སར་བབ་ནས་རྫོང་གསར་མཁྱེན་རྩེའི་མཚན་དེ་དང་ཁ་བྲལ་བཞག་ནས་ཡག་ཤོས་རེད། སྐུ་གོང་མིའི་མཚན་ལ་བརྟེན་ནས་ཁོང་ད་ལྟ་དངུལ་འདྲ་ཡོད་མཁན་དང་དེ་བཞིན་བོད་རྨོངས་དད་ཅན་ཚོས་གུས་བསྐུར་བྱེད་བཞིན་ཡོད། མ་ཟད་བོད་ཀྱི་བླ་ཆེན་ཞིག་གི་མཚན་ཁུར་ཡོད་ནའང་བོད་མི་རིགས་ལ་ཕན་འདི་འདྲ་ཞིག་ཐོག་ཡོད་ཟེར་བ་ཞིག་ད་བར་གོ་མྱོང་མེད། ལྷག་པར་དུ་ཁོང་གི་རྗེས་འབྲང་བ་ཚོ་མང་ཆེ་བ་ཞིག་ནི་རྒྱ་བླ་འདྲ་བྱས་ནས་ཆོས་ཀྱི་ཉམས་ལན་མེད་པའི་སྐྱ་མིན་སེར་མིན་འདྲ་བྱས་ནས་ཕྱོགས་གང་སར་ནས་མཐོང་རྒྱུ་ཡོད།
བོད་ཀྱི་བླ་མ་ཞིག་གིས་དེང་རབས་ཕོ་མོའི་བརྩེ་གདུང་མཚོན་པའི་གློག་བརྙན་བཟོས་པ་ལ་དགའ་མོས་བྱེད་པ་དང་། གཞོན་སྐྱེས་བསྟན་འཛིན་རིག་གྲོལ་གྱིས་གསུང་རབ་ཀྱི་ཐུག་པ་གློག་བརྙན་བཟོས་པ་ལ་སྐྱོན་བརྗོད་བྱེད་པ་གཉིས་ནི་དོན་དུ་ཕྱོགས་ལྷུང་གི་བྱ་སྤྱོད་ཞིག་རེད། གཉིས་ཀ་སྒྱུ་རྩལ་གྲས་རེད། གཉིས་ཀ་ནང་པའི་བསྟན་པ་ལ་སྨ་འབྱིན་པ་དང་ཞབས་འདྲེན་པ་ནི་གཅིག་མཚུངས་རེད། ཁྱད་པར་ནི་གཅིག་བླ་མའི་མཚན་གནས་དང་། གཞན་ནི་མི་སྐྱུས་མའི་མཚན་གནས་ཡོད་པ་ཡིན།
རྫོང་གསར་རྫོང་རྙིང་གང་སུ་ཞིག་ཡིན་ཡང་སྤྲུལ་སྐུ་ཡིན་པའི་མེད།།
མཁྱེན་བརྩེའི་ཡོན་ཏན་སུ་ལ་ཡོད་ན་དེ་ཉིད་ང་ཡི་མགོན་དུ་བཀུར།།
རང་གི་རྣམ་དཔྱོད་རྩལ་ལས་བཏོན་པའི་གློག་བརྙན་གསར་པའི་ལག་རྗེས་དེར།།
དགའ་ཞིང་དུང་བའི་སྙིང་གི་དབུས་ནས་ལེགས་སོ་ཟེར་ནས་བསྟོད་པར་བགྱི།།
སྤུ་རྒྱལ་བཙན་པོའི་ཁྲག་རྒྱུད་མཆེད་ཁུངས་ཀ་གནམ་སྡེ་བའི་གདུང་རྒྱུད་ལས།།
འཇོན་ཐང་ནུས་པ་འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཁྱོད་འདྲ་བ།།
ཁ་བ་རི་པའི་རྒྱན་དུ་བྱོན་པ་དད་བརྒྱའི་གཙུག་ཏུ་བཀུར་ཤེས་ན།།
སྤུར་རྒྱལ་བོད་ཀྱི་ཁ་ལས་རླུང་རྟ་ཡར་ལ་འགྲོ་བར་ཐེ་ཚོམ་བྲལ།།
དྲྭ་གྲོགས་ཚོ་དད་པའི་དབང་དུ་མི་འགྲོ་བར་དོན་དངོས་ཐོག་བསམ་གཞིག་རེ་གནང་རྒྱུ་གལ་ཆེ། མཁྱེན་བརྩེ་སྐུ་གོང་མ་རྣམས་ལ་་མཚོན་ན་བླ་མ་མཚན་ཉིད་དང་ལྡན་པ་ཤ་སྟག་རེད། འདི་བ་ཚང་སྐུ་གོང་མའི་སྐྱེ་སྲིད་ཡིན་པ་རྒྱུ་མཚན་དུ་བགྲངས་ནས་སྐྱོན་མེད་སངས་རྒྱས་ཀྱི་ངོ་བོར་མི་བལྟ་བར་དོན་དངོས་ཐོག་ཁོ་ཡི་མི་གཤིས་དང་མཛད་པ་སྐྱོང་སྟངས་ག་འདྲ་འདུག་བརྟག་དཔྱད་གནང་རོགས། སྐུ་གོང་མའི་མཛད་འཕྲིན་གྱི་འཕྲོ་སྐྱོང་མཁན་ཞིག་མིན་ཚེ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་མིན་དོགས་པའི་གཞི་རེད། མཁྱེན་བརྩེ་སྐུ་གོང་མ་རྣམས་ཀྱིས་ཀྱང་ཡང་སྲིད་ཕྱི་མ་གློག་བརྙན་འཁྲབ་ཁྲིད་པ་དཀྱུས་མ་ཅིག་ཏུ་སྐྱེས་པའི་སྨོན་ལམ་བཏབས་ཡོད་རྒྱུ་མ་རེད་འདོད།
