—ཕྱོགས་སྒྲིག་པ། ཨེ་མ་ཧོ།
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ནོར་བུ་རིན་པོ་ཆེ་ལགས་ནི། ༡༩༦༡ལོའི་ཟླ༧པའི་ཚེས༦ཉིན་འབྲུག་རྒྱལ་ཁབ་ཏུ་རྙིང་མ། འབྲུག་པ་བཀའ་བརྒྱུད་སོགས་ཀྱི་ཆོས་བརྒྱུད་སྣ་ཚོགས་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས་ཤིང་ཁོང་གི་ཡབ་ནི་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྲས་གདུང་སྲས་ཕྲིན་ལས་ནོར་བུའི་སྐུ་སྲས་ཡིན།
ཁོང་ཉིད་དགུང་ལོ་བདུན་ཐོག་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་། ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གི་རྩ་བའི་བླ་མ་གཙོ་བོ་ནི་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ཡིན། ཁོང་གིས་སྙིང་རུས་ཆེན་པོས་ནང་པའི་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོངས་དོན་མཛད་ནས་མ་རུ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པའི་སེམས་བསྐྱེད་ཆེན་པོས་འགྲོ་བ་ཀུན་ལ་མ་ཡུམ་ལྟར་བྱམས་ཤིང་བརྩེ་བས་འཛམ་གླིང་གི་ཕྱོགས་མཚམས་ཀུན་ན་མཚན་སྙན་ཡོངས་སུ་གྲགས།
ལྷག་པར་དུ་ཁོང་ནི་འཛམ་གླིང་ས་གནས་སོ་སོ་ན་མང་པོ་མང་པོ་ཞིག་གིས་ཁས་ལེན་དང་དང་ལེན་མཛད་ཀྱིན་པའི་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་རླབས་ཆེ་བའི་ནང་པའི་བླ་མ་དག་གི་གྲས་ཤིག་ཡིན། སྔ་ཕྱིར་ཨ་རི་དང་ཨོ་སི་ཁྲུ་རི་ལི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཆོས་ལུགས་སློབ་གཉེར་ཁང་དང་སྒོམ་གྲྭ་མང་པོ་བཙུགས་ཏེ་བསྟན་པའི་མཛད་པ་རླབས་ཆེར་བསྐྱངས།
སྒྱུ་རྩལ་གྱི་ལམ་བུ།
ཁོང་ཉིད་ཀྱིས་སངས་རྒྱས་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་མང་པོ་གནང་བའི་ཞོར་དུ་གློག་བརྙན་ལས་དོན་ཕྱོགས་ལ་ཕྱག་ལེན་གནང་འགོ་བརྩམས། དགུང་ལོ་བཅུ་གསུམ་ཐོག་བརྙན་འཕྲིན་ལ་ལྟ་རྒྱུའི་གོ་སྐབས་བྱུང་ཞིང་། དགུང་ལོ་བཅུ་བདུན་བཞེས་སྒང་ནས་གློག་བརྙན་ལ་མོས་པ་ཆེར་འཕེལ། དགུང་ལོ་བཅུ་དགུ་སོན་དུས་གློག་བརྙན་ལ་ཕྱག་ལེན་དངོས་སུ་མཛད། ཉུའུ་ཡོག་གློག་བརྙན་སློབ་གླིང་སོགས་ནས་གློག་བརྙན་སྐོར་གྱི་ཆེད་ལས་ལ་སྦྱངས་མྱོང་།དེ་མ་ཟད་ད་དུང་དབྱི་ཐ་ལིའི་འཁྲབ་ཁྲིད་པ་གྲགས་ཅན་པེ་ཐྲོ་རོའུ་ཆིས་(贝托鲁奇)འཁྲབ་ཁྲིད་བྱས་པའི་གློག་བརྙན《སྤྲུལ་སྐུ་ཆུང་ཆུང》(Little