རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུརཏ།
——སའི་གོ་ལ་འདིའི་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ལྟ་བུ་ཞིག་བཞུགས་པ་ནི་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བྱིན་པ་རེད།
རྩ་བའི་ཆ་ནས་ང་དེ་རིང་(2015/1/22)འདིར་སུ་ཞིག་གིས་སྐད་བཏང་ནས་ཡོང་བ་མ་ཡིན་པར་དང་བླངས་ཀྱིས་ཆོག་མཆན་ཞུས་ཏེ་ཡོང་བ་ཡིན། རྒྱུ་མཚན་དེས། ངས་གཙོ་སྒྲུབ་ལས་ཁུངས་ལ་ཡང་ང་ལ་སྐད་ཆ་ཁ་ཤས་བཤད་རྒྱུའི་གོ་སྐབས་གནང་བ་འདིར་བཀའ་དྲིན་ཆེ་ཞུ།
དོན་དངོས་ཐོག ང་ནི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་འོས་སྦྱོར་ཞུ་མཁན་ལ་འཚམས་པའི་མི་སྣ་ཞིག་མ་རེད། ལར་མཁན་རིན་པོ་ཆེ་ནི་ངོས་སྦྱོར་དགོས་པའི་མི་དེ་འདྲ་གཏན་ནས་མ་རེད། ཁོང་ལ་མཚོན་ན་རང་ཉིད་གང་ཡིན་པ་དེ་རང་ཉིད་ཀྱིས་མཚོན་གྱི་ཡོད་པ་རེད། གལ་ཏེ་ངོ་སྤྲོད་བྱེད་མཁན་ཞིག་དགོས་པའི་དབང་དུ་བཏང་ན་ཡང་འ་འུར་ཚ་བོ་དང་རང་རློམ་ཆེན་པོ་(DOGGY)ཅན་གྱི་མི་ང་ལྟ་བུ་ཞིག་ཡོང་ནས་ངོས་སྦྱོར་ཞུ་རྒྱུ་མ་རེད།
མི་མང་པོ་ཞིག་གིས་ང་ནི། ལུས་ལ་ཁ་དོག་འདྲ་མིན་གྱི་གོན་པ་གྱོན་ནས། མི་སྣ་འདྲ་མི་འདྲ་དེ་ཚོ་དང་མཉམ་དུ་བག་མེད་རྒྱས་སྤྲོས་བྱེད་ཀྱི་ཡོད་པ་མཐོང་གིན་ཡོད།
འོན་ཀྱང་ང་རང་འགུལ་གྱི་སྒོ་ནས་དེ་རིང་གི་ལས་ཀ་འདི་བྱེད་པར་རྒྱུ་མཚན་ཡོད། ད་ལྟ་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་འོད་སྣང་མག་མོག་ཏུ་འགྱུར་འགོ་བརྩམས་ཤིང་། བསྟན་པའི་བརྗིད་ཁོག་ཀྱང་མི་མང་པོ་ཞིག་གིས་མྱོང་ཚོར་མི་ཐུབ་པར་གྱུར།
ལར་སངས་རྒྱས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་མྱོང་ན་ཡང་། གཤིས་དངོས་པོའི་གནས་ལུགས་ཀྱི་བསྟན་པ་ངོ་མ་དེ་སྤྱིར་བཏང་གི་མིས་རྟོགས་ཐབས་མེད་ཅིང་། ཡིག་ཐོག་ཏུ་ཡོད་པའི་སངས་རྒྱས་ཀྱི་གསུང་རབ་དག་ནི་ང་ཚོར་ལྟོས་ན་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས་སྒྱིད་ལུགས་ཆེ་བའི་ང་ཚོས་དེར་རྒྱུས་ལོན་དང་སློབ་སྦྱོང་བྱེད་མོས་ཀྱི་མེད།
སྤྱིར་བཏང་ཆོས་ལ་རྟོན་པ་ལས་གང་ཟག་ལ་རྟོན་མི་འོས་པ་ཞིག་ཡིན་ན་ཡང་། གང་ལྟར་ཡང་། མི་ཞིག་ཡིན་ཕྱིན་ཆད། མཐོང་རྒྱུ་རིག་རྒྱུ་ཡོད་པའི་མི་ལྟ་བུ་ཞིག་དད་གུས་ཀྱི་ཡུལ་དང་སློབ་སྦྱོང་གི་མིག་དཔེར་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་མཚན་ལྡན་གྱི་བླ་མ་རྣམ་པ་དང་བསམ་བློའི་ལམ་མཁན་དག་ཆེས་གལ་ཆེན་ཆགས་ཡོད།
དེང་གི་སྤྱི་ཚོགས་འདིར། བླ་མ་དང་སྐྱེ་སྤྲུལ་སོགས་ཀྱིས་ང་ཚོར་ཕོངས་པ་མེད་པ་ཙམ་དུ་མ་ཟད། འདི་རིགས་ང་ཚོས་བེད་སྤྱོད་བྱེད་མྱོང་བའི་གཙང་ཤོག་ལས་ཀྱང་མོད། བླ་མའི་ཡང་སྲིད་ལ་མཚོན་ན་དངོས་གནས་ཧ་ཅང་མང་པོ་རེད། དེང་སང་གི་དུས་འདི་ནི་ཐ་ན་ལོ་ན་ཧ་ཅང་ཆུང་བའི་ཕྲུ་གུ་ཞིག་ལ་ཡང་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་བྱང་ཐོགས་ཀྱི་ཡོད་པའི་དུས་རབས་ཤིག་རེད། འོན་ཀྱང་།དངོས་གནས་དྲང་གནས་ཀྱིས བསྟན་པ་འཛིན་མཁན་གྱི་མི་ནི་ཧ་ཅང་དཀོན་པ་ཉིན་མོའི་སྐར་མ་ལྟ་བུ་རེད་ལ། གང་ཡོད་པ་དག་གི་ནང་དུ་ཡང་ཆེམ་ཆེམ་དུ་འཕྲོ་ཐུབ་པའི་འོད་སྣང་དེ་བས་ཀྱང་ཉུང་།
སངས་རྒྱས་ཀྱིས། རྟོགས་པ་ཐོབ་པའི་གང་ཟག་ཁོ་ནས་སུ་ཞིག་རྟོགས་པ་ཐོབ་པའི་གང་ཟག་ཡིན་པར་ཁ་ཚོན་གཅོད་ཐུབ་པར་གསུངས་པ་ལྟར། ངས་སུ་དང་གང་ཞིག་རྟོགས་པ་ཕུལ་དུ་ཕྱིན་པའི་མི་ཡིན་པ་ལབ་མི་ཐུབ།
འོན་ཀྱང་། དུས་རབས་འདིར་ཡང་ད་དུང་ང་ཚོ་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ལ་སྤྲོ་སྣང་ཡོད་པ་དང་། དང་འདོད་དེས་རང་བཞིན་ཤུགས་ཀྱིས་ནང་བསྟན་དར་སྤེལ་མཁན་གྱི་མི་ཡང་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད།
གོང་དུ་བཤད་པ་བཞིན། མ་གཞི་ངའི་འཚོ་བ་རོལ་སྟངས་ནི་མདོག་དབྱིབས་སྣ་ཚོགས་ཅན་ཞིག་ཡིན་ཞིང་། འ་འུར་ཚ་བོ་དང་རང་རློམ་བྱེད་རྒྱུར་དགའ་པོ་ཡོད་པ་ཞིག་ཡིན། འོན་ཀྱང་ང་ལ་ཕལ་ཆེར་ཁ་ཕོ་བྱས་ནས་ལབ་ན་མ་འགྲིག་པ་མེད་པའི་དོན་དག་གཅིག་ནི། ངས་ང་ཚོས་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཀྱི་ཆེད་དུ་སེམས་ཁུལ་ངེས་པར་བྱེད་དགོས་པ་དེ་ཤེས་ཀྱིན་ཡོད། དེ་ལྟ་བུའི་སེམས་ཁྲལ་དང་སེམས་ཁུལ་དེ་ནི་རྒྱུ་མཚན་ཡོད་པ་ཞིག་ཡིན། དངོས་གནས་བྱས་ན། ང་ཚོ་ཧ་ཅང་བློ་གཡེང་དང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཆགས་ཡོད།
ཡིན་དང་ཡིན། ང་ལ་བསམ་བློ་འདི་འདྲ་ཞིག་ཡོད་པ་ཙམ་འདི་ཡང་ཚང་མ་ངའི་རླབས་ཆེན་གྱི་རྩ་བའི་བླ་མ་དེ་དག་གི་བྱིན་རླབས་རེད། ཁོང་རྣམ་པས་དུས་ཚོད་དང་སེམས་ཤུགས་ཤིན་ཏུ་མང་པོ་སྤྱད་དེ་སངས་རྒྱས་ཀྱི་བསྟན་པའི་འཚོ་གནས་ཆེད་ཐུགས་ཁྲལ་གནང་བ་དང་། དགེ་རྒན་དེ་དག་གིས་བྱིན་རླབས་དང་ལམ་སྟོན་འོག་ངས་ཀྱང་རང་ཉིད་ཀྱི་རང་གི་དགོན་པ་དང་། ཡང་ན་བོད་བརྒྱུད་ནང་བསྟན་ཙམ་ཁོ་ན་ལ་སེམས་ཁུར་བྱས་ཏེ་བསྡད་ན་འགྲིག་རྒྱུ་མིན་པའི་བསླབ་བྱ་ཐོབ་ཡོད།
ངས་འཇར་པན་གྱི་ཀྲིན་ཡན་(真言宗)ཆོས་བརྒྱུད་ལ་སེམས་ཁུར་བྱེད་ཀྱི་ཡོད་ལ། ཤྲི་ལངྐའི་གནས་བརྟན་སྡེ་པ་དག་གིས་མཚོན་པའི་ནང་པ་ཡོངས་ཀྱི་འཚོ་གནས་ལ་སེམས་ཁུར་བྱེད་ཀྱི་ཡོད། མ་གཞི་ང་རྟག་པར་འདི་རིགས་ལ་སེམས་ཁུར་བྱས་ཏེ་བསྡད་མེད་ན་ཡང་། སྐབས་སྐབས་དེའི་ཕྱོགས་ལ་དངོས་གནས་བསམ་བློ་ཡང་ཡང་གཏོང་ཤོར་གྱི་ཡོད། མདོར་ན་ངས་རྟག་པར་གཞན་གྱིས་སེམས་ཁུར་བྱེད་ཀྱི་མེད་པའི་ཕྱོགས་འདི་དག་ལ་སེམས་ཁུར་བྱེད་ཀྱི་ཡོད།
བླ་མ་འགའ་ཞིག དབུ་སྐྲ་སེ་ཡོ་རེ་བར་གྱུར་ཅིང་། ཞལ་རིས་ཡོངས་སུ་གཉེར་མས་ཁེངས་ན་ཡང་། ཁོང་ཚོ་ད་དུང་ཐུགས་ཁྲལ་གང་ཡང་མེད་པ་ལྟར་བཞུགས་འདུག གལ་ཏེ་ཐུགས་ཁྲལ་ཞིག་གནང་བའི་དབང་དུ་བཏང་ཡང་། ཁོང་ཚོས་ཐུགས་ཁྲལ་གནང་ས་དེ་རང་རང་གི་དགོན་པའམ། དེ་ལས་རྒྱ་ཆེ་ན་ཡང་རང་རང་གི་ཆོས་བརྒྱུད་ཙམ་ཞིག་རེད། དེས་ན་ངས་བརྗོད་འདོད་པ་ནི། ང་ཚོའི་སའི་གོ་ལ་འདིའི་ཐོག་ཏུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་ལྟ་བུ་ཞིག་བཞུགས་པ་ནི་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བྱིན་པ་རེད། ཁོང་གི་ལག་ལེན་ནི་ཁ་བཤད་ལས་བརྒལ་ཟིན་པ་ཞིག་རེད།