ཁ་ནས་བཤད་སྐད་སྐབས་ཁོ་བོ་མི་དཀྱུས་མ་ཞིག་ཡིན་རབས་ཀྱི་སྐད་ཆ་ཡིན་མདོག་ཁ་བོ་མང་དག་ཅིག་བཤད། དོན་དངོས་ཐོག་བླ་མ་ཆེན་པོ་ཞིག་གི་མིང་འཁུར་ནས་ཁྲི་མཐོན་པོ་ཞིག་གི་སྟེང་དུ་འཁོད། འཁོར་དང་འཁོར་གཡོག་མང་པོ་བསྡུས་ནས་བླ་ཆེན་དཔོན་ཆེན་གྱི་གོ་སར་འདོད་རྔམ་དང་ཞེན་ཆགས་བཅངས་ནས་བསྡད། འདི་ལྟར་ཁ་ནས་བཤད་པ་དང་དོན་གྱི་ལག་ལེན་གཉིས་འགལ་བ་ལྟག་སྤྲོད་དུ་གྱུར་བ་མི་མཐོང་ལག་ཟིན་རེད།
ཁྱེད་རང་དོན་དངོས་ཐོག་མི་དཀྱུས་མ་ཞིག་བྱེད་འདོད་ཡོད་ན་བླ་མའི་མིང་དེ་ཕར་གཡུགས། འཁོར་དང་བྲན་གཡོག་མང་པོ་བློས་གཏོང་བྱས། དབང་དང་གོ་ས་ཚང་མ་བསྐྱུར་ནས་སྤྱིར་བཏང་གི་མི་ཕལ་བ་ཞིག་གི་ཚུལ་དུ་བསྡད་ན་ཅིས་མི་ཆོག ཡིན་ཡང་། ཁྱེད་ཀྱིས་དུས་གཞར་ཡང་འདི་ལྟར་བྱེད་མི་གཏུབ། རྒྱུ་མཚན་ཁྱེད་འདི་དག་ལ་འདོད་རྔམ་དང་ཆགས་སྲེད་ཆེ་བས་ཡིན།
ཁ་ནས་བཤད་སྐབས་་་་ལ་བཅོས
་་་་་་ ངས་དེ་རིང་མང་ཚོགས་ལ་ཞུས་པ་ལྟར། ང་རང་གི་དམིགས་ཡུལ་ངོ་མ་དེ། མ་འོངས་པར་སྟོན་པ་ཤཀྱ་ཐུབ་པའི་རྣམ་ཐར་སྐོར་གྱི་གློག་བརྙན་ཞིག་བཟོ་ཐུབ་ན་བསམ་ཡོད། ་་་་་་་་
https://www.youtube.com/watch?v=zMHeHnnkoa0
གོ་ཐོས་ལྟར་ན་རྫོང་གསར་མཁྱེན་རྩེ་ཟེར་བ་འདིས་དེང་རབས་ཀྱི་བསམ་བློ་བ་དང་། ལྟ་བ་གསར་བ་ཅན་ཡིན་མདོག་གིས་བོད་ཀྱི་གྲྭ་བ་རྣམས་ཀྱིས་སྐྱེད་དམན་ལེན་ཆོག་པའི་སྐོར་མང་དུ་བཤད་ཡོད་རེད་ཟེར། རང་གིས་མི་ལས་དགུ་ལས་བྱས་པའི་མ་ཆོག་པར་གཞན་ལའང་མི་ལས་དགུ་བྱེད་དུ་འཇུག་མཁན་དག་ནི་བོད་པ་སྤྱི་ཚོགས་ཀྱི་ཞབས་འདྲེན་པ་དངོས་གནས་དེ་རེད། འདིའི་སྐོར་ལ་རྒྱུས་མངའ་ཡོད་མཁན་དག་གིས་གསལ་བོ་ཞིག་གསུང་རོགས།
https://www.youtube.com/watch?v=zMHeHnnkoa0
འདི་བོད་སྐད་ལ་སྒྲ་འཇུག་ཐུབ་ན་ཕན་ཐོགས་ཆེན་པོ་འོངས་ངེས་ཀྱང་་་་་་
ཇི་སྐད་དུ། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པ་ཆོས་ཀྱི་ཚིགས་སུ་བཅད་པ་ན།
་
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡིས།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
་
ཞེས་གསུངས་པ་ལྟར་ང་དང་ང་འདྲ་བས་རང་གིས་བྱ་མི་ནུས་ལ། གཞན་བྱ་བ་བྱེད་མཁན་ལ་འདི་དང་འདི་མི་རིགས་སོ། ཞེས་བཤད་པ་ལ་དགོས་པ་ཆེར་མ་མཐོང་ངོ་།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་སྐུ་གོང་མ་བོད་ཆོས་ལུགས་ཡོངས་ལ་བརྩི་བཀུར་མཛད་པ་བཞིན་ད་ལྟའི་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་ཀྱང་བོད་ཆོས་ལུགས་ཡོངས་ལ་གུས་བཀུར་མཛད། རིན་པོ་ཆེ་མཆོག་གིས་ཕོར་པ་ཞེས་པའི་གློག་བརྙན་དུ་རང་གི་དགོན་པའི་གྲྭ་པ་རྣམས་ཁྲབ་སྟོན་བྱེད་པར་བཀོལ་བ་བཞིན་དུ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ཆུང་དགུང་ལོ་བཞི་ལྔ་་ནས། ༧རྒྱལ་བ་རིན་པོ་ཆེ་སྐུ་འཕྲེང་བརྒྱད་པའི་ཡོངས་འཛིན་མཛད་སྐབས་སུ་ཡང་ལྷ་སའི་མིག་ལོང་བ་མང་པོའི་མིག་འབྱེད་པར་མཛད་པའི་བོད་ཀྱི་ཆོས་པ་རྣམ་དག་གི་མཛད་པ་གློག་བརྙན་གྱི་སྒོ་ནས། ཛམ་གླིང་ལ་མངོན་པར་མཛད་གྲོགས་ཞེས་རྫོང་གསར་རིན་པོ་ཆེ་ལ་ཞུ་བ་འབུལ་ངེས། རིན་པོ་ཆེ་མ་གཏོགས་གཞན་སུ་གང་གིས་ཀྱང་བྱ་བ་འདི་བྱེད་མི་ཐུབ། ད་ལྟ་གློག་བརྙན་འགའ་ཞིག་བཟོ་བར་མཛད་པའི་ཉམས་མྱོང་གི་སྒོ་ནས། རིན་པོ་ཆེ་མཆོག་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བསྟན་འགྲོར་སྨན་པའི་མཛད་རྣམ་གློག་བརྙན་འདི་བཟོ་བར་གཟིགས་རྟོག་གིས་ལེགས་པར་འགྲུབ་པར་ཡིད་སྨོན་ཞུའོ།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་གློག་བརྙན་བཟོས་པ་སངས་རྒྱས་ཀྱི་ཆོས་གང་དང་འགལ་ཡོད་པ་རེད་དམ།ངས་ནི་ཧ་གོ་མ་སོང་བས།འགལ་ཡོད་པར་གསུང་མཁན་ཚོས་གསལ་བཤད་གནང་རོགས།བསྟན་འཛིན་རིག་གྲོལ་གྱིས་གསུང་རབ་ཀྱི་ཐུག་པ་བཟོས་པ་སྒྱུ་རྩལ་ཡིན་ན།མོའོ་ཚེ་ཐུང་གིས་རིག་གནས་གསར་བརྗེ་ནི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཅིག་རེད།དེའི་སྐབས་དགོན་པ་ཚང་མ་གཏོར།གསུང་རབ་མཐོང་ཚད་བསྲེགས།བླ་གྲྭ་མཐོང་ཚད་བཙོན་འཇུག་དང་སྐྱ་སར་ཕབས་ཡོད་པ་རེད།ཆེ་ཆུང་མ་གཏོགས་བསྟན་འཛིན་རིག་གྲོལ་དང་མོའོ་གཉིས་ཀྱི་ལས་སྟངས་གཅིག་པ་རེད་ད།
ལོ་ངོ་བརྒྱ་ཕྲག་གཉིས་གསུམ་སྔོན་དུ་ལུམྦིནཱི་སོགས་རྒྱ་ཐང་རི་བོ་གངས་ཅན་རྩ་ན་ཡོད་པ་ཞེང་ལ་ཕལ་ཆེར་དཔག་ཚད་བཅོ་ལྔ་ཉི་ཤུ་ཡོད་ཅིང་། རིང་ལ་དཔག་ཚད་སུམ་བརྒྱ་བཞི་བརྒྱ་ཙམ་ཡོད་པ། ས་ཆ་རིང་ཐུང་གི་རྒྱུས་བདག་ལ་ཏན་ཏན་མེད་ཀྱང་། ས་རྒྱ་དེ་དག་སྔོན་དུས་རྒྱ་གར་གྱི་ཡིན་ཀྱང་། རྡོ་རྗེ་གླིང་དང་། བཀའ་བློན་སྤུངས་སོགས་བལ་ཡུལ་གྱི་ཡིན་པ་དང་བརྗེ་པོ་ཐེབས་པ་ཐོས། དེ་དུས་རྒྱ་གར་གྱི་སྲིད་དབང་འཛིན་མཁན་ཆེན་པོ་དག་ཨིན་ཡུལ་པ་ཡིན་འདུག དངོས་གནས་བལྟ་ན། སིལ་བུར་འཐོར་པའི་རྒྱ་གར་རྒྱལ་ཁབ་མང་པོ་གཅིག་ཏུ་སྒྲིལ་ཐུབ་པ་དང་། ཁྱོ་ག་ཤི་བ་ཕུང་པོ་མེས་སྲེག་དུས་ཁིམ་ཐབ་མོ་ཡང་མེའི་ནང་དུ་ཞུགས་ཏེ་འཆི་དགོས་པ་སོགས་མེད་པར་བཟོ་བ་ལ་རྒྱ་གར་ཨིན་གཞུང་གིས་ཕན་ཐོགས་ཀྱང་བྱུང་། སངས་རྒྱས་འཁྲུངས་ས་རྒྱ་གར་ཡིན་མིན་ལ་འཕྲོས་གཏམ་རིང་པོར་ཆགས་པ་ལ་དགོངས་དག་ཞུའོ།
དམ་ཆོས་འདུལ་བའི་ནང་དགེ་འདུན་པ་རྣམས་ཀྱིས་སྒྱུ་མའི་ལྟད་མོ་དང་། གླང་གི་རྩེད་མོ་སོགས་ལ་བལྟ་མི་ཆོག་པར་གསུང་ཡོད་པས། རྩེད་མོ་རྩེད་མཁན་གྱི་གྲལ་ལ་དངོས་སུ་ཞུགས་མི་ཆོག་པ་སྨོས་ཅི་དགོས། རྒྱུ་མཚན་ཡང་། ཐོས་བསམ་སློབ་གཉེར་བྱེད་པ་ལ་བགེག་དུ་འགྱུར་ཞིང་། ཁྱིམ་པ་སུན་འབྱིན་གྱི་ལས་སུ་འགྱུར་བས་ཡིན།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་འདི་ཚང་འདྲ་ས་མི་འདུག དཔལ་འབྱོར་གྱི་དུས་རབས་འདི་ནང་ལ་། ནང་ཆོས་བཤད་ནས་དཔལ་འབྱོར་སྒྲུབ་པ་ལས། གློག་བརྙན་བཟོས་ནས་དཔལ་འབྱོར་སྒྲུབ་ན་ཡག་པ་མཐོང་འདུག
