རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་། Posted on 2012-12-092012-12-09 By ཁ་བརྡ་ 34 Comments on རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་། བསམ་གླིང་ཚེ་རིང་ལྷ་མོ། སྤྱིར་བོད་ནང་གི་མེར་སྲེག་ལས་འགུལ་ལ་སུས་ཀྱང་རེ་བ་དང་བསམ་ཚུལ་ཙམ་ཕྱིར་འདོན་མི་ཆོག་པ་ལྟ་བུའི་བསམ་ཚུལ་ཤུགས་ཆེན་པོ་ཞིག་དྲ་རྒྱའི་ཐོག་ནས་མཐོང་ཐོས་བྱུང་། དེར་བརྟེན་མི་མང་པོ་ཞིག་གིས་ཀྱང་རང་གི་བསམ་ཚུལ་ཕྱི་ལ་བཤད་འདོད་མེད་པ་རེད་ཨང་སྙམ། ཡང་སྒོས་མི་རིགས་དང་རྒྱལ་ཁབ་དེར་གོད་ཆགས་བྱུང་རྗེས། མི་རིགས་དེས་ཁྲག་དྲོན་དང་ཚེ་སྲོག་གཏོང་དགོས་ངེས་རེད་ལ། ཚ་ཚ་འུར་འུར་གང་འདྲ་ཞིག་བྱེད་རྒྱུ་ཡོད་ནའང་བྱེད་དགོས་ངེས་རེད། ཁོང་རྣམས་པ་ཚོས་ལས་འགུལ་དེ་འདྲ་ཞིག་སྤེལ་སྐབས་ང་ཚོས་དགའ་ཞིང་སྤྲོ་བའི་ངང་ནས་སེམས་ཤུགས་སྤར་བ་དང་། རྒྱབ་སྐྱོར་གང་ལེགས་བྱེད་དགོས་ངེས་རེད། འོན་ཀྱང་ངས་དེ་སྔོན་གྱི་གནས་ཚུལ་ཞིག་དུས་རྟག་ཏུ་དྲན་ཞིང་འདུག རང་ཉིད་སུ་ཇ་སློབ་གྲྭ་རུ་སྡོད་དུས་༡༩༩༢།༩༣ཞིག་ལ་རེད། ངའི་གྲོགས་མོ་ཞིག་ཡོད་པ་དེས་སེམས་སྐྱོ་མདོག་ཁ་པོས་ང་ལ། ད་ཡང་བོད་ལ་རྒྱ་དམར་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག ། ད་གང་དྲགས་ཞེས་གསུང་བྱུང་། རང་ཉིད་ནས་བསམ་བློ་གང་ཡང་མ་བཏང་བར། འོོ་ད་སྟབས་ཡག ། རྒྱ་ནག་ལ་མ་འཛིང་ན་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་ཐབས་ཡོད་པ་མ་རེད་ཅེས་བཤད་པ་ཡིན། ཁོང་མོ་སེམས་སྡུག་ཆེན་པོས། མ་གཞི་བྱས་ན་དེ་འདྲ་རེད། འོན་ཀྱང་མི་ཁག་གཅིག་གིས་མ་གཏོགས་ངོ་རྒོལ་བྱེད་མཁན་མེད་སྟབས། ངོ་རྒོལ་བྱེད་མཁན་དེར་རྒྱ་དམར་ནས་སྡུག་སྤྱོད་ཚད་མེད་གཏོང་གི་ཡོད། ལྟོས་དང་། རྒྱ་གར་ནང་གི་གནས་ཚུལ་ལ། བོད་པའི་འཐབ་རྩོད་སྒང་ལ་ཤུགས་རྒྱག་མཁན་འདུག་གམ། ཞེས་དང་ད་དུང་རྒྱ་གར་ནང་བོད་མིས་འཛུགས་སྐྲུན་ག་ཚོད་བྱས་ཡོད་པ་དང་ད་དུང་། བོད་མི་མང་པོས་ཕྱི་རྒྱལ་ལ་འགྲོ་བཞིན་ཡོད་པའི་སྐོར་རྣམས་ཀྱང་གསུང་བྱུང་། ལྷག་པར་དུ་དེའི་ཉིན་མོ་ཁོང་གི་ནང་མིའི་གནས་ཚུལ་དག་ཀྱང་ང་ལ་གསུང་བྱུང་། ཁོང་གི་པ་ལགས་བོད་དོན་འཐབ་རྩོད་གནང་ནས་བཙོན་ཁང་ལ་སྐབས་དེ་དུས་ཐེངས་གཉིས་ཚུད་ཚར་འདུག ། དེས་རྐྱེན་པས་ཨ་མ་ལགས་ལ་སྙིང་ནད་ཕོག་འདུག ། ད་དུང་ཁོང་གི་གཅེན་མོའི་བཟའ་ཟླ་རྒྱ་མི་དཀྱུས་མ་དེ་འདྲ་དང་རྒྱ་འདྲེ་ཤོར་ནས་རྒྱ་མིས་སྦྱག་མ་སོགས་འཁྱེར་ནས་ཉེས་རྡུང་དྲག་པོ་བཏང་འདུག ། རྗེས་སུ་འཆི་གསོན་གང་བྱུང་ཡོད་མེད་ཤེས་མ་བྱུང་། གང་ལྟར་རྒྱ་དམར་གྱིས་ཕྱི་ནང་བར་གསུམ་ལ་བརྟེན་ནས་བོད་མིའི་རྩ་དོན་འཐབ་རྩོད་པར་དཀའ་ངལ་ཚད་མེད་བཟོ་གི་ཡོད་པ་རེད། གནས་ཚུལ་དེ་དག་ཁོང་གིས་ཐག་རིང་མི་ཡུལ་ནས་གསན་པ་ཙམ་མ་གཏོགས་མཐོང་མེད། ཁོང་རང་ཉིད་ལའང་གནོན་ཤུགས་ལྗིད་མོ་ཞིག་གི་རྐྱེན་ལས་རྒྱ་གར་དུ་ཕེབས་འདུག ། ཁོང་གི་ཁྱིམ་ཚང་ལ་བྱུང་བའི་གནས་ཚུལ་དེ་དག་ང་ལ་གསུང་ཀྱང་། ང་ལ་དེ་ཙམ་གྱི་ཚོར་སྣང་ཆེན་པོ་སྤྲད་མ་སོང་།འོན་ཀྱང་ལོ་ཤས་ནང་གནས་ཚུལ་དེ་ཡང་ཡང་ངའི་སེམས་ལ་འཁོར་བ་མ་ཟད། ད་ལྟའི་ང་ཚོའི་བཙན་བྱོལ་བའི་ཉིན་རེའི་འཚོ་བའི་གནས་སྟངས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ལས་འགུལ་སྤེལ་ཕྱོགས་སོགས་གང་ཅིར་མཐོང་བ་དང་།གཞི་ནས་ཁོང་མོའི་སེམས་ཚོར་དང་། སྡུག་བསྔལ་ག་ཚོད་ཡོད་པ་ཤེས་ཀྱི་འདུག་ལ་ཁོང་རང་ཡང་ན་ཚ་ལྗིད་མོ་ཞིག་གིས་འདས་གྲོངས་ཕྱིན་སོང་ ། དེར་བརྟེན་ངས་མེར་སྲེག་གི་དཔའ་བོ་དང་དཔའ་མོ་ཚོའི་སྙིང་སྟོབས་ཞུམ་པ་མེད་པར་རྐྱང་འཕྱག་ཕུལ་འདོད་འདུག་ལ། ཁོང་རྣམས་པའི་ཚ་ན་ནི་བསམ་མི་ཕོད་པ་དང་། རྗོད་བྱེད་ཚིག་གིས་ཀྱང་དབུལ་བ་ཞིག་ཏུ་ཚོར་བའི་ཐོག ། ནང་མི་གཉེན་འཁོར་ཚོའི་སེམས་ལ་ཅི་འདྲའི་སྡུག་བསྔལ་ཡོད་པ་ཤེས་ཀྱི་འདུག ། ད་དུང་སྔ་ཕྱིའི་གནས་ཚུལ་ལ་ལྟས་ནའང་། བོད་ནང་གི་རང་ལུས་མེར་སྲེག་བྱུང་འགོ་བརྩམས་པ་ནས་བརྩིས་ན། དེའི་ཆེད་དུ་དམིགས་པའི་རྫ་དྲག་ཚོགས་ཆེན་དེ་ཧ་ཅང་ཕྱི་པོ་ཆགས་པའི་ཚོར་སྣང་སྐྱེས་བྱུང་། ཡང་སྒོས་ཚོགས་ཆེན་གྱི་མཇུག་བསྡོམས་སྙན་ཐོ་ཉེ་འཆར་བཀའ་སྤྱིའི་ཁྱབ་བསྒྲགས་ལས་འགུལ་་འགྲོ་བཞིན་པ་དེར་བལྟས་ཡོང་དུས། དམིགས་གསལ་གྱི་བྱེད་སྒོ་རྣམ་བཞག་ཤུགས་རྐྱེན་ཐོན་ཐུབ་པ་དང་གསར་པ་གང་ཡང་མེད་ཐོག ། མང་ཆེ་བ་སྔོན་ཚུད་ནས་ལས་འགུལ་དེ་དག་འགྲོ་བཞིན་པ་དག་ཡིན་པའི་ཚོར་སྣང་རབ་རིབ་ཀྱིས་ཁེངས་སོང་། ད་ཆ་མེར་སྲེག་ལས་འགུལ་ལས་བྱུང་བའི་བོད་ཀྱི་རྩ་དོན་ཚ་ཚ་འུར་འུར་དེ་མཐའ་མཇུག་གང་འདྲ་ཞིག་ལ་སླེབས་མིན་ནི་ང་ཚོ་ཚང་མའི་སེམས་ཁྲལ་ཆེ་ཤོས་དེ་རེད། སྤྱིར་མེར་སྲེག་ལས་འགུལ་ལ་བརྟེན་ནས་བོད་མི་གང་མང་ཞིག་ལ་རྟོགས་པ་སད་ཡོད་ལ། གཅིག་སྒྲིལ་གྱི་བསམ་བློ་ཡང་ཤུགས་ཆེ་རུ་དང་། མི་རིགས་ཀྱི་ལ་རྒྱ་ཡང་ཤུགས་ཆེ་རུ་སོང་ཡོད་པ་གོར་མ་ཆགས་པ་ཞིག་རེད། ལྷག་པར་རྒྱལ་སྤྱིའི་ཐོག་ཁ་གྲགས་པའི་ནུས་པའང་ཤུགས་ཆེ་རུ་སོང་བ་དང་། བོད་ཀྱི་གནད་དོན་དེ་རང་གར་སྐྱུར་འཇོག་བྱ་མ་འོས་པ་ཞིག་ཡིན་པ་སླར་ཡང་སུས་ཀྱང་རྟོགས་ཐུབ་པ་བྱུང་ཡོད། འོན་ཀྱང་བློས་གཏོང་རླབས་ཆེན་ལ་དཔག་པའི་ནུས་པ་ཞིག་མ་ཐོབ་པ་དང་། ལོ་རབས་བརྒྱ་བཅུ་པའི་ནང་གི་བོད་མིའི་ངོ་རྒོལ་བཞིན་དུ་རྒྱ་དམར་གྱི་སྲིད་བྱུས་མཁྲེགས་སུ་དང་། རྗེས་སུ་དཔག་དཔག་སྤྲུག་སྤྲུག་བྱེད་ས་མེད་པ་ཞིག་བཟོས་ན། ང་ཚོའི་སྤུན་ཟླའི་ཚེ་སྲོག་དེ་དག་ཅི་འདྲའི་ཕངས་པོ་ཞིག་རེད་ལ། འབྱུང་འགྱུར་བོད་ནང་དཀའ་ངལ་ཚད་མེད་ཡོང་བའི་ཉེན་ཁ་ཆེན་པོ་རེད། དེར་བརྟེན་ང་ཚོས་དམིགས་གསལ་ཛ་དྲག་ཚོགས་ཆེན་གྱི་སྙན་ཐོ་སྒུག་རྒྱུ་ཙམ་མ་ཡིན་པར། དཔའ་བོ་དང་དཔའ་མོ་ཚོའི་མངོན་འདོད་ཙམ་མ་ཟད། འབྱུང་འགྱུར་གྱི་བོད་དོན་ཐག་གཅོད་ཇི་ལྟར་ཡོང་མིན་ཐད་ལ་གྲོས་གླེང་ཚ་ཚ་འུར་འུར་བྱེད་པའི་དུས་རེད་སྙམ། ད་ཆ་ང་ཚོར་གདམས་ཁ་གཉིས་ཡོད། གཅིག་ནི་བཙན་བྱོལ་བ་ཡོད་དོ་ཅོག་ནས་སྡེབ་ལངས་ཀྱིས་རང་ཡུལ་ཕྱོགས་སུ་ལོག་དགོས་པ་དེ་ནུས་པ་ཆེ་ཤོས་མཐོང་། མི་ཁག་གཅིག་གིས་དེ་ལྟར་ཡིན་ན་༡༩༥༩ལོར་དཀའ་བ་སྤྱད་ནས་བཙན་བྱོལ་གཞུང་ཚུགས་པའི་དགོས་པ་གང་ཡོད་སྙམ་སྲིད། དེ་ནི་དགོས་པ་ཡོད་དེ། སྐབས་དེ་དུས་ང་ཚོས་འཐབ་རྩོད་ཇི་ལྟར་བྱས་ཀྱང་སྦྲང་མ་སྦར་བཙིར་བཏང་བ་ལྟར་ལས་མེད་པས་བྲོས་བྱོལ་གྱི་ལམ་བུ་དེ་ལེགས་ཤོས་ཡིན། གཉིས་ནས་ད་ལྟ་བོད་ཀྱི་རྩ་དོན་འཛམ་གླིང་ནང་ཁྱབ་གྲགས་ཆེན་པོ་བྱུང་ཚར་བས་རྒྱ་དམར་གྱིས་ང་ཚོའི་རྩ་དོན་ཁྲིམས་ལུགས་འཁྱོག་བརྗོད་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་ནུས་མེད་ཤུལ་མེད་གཏོང་ཐབས་བྲལ་བ་རེད། བསམ་དགོས་པ་གཙོ་བོ་དེ་ང་ཚོས་སྡེབ་ལང་བྱས་ན་ང་ཚོའི་ཚེ་སྲོག་གང་ཙམ་ཞིག་ཤོར་སྲིད་པ་རེད། འོན་ཀྱང་ང་ཚོས་ཞི་བ་ཁོ་ནར་བརྟེན་པས་དྲག་པོའི་གདོང་ཐུག་སྒོ་ཀུན་ནས་མ་ལྷག་པའི་ཐབས་ཤེས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན། དེ་འདྲའི་གཅིག་སྒྲིལ་དང་བློས་གཏོང་ཞིག་ལ་འཁྱུད་ཚེ་བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་འདུན་བོད་མིའི་རང་སྲིད་རང་སྐྱོང་ཞིག་ཆེ་ཆུང་ལ་མ་ལྟོས་པར་ཐོབ་ཐུབ་པའི་རེ་བ་ཆེན་པོ་རེད། དེ་དུས་གཞི་ནས་ང་ཚོའི་ཆབ་སྲིད་ཀྱི་དབུ་བཙུགས་པ་རེད་ཅེས་བཤད་ཆོག་ལ་ང་ཚོའི་མི་རིགས་འདི་འཆི་གསོན་གཉིས་ནས་གསོན་པ་ཞིག་རེད། གདམས་ཁ་གཉིས་པ་ནི་ང་ཚོས་ལོ་རྒྱ་ཕྲག་ཁ་ཤས་བཙན་བྱོལ་དུ་སྒུག་སྡོད་བྱེད་རྒྱུ་དེ་རེད། དེ་དུས་ང་ཚོའི་དཀའ་ངལ་དེ་བོད་ནང་གི་ཚེ་སྲོག་མུ་མཐུད་འཕྲོ་བརླག་འགྲོ་བ་དང་། བཙན་བྱོལ་དུའང་གཞན་དབང་སྟབས་བསྟུན་གྱི་དཀའ་ངལ་རིམ་པས་འཕྲད་སྲིད། ལྷག་པར་དུ་༸སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་སློབ་གཅིག་ནང་། ང་ཚོས་ཟབ་ཟབ་མ་བྱས་ན་མ་འོངས་པར་ཉིན་འཁྱོལ་ནའང་མཚན་མ་འཁྱོལ་བའི་དཀའ་ངལ་འཕྲད་སྲིད་ཅེས་གསུང་ཡོད། དེ་ཡང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་འདམས་ཆེན་པོ་དང་ཁྱད་པར་མ་མཐོང་། ད་ནི་རང་རང་བསམ་ཚོད་དང་མཐོང་ཚོད་ཀྱི་བསམ་འཆར་གང་ཡོད་གྲོས་བསྡུར་གང་ལེགས་བྱེད་དགོས་པར་མཐོང་ལ། བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་དང་། བོད་དོན་རྒྱབ་སྐྱོར་འཚོལ་བར་ཕྱི་རྒྱལ་ཙམ་མ་ཟད་བཙན་བྱོལ་བོད་འབངས་རྣམས་ལའང་ངེས་པར་དུ་གོ་རྟོགས་སྤེལ་དགོས་པ་འདུག་གོ། སྣ་ཚོགས།