ཁྱེད་རྣམ་པས་ནན་ཏན་བྱས་ནས་མཁྱེན་དགོས་པ་ཞིག་ལ། ང་ནི་དག་སྣང་གཏན་ནས་མི་ཤེས་མཁན་ཞིག་དང་། རྒྱུན་དུ་མི་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་སྡོད་མཁན། དེ་ལས་ཀྱང་ང་རྒྱལ་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན་པས། དེ་འདྲའི་མི་ཞིག་གི་ཁ་ནས་ཐོན་པའི་སྐད་ཆ་ཡིན་ན་སྐད་ཆ་དེ་དོན་སྙིང་ཆེན་པོ་ཡོད་པ་ཞིག་ཏུ་བརྩིས་ན་འགྲིག
ངས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་རྟག་པར་བརྟག་དཔྱད་བྱེད་ཀྱི་ཡོད། ངས་མཁན་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་ཐོབ་མ་མྱོང་། ཁོང་གིས་གསུང་འོད་སྡེར་དང་སྒྲ་འཇུག་དེ་འདྲ་མཉན་རྒྱུའི་ཚོད་ལྟ་བྱས་པ་ཡིན་ཏེ། མཐར་ངས་ཉན་རྒྱུ་བསྐྱུར་བ་ཡིན། རྒྱུ་མཚན་ཁོང་གི་ཡུལ་སྐད་ཀྱི་སྒྲ་གདངས་དེ་ང་ལ་ལྟོས་ན་ཧ་ཅང་འཁྲེགས་དྲགས་འདུག དེ་མིན་ཁོང་གི་དེབ་འགའ་རེ་བམ་ཀློག་ཙམ་བྱེད་མྱོང་ཡོད། འོན་ཀྱང་། འདི་ཚང་མ་ངས་ཁོང་ངོས་སྦྱོར་བྱེད་དགོས་པའི་རྒྱུ་མཚན་ངོ་མ་དེ་མིན། ངས་བསམ་ན། ཁོང་ནི་བླ་མ་ཁོ་ན་ཞིག་ཡིན་པ་ཙམ་མིན་པར་། དེ་ལས་ཀྱང་གལ་ཆེ་བ་ནི་ཚད་དང་ལྡན་པའི་མིག་དཔེ་ཞིག་ཡིན་པ་དེ་རེད།
དགེ་རྒན་ཚང་མ་ལ་སོ་སོར་དགེ་རྒན་རེ་དགོས་ཀྱི་ཡོད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མཚོན་ན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆེས་རླབས་ཆེན་གྱི་དགེ་རྒན་ཞིག་གི་དུས་ཡུན་རིང་པོའི་གསོ་སྐྱོང་ཐོབ་ཡོད། ཁྱེད་ཚོ་མང་པོ་ཞིག་གིས་མཁྱེན་གསལ་ལྟར། མཁན་ཆེན་མཆོག་ད་ལྟ་བླ་རུང་ནང་བསྟན་སློབ་གླིང་གི་གདན་ས་སྐྱོང་མཁན་གྱི་གལ་ཆེའི་གཙོ་འགན་མི་སྣ་ཞིག་རེད། བླ་རུང་སྒར་གྱིས་ངའི་སེམས་ངོས་སུ་བཞག་པའི་བག་ཆགས་ནི། ས་ཕྱོགས་དེར་གྲངས་ཀ་ཧ་ཅང་མང་བའི་དགེ་འདུན་པ་དང་བཙུན་མ་ཡོད་པ་རྒྱུ་མཚན་མ་རེད།
ངས་ནམ་རྒྱུན་ཁོང་ཚོས་ལས་ཀ་གང་བྱེད་ཀྱི་ཡོད་པ་དང་། ལས་དོན་གྱི་གྲུབ་འབྲས་ཅི་འདྲ་ཞིག་སོན་གྱི་ཡོད་པའི་ཕྱོགས་ལ་བརྟག་དཔྱད་བྱས་པ་ཡིན། ད་དུང་ཁོང་ཚོས་སྒོར་མོ་ཇི་ལྟར་བྱེད་སྤྱོད་གཏོང་བ་དང་། འགྲོ་སོང་གཏོང་ཡུལ་གང་ཡིན་ལ་ཡང་བརྟག་དཔྱད་བྱས་པར་མ་ཟད། སྒྲིག་འཛུགས་འདིས་ཀླད་པ་སྟོང་པ་སྟོང་རྐྱང་ཡིན་པའི་ཤེས་ཡོན་པ་ཙམ་ཞིག་བསྐྱེད་སྲིང་བྱེད་ཀྱི་འདུག་གམ། ཡང་ན་ཡང་དག་པའི་ཉམས་ལེན་པ་གསོ་སྐྱོང་བྱེད་ཀྱི་འདུག་ཅེས་བརྟག་དཔྱད་བྱས་པ་ཡིན།
དེ་རིང་མཁན་ཆེན་མཆོག་ང་ཚོའི་མདུན་འདིར་བཞུགས་ཡོད་ཅིང་། ཁོང་ནི་མིང་དང་སྙན་གྲགས་ཆེན་པོ་ཡོད་པའི་ཁྱིམ་རྒྱུད་ཀྱི་རྗེས་རབས་པ་ཞིག་མ་རེད། ཁོང་ནི་ཧ་ཅང་གལ་ཆེན་ནམ་ཡང་ན་གོ་གནས་མཐོན་པོ་ཡོད་པའི་བླ་མ་ཞིག་གི་དབོན་པོའམ་ཉེ་འབྲེལ་ཡང་མ་རེད། དེ་ལས་ཀྱང་ཁོང་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་གོ་མིང་མེད་པ་རེད།
ངས་ད་དུང་བརྗོད་འདོད་པ་ཞིག་ལ། ཐའེ་ཝན་དང་ཧོང་ཀོང་། སེང་ག་པུར་སོགས་ལ་མཚོན་ན་མཁན་ཆེན་མཆོག་གིས་རྒྱ་ཡིག་གི་ལམ་ནས་བཀའ་ཆོས་གནང་ཐུབ་ཀྱི་ཡོད་པ་འདི་ནི་ཧ་ཅང་གཅེས་སུ་རུང་བའི་དོན་དག་ཅིག་རེད། སྤྱིར་བཏང་། དེང་སྐབས་ནང་བསྟན་ནུབ་ཕྱོགས་སུ་མགྱོགས་མྱུར་ངང་མཚར་ལོང་འབྱུང་བཞིན་ཡོད་ན་ཡང་།ངས་བསམ་ན། ང་ཚོའི་མི་ཚེ་འདིར་ཨ་རི་དང་ཡོ་རོབ་ལྟ་བུའི་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཆོས་ལུགས་ཀྱི་ཁྲོད་ནང་ཆོས་འདི་བསྡུར་ཚད་ཧ་ཅང་མཐོན་པོ་ཞིག་ལ་སླེབས་པའི་སྔོན་རྟགས་མཐོང་གི་མི་འདུག
རྒྱ་གར་ནི་སངས་རྒྱས་ཀྱི་འཁྲུངས་ཡུལ་ཡིན་ན་ཡང་། ནང་པའི་བསྟན་པ་དར་སྤེལ་བྱེད་པར་དཀའ་ངལ་ཤིན་ཏུ་མང་པོ་ཡོད་པ་ཞིག་རེད། དེ་ལས་རྒྱ་མི་རིགས་ཀྱི་འདས་པའི་དུས་ཀྱི་དཔལ་ཡོན་དར་འཕེལ་གྱི་ལོ་རྒྱུས་ཁྲོད། ནང་པའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་ཞིང་། དེས་རྒྱ་མི་རིགས་ཀྱི་ལེགས་བྱང་ཁྲོད་བྱས་རྗེས་ཆེན་པོ་བཞག་མྱོང་བ་བཞིན། འབྱུང་འགྱུར་གྱི་ཆར་ཡང་། རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ནང་བསྟན་འདིས་གལ་ཆེའི་ནུས་པ་འདོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
རྒྱུ་མཚན་འདི་དག་གིས། རྒྱའི་སྐད་ཡིག་གི་ཁྱབ་ཁོངས་སུ་གཏོགས་པའི་མི་དག་ལ་མཚོན་ན་འདི་ལྟར་མཁན་རིན་པོ་ཆེ་དང་ཐད་ཀར་སྦྲེལ་ཐུབ་པ་དེ་ནི་ཧ་ཅང་གཅེས་སུ་འོས་པའི་གོ་སྐབས་ཤིག་རེད། དེས་ན་ངས་ཀྱང་མཁན་རིན་པོ་ཆེ་ལ་ཁྱེད་ཀྱི་སྐུ་གཟུགས་ལ་ཐུགས་གཅགས་གནང་རྒྱུ་དང་། སྐུ་ཚེ་རིང་ཞིང་བདེ་ཐང་དང་ལྡན་པར་གསོལ་བ་འདེབས་རྒྱུར་མ་ཟད། ནམ་རྒྱུན་མར་བཞེས་རྒྱུ་ཉུང་ཙམ་གནང་རོགས་ཞེས་ཞུ་འདོད་བྱུང་།
ཐ་མ་འདིར་ངས་ལས་རིམ་འདི་ལ་མཇུག་སྡོམ་བྱེད་རྒྱུ་ཡིན་ཞིང་། ངས་མཁན་རིན་པོ་ཆེ་ལ་ལག་རྟགས་ཤིག་འབུལ་རྒྱུ་ཡིན། ངའི་བཏགས་མིང་ལ་ཨོའུ་པི་ཝང་ཁིན་ནོ་པི་ཟེར་ཞིང་((obi wan•kenobiགཟའ་སྐར་གྱི་གཡུལ་འགྱེད་ཅེས་པའི་གློག་བརྙན་ནང་གི་མི་སྣ་ཞིག) ངས་ད་ལྟ་མཁན་རིན་པོ་ཆེ་སྟེགས་བུའི་ཐོག་ཏུ་ཕེབས་རོགས་ཞུ་རྒྱུ་ཡིན། ངའི་རེ་བར་མཚམས་འདི་ནས་ང་ཚོ་ཚང་མ་མཉམ་ཞུགས་ཀྱིས་མཁན་པོ་མཆོག་དང་གཉུག་མའི་ནུས་ཤུགས་(原力གཉུག་ནུས་ནི་གཟའ་སྐར་གྱི་གཡུལ་འགྱེད་ཅེས་པའི་ནང་གི་(激光劍)སྐུལ་འོད་རལ་གྲིས་མཚོན་པའི་ནུས་པའི་ཁྱད་མིང་)འབྲལ་མེད་དུ་མཆིས་པར་སྨོན།
མཁན་རིན་པོ་ཆེའི་བཀའ་ཆོས་བོད་ཡིག་ཐོག་སྐད་སྒྱུར་གནང་གི་མེད་པས་མཚམས་འདི་ནས་ང་ཕྱི་ལ་ཐོན་ཆོག་པ་ཞུ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཉིན་དེའི་ཕྱི་ཉིན་ཡུལ་ངོས་སྐད་སྒྱུར་མཁན་གྱི་རྒྱ་སྐད་ཡི་གེར་ཕབ་པ་ཉིད་གཞིར་བཞག་གིས་སྒྱུར་བ་ཉིད། སླར་ཡང་ཚད་ལྡན་ཕུགས་ཕེལ་ཡོང་ཆེད་རང་སློབ་རྒྱ་དབྱིན་སྐད་གཉིས་སྨྲ་བའི་འབུམ་རམས་པ་དགེ་བསྙན་ཡེ་ལགས་ལ་མཁྱེན་བརྩེ་རིན་པོ་ཆེའི་གསུང་དབྱིན་སྐད་ཉིད་རྒྱ་ཡིག་ཏུ་བསྒྱུར་དུ་བཅུག་པའི་དཔེ་གཞི་རྩར་གཟུང་སྟེ་གཏན་ལ་ཕབ།
ཁོས་རྒྱ་ནང་དུ་མཁན་པོ་དང་མཉམ་དུ་ཆོས་ཚོང་མཉམ་རྒྱག་བྱེད་རྒྱུའི་ཐུགས་འདོད་ཡོད་པས་རེད། ཆོས་དཔོན་གྱིས་་ཆོས་དཔོན་ལ་ངོ་བསྟོད་བྱེད་པ་ནི་རང་གི་དགོས་ཀྱི་སླད་དུ་རེད། ཁོ་གཉིས་ཀྱི་ཚོང་དོན་མཉམ་འབྲེལ་འགྲིག་པ་ཤོག རྫོང་གསར་ཚང་གིས་ནུབ་ཕྱོགས་དང་རྒྱ་གར་ཚོང་ས་ཡག་པོ་མི་འདུག རྒྱ་ནག་ཡག་ག་འདུག་ཟེར། དེ་ན་ཁོ་རྒྱ་ནག་ལ་ཕེབས་འདོད་ཡོད་ས་རེད། ཕོེབས་དགོས་ན་རྒྱ་ནག་གི་ཁྲོམས་ས་ལ་ཆ་རྒྱུས་ཡོད་མཁན་ཞིག་ལ་འབྲེལ་བ་འཛུགས་དགོས་ཝ
ཁོའི་ཆོས་ཚོང་ས་ཡག་པོ་བྱུང་བ་ཡིན་ན། བོད་དོན་ཅི་ཞིག་བྱུང་ན་ཁྱད་པར་མེད་པས། བོད་ཀྱི་ཆོས་ཚོང་མཁན་ཚོས་རྒྱ་ནག་ནི་ཆོས་ཀྱི་ཚོང་ས་ཡག་པོ་ཞིག་ཏུ་མཐོང་བཞིན་ཡོད་ཅིང་། ནུབ་ཕྱོགས་ཀྱི་དངོས་བོ་དོན་གཉེར་བ་ཚོས་རྒྱ་ནག་ནི་དཔལ་འབྱོར་གྱི་ཚོང་ས་གལ་ཆེན་ཞིག་ཏུ་ལྟ་བས་བོད་ལ་ཁག་པོ་རེད་དོ།
མཁན་པོ་ཚུལ་བློ་ལ་རྟག་ཏུ་ཡི་རངས་དང་ཁོང་གི་དགོངས་པར་ཡི་རངས་སྐྱེ་བཞིན་ཡོད། ཁོང་གིས་ཆགས་སྡང་བྲལ་བའི་བཏང་སྙོམས་ཀྱི་དགོངས་པ་ཞིག་རྨང་གཞིར་བཅོལ་ནས། སྐྱ་སེར་དང་ཆོས་ལུགས་ཁག་ལ་དོ་འཁུར་ཞིག་བསྣམས། རྫོང་གསར་མཁྱེན་བརྩེ་མཆོག་གིས་གསུངས་པ་བཞིན། རང་གི་རྒྱབ་ལྗོངས་ཕལ་པ་དང་། འབྲོག་ཕྲུག་ཕལ་པ་ཞིག་གི་གནས་བབ་ཐོག་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་སྤེལ་ནས་སངས་རྒྱས་བསྟན་པ་དང་བོད་ཀྱི་རིག་གཞུང་ལ་གཅེས་སྤྲས་གནང་བཞིན་ཡོད། ཁོང་ངེད་ཚོའི་ཁྲོད་དུ་ཡོད་པ་ནི་ཤིན་དུ་ནས་དགའ་འོས་པའི་གནས་རེད་ལགས།
འོ་ན་ང་ལ་རྫ་བཀྲ་ཤིས་ཚེ་རིང་ལ་འདྲི་བ་ཞིག་ཡོད་པས། འདྲི་བ་འདིས་ངའི་དགེ་བ་ལ་བར་ཆད་ཡོང་བཞིན་པས། ཁྱེད་ཀྱིས་གྲོགས་མཛོད་ཅིག
ངའི་འདྲི་བ་ནི། རྫོང་གསར་མཁྱེན་བརྩེ་སྐྱ་སེར་གཉིས་ལས་གང་ལ་གཏོགས་སམ། མཚམས་རེ་ཁོང་གི་དགེ་སློང་གི་ཆས་བཞེས། སྐབས་རེ་སྐྱ་ཆས་བཞེས། གོ་ཐོས་ལ་འབྲུག་ལ་གསང་ཡུམ་ཡོད་ཟེར། འདི་ལ་མི་མང་པོ་ཞིག་གི་དོན་མེད་སྡིག་པ་གསོག་པའི་རྐྱེན་ཡིན་ན། ཁྱེད་ནས་ང་ལ་གསལ་བཤད་ཅིག་གནོངས་རོགས།
མཐར་བླ་མ་གཉིས་ཀྱི་དགེ་བའི་ལས་ལ་ཡི་རངས་དང་། སྐུ་ཚེར་བར་ཆད་མེད་པར་སྨོན་ལམ་དྲག་ཏུ་འདེབས་པའོ།
ཐུགས་རྗེ་ཆེ།
བསྟན་འཛིན་གྱི་སྐྱེས་ཆེན་རྣམ་གཉིས་འཇལ་འཕྲད་གནང་བ་ཧ་ཅང་དགའ། དམར་ལྟ་ཅན་ཚོའི་སྙིང་ལ་མཛེར་མ་ཞིག་གདབ་ཡོད་པ་འདིས་ཀྱང་ཁོང་གཉིས་ནི་བསྟན་པའི་མཛེས་རྒྱན་ཡིན་པ་གྲུབ་ཡོད། ཁ་གསོན་པོ་དང་ལག་ཤི་བོ་ཚོས་ནམ་ཡང་ཁོང་གཉིས་ལྟ་བུའི་རྐང་རྡུལ་ལ་ཡང་འགྲན་མི་ནུས།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་་ཆོས་རྒྱུད་རྙིང་མ་བ་རེད་དམ་ས་སྐྱ་བ་རེད་ངས་གསལ་པོར་མ་ཤེས་ནས་འདྲི་གི་ཡོད།
ལུང་རྟོགས་ཟེར་བའི་མི་འདིས་སྐད་ཆ་བཤད་སྟངས་ལ་གཅིག་ལྟོས་དང་། མྱི་ཆེན་བླ་ཆེན་ཚོའི་རྔ་མ་ལ་འཇུས་ནས་གཞན་གྱི་ཐོག་ཏུ་མཐོང་ཆུང་དང་ཁྱད་གསོད་བྱེད་སྟངས་འདི་ལ་གཅིག་ལྟོས་དང་། སྒེར་གཅོད་པའི་གོམ་གཤིས་ངན་པ་འདི་ལ་གཅིག་ལྟོས་དང་། མཁས་དབང་ཨ་ནུ་ཐང་བསོད་ནམས་ལགས་ཀྱི་ཚུལ་བློ་དང་རྫོང་གསར་གཉིས་ཀྱི་རྐང་པའི་རྡུལ་ལ་འགྲན་མི་ནུས་ཟེར།་་་་ཧཧཧ
དོན་དངོས་པོའི་ཐོག་ཏུ་ཚུལ་བློ་དང་རྫོང་གསར་གཉིས་ཀྱིས་ཡོན་ཏན་གྱི་ཐོག་ནས་ཨ་ནུ་ཐང་ལ་འགྲན་དགོས་ན་དཀའ་ལས་ཁག་པོ་རེད། ལས་སླ་མོ་མ་རེད། ཨ་ནུ་ཐང་གིས་རྐང་པའི་རྡུལ་ལ་འགྲན་མི་ནུས་ཟེར་བ་འདི་ལས་ཧམ་བཤད་ཚ་བ་ཞིག་ག་རེ་ཡོད་དམ། ལྷ་ཆོས་མི་ཆོས་གང་གི་ཐོག་ནས་ཡིན་ནའང་འདྲ། འཛམ་གླིང་ཤར་ནུབ་གཉིས་ཀྱི་རིག་གནས་གང་ཐོག་ནས་ཡིན་ནའང་འདྲ། ཨ་ཐང་ཡག་བ་མེད་ནའང་ཁོ་གཉིས་ཨ་ནུ་ཐང་ལས་ལྷག་ཞིག་མིན་པ་ནི་མཐོང་ལག་ཟིན་རེད་བ།་་་་ཧཧ གཅིག་རེད།
དམར་ལྟ་ཅན་ཟེར་ན་ག་རེ་རེད་དམ། མ་ཁེ་སི་ཡི་ལྟ་གྲུབ་ལ་དགའ། མའོ་ཚན་ཏུང་གི་སི་ཞག་ལ་དགའ་ཟེར་མཁན་ཏ་ལེ་བླ་མ་རེད་ད། དམར་ལྟ་ཅན་ཨེ་རེད།
ལོང་རྟོགས་ཁྱོད་རང་དམར་ལྟ་ཅན་ཡིན་པ། དམར་པོའི་རྩ་ཁྲིམས་འདུལ་བའི་བཅའ་ཁྲིམས་ཁུར་ཁུར་བྱེད་ཀྱི་ཟེར་མཁན་ཡིན་པ། ག་རེ་བཤད་ཀྱི་ཡོད་དམ།་་་
ཁྱེད་ཚོས་ཅི་བཤད་ན་བཤད་ང་ནི་ཁོང་གཉིས་མཇལ་བར་དགའ།།
གང་ལྟར་ཁོང་གཉིས་ནི་ས་སྒོང་འདི་འགུལ་བསྐྱོད་གཏོང་བཞིན་པའི་སངས་རྒྱས་ཆོས་ལུགས་པ་མ་འདྲ་བ་གཉིས་རེད། །
གསེར་རྟའི་བླ་རུས་ཚང་གི་ལས་དབང་ཐུར་དུ་ཁྲིད་མཁན་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མི་མང་པོ་དགའ་བ་ཆགས་བཅུག་མཁན་གཙོ་བོ་ལུང་རྟོགས་ཟེར་བ་འདི་དང་རྒྱ་བླ་ཚེ་བཀྲ་ཁྱོད་ཚོའི་གྲལ་ཡིན། མ་ཟད་ཁྱོད་གཉིས་ཀྱིས་གསེར་རྟའི་བླ་རུང་ཚང་གི་ཏྲེ་ཧོར་ཁམས་པ་མཁན་པོ་བསོད་ནམས་དར་རྒྱས་དང་ཡེ་ཤུ་ཆོས་ལུགས་བར་དུ་དཀྲུགས་གཞི་བཞག་ཡོད།
མཁན་པོ་བསོད་དར་ནུབ་ཕྱོགས་ཡེ་ཤུ་བའི་ལུང་པའི་ནང་དུ་ཆོས་འཆད་ཁྲིད་ཀྱི་མཛད་འཕྲིན་རྒྱས་པས་སྐབས་སུ་ཁྱོད་གཉིས་ཀྱིས་བསོད་དར་གྱིས་ཀྲུང་་གོའི་ནང་པ་ཚོས་ཡེ་ཤུ་འཁྲུངས་སྐར་མཚམས་འདྲི་བྱེད་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་མི་བསུ་བར་བློ་ཕམ་ཡོད་ལུགས་ཀྱི་ཡིག་ཆ་ཞིག་དྲ་རྒྱའི་ཐོག་ཏུ་བསྒྲགས་ཡོད།
ཡིག་ཆ་རྒྱ་ཡིག་བོད་ཡིག་ཤན་སྦྱར་ཅན་ཞིག་རེད། འབྲི་མཁན་མཁན་པོ་བསོད་དར་རེད་ཅེས་ཁྱོད་གཉིས་ཀྱིས་བསྒྲགས་ཡོད། བསོད་དར་ཡིན་པའི་ཁུངས་བསྐྱལ་ཁྱོད་གཉིས་ལ་མེད། རྫུན་བསྒྲགས་ཡིན་ཟོལ་འདུག ཁུངས་བསྐྱལ་དགོས་ཅེས་བཤད་ཀྱང་ཁྱོད་གཉིས་ཀྱིས་ལན་བརྒྱབ་མེད། ཁུངས་བསྐྱལ་མེད་ལུགས་ལ་བལྟས་ན་བསོད་དར་གྱི་མཛད་འཕྲིན་ནུབ་ཕྱོགས་སུ་རྒྱས་མི་ཐུབ་པའི་ཆེད་དུ་ཁྱོད་གཉིས་ཀྱིས་རྫུན་བཟོ་བྱས་ཡིན་ནམ་ཞེས་་་་་་དྲི་བ་ཡིན།
ནོར་བཅོས།།
གསེར་རྟའི་བླ་རུང་ཚང་གི་ལས་དབང་ཐུར་དུ་ཁྲིད་མཁན་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་མི་མང་པོ་མི་དགའ་བ་ཆགས་བཅུག་མཁན་གཙོ་བོ་ལུང་རྟོགས་ཟེར་བ་འདི་དང་རྒྱ་བླ་ཚེ་བཀྲ་ཁྱོད་ཚོའི་གྲལ་ཡིན། མ་ཟད་ཁྱོད་གཉིས་ཀྱིས་གསེར་རྟའི་བླ་རུང་ཚང་གི་ཏྲེ་ཧོར་ཁམས་པ་མཁན་པོ་བསོད་ནམས་དར་རྒྱས་དང་ཡེ་ཤུ་ཆོས་ལུགས་བར་དུ་དཀྲུགས་གཞི་བཞག་ཡོད།
མཁན་པོ་བསོད་དར་ནུབ་ཕྱོགས་ཡེ་ཤུ་བའི་ལུང་པའི་ནང་དུ་ཆོས་འཆད་ཁྲིད་ཀྱི་མཛད་འཕྲིན་རྒྱས་པས་སྐབས་སུ་ཁྱོད་གཉིས་ཀྱིས་བསོད་དར་གྱིས་ཀྲུང་་གོའི་ནང་པ་ཚོས་ཡེ་ཤུ་འཁྲུངས་སྐར་མཚམས་འདྲི་བྱེད་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་མི་བསུ་བར་བློ་ཕམ་ཡོད་ལུགས་ཀྱི་ཡིག་ཆ་ཞིག་དྲ་རྒྱའི་ཐོག་ཏུ་བསྒྲགས་ཡོད།
ཡིག་ཆ་རྒྱ་ཡིག་བོད་ཡིག་ཤན་སྦྱར་ཅན་ཞིག་རེད། འབྲི་མཁན་མཁན་པོ་བསོད་དར་རེད་ཅེས་ཁྱོད་གཉིས་ཀྱིས་བསྒྲགས་ཡོད། བསོད་དར་ཡིན་པའི་ཁུངས་བསྐྱལ་ཁྱོད་གཉིས་ལ་མེད། རྫུན་བསྒྲགས་ཡིན་ཟོལ་འདུག ཁུངས་བསྐྱལ་དགོས་ཅེས་བཤད་ཀྱང་ཁྱོད་གཉིས་ཀྱིས་ལན་བརྒྱབ་མེད། ཁུངས་བསྐྱལ་མེད་ལུགས་ལ་བལྟས་ན་བསོད་དར་གྱི་མཛད་འཕྲིན་ནུབ་ཕྱོགས་སུ་རྒྱས་མི་ཐུབ་པའི་ཆེད་དུ་ཁྱོད་གཉིས་ཀྱིས་རྫུན་བཟོ་བྱས་ཡིན་ནམ་ཞེས་་་་་་དྲི་བ་ཡིན།
ཡེ་ཤུའི་འཁྲུངས་སྐར་དགག་པ་བརྒྱབ་མཁན་ཞིག་ཡེ་ཤུ་བའི་ལུང་པའི་ནང་དུ་མཛད་འཕྲིན་རྒྱས་ཐུབ་ཀྱི་རེད་དམ། དབང་ཕྱུག་ཆེན་པོའི་དུས་ཆེན་ལ་དགག་པ་བརྒྱབ་མཁན་ཞིག་རྒྱ་གར་ལུང་པའི་ནང་དུ་མཛད་འཕྲིན་རྒྱས་སྲིད་ཀྱི་རེད་དམ། ཨ་ལ་དགག་མཁན་ཞིག་པ་ཀི་སི་ཐན་ནང་དུ་ཕྱིན་ན་སྲོག་འགོ་ཐོན་གྱི་རེད་དམ། ཚང་མས་ཤེས་གསལ་རེད་བ། ཁྱོད་གཉིས་ཀྱིས་བླ་རུང་ཚང་ལ་དགའ་མདོག་དང་ཤ་ཞེན་ཆེ་མདོག་བྱས་ནས་དོན་དངོས་ཐོག་བླ་རུང་ཚང་ལ་གནོན་བསྐྱལ་པའི་ལྐོག་ཇུས་སྦེལ་བཞིན་ཡོད་པ། འདི་གསལ་པོ་རེད་འདོད།
ཡང་འཇུག་ད་ས་གཉིས་ཀྱི་རྗེས་སུ་ཡང་འཇུག་ཏ་ཡི་ཅིག་གསར་དུ་སྐྱེས་འདུག ཆེད་རྩོམ་ཚར་གཅིག་མིག་ཤར་བྱས་མཚམས། སུས་སུ་ལ་ལབ་བགྱིད་ཡོད་མེད་ཧ་ཡང་གོ་ཐུབ་མ་སོང་།
ང་རང་མཁན་པོ་ཚུལ་བློ་དང་མཁན་པོ་བསོད་དར་གཉིས་ལ་ཁྱད་མེད་ཀྱིས་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་ཡིན། ཁོང་གཉིས་ཀ་རྒྱ་ནག་དང་ཧོང་ཀོང་གི་སྐད་གྲགས་ཆེ་བའི་སློབ་ཆེན་ཁག་དང་ཤེས་ཡོན་བསྟི་གནས་ཁག་ཏུ། དུས་ངེས་མེད་དུ་ཕེབས་ཏེ་ཆོས་འཆད་ཁྲིད་དང་གཏམ་བཤད་སོགས་སྤེལ་ཏེ། མཛད་པ་མཐའ་ཡས་པ་བསྐྱངས་དང་སྐྱོང་བཞིན་འདུག ངོ་མ་ཡིད་སེམས་འགུལ་བ་ཞིག་འདུག(ཡུ་ཊུ་ལ་གཟིགས།ངས་རྟག་
པར་ཁོང་གཉིས་ཀྱིས་རྒྱ་སྐད་བཀའ་སློབ་ལ་ཉན་གི་ཡོད།) ད་ཆར་ཁོང་གཉིས་ཀར་རྒྱ་རིགས་དད་ལྡན་རྗེས་འབྲངས་པ་ས་ཡ་བརྒལ་བ་རེ་ཡོད་ཚོད་འདུག
ཡིན་ཡང་ཁོང་གཉིས་ལས་སུ་ཞིག་སྐད་གྲགས་ཆེ་མིན་དང་བླ་ཐོབ་སུ་མཐོ་མིན་དེ་ཤེས་མ་སོང་ཡང་ང་ལ་ནི་གཅིག་པ་རེད། གཉིས་ཀ་ཚད་དང་ལྡན་པ་འདུག མཁས་བཙུན་བཟང་གསུམ་རེད། རྒྱ་སྐད་ནི་ཆུ་རྒྱུགས་རྒྱུགས་རེད། བོད་སྐད་ནི་ཨ་མདོའི་འབྲོག་སྐད་འདྲ་བོ་ཞིག་གསུང་བསྡད་གི་འདུག
རྫ་ཚེ་འདི་ཡིས་ཡང་ཚུལ་རྫོང་གཉིས་ལ་སྐྱོན་བརྗོད་བྱེད་རྒྱུའི་རྒྱུ་རྐྱེན་བཟོས་སོང། གང་ལྟར་སྐྱོན་ཡིན་གང་ཡུན་རུང་གླེང་ཆོག་པ་ཞིག་རེད་གལ་སྲིད་སྐྱོན་གླེང་ཆོག་གི་མེད་ན་ཁ་བརྡའི་ནང་དུ་གནས་ཚུལ་དེ་རིགས་མ་སྤེལ་ན་ཡག་གི་རེད་་་་
ཅོ་རི། མི་ཆེན་བླ་ཆེན་ཚོས་གང་གནང་ཐམས་ཅད་སྐྱོན་དུ་ལྟ་བ་འདིས་སྟེང་ནས་ཁྱེད་རང་མིག་ཡ་ཅིག་ཞ་ར་ཡིན་པ་སྟན་འདུག ངས་ནི་མི་ཆེན་བླ་ཆེན་ཡིན་ན་འདྲ་མི་ཆུང་བླ་ཆུང་ཡིན་ན་འདྲ། གང་ལྟར་སུས་བསྟན་སྲིད་དང་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ཀྱི་ཡོད་ན། སུ་ལ་སྐྱེས་བུ་དམ་པའི་ཡོན་ཏན་ཞིག་ཡོད་ན་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་གུས་བཀུར་ཞུ་ཡི་ཡོད། ཁྱོད་ཚོས་མི་ཆེན་བླ་ཆེན་ཞིག་ཡིན་ཕྱིན་ཆད་དེའི་མཛད་རྫེས་དང་ཡོན་ཏན་ལ་མི་ལྟ་བར་ཁ་གཏོང་རྐྱང་བྱེད་པ་འདིས་སྟེང་ནས། ཁྱོད་ཚོ་ནི་ཕྱོགས་རིས་དང་ཆགས་སྡང་གི་དུག་ཆུས་མྱོས་པའི་སྨྱོན་པ་ཞིག་ཡིན་པ་གསལ་པོ་སྟན་ཡོད། གཞན་ཡང་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་ལ་བུ་ཕས་བསྟོད་མི་དགོས་དགྲས་བསྟོད། བུ་མོ་མས་བསྟོད་མི་དགོས་གནས་ཀྱིས་བསྟོད་པའི་དཔེ་བཞིན། ནུབ་ཕྱོགས་པ་དང་རྒྱ་མི་ཁྲི་འབུམ་མང་པོས་དད་གུས་དང་བཀའ་སློབ་ཞུ་ཡུལ་དུ་གྱུར་ཡོད་པ་འདིས་ཁོང་གཉིས་ལ་ཡོན་ཏན་ཅི་འདྲ་ཞིག་ཡོད་མེད་གྲུབ་ཡོད་པ་རེད། དེས་ན་ཨ་ནུ་ཐང་ལྟ་བུའི་དམར་ལྟ་ཅན་གྱི་དྲ་འབུ་ཞིག་དང་ཁོང་གཉིས་བསྡུར་བ་ནི་ཉི་མ་དང་སྲིན་བུ་མེ་ཁྱེར་བསྡུར་བ་རང་རེད། དམར་པོའི་རྩ་ཁྲིམས་འོག་ལ་འགྲོ་ན་དམར་ལྟ་ཅན་ཡིན་པས་མ་ཁྱབ། བོད་ནང་གི་བླ་གྲྭ་ཁྲི་ཁྲག་མང་པོ་དེ་དག་ཆོས་ཅན། དམར་པོའི་རྩ་ཁྲིམས་འོག་ལ་ཡོད་པ་གང་ཞིག དམར་ལྟ་ཅན་མ་ཡིན་པའི་ཕྱིར།
གསེར་རྟ་བླ་རུང་ཚང་གི་ལས་དབང་མེ་ལྕེ་བཞིན་དུ་འབར་བཞིན་པ་རེད་ལ། ཉི་མ་བཞིན་དུ་གསལ་བཞིན་པ་རེད། བླ་རུང་ཚང་གི་ལས་དབང་ཐུར་དུ་ཁྲིད་མཁན་ཞིག་མི་འདུག ཁྲིད་བསམ་ན་ཡང་སྟོང་བསམ་རེད། ང་དང་ཁྱོད་ལྟ་བུའི་ཚིག་བཟང་ངན་ཁ་ཤས་ཀྱིས་བླ་རུང་ཚང་ལ་ཕན་གནོད་གང་ཡང་མེད་པ་རེད། དེ་ཤེས་པར་གྱིས་ལ་མིག་ཚ་མ་བཅུག་དུས་ཚོད་འཕྲོ་བརླག་ལ་མ་གཏོང་། གོ་ཨེ་སོང་ཅོ་རི་བུ།
ངས་དྲ་རྒྱའི་ནང་ལ་དགོན་གནས་དེའི་འཁྲིས་སུ་མི་རོ་བྱ་གཏོར་བྱེད་མཁན་གྲྭ་གཞོན་གཅོད་གཏོང་མཁན་ཅིག་འདུག ཁོང་གི་གཟིམ་ཁང་གསར་པ་ཞིག་བཟོ་བཞིན་ཡོད་པའི་ནང་ལ་ཁོང་གི་བཟའ་ཟླ་བུད་མེད་གཅིག་དང་། ཁོང་གཉིས་ལ་ཕྲུ་གུ་ཆུང་ཆུང་ཅིག་ཀྱང་འདུག ཨ་གྲྭ་གཟུགས་འདི་ལ་ཡང་། སྐྱེས་དམན་འདུག་སྙམ་ནས། ད་གྲྭ་བཙུན་གཞན་པ་ཚོ་ཡང་གདུལ་ཁྲིམས་ག་འདྲ་ཡོད་དམ་སྙམ་ནས། དད་པ་དང་ཐེ་ཚོམས་འདྲེས་པ་ཅིག་མི་འདོད་བཞིན་བློ་ལ་འཆར་བཞིན་འདུག། །།
སྙིགས་མའི་དུས་ཀྱི་ཆོས་ལུགས་ཚོང་པ་རྫོང་མཁྱེན་ཟེར་བ་དང་ཀྲུང་དབྱང་གི་ལག་ཆ་ཚུལ་བློ་ཟེར་བ་གཉིས་ལ་ནམ་ཡང་དགའ་བོ་མེད་དོ།
ཕ་རན་སི་ཡུལ་དུ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་་ ༡༩༩༦ ༡༩༩༨ ༡༩༩༩ ༢༠༠༠ དབུ་མ་ལ་འཇུག་པ་རྩ་བ་་དང་། དེའི་འགྲེལ་པ་གོ་རམས་པ་བསོད་ནམས་སེངྒེས་མཛད་པ་དང་འབྲེལ་གསུང་བཤད་མཛད་པའི་འབྲས་བུར་ཤོག་ལྡེབས་༤༦༡ཙམ་ཡོད་འི་ཨིན་དེབ་དབུ་མའི་གཞུང་ལ་སློབ་སྦྱོང་བྱེད་པའི་དེབ་མཆོག་གྱུར་ཅིག་བྱུང་། སྐལ་བ་བཟང་པོའམ་བསོད་ནམས་ཀྱིས་དེབ་དེ་བདག་གི་གློག་ཀླད་ཆས་སུའང་སླེབས་པས། ལོ་ངོ་༡༠༠ལྷག་སྔོན་དུ། ལོཨུཨིས་ དེ་ ལ་ ཝ་ལླེཨེཨེ་ པོཨུསྶིན མཆོག་གིས་གཏན་འབེབས་སྤར་བསྐྲུན་བྱས་པའི་དབུ་མ་འཇུག་པའི་རྩ་བ་དང་། རྫོང་གསར་རིན་པོ་ཆེའི་ཨིན་འགྱུར་གཉིས་བསྡུར་ཀློག་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད་པས། དེ་ལྟར་མཛད་པ་པོ་རྣམས་ལ་བཀའ་དྲིན་ཆེའོ་ཞེས་ཞུ་འོས་སོ།