སྤྱང་ཤོག་ལགས། རྫོང་གསར་མཁྱེན་བརྩེ་ཟེར་བ་འདིའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ནང་ཆོས་བཤད་ཁུལ་བྱས་ནས་ཡོང་བ་ཤ་སྟག་རེད། ནང་ཆོས་ཀྱི་ཤེས་ཡོན་མེད་མཁན་ཞིག་གིས་ནང་ཆོས་བཤད་ན་གང་འདྲ་ཞིག་ཡིན་མིན་ཚང་མས་ཤེས་གསལ་ཡིན། མི་འདིས་ཐ་ན་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་བྱས་ཆོག་པ་དང་མི་ཆོག་པ་གང་ཡིན་གྱི་རྣམ་དབྱེ་རགས་པ་ཙམ་ཡང་མགོ་ཚོས་ཀྱི་མེད་པ་ཧ་ཅང་གསལ་བོ་རེད། མི་འདིས་ད་དུང་བཀའ་འགྱུར་པོད་༡༠༨ཡོངས་རྫོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་གཡོ་འཚོང་བྱས་དང་བྱེད་མུས་སུ་འདུག
གོང་གི་མཆན་རྣམས་བཀླགས་པས་ཕྱོགས་རིས་ཅན་དང་མུན་འཐོམས་ཅན་གྱི་བོད་རིགས་སྤུན་ཟླ་རྣམས་ལ་སྙིང་རྗེ་སོང་། སྐུ་ཐོག་གོང་མ་ལྟ་ཅི། ད་ལྟའི་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནི་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཞིག་རེད། ཁོང་ནི་སྤྱིར་ནང་བསྟན། བྱེ་བྲག་ས་དགེ་བཀའ་རྙིང་གི་ལུགས་ལ་མཁས་པ་ཞིག་རེད། བོད་རིག་པ། དཔལ་འབྱོར་རིག གློག་བརྙན་རིག་པ། སྒྱུ་རྩལ། རྩོམ་རིག་སོགས་ཧ་ཅང་མཁས་པ་ཡིན་པ་མཁས་པ་ཚོས་མཁྱེན་གྱི་རེད། ཁོང་གིས་ལྗགས་རྩོམ་གནང་བའི་དེབ་རྣམས་ཡིག་རིགས་མང་པོའི་ནང་བསྒྱུར་བ་མ་ཟད་སྐད་གྲགས་ཧ་ཅང་ཆེན་པོ་རེད། ས་པན་གྱིས་” མཁས་པ་མཁས་པའི་ནང་མཛེས། བླུན་པོ་མཁས་པ་ཇི་ལྟར་གོ་” ཞེས་གསུངས་པ་བཞིན་ང་ཚོ་སོ་སོའི་ལྟོ་གོས་ཙམ་ཡང་སྒྲུབ་པར་དཀའ་ཚེགས་ཅན་གྱི་བླུན་པོའི་ཚོགས་ཀྱིས་ཁོ་རང་གི་མཛད་པ་ཧ་གོ་ཡི་མ་རེད། ཁོང་གི་མཁྱེན་པའི་ཡོན་ཏན་རྟོགས་ནུས་པ་ཞིག་ཀྱང་མ་རེད། ཁོང་སུ་ཡིན་མིན་རྒྱས་པར་མཁྱེན་འདོད་ན་Wikipedia ཐོག་ནས་ཁོང་གི་མཛད་རྣམ་ལ་གཟིགས། བསམ་ཡུལ་འདས་པ་རེད། བོད་པ་ཚོས་སྤོབས་པ་སྐྱེད་དགོས་པ་དེ་འདྲ་རེད་འདུག ཁོང་ནི་ཚུལ་འཆོས་དང་བྲལ་བའི་བླ་མ་རླབས་ཆེན་ཞིག་རེད། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཐུགས་མི་གཉེས་མཁན། དེ་འདྲ་བླ་མ་ད་ལྟ་བོད་པའི་སྤྱི་ཚོགས་ནང་ཉུང་ཤས་ལས་མེད། ཁོང་གི་དགོན་པ་མང་པོར་གཟིགས་སྐྱོང་གནང་གི་ཡོད་པ། དཔེར་ན་མཚན་སྙན་གྱི་གྲགས་པ་འབར་བའི་བྱེས་ཀྱི་རྫོང་གསར་བཤད་གྲྭ། འབྲུག་གི་རྫོང་གསར་བཤད་གྲྭ། གཞིས་ཀྱི་ཁམས་སྡེ་དགེའི་རྫོང་གསར་བཤད་གྲྭ འཛམ་གླིག་ཡུལ་གྲུ་གང་སར་ནང་པའི་ཆོས་ཚོགས། ཕྱི་རྒྱལ་གྱི་གྲགས་ཅན་སློབ་ཆེན་ཁག་ཏུ་ནང་པའི་སྡེ་ཚན་བཙུགས་གནང་མཛད་པ། རྒྱ་གར་གྱི་འགའ་ཤས་ལ་ཡང་ཡོད་རེད། མཁྱེན་བརྩེའི་ཐེབས་རྩ་བཙུགས་གནང་ནས་དགོན་པ་མང་པོར་རོགས་སྐྱོར་གནང་བ། Lotus