ཐེ་བོ་སངས་རྒྱས།
རྫོང་དཔོན་A• ད་ལོ་ང་ལས་འཁྱུར་སོང་རྗེས་འབྲེལ་བ་བྱེད་མཁན་སུ་ཡང་ཡོད་རྒྱུ་མ་རེད་ཀོ
ཟུར་བསྟེན་B• ད་ཁྱོས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་བྱེད་ཀྱིན་མ་འདུག ཁྱོའི་དངུལ་བྱང་ནང་གྲངས་ཀ་རྩིས་མི་ཕོག་པ་དེ་ག་ཡོད་པས།
རྫོང་དཔོན་A• དེ་དང་འབྲེལ་བ་ཅང་ཨེ་ཡོད་ཀི
ཟུར་བསྟེན་B• ཨ་བླུན་རྒན། དེ་ལ་མི་ཚོས་ཀུན་དགའ་དོན་འགྲུབ་ཅེས་མཚན་གསོལ་བ་མ་རེད་དམ།
རྫོང་དཔོན་A• ཨ་ལ་ལ། ཁྱོད་འདི་ལྟ་རིག་རྒོད་མ་ཟེར་ནོ་རེད་ཡ།
གཉིས་ཀ་མཉམ་དུ• ཧ་ཧ་ཧ།
རྒྱུ་མཚན་ཆེན་པོ་མེད་ན་བོད་དབྱིན་མཉམ་བསྲེས་བྱས་ན་མི་མཛེས་སྙམ།
རྫོང་དཔོན་་་་ཀ་
ཟུར་བསྟེན་་་་ཁ་
བྲིས་ན་མི་ལེགས་སམ།
འདི། ངས་བསྒྱུར་ན།
་
རྫོང་དཔོན་ཀས།
ད་ལོ་ང་ལས་ཀ་ལས་འཁྱུར་སོང་བས། དེའི་རྗེས་ལ་འབྲེལ་བ་བྱེད་མཁན་སུ་གང་ཡང་ཡོད་རྒྱུ་མ་རེད་གདའ།
ཟུར་བསྟེན་ཁས།
ད་ཁྱོད་རང་། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་བྱེད་བགྱིན་མ་སྡོད། ཁྱོད་ཀྱི་དངུལ་ཁང་ནང་གི་དངུལ་བྱང་ནང་ལ། གྲངས་ཀ་རྩིས་མི་ཕོད་པ་དེ་ག་བར་ཡོད་པེ།
རྫོང་དཔོན་ཀས།
དེ་དང་འབྲེལ་བ་ཅང་ཨེ་ཡོད།
ཟུར་བསྟེན་ཁས།
ཨ་བླུན་རྒན། དེ་ལ་མི་ཚོས་ཀུན་དགའ་དོན་གྲུབ་ཅེས་མཚན་གསོལ་བ་མ་རེད་པེ། ལགས།
རྫོང་དཔོན་ཀས།
ཨ་ལ་ལ། ཁྱོད་འདི་ལྟ་བུའི་རིགས་པ་རྒོད་པོ་ཞིག་རེད་འདུག་ག
གཉིས་ཀ་མཉམ་དུ། ཧ་ཧ་ཧ།། །།
དཔྱོད་ལྡན་དགེ་འདུན་ལགས། སྤྱིར་བོད་ཡིག་ནང་གཞན་ཡང་ཡིག་བསྲེས་པ་སྐབས་ཐོག་ལ་ལྟ་དགོས་ཀྱི་རེད་སྙམ། ལྷག་པར་སྒྱུ་རྩལ་རྩོམ་རིག་ནང་ཡི་གེ་ན་གཅིག་ཡན་ཆད་ལ་གོ་རྒྱུ་ཡོད་ཆོག
ཀརྡོ་རབ་འབྱམས་པ་ལགས། སྐད་ཡིག་གཅིག་ཉིད་ནང་བསྒྱུར་བའི་ལུགས། དེ་སྔོན་ནགས་ཚང་ཞི་ལུའི་སྐྱིད་སྡུག་བསྒྱུར་བ་ལྟ་བུ་་གཞན་ལ་ཡོད་དམ། ཁྱེད་ཀྱིས་འགྱུར་འདིའི་ནང་ངའི་དགོངས་པ་ལོན་མེད་ས་ཡང་འདུག ཁྱོད་ཀྱི་དངུལ་བྱང་ནང་གྲངས་ཀ་རྩིས་མི་ཕོག་པ་དེ་ག་ཡོད་པས། ཞེས་པའི་དེ་ག་བར་ཡོད་ཅེས་པའི་དོན་མིན། དེ་ག་ཞེས་པ་དེ་སྙེད་ལ་གོ་དགོས། འདིར་དབུས་གཙང་གི་ཁ་སྐད་བཀོལ་བའི་ཁུལ་ཡིན་ལགས།
ཐེ་བོ་སངས་རྒྱས་ལགས། ཁྱེད་རང་གིས་བསྒྱུར་བའི་འགྱུར་འདི་དག་བོད་རིགས་སྤྱི་སྐད་འཕེལ་རྒྱས་ལ་ཤིནད་ཏུ་ཕན་ཐོགས་ཆེ། དིང་སང་དིང་སང་གི་བོད་སྐད་ལ་བསྒྱུར་ཐུབ་མཁན་ཡང་མེད། གལ་སྲིད་བསྒྱུར་བ་ཡིན་ན། ངས་ཁྱེད་རང་དང་མ་མཐུན་བྲིས་པ་ལྟར། མཐུན་པའི་སྤྱི་སྐད་ཅིག དྷ་སའི་ཤེས་རིག་ལས་ཁུངས་ཀྱིས་གདམས་ཐུབ་མེད་པས། དེ་མིན་སུས་བྱས་ཀྱང་། ཁས་ལེན་ཐབས་བྲལ་བ་རེད་དོ།།
ཀརྡོ་རབ་འབྱམས་པ་ལགས།
འདི་ངས་བྲིས་པ་ལས་བསྒྱུར་རྩོམ་ཞིག་མ་རེད།