Buddha)ཞེས་པའི་ནང་དུ་ཁོང་ཉིད་བློ་འདྲི་ས་དང་འཁྲབ་སྟོན་པ་གནང་ཡོད། གཞན་ཡང་ཁོང་གིས་འབྲུག་ཡུལ་དུ་ཕབ་ལེན་བྱས་པའི་གློག་བརྙན《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》འཁྲབ་ཁྲིད་མཛད་ལ། དེ་ནི་འབྲུག་ཡུལ་གྱི་སྤྱིན་ལྷེབ་གློག་བརྙན་ཐེངས་དང་པོ་ཡིན། གཞན་ཁོང་གིས་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པChristopher Doyleདང་མཉམ་འབྲེལ་བྱས་ཏེ«ཝཱ་ར། བྱིན་རླབས་ཤིག»ཞེས་པའི་གློག་བརྙན་ཀྱང་བསྒྲིགས་ཚར་བར་གྲགས་ཤིང་། ཁོང་གིས་ད་དུང་མིང་དུ་གྲགས་པའི་གློག་བརྙན་《ཕོར་བ》འཁྲབ་ཁྲིད་མཛད། དེ་ནས་བཟུང་ཁོང་ཉིད་ཀྱི་གློག་བརྙན་ལས་དོན་ཡར་ངོའི་ཟླ་གསར་གྱི་ཚུལ་གྱིས་གོང་ནས་གོང་དུ་འཕེལ་ཞིང་འཛམ་གླིང་ཡོངས་ལ་ཁྱབ་པར་མཛད།
བརྩམས་ཆོས་གྲགས་ཅན།
༢༠༠༣ལོར《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》ཞེས་པའི་གློག་བརྙན་ཁཱ་ན་ཏར་བསྟན།
༡༩༩༩ལོར《ཕོར་བ》ཞེས་པའི་གློག་བརྙན་ཁཱ་ན་ཏར་བསྟན་ཞིང་། དེར་སྐབས༡༢པའི་འཛམ་གླིང་དངུལ་གྱི་བརྙན་ཡོལ་གཟེངས་རྟགས་དང་སྐབས་བཞི་བའི་རྒྱལ་སྤྱིའི་གློག་བརྙན་དཔྱད་གཏམ་མཐུན་ཚོགས་གཟེངས་རྟགས། སྐབས་བཞི་བའི་རྦ་རླབས་གསར་བའི་གཟེངས་རྟགས་བཅས་ཐོབ།
བརྩམས་ཆོས་ཀྱི་ཁྱད་ཆོས།
རྫོང་སར་མཁྱེན་བརྩེ་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ལ་འཁྲབ་ཁྲིད་པ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། ཁོང་གི་བརྩམས་གནང་མཛད་པའི་བརྩམས་ཆོས་ཚང་མར་ནང་པའི་ཆོས་ལུགས་གྱི་དགོངས་དོན་དང་བསམ་ཕྱོགས་མང་པོ་ཞིག་མངོན་ལྐོག་གང་རུང་དུ་ཡོད་པ་མ་ཟད། དགོངས་དོན་དང་བསམ་བློ་དེ་དག་གིས་ནི་གློག་བརྙན་གྱི་བརྗོད་བྱ་གཙོ་བོའམ་སྲོག་ཤིང་ལྟ་བུའི་གོ་གནས་གལ་ཆེན་བཟུང་ཡོད་ལ། དེ་ནི་མ་རྩོལ་ལྷུན་འགྲུབ་ཞིག་དང་ལྷའི་བཀའ་བཀོད་སོགས་མ་ཡིན་པར། རྩ་བའི་ཆ་ནས་རྒྱུ་དང་རྐྱེན་གཉིས་ཡོད་དེ། ཐོག་མར་ཁོང་ཉིད་ནི་ནང་པ་སངས་རྒྱས་པའི་བླ་སྤྲུལ་ཞིག་ཡིན་པའི་ངོས་ཐད་ནས་ཁོང་གི་གློག་བརྙན་ལ་ཡང་ནང་ཆོས་ཀྱི་དགོངས་དོན་དང་འབྲེལ་བ་ཟབ་མོ་ཡོད་པ་ནི་སྨྲོས་ཅི་དགོས། ཁོང་གིས་གློག་བརྙན་ཉིད”དེང་རབས་ཀྱི་ཐང་ག”ཡིན་པར་འདོད་པ་ནང་བཞིན། དངོས་ཡོད་ཀྱི་འཇིག་རྟེན་སྲིད་ལུགས་དང་དམ་པའི་ལྷ་ཆོས་ཀྱི་ལུགས་དེ་གཉིས་བར་ཕན་ཚུན་བསྣོལ་འདུག་པའི་ཆ་དག་ལ་འཚོལ་ཞིབ་བྱས་ནས་མཐར་འཇིག་རྟེན་གྱི་བྱ་གཞག་མང་པོར་བརྟེན་ནས་ནང་ཆོས་ཀྱི་རིག་གནས་སྙིང་སྟོབས་སོགས་དར་སྤེལ་གཏོང་བའི་དགོངས་པར་གཞིགས་ཡོད། རྒྱུ་མཚན་གཞན་ཞིག་ནི་ད་སྔོན་གྱི་གློག་བརྙན་འཕེལ་རིམ་ནང་དུ་གྱ་ནོམ་པའི་བརྗོད་བྱ་ཕུན་སུམ་ཚོགས་མོད། འོན་ཀྱང་ནང་ཆོས་དང་དེའི་བསམ་བློའི་རིག་གནས་སྐོར་ནི་བསེ་རུའི་རྭ་དང་མཁའ་ཡི་པདྨོ་ནང་བཞིན་དཀོན་པས་ཁོང་ཉིད་ཀྱི་བརྩམས་ཆོས་འདི་དག་ཕྱོགས་ངེས་ཅན་ཞིག་གི་ཐད་ནས་བཤད་ན་གསར་གཏོད་རང་བཞིན་གྱི་ཆ་ཡང་ལྡན་ནོ།།
(1)《ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང》ཞེས་པའི་གློག་བརྙན་ནང་དུ་མངའ་བའི་ནང་བསྟན་གྱི་ཤེས་རབ།
གློག་བརྙན་འདིའི་མགོ་མཇུག་བར་གསུམ་ཀུན་དུ་ཆོས་ལུགས་ཀྱི་ཚོན་མདོག་བཀྲ་ལ་ཤན་ཤུགས་ཀྱང་མི་དམན་པ་ཐེབས་ཡོད་དེ། མི་སྣ་འགའི་མི་ཚེ་ཧྲིལ་བོའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་ཕྲ་རགས་ཀྱིས་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་དུག་གིས་གང་བའི་བཅུད་ཀྱི་སེམས་ཅན་དག་གི་སྡུག་བསྔལ་དག་རྗེན་བུར་བསྟན་ཡོད་ལ་། ཡང་ཚུལ་ལྡན་གྱི་དགེ་འདུན་པ་ཞིག་གི་འགྲོ་འདུག་སྤྱོད་གསུམ་ལ་བརྟེན་ནས་ཆོས་མི་རྟག་རྩྭ་ཐོག་ཟིལ་བ་འདྲ་བའི་འཇིག་པའི་རྟེན་འདིར་དལ་འབྱོར་རྙེད་དཀའི་མི་ལུས་འདི་ཐོབ་ཀྱང་འཁོར་བའི་བདེ་བའང་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པའི་བདེན་ལུགས་གསལ་བོར་བསྟན་ནོ།།
(2) 《ཕོར་བ》ཞེས་པའི་གློག་བརྙན་ནང་གི་གྱ་ནོམ་པའི་མི་ཚུལ་བསམ་བློ།
གློག་བརྙན་འདི་ནི་འཚོ་བའི་ཁྲོད་དངོས་སུ་བྱུང་མྱོང་བའི་འདས་དོན་ཕྱིར་དྲན་བྱས་ནས་གྲུབ་པ་ཞིག་ཡིན་ཏེ། གྲྭ་བཙུན་ཆུང་ཆུང་འགའ་རྐང་རྩེད་སྤོ་ལོ་ལ་དགའ་མོས་ཆེན་པོ་བྱུང་བས།སྔར་ཡོད་པའི་དབེན་འཇགས་ཀྱི་སྒོམས་གནས་ཤ་སྟག་དེའང་དབེན་འཇགས་མིན་པར་བཏང་། ཡིན་ཡང་ཕྱི་ནང་གང་གི་ཆ་རྐྱེན་ཡང་མེད་པའི་གྲྭ་སར་སྐབས་དེར་ཧྥ་རན་སིར་རྩེད་བཞིན་ཡོད་པའི་འཛམ་གླིང་རང་བཞིན་ཅན་གྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་ཁོ་ཚོས་ལྟ་གླགས་དབོར། དེའི་ཕྱིར་གྲྭ་བཙུན་དེ་དག་གིས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཆ་རྐྱེན་བསྐྲུན་པའི་གོ་རིམ་ཁྲོད་དུ་ཕན་ཚུན་བར་གྱི་མཛའ་གཅུགས་དང་འཆམ་མཐུན། བསྟན་བཤིག་དང་ཤེས་རབ་སོགས་ཀྱི་མི་གཤིས་དེ་མངོན་གསལ་དོད་པོར་མཚོན་ཡོད་དོ།།