བཙན་བྱོལ་བོད་མི་སྡེབས་ལངས་ཀྱི་བོད་ལ་ལོག་ཟེར་བ་དེ་འགྲུབ་མི་སྲིད་པའི་སྐད་ཆ་རེད། སྡེབ་ལངས་བྱས་ན་སྡེབ་གསོད་བྱ་རྒྱུ་ཡིན་པ་ད་ལོའི་ཁམས་བྲག་འགོའི་སྡེབས་ལངས་ལ་གང་བྱུང་སོང་བསམ་བློ་ཞིག་ཐོངས་དང་། ངས་ནི་མི་སུ་གཅིག་ལ་ཁྱོད་ཤི་ལམ་ལ་འགྲོ་དགོས་རེད་ཟེར་མི་ཕོད། དེ་ལས་ཁ་བརྒྱག་པ་བཤད་མ་འདུག་པར་རང་རང་གི་ས་ནས་ཅིག་བྱ་ཐུབ་པ་རེ་ཡོད་ན་བྱེད་ན་ཡག་ཤོས་རེད།
བསམ་གླིང་ཚེ་རིང་ལྷ་མོ་འདི་ཡང་སྲོལ་རྒྱུན་སྙན་དངགས་ཤིནད་ཏུ་སྙན་པ་འབྲི་མཁན་ཅིག་ཡོད་པ་ཁྱོད་ཡིན་པ་ཡང་སྲིད་ཀྱང་། འདིར་ཁྱེད་ཀྱིས། ་་་ ཁོང་གི་པ་ལགས་་་་་ ལ། ་་་་ ཁོང་གི་ཕ་ལགས་་་་ཞེས་བྲིས་ན་མི་ལེགས་སམ། ལགས།
རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་ངེས་པར་དུ་དགོས་ཏེ། ༡༽༤༩ སྔོན་ལ་རྒྱ་ནག་ལ་དམར་པོ་བཙུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༢༽ཞེ་དགུར་དམར་དམག་བོད་ནང་འཛུལ་བས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༣༽༥༡ ལོར་དོན་ཚན་བཅུ་བདུན་བཞག་བཅུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༤༽༥༩འི་གསུམ་བཅུར་མི་མངས་སྒེར་ལངས་འུ་ཐུག་པ་བཟོས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༥༽༦༠འི་ནང་རིག་གནས་གསར་བརྗེས་གདུག་རྩུབ་ཀྱིས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༦༽༧༩འི་ལོར་ཏིང་གིས་རང་བཙན་མིན་པའི་ཡོད་ཚད་ཤོད་ཆོག་པར་བཟོས་དུས། ༸གོང་ས་མཆོག་དང་བཙན་བྱོན་མི་མངས་སྲིད་གཞུང་གིས་བོད་རང་བཙན་བློས་བཏང་བྱས་བཅུག་པར། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༨༽༧༩འི་རྗེས་སུ་ཡང་དུས་ད་ལྟའི་བར་ཏྰ་ལའི་ཁ་བྲལ་རིང་ལུགས་ཟེར་ནས་ཁ་བརྡུང་མུ་མཐུད་བྱས་སྟབས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༩༽པཎ་ཆེན་༸སྐུ་གོང་མའི་རེ་འདུན་ལ་འཁྱོག་བཤད་དང་། ཡང་སྲིད་འཁྲུལ་བྲལ་ངོམ་༸པཎ་ཆེན་༸བསྟན་འཛིན་དགེ་འདུན་མཆོག་བཟང་བཙོན་ས་མཐར་སྤྱུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༡༡༽༸པཎ་ཆེན་༡༡པ་བསྟན་འཛིན་དགེ་འདུན་གྱི་ཚབ་ཏུ་སྡིག་པ་མིག་བཙུམ་གྱིས། པཎ་རྫུན་རྒྱལ་ནོར་བཙན་བསྐོས་བྱས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༡༢༽༢༠༠༨ནས་ད་བར་བོད་ཀྱི་སྐད་ཡིག་ལ་བཀག་འགོག