“ནམ་རྒྱུན་མར་བཞེས་རྒྱུ་ཉུང་ཙམ་གནང་རོགས་ཞེས་ཞུ་འདོད་བྱུང་།” ཁོ་བོས་ཀྱང་ལོ་མང་སྔོན་དུ། ཨ་མདོ་དགེ་བཤེས་ཐུབ་བསྟན་ལ་མར་དང་ཚི་ལུ་ཅན་ཤ་མ་བཞེས། ཞེས་ཞུས་པར་དགེ་བཤེས་ཀྱིས་ལ་དྭགས་ལ་མར་དང་ཤ་མེད་པས་སོ། ཞེས་གསུངས། གཞན་ཡང་བདག་གིས་ཨིན་ཡིག་གསར་ཤོག་ཏུ་བོད་ན། ཨ་མདོའི་ཡུལ་དུ་མི་ཚེ་ཐུང་ཤོས་ཡིན་འདུག་ཅེས་པ་བཀླགས་པ་དངོས་གནས་ཡིན་ནོ།
ཡུལ་རྫ་རྒྱུད་ཀྱི་མཁན་ཆེན་ཚེ་རིང་བཀྲ་ཤིས་ཀྱིས་གསུང་བསྒྱུར་ཡག་པོ་གནང་སོང་། བཀའ་དྲིན་ཆེ། ངོ་མ་ཚུལ་ཁྲིམས་བློ་གྲོས་དང་རིས་མེད་བསྟན་པ་འཛིན་པའི་བཀའ་བབས་བདུན་གྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཁོང་རྣམ་པ་གཉིས་དེང་དུས་རྒྱལ་བསྟན་གྱི་སྲོག་ཤིང་འཛིན་པའི་ཤར་ནུབ་ཀྱི་མཁས་དབང་དང་། བསྟན་འགྲོའི་དོན་ཁོ་ན་ཐུགས་ལ་དགོངས་ཕྱག་ལས་གནང་བ་ལས་སོ་སོའི་ཁང་ཁྱིམ་གྱི་མ་རྩ་ཤོར་པའི་མི་ལ་རས་པའི་ཁྲབ་སྟོན་ཚོགས་པ་དང་གཏན་ནས་མི་འདྲ། དེས་པ་དམ་པ་ཁོང་རྣམ་པ་ཕྲིན་ལས་རྒྱས་པར་ཤོག མཁན་ཆེན་ཚང་གིས་ད་ཐེངས་དོལ་ཚོགས་ཅོ་རིའི་དྲི་བ་ལ་ལན་ངེས་པར་རྒྱག་དགོས་ཡོད། ལེགས་ཆ་སོ་བླུན་པོའི་ངག་ནས་ལན་ཞེས་པ་བཞིན་དྲ་ཐོག་ལ་རྒྱ་བོད་ཤན་སྦྱར་ཡེ་ཤུའི་དུས་སྟོན་ལ་ཟུར་ཟ་བ་ཞིག་དངོས་སུ་ཐོན་ཡོད། གཅིག་བྱས་ན་ཅོ་རི་འམ་དོལ་འདྲེ་འདི་ཚོས་བཟོས་པ་ཡིན་སྲིད། མཁན་ཆེན་བསོ་དར་རྒྱས་དང་ལོ་ཙྰ་བ་རྫ་ཚེ་རིང་བཀྲ་ཤིས་ནས་བསྒྱུར་ཞེས་བཤད་ཡོད་པས་དེ་ལུགས་ཞུ།
སླར་དོན་་་ཟླ་རྒྱུད་མཁན་ཆེན་མཆོག་གིས་རྒྱལ་དབང་གོང་ས་མཆོག་གིས་བཞེད་དགོངས་བཞིན་དུ་རང་ལུགས་དབུ་མའི་ལམ་ལ་ཕྱག་ལས་གནང་བར་དགའ་བཞིན་དང་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།
རྫོང་གསར་མཁྱེན་བརྩེ་ནི་བོད་ལ་ཤ་ཚ་མཁན་ཞིག་ཡིན་པའི་ཚོར་སྐྱེས་མ་སོང་། ནམ་རྒྱུན་རྒྱ་རིགས་དང་འབྲུག་ལ་འཁྱམ་ནས་ཅིག་བྱེད་མདོག་སྟོན་མཁན་ཞིག་མ་གཏོགས་མཐོང་མྱོང་མེད། མཐོང་དགོས་ཀྱང་མེད། ཚུལ་བློ་ནི་བོད་ནང་གི་བསྐལ་བ་སྟོང་གི་འབྲོག་པ་རྣམས་ལ་ཤ་བཅད་དུ་བཅུག་སྟེ་བོད་ཀྱི་འབྲོག་པ་རྩ་མེད་གཏོང་མཁན་ཞིག་རེད། ཁོ་དང་ཁོ་ལྟ་བུ་ཚོ་ཐུག་ན་ཡང་བོད་བསྟན་སྲིད་ལ་ཉག་ཙམ་ཕན་ཐོགས་མེད། པན་ཆེན་རིན་པོ་ཆེ་མེད་དུས་ནས་ང་ནི་བོད་ཀྱི་སྤྲུལ་སྐུ་འདི་ཚོར་རྩ་ནས་དགའ་བོ་མེད་ལ། ཡིད་ཆེས་ཉག་ཅིག་མེད།
ལོང་རྟོགས་ལགས། བླ་རུང་ཚང་གི་མཛད་འཕྲིན་ལ་མིག་ཚ་ནས་ཡེ་ཤུའི་ཆོས་ལུགས་པ་ཚོ་དང་དགྲ་ཁ་གཏོད་བཟོ་ཨེ་ཐུབ་བལྟ་མཁན་རྒྱ་བླ་ཁྱོད་གཉིས་རེད། བླ་རུང་ཚང་གི་མཁན་པོ་བསོད་དར་མི་གསོན་པོ་བཙོང་མཁན་རྒྱ་བླ་ཁྱོད་གཉིས་རེད། ཁྱོད་གཉིས་ལ་བླ་རུང་ཚང་དང་ཡེ་ཤུ་བ་གཉིས་ཀྱི་བར་དུ་འགལ་ཟླ་བཟོ་ཐུབ་ན་ཁེ་ཕན་ག་རེ་ཡོད་དམ། ཇུས་ངན་དེ་འདྲ་ཞིག་ལམ་སྟོན་མཁན་སུ་དང་སུ་ཡོད་དམ། ལན་ཁྱེར་ཤོག ཨ ཁྱོད་ཚོ་བསམ་པ་ངན་པ་དེ་འདྲ་ག་རེ་རེད་དམ།
ཁྱོད་གཉིས་ཀྱིས་བླ་རུང་ཚང་ལ་དགའ་མདོག་དང་གུས་མདོག་བྱེད་ཀྱི་མཚམས་ཞོག སེང་གེའི་ཁོག་པ་འབུས་བཟའ་བ་ལྟ་བུ་བཟོ་འདོད་ཡོད་གསལ་པོ་ཡིན་པ།
ར་མིན་ལུག་མིན་སུ་ཡིན་ནའང་དེ་ལ་མོས་མཐུན་མེད་ཡིན་ནའང་རྫོང་གསར་རིན་པོ་ཆེ་འདི་ཚུལ་ཆོས་མི་བྱེད་མཁན་གྱི་སྤྲུལ་སྐུ་ཞིག་རེད་འདུག་བསམ་པ་བྱུང། ཁོ་རང་གིས་ཀྱང་ངས་གང་མ་བྱུང་བྱེད་ཀྱི་རེད་བཤད་སོང་ང་་་་དེ་མིན་ཕྱི་ཚུལ་གསེར་གྱི་མཆོད་རྟེན་ནང་ཁྲིམས་སྐྱག་པ་སྐམ་པོའི་རིགས་ལ་མོས་མཐུན་མེད།
ལོང་རྟོགས་ཁྱོད་ཀྱི་གོམས་གཤིས་ངན་པ་དེ་ལ་ཧང་སང་གི་ཡོད། རྫོང་གསར་དང་ཚུལ་བློ་གཉིས་ཀྱི་རྐང་པའི་རྡུལ་ལ་འགྲན་མི་ནུས་པའི་མི་ཞིག་ཡོད་མི་སྲིད་པ་རེད། རྫོང་གསར་དང་ཚུལ་བློ་གཉིས་ཀྱིས་ཀྱང་དེ་འདྲ་ཁས་ལེན་ཀྱི་མ་རེད། ཨ་ནུ་ཐང་་་་་་ཁོ་གཉིས་ཀྱི་རྐང་པའི་འོག་གི་རྡུལ་ལ་ཡང་འགྲན་མི་ནུབ་བསམས་མདོག་ཁག་པོ་མ་རེད།
སྒེར་གཅོད་ཀྱི་གོམས་གཤིས་མ་དོར་བའི་ལོང་རྟོགས་ཁྱོད་ལྟ་བུ་ཚོས་སྐད་ཆ་དེ་འདྲ་བཤད་ཀྱི་རེད། ཉམ་ཆུང་མི་དམངས་ཚོ་བླ་ཆེན་མི་ཆེན་ཚོའི་རྐང་འོག་གི་རྡུལ་དང་འབུ་གྲོ་མ་ལྟ་བུ་རེད་ཟེར་ནས་མཉའ་གནོན་བྱས་བྱས་ཀྱིས་་་་དོལ་ཚོགས་ཀྱིས་ཏ་ལའི་བླ་མའི་འདྲ་དཔར་ག་འདྲ་བཟོས་མི་འདུག་གམ། ཏ་ལའི་བླ་མའི་རྐང་འོག་ཏུ་མི་མང་པོའི་་མགོ་ཡོད་པའི་འདྲ་དཔར་བཟོས་ནས་ངོ་རྒོལ་བྱས་ཀྱི་འདུག་ག
མི་སེར་ཉམ་ཆུང་ཚོ་ལ་བླ་ཆེན་ཚོའི་རྐང་འོག་གི་རྡུལ་ལ་ཡང་འགྲན་པའི་ནུས་པ་མེད་ཟེར་ནས་ལག་གཡོག་ངན་པ་ཁྱོད་ལྟ་བུ་ཚོས་ཉམ་ཆུང་མཉའ་གནོན་བྱས་ཀྱི་མང་སོང་བས་མཇུག་འབྲས་རེད། ཤེས་སོང་ངམ། ཁྱོད་ཀྱིས་སྒེར་གཅོད་པའི་གོམས་གཤིས་ངན་པ་དེར་དོར་ནས་རང་དབང་དང་འདྲ་མཉམ། རང་བདེན་དང་དམངས་གཙོའི་ལམ་དུ་འགྲོ་ཐུབ་པའི་རེ་བ་ཡོད།
ཆེན་པོ་བོད་ཀྱི་མི་སེར་ཉམ་ཆུང་ཚོ།
བླ་སྤྲུལ་འདི་ཚོའི་རྐང་འོག་ཐ་རྡུལ་ལས།
ནུས་པ་མེད་ཅེས་ངར་སྐད་བསྒྲགས་ཉིན་མོར།
འགྲོ་བ་མི་ཡི་ཐོང་ཐང་མ་དབང་ཐལ།
རྐང་འོག་ཐ་རྡུལ་ཙམ་གྱི་མི་ལུས་ཅན།
སྒེར་གཅོད་བླ་མའི་རྐང་པ་ཆེན་པོ་དེས།
ཉམ་ཆུང་མགོ་ནས་མནན་པའི་ལས་དབང་འདིས།
རང་དབང་དམངས་གཙོའི་ཐོབ་ཐང་མ་སྤྲད་ཐལ།
རྐང་འོག་ཐ་རྡུལ་ཙམ་གྱི་ནུས་མེད་པའི།
ས་སྟེང་གདོང་དམར་བོད་ཀྱི་ཉམ་ཆུང་ཚོས།
ད་ནི་མགོ་བོ་མ་སྒུར་གྱེན་དུ་ལོངས།
སྒེར་གཅོད་ལམ་ལུགས་འོག་ནས་ཐར་ཐབས་བྱོས།།
གསར་འགྱུར་གལ་ཆེན་ཞིག
http://www.tibettimes.net/news.php?showfooter=1&id=9721
