རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
དབྱར་ཁའི་གུང་གསེང་དང་བསྟུན་ནས་ལས་ཀ་ཞིག་བཙལ་བ་དེ་རིང་གཞི་ནས་མཇུག་རྫོགས། ལས་ཀ་རྫོགས་ཚར་དུས། ཡང་བསྐྱར་ཕྱི་བསྐྱོད་ལག་འཁྱེར་དང་འབྲེལ་བའི་ཡིག་ཆ་ཁག་གི་ལས་ཀ་མགོ་བསླངས་སོང་།
ལས་ཀ་གཅིག་ཚར་ན་ལས་ཀ་གཞན་ཞིག་གིས་རྗེས་ནས་དེད་ཡོང་བ་འདི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཞིག་རེད། ངེད་རང་སློབ་ཆེན་སློབ་མ་ཞིག་ཡིན་རུང་ཡིག་ཆའི་ལས་ཀ་ཞིག་ཀྱང་དུས་རྟག་དུ་རྒྱབ་ལ་འཁུར་ནས་སྡོད་དགོས་ཀྱི་འདུག དེར་བརྟེན། དོ་དགོང་རྒྱལ་སར་ཐོན་རྒྱུ་བྱས་བ་ཡིན། རྒྱལ་སར་ཡོད་པའི་བོད་ཀྱི་མི་ཚང་དེ་ལ་ཡང་ཁ་པར་སྟབས་བདེ་ཞིག་བཏང་།
ཡིག་ཆ་ཁག་བསྡུ་གསོག་བྱས་ཚར་རྗེས་ལག་འཁྱེར་གློག་ྐླད་དེའི་ཁ་ཕྱེས། སེམས་ལ་ཀུན་གླེང་ལེ་ཚན་དྲན། མགྱོགས་པར་ཀུན་གླེང་གི་ཐོག་ལ་སོང་། དེ་རིང་གི་བརྗོད་གཞི་ནི་རླབས་ཆེ་བའི་བོད་བསྐྱོད་པ་དོན་གྲུབ་དབང་ཆེན་གློད་བཀྲོལ་གྱི་ཞུ་འབོད་ཟེར་བ་དེ་རེད་འདུག དོན་གྲུབ་དབང་ཆེན་གྱིས་བཟོས་བའི་འཇིགས་བྲལ་ཞེས་བའི་གློག་བརྙན་དེར་ལོ་སྔོན་མར་བལྟ་རྒྱུ་བྱུང་།
བསམ་བློའི་གོ་རྟོགས་དང་རང་གི་མི་རིགས་ལ་བཅིངས་བའི་སྙིང་སྟོབས་ནི་འགྲན་ཟླ་བྲལ་བ་ཞིག་འདུག་བསམ་པའི་བག་ཆགས་ཤིག་སྔ་མོ་ནས་སེམས་ལ་བཞག་སོང་། ན་ནིང་སློབ་གྲ་རུ་བོད་རྒྱའི་གནད་དོན་སྐོར་གྱི་བགྲོ་གླེང་ཞིག་འཚོགས་པའི་སྐབས་སུ་ཡང་གློག་བརྙན་དེའི་ཟུར་ཅིག་བསྟན་པ་ཡིན། དེ་རིང་ཁོང་གི་ཆུང་མ་ལྷ་མོ་འཚོ་ལགས་ཀུན་གླེང་ལེ་ཚན་དུ་དངོས་སུ་མཉམ་ཞུགས་བྱས་འདུག ཁོང་གི་ཆུང་མས་རྡ་སར་བག་ལེབ་བཙོང་ནས་འཚོ་བ་སྐྱེལ་གྱི་ཡོད་རེད་ཟེར་བའི་སྐད་ཆ་དེ་ཡང་སྔ་མོ་ནས་གོ། འོན་ཀྱང་། ཁོང་གི་ཆུང་མ་དངོས་སུ་མཐོང་མ་མྱོང་ལ་ཆུང་མའི་སྐད་གོ་བ་ཡང་དེ་རིང་ཐོག་དང་པོ་ཡིན་། ངུ་སྐད་ཞིག་དང་མཉམ་དུ་ཁོང་གི་ཆུང་མས་་དྲི་བ་དང་པོ་དེར་ལན་བཏབས་སོང་། ངུ་སྐད་དེས་ངེད་ཀྱི་སེམས་པ་ཡང་ནང་ལ་བཀུགས་སོང་། ངེད་ཀྱིས་གཟབ་ནན་སྒོས་དྲི་ལན་རྗེས་མ་དག་ལ་ཉན་པ་ཡིན། དོན་གྲུབ་དབང་ཆེན་ལ་མཆིན་པའི་ན་ཚ་ཞིག་ཡོད་སྐོར་གྱི་གནས་ཚུལ་དེ་དང་འབྲེལ་ནས་དྲི་བ་ཞིག་བཏང་སོང་།