Outreach བཙུགས་ནས་རྒྱ་གར་དང་ཁམ་རྦོ་ཌི་ཡ་སོགས་ཀྱི་སྐྱབས་མེད་མགོན་མེད་ཀྱི་བུད་མེད་དང་བྱིས་པ་སོགས་ལ་ལྟོ་གོས་དང་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་གནང་མཛད་པ། ད་ལྟ་སངས་རྒྱས་ཀྱི་བཀའ་བསྟན་རྣམས་དབྱིན་ཡིག་ཏུ་སྒྱུར་བའི་ལས་གཞི་ཙམ་ནས་ཕྱག་ལས་གནང་བཞིན་པ། མ་འོངས་སྟོན་པའི་མཛད་རྣམས་ཀྱི་གློག་བརྙན་སྤུས་ལེགས་བཟོ་སྐྲུན་གནང་རྒྱུ་སོགས་གང་ལྟར་ཁོང་གི་ང་ཚོ་མི་དཀྱུས་མའི་རིགས་ཀྱི་བློ་ཡུལ་ལ་ཤོང་དཀའ་བ་རེད། ཁོང་གི་ཁོང་མི་དཀྱུས་མ་ཡིན་གསུངས་པ་ཕྱིའི་སྤྱོད་ཚུལ་ཐོག་ནས་གསུངས་པ་ཁོང་ལ་འཇོན་ནུས་ཇི་ལྟར་ལྡན་མིན་དང་སྐུ་ཡོན་ཡོད་མ་རེད། རྒྱལ་སྲས་ཞི་བ་ལྷས་” སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད་། སྡེབ་སྦྱོར་མཁས་པ་” སོགས་མཁྱེན་གྱི་གསུངས་པ་རེད། ཁོང་སློབ་སྦྱོང་གནང་མེད་གསུངས་ཁེངས་སྐྱུང་ཡིན་པ་མཁྱེན་པར་མཛོད། དེ་དང་མཉམ་དུ་ས་པཎ་གྱིས་” གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ཉིད་ལྟ་ན་མེ་ལོང་དགོས་” གསུངས་པ་སེམས་ལ་ཟུངས་ཤིག།
ཁ་སང་བོད་ཀྱི་དུས་བབ་ནས་ཁོང་དང་འབྲེལ་བའི་གནས་ཚུལ་འདི་དག་མཇལ་སོང་། དམིགས་བསལ་ཞིག་དང་སྒྱུ་རྩལ་རང་བཞིན་ཞིག་ཏུ་མཐོང་སོང་། རྒྱུ་མཚན་ནི། དེང་སྐབས་ང་ཚོ་བོད་ཀྱི་སྤྱི་ཚོགས་སུ་གྲྭ་བཙན་ཆོས་མེད་ལས་མེད་ཀྱི་གྲངས་ཀ་མང་ཞིང་། ལྷག་པར་སྒྱུ་རྕལ་རང་བཞིན་གྱི་མི་སྣ་ཧ་ཅང་ཉུང་བས་ཡིན།
ཚང་མ་གཅིག་མཆུངས་སུ་དུས་བསྟུན་ལུག་རིགས་དབེན་ཞིང་། ཁ་འདོན་ལྟ་བུའི་ཆོས་བཤད་རྐྱང་གིས་འཚོ་བ་ལས། གྲྭ་བཙན་དམིགས་བསལ་འདི་དག་གིས་རང་གི་སྒྱུ་རྩལ་དམིགས་བསལ་བར་ཁ་ཕྱོགས་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་ཐུབ་ན་དུས་བསྟུན་ཕན་ཐོགས་ཆེན་པོ་རེད་བསམས།
ལྷག་པར་དུ་བླ་སྤྲུལ་རྣམས་ནས་ཆོས་ལུགས་རྐྱང་པའི་ཞེན་ཁོག་ཅིག་འཁྱེར་ནས་ནུས་མེད་དུས་ཚོད་ཕུད་པ་ལས། འཛམ་གླིང་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་པའི་སྒྱུ་རྩལ་རང་བཞིན་འདི་འདྲ་ལས་ཕོད་པ་ནི། དུས་རབས་ཀྱི་དགོས་མཁོ་དང་། བོད་ཀྱི་རིན་ཐང་རེད།
འདུལ་བ་ཡུལ་དུས་ལ་བལྟས་ན་མ་གཏོགས་དེ་སྐབས་ཀྱི་སྤྱི་ཚོགས་དང་དེང་སྐབས་ཀྱི་སྤྱི་ཚོགས་ནི་འགལ་བ་ལྟག་འཕྲོད་རེད།
མདོར་ན། བོད་ཀྱི་གྲྭ་བཙུན་རྣམ་དཔྱོད་ཅན་རྣམས་རྒྱལ་སྤྱིའི་སྡིངས་ཆར་བསྙབས་ཐུབ་པའི་དམིགས་བསལ་གདེང་འཇོགས་མངའ་བའི་ཕྱག་ལས་འདི་རིགས་ལ་ཡི་རངས་ཞུ་གི་ཡོད།
ལར་ནས་རང་སེམས་རང་གིས་ཤེས་པས། ཚུལ་ཁྲིམས་གཙོ་བོ་ལས། ཕྱི་ཚུལ་མི་གཙོ་བས་འདི་ལྟར་མཛད་པ་ནི། བསྟོད་པ་འཐེན་དགོས་པ་ལས། དམོད་པ་བྱ་མི་རུང་ཟེར་བ་ཡིན།