ལུང་རྟོགས། ཁྱེད་ཀྱིས་ཕྲན་ནི་དམར་ལྟ་ཅན་ཡིན་ཚུལ་གསུངས་ཀི་འདུག དམར་ལྟ་ཡིན་པའི་རྒྱུ་མཚན་ཁ་གསལ་ཞིག་གསུངས་རོགས་གནང་། ནུབ་ཕྱོགས་ནས་དར་བའི་དེང་རབས་ཀྱི་ལྟ་བ་ལ་གཉིས་ཡོད་ཅིང་། གཅིག་ནི་དམར་པོའམ་གུང་ཁྲན་གྱི་ལྟ་བ་དང་། དཀར་བོའམ་མང་གཙོའི་ལྟ་བ་རེད། གལ་སྲིད་རྒྱུ་མཚན་རྣམ་དག་མེད་ན། སྐུ་ཉིད་བདེན་དོན་དང་འགལ་ཞིང་། སྐུ་དབང་ལམ་ལུགས་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་ཆགས་པས། དམར་ལྟ་ལས་ཀྱང་སྡུག་ཏུ་ཆགས་པ་རེད།
མ་གཞི་ཕྲན་ལ་དམར་ལྟ་དང་དཀར་ལྟ། ཆོས་ལྟ། སྐུ་ལྟས་སོགས་གང་ཞིག་སྨོས་ཀྱང་ཁྱད་པ་མེད་ཀྱང་། སྨྲས་བ་དེ་བདེན་དོན་དང་མཐུན་པའམ། ཡང་ན། ཚད་ལྡན་གྱི་སྒྲུབ་བྱེད་ངེས་ཅན་ཞིག་ཡོད་ན་ཉན་འདོད་ཡོད་པ་ལས། རྩོད་པ་བྱེད་འདོད་མེད། རྒྱུ་མཚན་ནི། ཕྲན་གྱིས་གང་ཞིག་བྲིས་ཀྱང་ཞེན་ཁོག་ཁོ་ན་མིན་པ་ག་དུས་ཡིན་ཞིང་བདེན་དོན་དང་གནས་ལུགས་ལ་གུས་བཀུར་བྱེད་རྒྱུའི་མོས་བ་ཡོད་མཁན་ཞིག་ཡིན་པས་ཡིན། མ་འགྲིག་པ་ཡོད་ན། དགོངས་དག་ཡོད།
ཅོ་རི། ངས་བླ་རུང་ཚང་དང་ཡེ་ཤུའི་ཆོས་ལུགས་བར་ལ་འགལ་ཟླ་ཅི་ཞིག་བཟོས་སོང་། མཁན་ཆེན་བསོད་དར་རྒྱས་ཀྱིས་བརྩམས་ཤིང་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་བྱང་འཁོད་པའི་ཡེ་ཤུའི་འཁྲུངས་སྐར་གཏོང་མི་འོས་ཚུལ་གྱི་ཡི་གེ་དེ་ངས་བརྒྱུད་སྐུར་བྱས་པ་ཡིན། དེ་ནི་ཡི་གེ་དེའི་ནང་དོན་རང་ཉིད་ཀྱི་ལྟ་ཚུལ་དང་མཐུན་ཕྱོགས་ཡིན་པའི་རྐྱེན་གྱིས་ཡིན། དེ་ཙམ་གྱིས་འགལ་ཟླ་བཟོ་མཁན་ཡིན་ན་ཡི་གེ་དེ་བརྒྱུད་སྐུར་བྱེད་མཁན་མི་ཧ་ཅང་མང་པོ་བྱུང་སོང་བས་དེ་ཐམས་ཅད་འགལ་ཟླ་བཟོ་མཁན་ཨེ་རེད། ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཀྱི་རེད་བསམ་སོང་ངམ། སྟོང་བསམ་མ་འཆང་ཞིག ཁྱོད་རང་གིས་རིན་ཆེན་མི་ལ་ཁྲི་སྐོར་དང་། མདོ་བ་རྟ་ལ་རྒྱ་སྐོར་ཞེས་པའི་བོད་ཀྱི་གཏམ་དཔེ་དེ་གོ་ཨེ་མྱོང་། བར་ཁྱད་ཆེ་དགོས་ན་འཇིག་རྟེན་མི་ལས་བར་ཁྱད་ཆེ་བའི་དངོས་པོ་ཞིག་མེད་པ་རེད། མི་བཟང་ཤོས་དེ་ཚོ་ནི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་གི་རེད་ལ། མི་སྡུག་ཤོས་དེ་ཚོ་ནི་སྒོ་ཁའི་ཁྱི་རྒན་ལས་ཀྱང་ཧ་ཅང་སྡུག་གི་རེད། དེ་ཡིན་མིན་སྤྱི་ཚོགས་ནང་ལ་ཞིབ་ལྟ་ཞིག་བྱས་ན་ཤེས་ཡོང་། དེས་ན་མི་ངན་ཚོས་སྐྱེས་བུ་དམ་པའི་རྐང་རྡུལ་ལ་ཡང་འགྲན་མི་ནུས་པ་འདི་ནི་དངོས་ཡོད་དང་འཚམས་ཤིང་གནས་ལུགས་དང་མཐུན་པ་ཞིག་རེད། དོལ་ཚོགས་ཀྱི་གོང་ས་མཆོག་གི་སྐུ་པར་ཅི་འདྲ་ཞིག་བཟོས་ཀྱང་དེས་ཁོ་རང་ཚོའི་ཚེ་འདི་ཕྱི་གཉིས་ཕུང་སྐྱེད་ལས་གཞན་ཅི་ཡང་འགྲུབ་ཡོང་རྒྱུ་མེད་པ་ཟུར་ལྟས་ལེབ་མཐོང་རེད། ང་ལ་ཡང་རེ་བ་ཞིག་ཡོད་པ་ནི། ཁྱོད་རང་ལོགས་ལམ་ལ་འགྲོ་རྒྱུ་མཚམས་བཞག་ནས་ཡང་དག་པའི་ལམ་ཁ་ལ་འགྲོ་ཐུབ་པའི་རེ་བ་ཡོད།
ཨ་ནུ་ཐང་ལགས། ཁྱེད་རང་དམར་ལྟ་ཅན་ཡིན་མིན་དེ་བཤད་མི་དགོས་པར་གཤམ་བཞག་འདུག ད་བར་ཁྱོད་རང་གིས་ཁ་བརྡའི་ནང་ལ་གང་བྲིས་པ་དེ་དག་ལ་བསམ་བློ་ཐོང་དང་དམར་ལྟ་ཅན་ཞིག་མིན་ན་དེ་འདྲ་བཤད་སྲོལ་མེད་པ་རེད། ངས་ནི་དམར་པོ་གུང་ཕྲན་གྱི་ལྟ་བ་དང་དཀར་པོ་དམངས་གཙོའི་ལྟ་བ་ཞེས་པ་ཞིག་གོ་མ་མྱོང་། དམར་ལྟ་ཅན་ཞེས་པ་ནི་ཆོས་ལུགས་ཁས་མི་ལེན་ཞིང་ཆོས་ལུགས་ལ་རྒོལ་མཁན་ཞིག་ལ་གོ་ཡི་ཡོད། ལར་ན་ང་རང་གཉིས་མི་རྒྱུས་ཡོད་སྔོན་ལ་རྒྱུས་གཏམ་བཤད་དགོས་པ་མི་འདུག དེ་སྔོན་ཡང་དད་པའི་སྐོར་ལ་བགྲོ་གླེང་མང་པོ་བྱས་ཟིན་པ་ཡིན་པས། ཁྱེད་རང་གནས་ལུགས་དང་རྒྱུ་མཚན་ཁོ་ནའི་རྗེས་སུ་འགྲོ་མཁན་ཞིག་ཡིན་མིན་ངས་ཤེས་ཀྱི་ཡོད། ཁྱེད་རང་གིས་ང་ལ་བཞག་པའི་བག་ཆག་ནི་ཁྱེད་རང་རང་ལྟ་མཆོག་འཛིན་མཁན་དང་། རང་ཉིད་ཀྱི་འདོད་ཚུལ་དེ་ཨུ་ཚུག་མཐར་སྐྱེལ་གྱིས་བཤད་མཁན་ཞིག་ཡིན་པ་ལས། བདེན་དོན་དང་ནོར་འཁྲུལ་ཁས་ལེན་ཐུབ་པའི་བློ་རྒྱ་ཅན་ཞིག་མ་ཡིན་པ་དེ་རེད།
ཧཧ་་ལུང་རྟོགས། རྫུན་བཤད་ཀྱི་ཡོད་པེ། ཡེ་ཤུའི་འཁྲུངས་སྐར་བཏང་བར་དགག་དགོས་ན་སོ་སོས་མ་དགག་པར་མཁན་པོ་བསོད་དར་གྱི་ཡིག་ཆ་རེད་ཟེར་ནས་དགག་དོན་ཅི་ཡིན་ནམ། བླ་རུང་ཚང་གི་མཁན་པོ་ཡོད་ན་མེད་ན་གཅིག་བསོད་དར་རེད། བསོད་དར་གྱིས་ཡེ་ཤུའི་སྐར་བཏང་བར་ལ་དགག་པ་བརྒྱབ་ཀྱི་འདུག་ཟེར་ནས་འཛམ་གླིང་གང་ས་ལ་བསྒྲགས་དོན་ཅི་ཡིན། རྒྱ་བླ་ཁྱོད་གཉིས་ཀྱིས་ཡེ་ཤུའི་འཁྲུངས་སྐར་བཏང་བར་དགག་འདོད་ཡོད་ན་ཁྱོད་རང་གཉིས་ཀྱི་མི་དགག་དོན་ཅི་ཡིན་ནམ། ཁྱོད་ཚོའི་གྲལ་གྱིས་ག་དུས་ཡིན་ན་སོ་སོའི་ཁེ་ཕན་བསྒྲུབ་ཆེད་དུ་བླ་རུང་ཚང་གི་ཚུལ་བློ་དང་བསོད་དར་གཉིས་ཡར་ཁུར་ནས་སྤྱང་སྣ་ལྡོག་ལྡོག་དང་མར་ཁུར་ཁུར་འཕར་སྣ་ལྡོག་ལྡོག་བྱས་བསྡད་ཀྱི་ཡོད་པ།
ཡེ་ཤུའི་བླ་ཆེན་གྱིས་འགྲམ་ལྕག་བརྒྱབ་ས་བླ་རུང་ཚང་མ་རེད་ད། བླ་རུང་ཚང་དང་ཡེ་ཤུའི་བར་དུ་འགལ་ཟླ་བཟོ་ཐབས་ཀྱི་ཇུས་ངན་མཚམས་ཞོག་ཨ།
ལུང་རྟོགས་་་ཨ་ནུ་ཐང་གིས་ལུང་རྟོགས་གཉིས་ཀྱི་བསྟན་པ་དགག་པ་བརྒྱབ་པ་ཞིག་་ཁ་བརྡའི་ཐོག་ཏུ་མཐོང་མྱངས་མེད་་་གཅིག་སྟོན་ཤོག་དང་་་་དེ་ནས་ཤེས་ཡོང་།
དྲ་གྲོགས་ཚང་མར་འཚམས་འདྲི་ཡོད།
གསལ་བཤད་འགའ་ཞིག
གཅིག མཁན་པོ་བསོད་དར་རྒྱས་ཀྱི་མཚན་ཐོག་ཏུ་ཡོད་པའི་ཡེ་ལུགས་ལོ་སར་དང་འབྲེལ་བའི་རྩོམ་དེ་མང་པོ་ཞིག་གིས་ཁོང་གི་རེད་ཅེས་བརྒྱུད་འགོད་བྱས་པ་ངས་ནོར་ནས་བསྒྱུར་བ་དངོས་ཡོད་རེད། རྗེས་ནས་གསལ་བཤད་ཆ་ཚང་ཞུས་ཡིན་ལགས།
གཉིས། རྫོང་སར་མཁྱེན་བརྩེ་ལ་དགའ་རོགས་ཡོད་པ་ཡོངས་གྲགས་བརྒྱུད་ལམ་ཐོག་ཞལ་བཞེས་གནང་ཚར་རེད། དེ་གསར་འགྱུར་རྙིང་པ་རེད།
གསུམ། རྫོང་སར་མཁྱེན་བརྩེ་རྩ་བའི་ཆ་ནས་ས་སྐྱར་གཏོགས་ན་ཡང་ཆོས་ལུགས་ཉམས་བཞེས་སྐུ་གོང་མ་དག་ནང་བཞིན་རིས་མེད་གནང་མཁན་རེད།
གཞན་བཀའ་བཀྱོན་དག་ལ་ལན་མེད་དོ།། ཁ་བརྡ་འདིར་ཞུགས་པ་ཉུང་ཡང་དྲ་གྲོགས་དག་མཇལ་བར་དགའ་ཡོད། དྲ་གྲོགས་དག་གི་བཀའ་བཀྱོན་ནི་གོམས་སོང་བས་མིན་ན་སྙན་པོ་འདྲ་ཞིག་རེདཧཧཧཧ
ཕོ་གཡོ་ཅན་ཉི་མ་རྒྱབ་ནས་དྲོ་ཟེར་ལེ་རེད་བ། ལོང་རྟོགས་ཁྱོད་གཉིས་ཀྱིས་ནོར་བ་ཡིན་ས་མེད། རྐང་བཙུགས་ནས་བཟོས་པ་ཡིན་ས་ཡོད། འདིར་བླ་རུང་ཚང་གི་ལྷ་སྡེ་མི་སྡེ་ཚང་མས་མཁྱེན་དགོས་པ་གལ་ཆེ་རེད།
ནུབ་ཕྱོགས་སུ་ཡེ་ཤུའི་ཆོས་ཚོགས་ཀྱི་མི་སྣ་སྐད་ཆ་འདྲི་མཁན་འདུག ག་འདྲ་རེད་དམ། སུ་ཡིས་བྲིས་པ་རེད་དམ་ཟེར་ནས་སྐད་ཆ་འདྲི་མཁན་མི་སྣ་དང་དངོས་སུ་ཐུག་མྱངས་ཡོད། ལོང་རྟོགས་ཁྱོད་གཉིས་ལ་གསལ་བཤད་བྱེད་ཀྱི་ཡོད་ན་་་ཡེ་ཤུའི་ཆོས་ཚོགས་པ་དེ་དག་འབྲེལ་གཏུགས་བྱེད་ཆོག