ཆུང་མས་ངུ་སྐད་ཞིག་དང་མཉམ་དུ་ ཁོ་རང་སྔོན་མ་གཟུགས་པོ་བདེ་ཐང་ཡིན་པ་མ་ཟད་ལུས་ལ་ན་རྒྱུ་ཚ་རྒྱུ་ཡོད་མཁན་དེ་འདྲ་ཞིག་མིན། གསར་འགྱུར་བརྒྱུད་ལམ་སོགས་ནས་ཁོང་ལ་ན་ཚ་དེ་འདྲ་ཞིག་འདུག་ཟེར་བ་གོ་དུས། ངའི་སྙིང་ལ་གྲི་བཙུགས་པ་དང་གཅིག་པ་རེད་ལབ་ཞོར་ངུ་སྐད་ཆེ་རུ་ཕྱིན་སོང་། ངུ་སྐད་གདངས་ལ་ལྷུང་སོང་། ངུ་སྐད་ཆེ་རུ་ཕྱིན་པ་དང་གདངས་ལ་ལྷུང་ན་ཡང་། ཁོང་གི་ཆུང་མས་སྐད་ཆའི་མཚམས་བཞག་མ་སོང་། ངུ་སྐད་གཉིས་པ་དེ་གོ་ཡོང་དུས། ངེད་ཀྱི་སེམས་ནས་ཡང་ངུ་སྐད་ཞིག་ཤོར་འགོ་བཙུགས་སོང་།
ང་ཡང་གློག་ྐླད་ཆུང་ཆུང་ཞིག་གི་མདུན་ནས་ངུ་འགོ་ཚུགས་པ་ཡིན། ངེད་ཀྱིས་ཀྱང་མིིག་ཆུ་འབྱིད་ཞོར་དང་དྲི་ལན་ལ་ཉན་ཞོར་བྱས་བ་ཡིན། དྲི་ལན་རེ་རེ་ལ་ཉན་གྱིན་ཉན་གྱིན།
ངས་རླབས་ཆེ་བའི་བོད་བསྐྱོད་པ་འདིའི་ཆུང་མའི་བསམ་བློའི་གོ་རྟོགས་དང་སྙིང་སྟོབས་མཐོང། རླབས་ཆེ་བའི་བོད་བསྐྱོད་པ་འདིའི་ཆུང་མའི་དཀའ་ངལ་ཚོར།
རླབས་ཆེ་བའི་བོད་བསྐྱོད་པ་འདིའི་ཆུང་མའི་ཕྲག་ན་ལྕི་བའི་འགན་འཁྲི་དག་མཐོང་། ངེད་ཀྱི་སེམས་ལ་ཚོར་བ་ལྟ་བུ་ཞིག་གིས་ག་ལ་ཚད། བྱིས་བ་སློབ་གྲར་བསྐྱལ་བ་དང་བྱིས་བའི་མ་འོངས་བར་སེམས་ཁུར་བྱེད་པ། ཁྱོ་ཀའི་ཕ་མ་གཉིས་ལ་བདག་སྐྱོང་དང་བལྟ་རྟོག་བྱེད་པ། ཉིན་ལྟར་ཞོགས་པ་སྔ་མོ་ནས་བག་ལེབ་བཟོས་ཤིང་བག་ལེབ་ལ་བརྟེན་ནས་མི་ཚེའི་ལྟོ་གོས་བསྒྲུབ་པ། ཁྱོ་ཀའི་བཙོན་འོག་གི་གནས་སྟངས་ལ་སེམས་ཁྲལ་བ། ཁྱོ་ཀའི་བཙོན་འོག་གི་མནར་གཅོད་ལ་སྡུག་བསྔལ་བ། ཉིན་མཚན་མཆི་མའི་ཁྲོད་ནས་བསྐྱལ་བ། ཁྱོ་ཀ་དྲན་བཞིན་དུ། སྡུག་གི་མཆི་ལ་ཁོག་ལ་མིད་བཞིན་དུ། མདུན་གྱི་དཀའ་ངལ་ཐོད་དུ་ལེན་བཞིན་དུ། བཙན་བྱོལ་འཚོ་བའི་མངར་ཁ་མྱོང་བཞིན་པའི་བུད་མེད་འདི་མིག་ལ་མཐོང་ཡོང་དུས།
ངེད་ཀྱི་མིག་ལ་བསྐྱར་དུ་མཆི་མ་ཞིག་འཁོར། ཆུང་མ་འདིའི་ལུས་སེམས་ཀྱི་སྡུག་བསྔལ་ཕྲ་མོ་ཙམ་སེལ་ཐུབ་ན་ཅི་མ་རུང་བསམ། དེས་ན། ཕྱི་སྡོད་བོད་རིགས་ཚོས་རླབས་ཆེའི་བོད་བསྐྱོད་པ་འདིའི་ཆུང་མ་དང་ཤུལ་ལུས་ནང་མི་རྣམས་ལ་ཕྱོགས་ཡོངས་ནས་གཞོགས་འདེགས་བྱེད་རོགས། མི་སྒེར་བ་རེ་རེ་ནས་བཟུང་སྟེ་དང་བླངས་སྒོས་གཞོགས་འདེགས་བྱེད་རོགས།
དོན་གྲུབ་དབང་ཆེན་ལྟ་བུའི་བོད་ནང་རང་ཉིད་བློས་གཏོང་བྱས་ཏེ་སྤྱི་ལ་ཕན་པའི་ལས་་དོན་བྱ་མཁན་ཉུང་ཉུང་ཞིག་མིན་པ་ང་ཚོས་བོད་ཁྱོན་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་ན་ཤེས་ཐུབ་ལ། ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལྟ་བུའི་ཁྱོ་ག་བཙོན་དུ་ ཚུད་རྗེས་གཉའ་མི་ཞུམ་པར་མུ་མཐུད་ཕྲུ་གུར་ལྟ་སྐྱོང་དང་རངགི་འཚོ་བ་འཁྱོལ་ཐབས་ལ་འབད་བརྩོན་བྱ་གི་ཡོད་པ་དེ་ནི་དོན་གྲུབ་དབང་ཆེན་ལ་བཅངས་པའི་བརྩེ་དུང་ལ་ལྷད་མེད་པ་དང་། དཀའ་ལས་རྒྱག་ཐུབ་མཁན་གྱི་བུད་མེད་ཞིག་ཡིན་པར་ང་་ཚོས་ཤེས་རྟོགས་བྱ་ཐུབ། ད་དུང་ཁོང་མོས་དོན་གྲུབ་དབང་ཆེན་གྱི་ཕ་མ་གཉིས་ལའང་ལྟ་རྟོག་བྱ་གི་ཡོད་པ་དེ་ནི་དངོས་གནས་ཧ་ཅང་གཟི་བརྗིད་ཅན་ ཞིག་རེད།
ད་ལྟ་དོན་གྲུབ་དབང་ཆེན་བཙོན་དུ་ཚུད་དེ་གནས་སྟངས་ཤེས་རྟོགས་་མེད་པ་ལྟ་བུའི་འོག་བསྒྱུར་ཡོད་ཀྱང་། ཁོང་གི་ཕ་མ་གཉིས་དང་བཟའ་ཚོ་བུ་ཕྲུག་ཚོ་བདེ་མོ་ཐང་མོའི་ངང་བཙན་བྱོལ་ནང་འཚོ་བ་བསྐྱལ་རྒྱུ་བྱུང་བ་འདི་ནི་བོད་ཁྱོན་ཡོངས་སུ་སྤྱི་པའི་ལས་དོན་གྲུབ་ཆེད་ཁྱིམ་ཚང་འཐོར་བཤིགས་འགྲོ་བའམ་ནང་མི་རྣམས་བྱིའུ་ཕྲུག་ཐང་དུ་ལུས་པ་ལྟར་འཚོ་བའི་རྟེན་ཡུལ་དང་སྤྱི་ཚོགས་ཀྱི་ལྟ་རྟོགས་མེད་པར་བོད་ནང་མི་གྲལ་གཉིས་པ་ཞིག་ཏུ་འཚོ་བ་བསྐྱལ་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་དེ་དག་ལ་བསམ་ན་ཁོང་མོ་ནི་དེ་ཙམ་དཀའ་ངལ་ཞིག་མ་རེད། དེ་བཞིན་འདི་གར་ཁོང་མོར་བོད་གཞུང་འཕྲོད་བསྟེན་ནས་གཟིགས་རྟོགས་གནང་གི་ཡོད་བཟོ་འདུག་ལ། བུད་མེད་ཚོགས་པ་སོགས་ནས་ཀྱང་རོགས་་རམ་གནང་གི་ཡོད་འདུག་པས་དེ་ཙམ་ཐབས་སྐྱོ་པོ་ཞིག་ཨེ་ཡིན་བསམ་པ་ཡོད་ཚོད་འདུག
ཡིན་ནའང་བུད་མེད་ཞིག་གིས་ཕྲུ་གུ་མང་པོ་ཞིག་དང་རྒན་རྒོན་གཉིས་སོགས་ལ་བལྟ་རྟོག་བྱ་སྐབས་རང་ཉིད་ལག་པ་བདམས་ནས་མ་བསྡད་པར་འཚོ་བ་འཚོལ་་ཐབས་ཆེད་བག་ལེབ་བཙོངས་ཏེ་རང་འཚོ་ཐུབ་ཐབས་བྱེད་རྒྱུའི་བསམ་བློ་ཡོད་པ་འདི་ནི་དངོས་གནས་རིན་ཐང་ཅན་ཞིག་རེད།
དེ་ནི་བཙན་བྱོལ་ནང་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པའི་མི་དེ་ཚོ་རེད། འོན་ཏེ་ད་ལྟ་བོད་ནང་སྔ་ལོའི་ལས་འགུལ་སྤེལ་བ་ནས་བཟུང་ཁྱིམ་མི་འདས་གྲོངས་སོང་བ་དང་། ནང་མི་གཉིས་ནས་གསུམ་བར་བཙོན་དུ་ཚུད་དེ་ལོ་ཚད་འཁུར་བཞིན་པ། ད་དུང་སྲོག་ཐོག་གི་ཉེས་པ་ཕོག་པའི་ནང་མི་དེ་ཚོའི་དཀའ་སྡུག་དང་སེམས་སྡུག་དེ་ཚོར་ང་ཚོས་ཉན་ཞིབ་ཞིག་བྱས་ཚེ་གདུང་སེམས་མཉམ་བསྐྱེད་བྱ་ཡུལ་གྱི་དམིགས་ས་དེ་ཕུགས་རྒྱང་རིང་ཙམ་དུ་གཏོང་་དགོས་པ་ལས། འཕྲལ་སེལ་གྱི་གདུང་སེམས་མཉམ་བསྐྱེད་དང་མདུན་ངོས་གཅིག་པུ་མཐོང་སྟེ་རྒྱང་རིང་གི་གཉེན་ཉེའི་ལ་རྒྱ་གཏིང་བརྗེད་དུ་སོང་ན་དེ་ནི་སྐྱོན་གནད་ཆེན་པོ་ཞིག་ཡིན་པས་རན་འཚམས་ཀྱི་བསྟོད་ར་ཞིག་བཏང་སྟེ་བཞག་རྒྱུ་ལས་དཀོན་གཉེར་མཁས་དྲག་ན་སེར་རྐུ་རག་ལ་བཏང་རྒྱུའི་ཉེན་ཁ་འདུག བསམ་ཚུལ་ཡིན།