ལེགས་གཞུང་ལ་འཕྱ་དམོད། བོད་སར་བོད་མིར་བརྙས་བཅོས་ཚད་ལ་འདས་པ་བྱས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། ༡༣༽ བོད་མིའི་རང་དབང་ཅུང་ཟད་ཅིག་བསྐྱར་གསོའི་ཆེད་དུ་༸གོང་ས་མཆོག་བོད་ནང་ཕེབས་བཅུགས་ན་བསམ་པའི་རེ་འདུན་ལ་བསམ་མེད་རྡོག་རོལ་བཏང་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས། རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་སུས་བཀག་ཐུབ་བམ། 10th Decemberསང་ཉིན་བཅུ་གཉིས་བཅུ་ལ་བོད་རིགས་མི་མངས་སོ་སོ་ཡོད་སའི་རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་དུ་སྐད་འབོད་ལ་ཕེབས་རོགས་ཞུའོ། །རྒྱ་རྫུན་པ་ཕམ་འགྱུར་ནས། བོད་པ་བདེན་ཉིད་རྒྱལ་འགྱུར་ཅིག །བོད་རིགས་རྒྱལ་ལོ། །
སྤྱི་སྟངས་བསམ་ཚུལ་བཤད་ཆོག་རྒྱུ་རེད། ཡིན་ན་ཡང་ནམ་ཞིག་ཡིན་ན་ཁ་རྒྱག་པ་རྐྱང་རྐྱང་ལས་་་་རང་ངོ་ནས་འགོ་བཟུང་ན་ག་འདྲ་འདུག དེ་མིན་དེང་སངས་སྤྱི་ཚོགས་ནང་ལ་བཤད་མཁན་མང་ལ་ལས་མཁན་ཉུང་སོང་བས་དཀའ་ངལ་འདུག སྤྱི་སེམས་ཡོད་མདོག་མདོག་ཚང་མ་གཞུང་གི་འགོ་ལ་གཡོག་ན་ཕན་ཐོགས་ཀྱང་ཡོད་ན་་་་་།
བཙན་བྱོལ་བ་སྡེབས་ལངས་དགོས་ལས་འགུལ་རེ་སྤེལ་ཐུབ་ཀྱང་སྡེབས་ལངས་ཀྱིས་རང་ཡུལ་དུ་ལོག་ཟེར་བ་བཤད་སྒྲོས་ཙམ་ལས་དོན་ངོ་མས་ཡོང་མི་སྲིད་པ་ཞིག་རེད། དེ་ལྟའི་བློ་ཁོག་དང་ཆོད་སེམས་ཡོད་ཀྱང་ས་མཚམས་ཁག་ནས་ཐར་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན། ད་ག་རེ་བྱེད་ཀ
རྩོམ་ཡག་པོ་ཞིག་བྲིས་འདུག དགའ་བཞིན་སྤྲོ་བཞིན་སེམས་ཤུགས་སྤར་དགོས་གསུངས་པ་མི་འདོད།རྒྱབ་སྐྱོར་གང་ཡོང་ཅི་ཡོང་བྱེད་དགོས་ངོས་རེད།