རྫ་ཚེ་ལགས་ནས་རྫོང་གསར་མཁྱེན་བརྩེ་ཆོས་རྒྱུད་གང་ཡིན་པམཞིག་གསལ་བཤད་ཅུང་ཙམ་ཞིག་བྱས་པར་ཐུགས་རྗེ་ཆེ། འོན་ཀྱང་རྫོང་གསར་མཁྱེན་བརྩེ་ཁོང་རང་རང་གི་ཞལ་ནས་རིས་མེད་ཅེས་པ་ཞིག་ཡོང་ཁག་པོ་རེད་་་དགོན་པར་ཆོས་རྒྱུད་ཀུན་གྱི་དཔེ་ཡོད་པ་ཙམ་གྱིས་མི་ཆོག དོན་དམ་ལ་རིས་མེད་ཅིག་དགོས་པ་རེད་དེ་འདྲ་འབྱུང་ཁག་པོ་རེད་ཅེས་སྔོན་ལོར་རྫོང་གསར་དུ་བཀའ་ཆོས་གནང་སར་གསུང་སོང་དྲན་འོན་ཀྱང་ཚིག་ཇི་ལྟ་བ་ཞིག་ངེས་མ་སོང། སྔོན་མ་ཁོང་རྙིང་མའིམསྨོན་ལམ་ལ་ཕེབས་ཀྱི་འདུག་ས་སྐྱའི་སྨོན་ལམ་ལ་བཅར་བར་མ་གོ། དེང་སང་ཁོང་ཅུང་ས་སྐྱར་ཉེ་བ་མེད་དམ་སྙམ་པ་ཡིན། དེ་ངས་མཐོང་ཚུལ་ལས་ཏག་ཏག་གང་ནས་བཤད་ཐུབ། ཁོང་ལ་དགའ་རོགས་ཡོད་ན་ཁོང་གི་གྲྭ་ཆས་སྣུམ་ཞག་འཁྱིལ་བ་ཞིག་བསྣམ་ནས་ཕེབས་ཀྱི་འདུག་པས་དེ་འདྲ་རང་འོས་སམ། མ་གཞི་ནས་དེང་མགོ་བདེ་དྲན་འཕྲུལ་བ་ཚོས་ད་ལྟ་ང་ཚོའི་གྲྭ་ཆས་དེ་གྲྭ་ཆས་མིན་ཞེས་བཤད་ཀྱི་འདུག་ད་གང་ཤེས་་་་་རྟགས་ཙམ་འཛིན་པའི་བསྟན་པ་ཡང་ནུབ་ཟིན་པ་འདྲ་འདུག
ཆོས་ལུགས་ཁས་མི་མཁན་མང་མ་དམར་ལྟ་ཅན་རེད་དམ། སུས་གསུང་རེད། དེ་ནི་ནུབ་ཕྱོགས་ཀྱི་དེང་རབས་ཀྱི་དཔལ་ཡོན་ལ་ཆ་རྒྱུས་སྤུ་ཙམ་མེད་པའི་དན་རྟགས་ལས་གཞན་དུ་མེད། གལ་སྲིད་མི་བདེན་སྙམ་ན། དལ་མོ་བྱས་ནས་རྒྱུ་མཚན་བཀོད་ཆོག ཡིན་ཡང་། ཆ་རྐྱེན་ཞིག་ཡོད། རྩོད་པ་རྒྱབ་ནས་མ་ཐུབ་ཚེ། མཆན་སྒོ་མ་བཀག་རོགས།
གཞན་ཡང་ཆོས་ལུགས་ལ་དགག་པ་བརྒྱབས་ཙམ་གྱིས་དམར་ལྟ་ཅན་ཆགས་པ་ཡིན་ན། ཐུབ་པས་ཀྱང་རང་ཉིད་མ་ཐེ་བའི་ཆོས་ལུགས་ཀུན་དང་། ལྷག་པར་དུ་ཁོང་ཉིད་ལ་་ཆ་རྒྱུས་ཡོད་པའི་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ཀུན་གྱི་རྩ་བའི་ལྟ་གྲུབ་ལ་དགག་པ་བརྒྱབས་ཡོད། མ་ཟད་ཁ་ཆེ་དང་ཡི་ཤུའི་སྟོན་པས་ཀྱང་དེ་ལྟར་རང་ཉིད་ཀྱི་ཡབ་མེས་ཀྱི་ཆོས་ལུགས་དགག་པ་བརྒྱབས་ཤིང་། ཐ་ན་དམག་འཐབ་ཀྱང་མང་དུ་བྱས་ཡོད། དེ་དག་ཉིད་ཀྱི་ཞེན་འདོད་ལྟར་ན། དམར་ལྟ་ཅན་ཆགས་པ་རེད་དམ། མིན་ཏེ། ཁོང་ཚོས་ནི་ཆོས་ལུགས་ཤིག་གསར་དུ་བཏོད་ཆེད་དུ་ཡིན་པས་མི་ངེས་སྙམ་ན། འཇིག་རྟེན་ཐོག་ཆོས་ཁས་ལེན་ཐམས་ཅད་ཡག་པ་ལས། མི་ལེན་མཁན་ཐམས་ཅད་མི་ངན་དུ་འགྱུར་བས། ཡར་རྒྱས་བའི་རྒྱལ་ཁབ་མི་སྣ་མང་པོ་མི་ངན་མང་ས་དང་། ཆོས་ཞེན་ཆེ་བའི་ཨོ་སི་ཁྲི་ལི་ཡའི་གདོད་མིའི་མི་རིགས་དང་། ཨ་རིའི་གདོད་མའི་མི་རིགས། ཁེ་ཆེ་དང་ཧིན་ངྷི། བོད་སོགས་ཀྱི་ནང་དུ་མི་བཟང་་བ་འགྱུར་བས་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་མ་རེད་དམ། ལྷག་པར་དུ་དམར་ཕྱོགས་ཀྱི་ལྟ་བ་ཞེས་བ་ནི་གུང་ཁྲན་གྱི་ལྟ་བ་ཟེར་ཞིང་། དེ་ནི་ཆོས་ལུགས་ཀྱི་གནད་དོན་གཅིག་བུ་མ་རེད། གཅིག་བསྡུ་བ་ཡིན་པས་རེད། གང་ཟག་སྒེར་གྱི་ལྟ་ཚུལ་ལ་གུ་ཡངས་དང་བཟོད་སྒོམ་བྱེད་མི་ཐུབ་པས་རེད། ལྷག་པར་དུ་གཞན་གྱི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་པས་རེད།
ངས་ཆོས་བྱེད་པ་ཚོས་བསམ་ཚུལ་བརྗོད་མི་ཆོག་ཅེས་ནས་སྐད་ཆ་བཤད་མྱོང་མེད་ཅིང་། དེ་འདྲའི་ལྟ་ཚུལ་ཞིག་ལག་གིས་བྲིས་བ་ལྟ་ཅི། སེམས་ལ་ཤར་མྱོང་མེད། ཡིན་ཏེ། རང་ལ་སྨྲ་བརྗོད་ཐོབ་ཐང་དགོས་བ་ཇི་བཞིན་གཞན་ལ་དགོས་བས་ཡིན། གཞན་གྱི་སྨྲ་བརྗོད་ཀྱི་ཐོབ་ཐང་ལ་གུས་བཀུར་བྱེད་མཁན་ཞིག་དམར་ཕྱོགས་པ་ལ་ཆགས་མི་སྲིད་ལ། སྐུ་དབང་ལམ་ལུགས་པ་ལ་ཆགས་མི་སྲིད། ཉིད་ཀྱིས་བཙན་གྱིས་འགྲེལ་ན་རང་དབང་རེད། བསམ་འཆར་མེད། མོས་གུས་ཡོད། འོན་ཀྱང་། མོས་མཐུན་མེད་ལགས།
ང་ཚོས་བོད་པ་ཚང་ལ་གཞན་སྐྱོན་འཚོ་བ་དགའ་པོ་དང་རང་སྐྱོན་འཚོ་མཁན་དཀོན་པོ་འདུག་། ད་དུས་ང་ཚོས་འདི་རྗེས་ལུས་ཀྱི་རྣམ་པ་རེད་
ཧ་ཅང་གི་ཡག་གོ།
ཅོ་རིའི་བསྐྱར་བཤད་ཡང་བཤད་ལ་ལན་གྱིས་དགོས་པ་མ་མཐོང་བས་བཞག་པ་ཡིན། ཨ་ནུ་ཐང་ལགས། དམར་ལྟ་ཅན་ཞེས་པ་ནི་ཆོས་ལུགས་གང་རུང་ཁས་མི་ལེན་མཁན་ལ་མི་ཟེར། ཆོས་ལུགས་སུ་ཡང་ཁས་མི་ལེན་པ་ཞིག་ལ་ཟེར་བ་རེད། དཔེར་རྒྱ་ནག་གུང་ཕྲན་དང་། བྱང་ཀོ་རི་ཡ་ལྟ་བུ་རེད། ཅིག་བསྡུད་ཡིན་པ་ཙམ་གྱིས་དམར་ལྟ་ཅན་ལ་འགྱུར་ན་དུས་ད་ལྟ་ཡང་ཅིག་བསྡུད་རིང་ལུགས་པའི་རྒྱལ་ཁབ་མང་པོ་འདུག འོན་ཀྱང་དེ་དག་ལ་དམར་པོའི་རྒྱལ་ཁབ་ཅེས་འབོད་ཀྱི་མེད་པ་མཐོང་གསལ་རེད། སངས་རྒྱས་དང་ཡེ་ཤུ་ལ་སོགས་པ་དེ་དག་གིས་གཞན་གྱི་ཆོས་ལུགས་ལ་དགག་པ་རྒྱག་ཡོད་ཀྱང་རང་རང་གི་ཆོས་ལུགས་ཁས་ལེན་གྱི་ཡོད་པས་དམར་ལྟ་ཅན་དུ་མི་འགྱུར། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོས་ཆོས་ཁས་མི་ལེན་པར་བཤད་ཀྱི་ཡོད་ན་དེ་ནི་བདེན་པ་ནམ་ཡང་མ་རེད། འདི་ཚོའི་སྐོར་སྔར་ཡང་བགྲོ་གླེང་བྱས་ཟིན་པ་ཡིན་པས་འདི་ནས་རྒྱས་བཤད་བྱེད་དགོས་པ་མ་མཐོང་། ཁྱེད་རང་གིས་ཆོས་བྱེད་པ་ཚོས་བསམ་ཚུལ་བརྗོད་མི་ཆོག་ཅེས་བཤད་མེད་པ་བདེན་ཡང་། ཆོས་བྱེད་པ་ཚོ་ནི་ནམ་ཡང་མིག་ནང་གི་གྲ་མ་བཞིན་དུ་སྡང་ཟུག་ཤུགས་ཆེར་བྱེད་ཡུལ་ཞིག་ཡིན་པ་ནི་སྔ་བར་ཕྱི་གསུམ་གྱི་སྐད་ཆ་ནས་གསལ་གསལ་ཐིང་ཐིང་རེད། དམར་ལྟ་ཅན་ཞིག་མིན་ན་ཆོས་བྱེད་པ་ཚོར་དེ་ཙམ་སྡང་དགོས་དོན་ཅང་ཨེ་ཡོད།
ཅོ་རིའི་བསྐྱར་བཤད་ཡང་བཤད་ལ་ལན་གྱིས་དགོས་པ་མ་མཐོང་བས་བཞག་པ་ཡིན། ཨ་ནུ་ཐང་ལགས། དམར་ལྟ་ཅན་ཞེས་པ་ནི་ཆོས་ལུགས་གང་རུང་ཁས་མི་ལེན་མཁན་ལ་མི་ཟེར། ཆོས་ལུགས་སུ་ཡང་ཁས་མི་ལེན་པ་ཞིག་ལ་ཟེར་བ་རེད། དཔེར་ན་རྒྱ་ནག་གུང་ཕྲན་དང་། བྱང་ཀོ་རི་ཡ་ལྟ་བུ་རེད། ཅིག་བསྡུད་ཡིན་པ་ཙམ་གྱིས་དམར་ལྟ་ཅན་ལ་འགྱུར་ན་དུས་ད་ལྟ་ཡང་ཅིག་བསྡུད་རིང་ལུགས་པའི་རྒྱལ་ཁབ་མང་པོ་འདུག འོན་ཀྱང་དེ་དག་ལ་དམར་པོའི་རྒྱལ་ཁབ་ཅེས་འབོད་ཀྱི་མེད་པ་མཐོང་གསལ་རེད། སངས་རྒྱས་དང་ཡེ་ཤུ་ལ་སོགས་པ་དེ་དག་གིས་གཞན་གྱི་ཆོས་ལུགས་ལ་དགག་པ་རྒྱག་གི་ཡོད་ཀྱང་རང་རང་གི་ཆོས་ལུགས་ཁས་ལེན་གྱི་ཡོད་པས་དམར་ལྟ་ཅན་དུ་མི་འགྱུར། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོས་ཆོས་ཁས་མི་ལེན་པར་བཤད་ཀྱི་ཡོད་ན་དེ་ནི་བདེན་པ་ནམ་ཡང་མ་རེད། འདི་ཚོའི་སྐོར་སྔར་ཡང་བགྲོ་གླེང་བྱས་ཟིན་པ་ཡིན་པས་འདི་ནས་རྒྱས་བཤད་བྱེད་དགོས་པ་མ་མཐོང་། ཁྱེད་རང་གིས་ཆོས་བྱེད་པ་ཚོས་བསམ་ཚུལ་བརྗོད་མི་ཆོག་ཅེས་བཤད་མེད་པ་བདེན་པ་རེད་ལ་བརྗོད་ན་ཡང་འགོག་མི་ཐུབ་པ་ལོས་ཤེས། འོན་ཀྱང་ཆོས་བྱེད་པ་ཚོ་ནི་ནམ་ཡང་མིག་ནང་གི་གྲ་མ་བཞིན་དུ་སྡང་ཟུག་ཤུགས་ཆེར་བྱེད་ཡུལ་ཞིག་ཡིན་པ་ནི་སྔ་བར་ཕྱི་གསུམ་གྱི་སྐད་ཆ་ནས་གསལ་གསལ་ཐིང་ཐིང་ཡིན་པས། དམར་ལྟ་ཅན་ཞིག་མིན་ན་ཆོས་བྱེད་པ་ཚོར་དེ་ཙམ་སྡང་དགོས་དོན་ཅང་ཨེ་ཡོད།