དུས་བབ་བཅར་འདྲིར་འདི་འདྲ་ཞིག་གསུངས་པའང་དྲན་པར་མཛོད། ནོར་འཁྲུལ་ཆེན་པོ་ཞིག་མ་ཤོར་ན། སྤྱི་ཚོགས་ཀྱིས་གང་ཟེར་ནའང་མི་ཉན་པར། རང་གི་གདེང་དང་དགའ་སྣང་ཡོད་པའི་སྒྱུ་རྩལ་ལ་ཞུགས་ངེས་ཡིན་གསུངས་འདུག འདི་ལྟར་མཛད་དགོས་པའི་དམིགས་ཡུལ་ཡང་གསལ་པོར་འདུག་པས།
ང་ཚོ་བོད་ཀྱི་གྲྭ་བ་བླ་རྒན་བསམ་ཕྱོགས་གཅིག་ལས་མི་མཐོང་བ་ཁྱེད་རྣམས་ལ་ལབ་འདོད་པ་ནི། མིག་དཀྱུས་ཡངས་དགོས་པ་ལས་སྦུ་སུབ་དོག་པོ་བྱས་ན། ང་ཚོ་ནམ་ཡང་ཡར་ལངས་མི་ཐུབ་པས། ང་རང་ཁོང་ལ་རྒྱུ་མངའ་མེད་ཀྱང་། འདས་པའི་སྒྱུ་རྩལ་གྱི་གྲུབ་འབྲས་དང་། ད་ལྟ་སྦྱོང་བཞིན་པའི་སྒྱུ་རྩལ་འདི་དག་ང་ཚོས་དཔེ་བླངས་དགོས་པ་རེད་ཟེར་བ་ཡིན།
རྫོང་སར་མཁྱེན་རྩེ་རིན་པོ་ཆེ་ལ་ཁ་བཏང་མཁན་འདི་བཀའ་རྒྱུད་དང་ས་སྐྱ་རྙིང་མ་སོགས་ཀྱི་ཁོང་ཏོགས་མ་ཡིན་པ་ཚང་མས་ཤེས་གསལ་རེད་གང་ཡིན་ཞེ་ན་ཆོས་རྒྱུད་འདི་ཚོས་བླ་སློབ་ཚང་མས་ཁོང་བླ་མ་ལ་བརྟེན་ཚར་ནི་རེད། ཁོང་ལ་ཁ་བཏོང་མཁན་དུ་གྱུར་པ་འདི་དགེ་ལུགས་པའི་གྲྭ་ས་ཁག་དང་དེའི་རྗེས་འབྲང་པ་རྡ་རམ་སའི་མི་འཁྱམས་དེ་ཚོ་རེད། ཁོང་ཚོས་སེམས་ལ་༧གོང་ས་མཆོག་ལས་གཞན་ཚང་མ་གདོན་འདྲེ་ནང་བཞིན་མཐོང་གི་རེད།་སུ་ཏི་ཀརྨ་པ་ལ་ལྟོས་དང་གོང་ས་མཆོག་ལས་ལྷག་པ་ཞིག་ཚར་ཡོང་ས་རེད་བསམ་ནས་རྗེ་རྟོད་དུ་བཟང་བཙོན་དུ་བཅུག་ཡོད་་་མགོ་ཟམ་གདོང་བླ་མས་ནས་བཟུང་དགེ་ལུགས་པ་ཡོངས་ཀྱིས་༧གོང་ས་མཆོག་དང་འདྲ་བོ་དེ་ལྷག་པ་ཞིག་འབྱུང་བའི་དོགས་པ་ཡོད་མཁན་ཚང་མ་མེད་པར་བཟོ་གི་རེད། འདས་པའི་སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་ཀརྨ་པ་བཅུ་དྲུག་པ་ཉེ་དུས་པད་ནོར་ཞ་དམར་སོགས་བླ་ཆེན་ཁག་མེད་པར་བཟོ་མཁན་ཁོ་ཚོ་ཡིན་པ་ཡོངས་གྲགས་རེད། ཁོ་ཚོ་ལ་མགོ་སྒུར་ཁོ་ཚོས་ཅི་གསུང་སྒྲུབས་ཐུབ་ན་འཇིག་རྟེན་འདིར་ཡིན་རིང་འཚོ་ཐུབ་པ་རེད། དཔེར་ན་༧ས་སྐྱ་གོང་མ་ནང་བཞིན་རེད།
རིག་བཟང་ཟེར་བ་ཁྱོད་ཉོན་ཨང་ཁྱོད་ཆོས་རྒྱུད་དང་བླ་སློབ་ཕན་ཚུན་དཀྲུག་ཤིང་མ་རྒྱབ་རྒྱལ།དབང་ཀརྨ་པ་མཆོག་ལ་བོད་མི་ཚང་མས་དད་པ་དམ་ཚིག་གཏན་པོ་ཡོད་རེད་བོད་མི་ཚང་མས་ཡིད་ཆེད་གཙང་མ་ཡོད་ལ་གོང་ས་མཆོག་ནས་ཀྱང་མ་འོང་བོད་མིའི་སྤྱི་ཚོགས་ལ་འགན་འཁྱེར་ཐུབ་པའི་རེ་བ་གནང་གི་ཡོད་ཀརྨ་པ་སྐུ་གོང་མ་ཡང་ཕྱོགས་གཏོག་པ་རྣམས་ཀྱི་བྱེད་མཛོལ་ལ་རྟེན་ནས་དགོང་པ་ཤིག་དགོས་བྱུང་བ་རེད་ཁྱོད་ཀྱི་སྐུ་འཕྲེང་འདི་ཡང་དེ་ལྟར་བཟོ་གི་ཡིན་པས་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱབ་མཁན་ཁྱོད་དོད་རྒྱལ་རྟེན་མཁན་དང་གཅིག་པརེད་ཀྱག་པ་བཟོ་