ཕུལ་དང་ཕུལ། ངེས་པར་དུ་ཞལ་འདེབས་ཕུལ་གྱི་ཡིན། ཐུགས་རྗེ་གཟིགས་ཆུང་མ་དེ་ལ་འབྲེལ་བ་བྱེད་སྟངས་ཀྱི་གློག་འཕྲིན་ཨང་གྲངས་ཤིག་གནང་རོགས།
གལ་སྲིད་དོན་དབང་གི་ཆུང་མ་ལ་རོགས་སྐྱོར་རེ་བྱེད་འདོད་མཁན་ཡོད་ན་ཁོའི་ཆུང་མའི་ཁ་པར་ཨང་གྲངས་འདི་རེད་ཟེར།
༩༨༡༧༡༥༠༢༡༧
འདི་ངའི་དྲ་གྲོགས་ལྷ་ཆབ་པ་ལགས་ནས་ང་ལ་སྤྲད་པ་ཡིན།
ད་ང་ཚོའི་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་མངོན་གྱི་འདུག ལྷ་་མོ་མཚོ་ལགས་སུ་རོགས་པ་བྱ་གི་ཡིན། ཁ་དཔར་ཨང་གྲངས་སྤྲོད་རོགས་ཟེར་མཁན་ཁ་ཤས་ཤིག་མཐོང་བྱུང་། དོན་དངོས་ཐོག་སྒོར་ཐོག་རེ་གཉིས་ཤིག་སྤྲད་དེ་ངས་ཁོང་མོར་རོགས་རམ་བྱ་གི་ཡོད་ཅེས་གཞན་ནས་རོགས་རམ་ལེན་ཚེ་དེ་ནི་རྗེས་སུ་ངོ་་ཚ་པོ་ཆགས་ཀྱི་རེད།
ལྷག་པར་དུ་ང་ཚོར་འཛམ་གླིང་འདིར་འགྲན་ཟླ་བྲལ་བའི་སྐྱབས་བཅོལ་་བའི་གཞུང་ཞིག་ཡོད། དེའི་ཐོག་ནས་ཀྱང་གང་ཐུབ་ཀྱི་རོགས་རམ་ཞིག་གནང་བཞིན་པ་དེའང་རོགས་རམ་ཐོབ་མཁན་ནས་ངོས་འཛིན་བྱ་གི་དགོས་ཀྱི་རེད་མ་གཏོགས་དེ་ཚོ་གཏིང་བརྗེད་དུ་བཏང་ཚེ་ངོ་མ་ཐབས་སྐྱོ་པོ་རེད།
ཕྱོགས་གཅིག་ནས་སྤྱི་དོན་སླད་ལས་ཀ་བྱ་གི་ཡོད་པའི་བཟོ་མཐོང་ཡང་། ཕྱོགས་གཞན་ཞིག་ནས་སོ་སོའི་གཞུང་གི་བྱས་པ་ཐམས་ཅད་ཐོབ་ཐང་རང་ཡིན་ཤག་བྱས་ཏེ་སྣང་མེད་བཏང་ཚེ་དེ་ནི་ཡིད་སྐྱོ་དགོས་པ་ཞིག་འདུག
དེར་བརྟེན་གནས་སྟངས་འདི་འདྲའི་འོག་ཏུ་ཆུ་སྣ་གར་འཁྲིད་ཁག་ཅིག་གིས་གང་བྱུང་ཤོད་སྲིད་པ་རེད། ཡིན་ནའང་དེ་ཚོ་ནི་སོ་སོའི་རང་དབང་ཡིན་པས་གང་བཤད་ཀྱང་ཆོག གང་ལྟར་སྤྱི་པའི་ལས་དོན་བྱ་མཁན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ་སྤྱི་པའི་སྒྲིག་འཛུགས་སྲུང་བརྩི་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
མི་འདི་དག་གི་ནང་མི་ལ་རོགས་རམ་བྱེད་རྒྱུ་ང་ཚོ་ཚང་མའི་ལས་འགན་ཡིན་པའི། ནམ་བརྡ་ཐོངས་ར་གྲ་སྒྲིག་ཨང་གསར་ཡིན་ད་། གྲོགས་པོ། དཀོན་མཆོག་གསུམ་མིན་ན། ངོ་བསོ་བསྟོད་། མནའ་མ་ཐུག་ན་ངའི་ར་ཅིག་འདྲི་གི་བཟོས། ok. bye bye
Dhondup Wangchen, a Tibetan filmmaker detained in Tibet in March 2008 for documenting the plight of Tibetans under Chinese rule, is facing severe charges in a Chinese court. He has been denied access to his lawyers and is in poor health due to the torture he has suffered at the hands of the Chinese authorities.