་་་་་་་་་་ ཁོང་ཉིད་དགུང་ལོ་བདུན་ཐོག་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་དང་། ས་སྐྱ་གོང་མ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གསུམ་གྱིས་ས་སྐྱ་བའི་བླ་མ་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁྲིར་འཁོད། ཁོང་གི་རྩ་བའི་བླ་མ་གཙོ་བོ་ནི་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་ཡིན། ་་་་་་་་་་་་་
རྫོང་གསར་མཁྱེན་བརྩེའི་སྐོར།
རྫོང་གསར་མཁྱེན་བརྩེ་རྫོང་དུ་འཁྲུངས། །
བསླབ་པ་སློབ་གཉེར་དགོན་པར་བྱས། །
ཆོས་འཆད་མཛད་ཕྲིན་ཕྱི་ནང་གསང་། །
ཛམ་གླིང་ཀུནད་ཏུ་གློག་བརྙན་བསྟན། །
་
བླ་མར་སྡོམ་པ་མི་འདུག་ཟེར། །
མ་རེད་བླ་མ་སྔགས་འཆང་ཟེར། །
བཙུན་གཟུགས་བཙུན་སྡོམ་མེད་ན་ཡང་། །
དིང་གི་གྲུབ་ཐོབ་གྲལ་ཏུ་འཇོག །
་
ྶསྤྲུལ་སྐུའི་སྐུ་ཁམས་བཟང་བ་དང་། །
བླ་མའི་མཛད་ཕྲིན་རྒྱས་པ་དང་། །
གློག་བརྙན་བོད་དོན་ཕན་པ་དང་། །
སྐུ་ཚེ་ཡུན་བརྟན་སྨོན་ལམ་ཡོད། །
ཀརྡོ་རབ་འབྱམས་པས།
ཕ་སྤྲུལ་སྐུ་ཡིན་པའི་གཞིར་བུ་ཡང་སྤྲུལ་སྐུ་ཆགས་འགྲོ་བ་འདིར་ད་ཡིན་ན་སྐྱ་མིན་སེར་མིན་འདི་འདྲ་་་་་་ངོ་མ་གནམ་ལ་འཕུར་ན་ཡིད་ཆེས་མེད་དོ།།
ཏྲེ་ཧོར་ལགས་རྫོང་སར་མཁྱེན་བརྩེའི་ཕ་སྤྲུལ་སྐུ་ཡིན་རྒྱུ་མཚན་ཡོད་པས་ཧཧཧཨ
ཀརྡོ་གཉེར་ཕྱག་པ་མཆོག་གི་་བརྗོད་པ་ ལ་མངོན་པར་བསྟོད།
་
རྫོང་གསར་མཁྱེན་བརྩེའི་སྐོར་མང་དུ་མི་ཤེས་ཀྱང་། བླ་མ་དེ་ཡིས་བསྒྱུར་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་རྩ་འགྲེལ་བཅས་ཨིན་སྐད་དུ་ཡོད་པ་དེ་དཔེར་འོས་པ་ཚད་ལྡན་ཞིག་ཏུ་བཞུགས་པས། ལོང་འབྱུང་སྐབས་བོད་སྐད། ཡུལ་ཕ་རན་སིར་འཁྲུངས་པ། ལོ་ཨིས་དེ་ལ་ཝ་ལི་པོས་སིན་མཆོག་གིས་སྤར་སྐྲུན་ཞུས་དག་གཏན་འབེབས་མཛད་ཅིང་། ཨོ་རུ་སུར། སྤྱི་ལོ་༡༩༠༧་ནས་༡༩༡༢ སྤར་པ་དེ། སླར་ཡང་རྒྱ་གར་དུ་༡༩༩༢སྤར་བསྐྲུན་ཡོད་པའི་བོད་དཔེ་དང་། རྫོང་གསར་མཁྱེན་བརྩེའི་ཨིན་བསྒྱུར་མཉམ་སྡུར་གྱིས་ཀློག་པར་ཕན་ཐོགས་ཆེ་བར་མཆིས་སོ།
རྫོང་གསར་སྤྲུལ་སྐུའི་ཡབ་དེ་ནི། བདུད་རིན་རིན་པོ་ཆེ་རེད། བདུད་འཛོམ་བླ་མའི་སྲས་སུ་འཁྲུངས་ནས། གདུང་སྲས་ཕྲིན་ལས་རྣམ་རྒྱལ་ཞེས་མཚན་སྙན་གྲགས་པ་ལས། སྤུལ་སྐུར་ངོས་འཛིན་གནང་བའི་ཁུངས་གོ་ཐོས་མ་བྱུང་ལགས།
བོད་ཀྱི་བཀའ་བསྟན་དག་སུ་ཞིག་ལའང་སྐད་ཆ་མ་དྲིས་པར་མགོ་སེར་ཚོར་དམིགས་ནས་བསྒྱུར་བཞིན་པ་དེ་ནག་ཉེས་རེད།