རིགས་བཟང་སྐད་ཆ་ལ་བདེན་ཆ་མེད་པ་མ་རེད། དགེ་ལུགས་པའི་བླ་རྒན་འདི་ཚོས་འདུལ་བ་ཁ་ལ་ཁྱེར་ནས་ས་བཀའ་རྙིང་གསུམ་གྱི་བླ་མ་སྤྱི་དང་ལྷག་པར་སྔགས་པའི་རིགས་ལ་ཁ་གཏོང་རྐྱང་བྱེད་ཀྱི་འདུག འདི་ནི་རང་ལྟ་མཆོག་འཛིན་ཆེ་སོང་བ་རེད། ངོ་མ་བཤད་ན་འདུལ་བ་ཞེས་པ་དེ་ཡང་དེ་ཙམ་ཡིད་ཆེས་རུང་བ་ཞིག་གང་ཡང་མ་རེད། དཔེར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་འདུལ་བའི་སྡོམ་ཁྲིམས་སྲུང་སྟངས་ལ་མི་འདྲ་བ་ཡོད་པ་རེད་ལ། དེ་དག་འདི་བདེན་དང་འདི་རྫུན་ཞེས་བཤད་རྒྱུ་མེད་པར་ཚང་མ་བདེན་པ་ཡིན་པ་སྒྲུབ་ཀྱི་ཡོད་པ་རེད་ལ། དེའི་སྒྲུབ་བྱེད་རྒྱལ་པོ་ཊི་ཊིའི་རྨི་ལམ་ཙམ་ལས་ཅི་ཡང་མེད་པ་རེད། ཧཧཧ
རིག་བཟང་གིས་འབར་རྫས་ཤུགས་ཆེན་ཞིག་གཡུག་ནས་བྱ་ཁྲ་རླུང་ལ་བསྐུར་བ་ལྟར་གཏོར་སོང་།
གང་ཟག་སྒེར་བ་ཞིག་གི་སྐྱོན་ཆ་ཐེར་འདོན་བྱེད་སྐབས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྟེང་ལ་ཁ་བསྒྱུར་བྱེད་པ་འདི་དྲྭ་འབུ་ཚོས་གཡོ་སྒྱུ་འཁྲབ་སྟངས་ཤིག་ཡིན་པས་ཚང་མས་ཉམས་འཇོག་བྱས་ན་བཟང་། ད་དུང་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་གཞན་འབུར་འཇོམས་བྱེད་པ་དང་། དོལ་རྒྱལ་དང་གསང་མྱུལ་བའི་ཉེས་མིང་བཀལ་ནས་གཞན་ནག་པོ་བཟོ་བ་སོགས་དེང་གི་གཡོ་སྒྱུ་མཁན་རྣམས་ཀྱིས་གདོང་འབག་གི་རྒྱབ་ནས་ཟློས་གར་འཁྲབ་སྟངས་གཞན་ཞིག་ཡིན་པས་བླུན་པོ་ཆུ་སྣ་གར་འཁྲིད་མ་བྱས་ན་ཡག བོད་མི་ཚོས་རང་གི་ནང་ཁུལ་ལ་འདི་ལྟར་རྒྱ་ནག་གི་ལྐོག་གཡོ་ངན་ཇུས་ལས་ཀྱང་ཐུ་བའི་གཡོ་སྒྱུའི་ཟློས་གར་མང་དུ་འཁྲབ་ཤེས་ཤིང་། གཞན་ལ་བསྐོར་ན་ཚང་མ་བླུན་རྨོངས་པ་ཤ་སྟག་ཡིན་པ་འདི་ཅི་ཞིག་གི་ལན་སོང་རེད་དམ།
གོང་དུ་བཀོད་པ་དག་ནི་རྫོང་གསར་མཁྱེན་བརྩེ་ཟེར་བ་ཁོའི་སྐྱོན་ཆ་ཐེར་འདོན་བྱས་པ་རེད་མ་གཏོགས་ས་སྐྱ་དང་རྙིང་མ་བཀའ་བརྒྱུད་ལ་གཟས་ནས་བཤད་པ་ཞིག་མིན། རྫོང་གསར་མཁྱེན་བརྩེ་ལ་ཅིག་བཤད་པས་ས་སྐྱ་ལ་ཕོག་གི་ཡོད་ན། དེ་ཁྱེད་རང་ཚོས་བསམ་བློ་གཏོང་སྟངས་ནོར་བ་རེད་མ་གཏོགས་ངས་བཤད་པ་ལ་ནོར་འཁྲུལ་ཅི་ཡང་མེད། མི་ལས་དགུ་ལས་བྱེད་མཁན་ཞིག་ལ་ཉེས་སྐྱོན་ཙམ་མ་ཟད་ལེགས་པའི་ཆ་ཅུང་ཙམ་རེ་ཡོད་པའང་ཆོས་ཉིད་ཡིན་པས་ཁྱེད་ཅག་དེ་ཙམ་གྱིས་ཀྱང་བློ་ཡིད་མགུ་ནས་སྡོད་བཟོ་འདུག་མོད། ཁོ་བོ་ནི་དེ་ལྟར་ཡིད་་མི་རངས།
ཨ་ལེ། ད་བྱས་ན་དགའ་ལྡན་ཁྲི་པ་ལ་ཅིག་བཤད་ན་དགེ་ལུགས་ལ་ཕོག་དོན་མེད་པ་རེད་དམ། དེ་འདྲ་ཡིན་ན་དགའ་ལྡན་ཁྲི་པ་ལ་ཚིག་ཟུར་ཙམ་འཕངས་ན་ཡང་བྱ་རྒོད་ཤ་ལ་རུབ་པ་བཞིན་རུབ་ཡོང་བ་དེ་དག་ཅི་ཞིག་ཡིན་ནམ། སྐྱོན་ཆ་ཡོད་ཚད་ཐེར་འདོན་བྱས་སྡད་ན་སྐྱོན་མེད་མཁན་གྱི་མི་སུ་ཡང་མེད་པ་རེད། གང་ལྟར་རྫོང་སར་མཁྱེན་བརྩེའི་བཟང་ཆ་ལ་མི་ལྟ་བར་སྐྱོན་ཆ་ཞིག་སྔོག་རྒྱུ་ཅི་རྙེད་ལྟ་བཞིན་པ་འདིས་རྒྱབ་ལ་དྲི་མ་ངན་པ་ཞིག་ཡོད་པ་གསལ་པོ་རེད། རང་ཕྱོགས་མ་ཡིན་པ་ཞིག་ལ་ལེགས་པའི་ཆ་ཆེན་པོ་རེ་ཡོད་ཀྱང་ཆུང་ཆུང་ལས་མི་མཐོང་བ་དང་། རང་ཕྱོགས་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་ཀྱང་ཆུང་ཆུང་ལས་མི་མཐོང་བ་ནི་ཞེན་ཁོག་ཅན་ཚོའི་ཆོས་ཉིད་རེད།
རྫོང་གསར་མཁྱེན་བརྩེ་ཟེར་བ་ཁོ་དོན་དངོས་སུ་མི་ལས་དགུ་ལས་བྱེད་མཁན་ཞིག་ཡིན། ཐ་ན་དམ་ཆོས་འདུལ་བ་ལའང་བཟོ་བཅོས་བྱེད་དགོས་རབས་གླེང་མཁན་ཞིག་ཡིན་པས་ནང་ཆོས་ལ་གོ་རྟོགས་རགས་པ་ཙམ་ཡང་མེད་པ་གསལ་བཤད་བྱས་འདུག སྟོན་པ་སངས་རྒྱས་གཅིག་པུར་དབང་བའི་འདུལ་བའི་བཅོས་ཁྲིམས་ནི་ཡུལ་དུས་གནས་བབ་ཀྱིས་དམིགས་བསལ་ཅན་རེ་གཉིས་མ་གཏོགས་ཉན་ཐོས་འོད་སྲུང་སོགས་གཏད་རབས་སུ་ལའང་བསྒྱུར་བཅོས་གཏོང་བའི་གནང་བ་མེད་ན། ཁྱོད་མཁྱེན་བརྩེ་མིང་ཅན་ལ་སུ་ཞིག་གིས་བཟོ་བཅོས་གཏོང་ཆོག་པའི་གནང་བ་སྦྱིན་པ་ཡིན་ནམ།
མི་རིགས་རང་གི་རིག་གནས་ལ་རྒྱུས་མངའ་སྤུ་ཙམ་མེད་པར་བླ་མ་ཞེས་པའི་མིང་རྫིག་པོ་ཞིག་བཏགས་ན་མིང་དོན་གཉིས་ཀ་ཆ་ཁ་ཡ་སྡེབ་ཏུ་འགྲོ་བ་ཆོས་ཉིད་རེད། ནུབ་ཕྱོགས་པའི་བསམ་བློ་འདྲ་ཞིག་ཁྱེར་ནས་སེམས་ལ་གང་དྲན་དྲན་ལས་ཆོག་པར་བསམ་གྱི་ཡོད་པ་འདྲ། མཚམས་རེར་གྲྭ་བ་ཡིན་པའི་བཟོ་འདྲ་བོ། མཚམས་རེར་ཁྱིམ་པ་ཡིན་པའི་བཟོ་འདྲ་བོ། མཚམས་རེར་འབྲུག་པ་ཡིན་པའི་བཟོ་འདྲ་བོ། མཚམས་རེར་བོད་པ་ཡིན་པའི་བཟོ་འདྲ་བོ།
སྤྱིར་ད་ལྟའི་ང་ཚོའི་ད་ལྟའི་འདུལ་ཁྲིམས་འདི་སངས་རྒྱས་རང་གིས་གསུངས་པ་ཞིག་ཡིན་མིན་ཐེ་ཚོམ་རེད། ཉན་ཐོས་སྡེ་པ་དེ་ཚོ་ལ་འདུལ་ཁྲིམས་སྲུང་སྟངས་མི་འདྲ་བ་ཡོད་པ་རེད་ལ། དེ་དག་ལས་འདི་དངོས་གནས་སངས་རྒྱས་ཀྱིས་གསུངས་པ་ལྟར་ཡིན་ལ་གཞན་དག་མ་ཡིན་ཞེས་བཤད་རྒྱུ་མེད་པར་ཚང་མ་སངས་རྒྱས་ཀྱི་དགོས་པ་ཡིན་པ་དང་། དེའི་སྒྲུབ་བྱེད་ལ་ཡང་ངས་གོང་དུ་བཤད་པ་ལྟར་རྨི་ལམ་ཞིག་ལས་ཅི་ཡང་མེད་པ་རེད། གལ་ཏེ་སེམས་ཅན་གྱི་ཁམས་དབང་མི་འདྲའི་བའི་དབང་གིས་སངས་རྒྱས་ཀྱིས་འདུལ་ཁྲིམས་མི།འདྲ་བ་གསུངས་པ་རེད་ཟེར་ན། འདུལ་བ་ཡུལ་དུས་དང་བཏུན་ཞེས་ཁ་རྒྱུན་ལ་ཡོད་པ་ལྟར། ཡུལ་དུས་དང་སེམས་ཅན་གྱི་མོས་པ་ལ་བཏུན་ནས་འགྱུར་བ་གཏོང་ཆོག་པ་སྟན་ཡོད་པས་མཁྱེན་བརྩེ་རིན་པོ་ཆེས་འདུལ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་དགོངས་འཆར་དེ་སངས་རྒྱས་ཀྱི་དགོས་པ་དང་མཐུན་པ་རེད། ལར་ནས་འདུལ་བའི་བཅས་པ་དེ་དག་ནི་སྐབས་དེའི་མིའི་བསམ་བློ་དང་བཏུན་ནས་གསུངས་པ་ཤ་སྟགས་ཡིན་པ་གླེང་གཞི་ལ་ལྟས་ན་ཤེས་པས་ད་ལྟའི་མིའི་བསམ་བློ་དང་བཏུན་ནས་འགྱུར་བ་འགྲོ་ཆོག་དེས་གྲུབ་ཡོད།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་ག་རེ་བཤད་ན་མ་བཤད་ན། མཚམས་རེ་ཆོས་པ་ཡིན་བཟོ་འདྲ་པོ། མཚམས་རེ་སྲིད་དོན་པ་ཡིན་བཟོ་འདྲ་པོ། མཚམས་རེ་ལྷ་གསོལ་མཁན་ཡིན་བཟོ་འདྲ་པོ། མཚམས་རེ་འདྲེ་གསོལ་མཁན་ཡིན་བཟོ་འདྲ་པོ། དེ་ཚོས་སྡུར་རྒྱུ་མེད་པ་རེད།