ངོ་མ་བྱེད་ན་ཆོས་བྱེད་པ་ཡིན་ཟེར་མཁན་དེ་ཚོ་ཅུང་བསམ་བློ་རྒྱ་ཆེ་བ་དག་སྣང་ཆེ་བ་བཟོད་སྒོམ་ཆེ་བ་དགོས་པ་རེད་དེ་དེང་སང་དེ་ལས་བཟློག་སྟེ་དེའི་རིགས་ནི་ང་རྒྱལ་ཆེ་བ་ཆགས་སྡང་ཆེ་བ་ཕྱོགས་རིས་ཆེ་བའི་བཟོ་འདྲ་ཞིག་འདུག་ཟེར་ནས་ང་ལ་ནུབ་ཕྱོགས་པའི་གཞོན་སྐྱེས་འགའ་ཞིག་གིས་བཤད་བྱུང། བྱས་ཙང་ཁོ་ཚོ་ཆོས་ལུགས་ཟེར་བ་དེ་ལ་དགའ་བོ་མེད་ཟེར། ལྷག་པར་དུ་འདས་པ་དང་ད་ལྟའི་གནས་སྟངས་ལ་གཞིགས་དུས་ཆོས་བྱེད་མི་སྣས་དམག་འཁྲུགས་སླངས་ནས་མི་གསོད་ཁྲག་སྦྱོར་ཚབ་ཆེན་བཟོས་ཡོད་ཟེར་་་དེ་ལ་ངས་ལན་ཡག་པོ་ཞིག་འདེབ་ཐུབ་མ་སོང་ཆོས་ལུགས་ཀྱི་ལྟ་གྲུབ་ངེས་ཤེས་རྙེད་པའི་སྟེང་ནས་དད་པ་བྱེད་མཁན་ཡོད་ན་དེའི་རིགས་ལ་དགོངས་ཚུལ་གསུང་ཐུབ་ན་ཡག་པོར་མཐོང་གི།
ཨ། རྟག་ཙམ་གྱི་རབ་འབྱུང་ཨེ།
རྟགས་ཙམ།
ང་ཡང་རྟགས་ཙམ་གྱི་རབ་འབྱུང་བྱེད་འདོད་ཡོད་ཀྱང་། འདིས་རང་གཞན་གཉིས་ལ་ཕན་ལས་གནོད་ཆེ་བར་མཐོང་བས་བྱེད་ནུས་མ་སོང་། ཧཧཧ།། །།
དོན་ངོ་མར་བཤད་ན་རྫ་ཚེ་་རྫོང་སར་དང་་་ཚུལ་བློ་གང་གིས་ཕྱོགས་འཛིན་མིན་ལ་ཞབས་ཕྱི་ཡང་མིན་་་་བསོད་དར་ལ་དེ་བས་མིན་་་འོན་ཀྱང་ཁོའི་བྱས་ཚད་རང་ཉིད་ཁྱབ་བསྒྲགས་གཅིག་པུ་ཡིན་་་་་་དཔེར་ན་བསོད་དར་གྱིས་ཡེ་ཤུའི་སྐོར་ལྟ་བུ་རེད་་་་་མི་ཁོ་རང་རྩ་མཚང་བའི་ཐོག་་་་་མི་གཞི་དེ་བས་མེད་་་་་་འདི་ལ་ཉན་རིན་གང་ཡང་མེད་་་་་
ཁྱུང་སེ་། མི་སུམ་བཅུ་ལ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཞེས་པའི་དཔེ་བཞིན་མི་འགའ་ཞིག་གིས་ཆོས་བྱེད་མི་སྣར་སྐྱོན་བརྗོད་བྱས་པར་ཧང་སང་དགོས་དོན་ཅི་ཡང་མེད། དོན་ངོ་མའི་ཐོག་ལ་ཆོས་པའི་གཟུགས་འཛིན་ཚད་བཟང་པོ་ཡིན་པའི་ངེས་པ་མེད་ཀྱང་། ཆོས་རྣལ་མ་བྱེད་མཁན་དག་ནི་བསམ་བློའི་བཟང་ཚད་མི་ཕལ་པ་དང་སྡུར་རྒྱུ་མེད་པ་མིག་མཐོང་ལག་ཟིན་རེད་ལ། ཆོས་ཀྱིས་མིའིམབསམ་བློ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་ཡོད་པ་ཁས་ལེན་མཁན་ཡང་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་པ་རེད། ཆོས་བྱེད་མི་སྣས་དམག་འཁྲུག་སློང་མྱོང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་། དེ་དག་ནི་ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་མཁན་དག།ཡིན་པ་ལས་ཆོས་གཤའ་མ་བྱེད་མཁན་དག་མིན་པ་གསལ་པོ་རེད། གཞན་ཡང་ཆོས་པས་དམག་འཁྲུག་སློང་བ་དང་འཇིག་རྟེན་པས་དམག་འཁྲུག་སློང་བ་གཉིས་སྡུར་ན་ཆོས་པས་དམག་འཁྲུག་སློང་བ་ནི་ཧ་ཅང་ཉུང་ཉུང་རེད།
སྐུ་ངོ་ལུང་རྟོགས་ནས་དྲིས་ལན་གནང་བར་བཀའ་དྲིན་ཆེ་ཁྱེད་ཀྱིས་གསལ་བཤད་ལ་ཅུང་འདོད་མ་ཚིམས་ནས་བསམ་ཚུལ་འགའ་ཕུལ་དགོས་བྱུང་བས་དགོངས་འགལ་མེད་པ་ཞུ་རྒྱུ་དང་འོན་ཀྱང་ཁྱེད་ནི་ཆོས་ཁས་ལེན་ཞིང་ཆོས་བྱེད་ཀྱི་མི་བུ་ཞིག་ཡིན་པས་ཐུགས་སྒམ་བརླིང་ཡོད་པའི་རེ་བ་ཡོད།
༼མི་སུམ་བཅུ་ལ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཞེས་པའི་དཔེ་བཞིན་མི་འགའ་ཞིག་གིས་ཆོས་བྱེད་མི་སྣར་སྐྱོན་བརྗོད་བྱས་པར་ཧང་སང་དགོས་དོན་ཅི་ཡང་མེད། ༽
དཔེ་དེ་ངས་ཀྱང་གོ་མྱོངས། འོན་ཀྱང་ཆོས་བྱེད་མི་སྣར་སྐྱོན་བརྗོད་ལ་ཧང་སང་དགོས་དོན་མེད་ན་་་་ཁ་བརྡ་འདིར་མཆན་བུ་འགས་ཆོས་དང་ཆོས་བྱེད་མི་སྣར་སྐྱོན་བརྗོད་ཟུར་ཙམ་རེ་བྱེད་དུས་ཆོས་བྱེད་མི་སྣས་རྐང་བརྡུང་ལག་བརྡུང་དང་ས་འཕག་གནམ་འཕག་བྱེད་ནས་ལྟ་ལོག་ཅེས་དམོད་བཅོལ་བཟློག་པ་བརྒྱབ་པ་དེ་ཚོར་དགོངས་པ་འདྲ་བཞེས་ཡོད་དམ།
༼ཆོས་རྣལ་མ་བྱེད་མཁན་དག་ནི་བསམ་བློའི་བཟང་ཚད་མི་ཕལ་པ་དང་སྡུར་རྒྱུ་མེད་པ་མིག་མཐོང་ལག་ཟིན་རེད་ལ།༽
ཆོས་རྣལ་མ་བྱེད་མཁན་དེང་སང་མཚན་གཞི་ཞིག་འཇོག་ནུས་སམ། སེམས་བཟང་གི་མི་བུ་ནི་ཆོས་ཁས་མི་ལེན་མཁན་གྱི་ནང་དུའང་མི་མང་ནའང་ཉུང་བ་མི་འདུག་བསམ།
ཁྱུང་སེ། ཁ་བརྡའི་ནང་ལ་རྐང་རྡུང་ལག་རྡུང་དང་ས་འཕག་གནམ་འཕག་བྱེད་མཁན་ནི་ཆོས་བྱེད་མི་སྣ་ཚོ་ཡིན་ཚོད་མིན། རྟག་པར་ཆོས་བྱེད་མི་སྣ་ཚོས་བྱ་བ་བཟང་པོ་ཞིག་སྒྲུབ་ཀྱང་དེ་ལ་ངན་ཁག་ཅིག་གཡོག་ནས་ཁ་རྡུ་སྐྱོན་བརྗོད་ཁོ་ནས་དུས་ཟླ་མཁན་ནི་དམར་ལྟ་ཅན་དང་xxxཚོ་ཡིན་པ་ཡོད། གོང་དུ་མཁན་པོ་རྫ་ཚེ་ལགས་ཀྱིས། “དྲ་གྲོགས་དག་གི་བཀའ་བཀྱོན་ནི་གོམས་སོང་བས་མིན་ན་སྙན་པོ་འདྲ་ཞིག་རེད” ཅེས་གསུངས་པ་དེས་རྐང་རྡུང་ལག་རྡུང་བྱེད་མཁན་སུ་ཡིན་པ་གསལ་བཤད་ཅིག་བྱས་འདུག ཆོས་བྱེད་མི་སྣ་ཚོས་གང་བཤད་པ་ནི་གཞི་མེད་སྐྱོན་བརྗོད་དག་ལ་གསལ་བཤད་དང་ལེན་འདེབས་ཙམ་ལས་ཅི་ཡང་མིན། གཉིས་ནས་ཆོས་རྣལ་མ་བྱེད་མཁན་ནི་དེང་སང་ཡང་མང་པོ་ཡོད་པ་རེད། དཔེར་ན་གོང་ས་མཆོག་ལྟ་བུ་རེད། ཆོས་མེད་སྨྲ་བའི་ཁྲོད་ན་ཡང་སེམས་བཟང་ཅན་ཡོད་པ་ངས་ཁས་ལེན་གྱི་ཡོད། འོན་ཀྱང་ཆོས་ཡོད་སྨྲ་བ་དང་ཆོས་མེད་སྨྲ་བ་གཉིས་བསྡུར་བ་ཡིན་ན་ཆོས་ལུགས་ཁས་ལེན་མཁན་གྱི་ཁྲོད་ན་སེམས་བཟང་ཅན་མང་བ་ནི་ཟུར་ལྟས་ལེབ་མཐོང་རེད། དེ་ཡང་ཆོས་ལུགས་ཕལ་མོ་ཆེ་ནི་ཞི་བདེ་དང་བྱམས་བརྩེའི་སླབ་བྱ་ཅན་ཡིན་པས་རེད།
ཡང་སྐུ་ངོ་ལུང་རྟོགས་ཀྱིས་ནང་རྟགས་བཏོན་སོང་ང་ཆོས་ལུགས་དང་ཆོས་ལུགས་དབར་ལ་ཆགས་སྡང་གི་རྩོད་གཞི་སློང་ཡོང་གི་འདུག མི་བུ་སྒེར་པ་ཞིག་གིས་རྐྱེན་གྱིས་དེ་དང་དེ་ཡི་ཆོས་ལུགས་ལ་ཚོད་ཚོད་བྱས་ནས་དམའ་འབེབས་རྒྱུ་དེ་ཁྱོད་རང་གི་ཆོས་ལུགས་ཀྱི་གདམས་པ་ནས་བཤད་འདུག་གམ་ད་ཡང་ཆོས་བྱེད་མི་སྣ་དེ་ཚོའི་བཟོད་པ་དང་དཀྱེལ་ཡང་དེ་ཚོ་གང་འདྲ་འདུག་བཤམ་ཡོང་གི་འདུག་ག
ད་མང་པོ་མི་བཤད། གང་ལྟར་ཁ་བརྡ་དྲ་རྒྱའི་ནང་ལ་བཤམ་བཞག་ཡོད་པ་རེད།