Send a letter now to the Chinese government calling for his immediate release:
http://actionnetwork.org/campaign/dhondupwangchen
Your actions can help free this innocent man.
If you live in the U.S., please also send a letter to Secretary of State Hillary Clinton urging her to raise Dhondup Wangchen’s case when she meets with Chinese officials next week in Washington, D.C.
http://actionnetwork.org/campaign/clinton_dhondupwangchen
The letter will be copied to your Congressional Representatives, alerting them to this urgent case.
For more ways to help free Dhondup Wangchen, please visit: http://www.studentsforafreetibet.org/leavingfearbehind
Dhondup Wangchen, a Tibetan filmmaker detained in Tibet in March 2008 for documenting the plight of Tibetans under Chinese rule, is facing severe charges in a Chinese court. He has been denied access to his lawyers and is in poor health due to the torture he has suffered at the hands of the Chinese authorities.
Send a letter now to the Chinese government calling for his immediate release:
http://actionnetwork.org/campaign/dhondupwangchen
Your actions can help free this innocent man.
If you live in the U.S., please also send a letter to Secretary of State Hillary Clinton urging her to raise Dhondup Wangchen’s case when she meets with Chinese officials next week in Washington, D.C.
http://actionnetwork.org/campaign/clinton_dhondupwangchen
The letter will be copied to your Congressional Representatives, alerting them to this urgent case.
For more ways to help free Dhondup Wangchen, please visit: http://www.studentsforafreetibet.org/leavingfearbehind