བསམ་གླིང་ཚེ་རིང་ལྷ་མོ་འབོད་པའི་བསམ་ཚུལ་ལ་བདག་གིས་རྒྱབ་སྐྱོར་མཐའ་གཅིག་དུ་བྱེད་རྒྱུ་ཡིན། སྐད་ཆ་འདི་བསམ་བློ་བཏང་ནས་བཤད་ཀྱིན་པའི་བཟོ་ཞིག་དང་། ཛ་དྲགས་སྐབས་འདིར་ལྷག་བསམ་རྨ་མེད་ཀྱི་སྐད་ཆ་རེད་ཞིག་རེད། དེར་བརྟེན་འདིར་འཛོམས་པའི་དྲ་གྲོགས་ཚོ་དཔྱོད་ཤེས་དང་ལྡན་ན། བསམ་གླིང་ཚེ་རིང་ལྷ་མོའི་བརྗོད་གཞི་དང་འབྲེལ་ནས་ང་རྒྱལ་ཕྲག་དོག་གི་སྐད་ཆ་མེད་པར་གནས་ལུགས་རེ་བྱེད་ཐུབ་པའི་རེ་བ་ཡོད། ལྷག་ཏུ་སྤོབས་པ་མཐའ་ཡས་འབོད་པ་ལགས། སྐུ་ཉིད་ནམ་རྒྱུན་དྲ་ཐོག་འདིར་མཐོང་བསྡད་པའི་དཔྱད་བརྗོད་པ་དང་དཔྱད་མཆན་པ་རྒན་པའི་གྲལ་རེད། དེར་བརྟེན་ཁ་མིག་ཡར་བལྟ་བྱེད་བཞིན་ཡོད་ལ། བོད་སྤྱི་བའི་དོན་དུ་བསམ་ཚུགས་ནས་གཏམ་བཤད་པའི་རེ་བ་ཡང་ཤིན་ཏུ་ནས་ཆེ། ༡༽བསམ་གླིང་ཚེ་རིང་ལྷ་མོ་འབོད་པས་ཡུལ་གྱར་གཞུང་འབངས་འདི་སྡེབས་ལངས་བྱས་ནས་རང་ཡུལ་ལ་ལོག་དགོས་བའི་བསམ་ཚུལ་སྟེང་། སྐུ་ཉིད་ཀྱིས་དེ་འདྲ་ཡོང་སྲིད་པ་མ་རེད། སྡེབས་ལངས་བྱས་ནས་སྡེབས་གསོད་བྱ་རྒྱུ་རེད་ཟེར། གོམ་པ་མ་སྤོས་ནས་སྐད་ཆ་འདི་ཡོང་སྟངས་ལ་བལྟས་ན་ཀུན་མཁྱེན་ཞིག་དང་འདྲ་བར་ལུང་སྟོན་པའི་བཟོ་འདྲ་འདུག ལྷ་བ་མོ་བ་གསོས་ན་འདི་འདྲའི་སྐད་ཆ་རེ་ཡོང་ཀྱིན་པ་རེད། དོན་དངོས་ཐོག་གནས་སྟངས་རང་ལ་གདོང་ཐུག་མ་བརྒྱབ་ན་ཁ་ཚོན་གཅོད་དཀའ་བའི་ལས་དོན་མང་བོ་ཞིག བོད་རང་ཉིད་ཀྱི་འདས་སོང་གི་དུས་ཚོད་ནང་ཕྱོགས་འདྲ་མིན་དང་ནམ་ཆ་མེད་དུ་འབྱུང་བཞིན་པ་རེད། དེར་བརྟེན་ཚོད་དཔག་བྱས་ཀྱང་ཆོག སྡེབས་གསོད་བྱེད་སྲིད་པའི་གནས་ལུགས་དེ་འདྲེན་རོགས། ༢༽གོ་བ་ལོག་སྒྲུབ་མ་བྱེད། སྤྱི་ཆ་ནས་བོད་མི་ཡོད་དོ་ཅོག་སྐུ་ཉིད་ནང་བཞིན་ཤ་ཁྲག་གཅིག་པའི་སྤུན་ཟླ། གངས་ཆུ་འཐུང་ནས་འཚར་ལོངས་བྱུང་། བྱམས་དང་བརྩེ་བའི་བསྐྱངས་ཡོང་མཁན་དག་ཡིན་པའི་ཆ་ནས་སུས་སུ་ལ་ཕུད་བརྒྱབ་ནས་འཆི་ལམ་ལ་འདེད་ཀྱིན་པ་རེད། བསམ་གླིང་ཚེ་རིང་ལྷ་མོ་འབོད་པས་བོད་སྤྱི་དོན་དུ་འཐབ་རྩོད་བྱེད་དགོས་བ་རེད་ལབ་ཀྱིན་པ་མ་གཏོགས། མཐའ་གཅིག་ཏུ་ཤི་ལམ་ལ་འདེད་པ་དེ་འདྲ་རེད་དམ། རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཅིག་རྩོད་བཞིན་པ་ཡོད་ཙང་། ཤི་རྨས་རེ་ཟུང་འབྱུང་སྲིད་པ་རེད་དེ། རྒྱལ་སྤྱིའི་སྒང་གི་གཞུང་དང་མི་མང་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་རྩོད་ཉོག་རེ་རེ་བཞིན་འདི་ལྟར་སེལ་ནས་ཡོང་བ་མ་རེད་དམ། ༣༽ དེ་ན་སྐུ་ཉིད་ཀྱི་འདོད་པ་དེ་གསུང་རོགས། བདེ་བདེ་འཇམ་འཇམ་གྱིས་བོད་སྤྱི་བའི་བདེན་མཐའ་སེལ་ཐབས་གང་ཞིག་ཡོད་བ་རེད། གཞན་ཡང་སྐད་ཆ་ཁ་ཤས་ཡོད་དེ་ག་ལེར་ཞུས་ན་ཆོག ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ལགས་དངོས་གནས་ངས་རྒྱུན་དུ་ཁོང་གི་མཆན་ལ་དོ་སྣང་ཆེ་ཤོས་བྱེད་བཞིན་པ་ཡིན། དེ་རིང་བསམ་གླིང་ཚེ་རིང་ལྷ་མོས་བོད་མི་རིགས་ཀྱི་བདེ་སྡུག་སྐོར་བསམ་ཚུལ་ལྷག་བསམ་རྣམ་དག་གིས་སྤེལ་བ་ལ་དྲང་བདེན་གྱི་དཔྱད་བརྗོད་མེད་པར་ཁ་རྒྱག་པ་མ་བཤད་བྱེད་རྒྱུ་ཡོད་སོ་སོའི་ས་ནས་བྱས་ཆོག་ཟེར་བ་ནི་བཟང་སྤྱོད་དང་འགལ་བར་མཐོང་།
བཙན་བྱོལ་ནང་བཞུགས་མཁན་མང་ཆེ་བས་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་དང་རྒྱབ་སྐྱོར་བྱེད་མཁན་ཚོས་ལྷག་བསམ་རྣམ་དག་གིས་བྱེད་པ་དང། ཁག་ཅིག་གིས་བོད་མིའི་ཚེ་སྲོག་རྩ་ཆེར་འཕྲོག་བརླག་ཏུ་མི་འགྲོ་བར་བསམ་ཏེ་རང་སྲོག་བློས་གཏོང་མ་བྱེད་རོགས་ཟེར་སོ་སོའི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབོད་སྐུལ་ཞུ་གི་ཡོད་པ་རེད། བཙན་བྱོལ་དུ་བཞུགས་མཁན་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཆོས་འབུལ་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་མ་ཡིན་པར་རང་སྲོག་བློས་གཏོང་གནང་མཁན་ཚོའི་ རྩ་ཆེའི་ཚེ་སྲོག་བློས་བཏང་བྱས་པ་ཆུ་བཟོད་དུ་མི་འགྲོ་བ་བྱ་དགོས་པ་ནི་གལ་ཆེན་པོ་མཐོང། ང་ཚོས་ད་བར་མི་ལོ་དྲུག་ཅུ་ཙམ་རིང་ལས་འགུལ་སྤེལ་བ་ཚང་མ་གཅིག་པ་ལས་མི་འདྲ་བ་ཞིག་དང་ནུས་པ་ཐོན་པ་གང་ཡང་མིན་འདུག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་གྲོས་ཚོགས་ཁག་གི་རྒྱབ་སྐྱོར་དང་བོད་དོན་གྲོས་མཆོད་བཞག་རབ་བཤད་དེ། བོད་ནང་གི་བོད་མི་ཚོར་སྐུལ་སློང་སྤེལ་ཐབས་ཤིག་ལས་གང་ཡང་མིན། ང་ཚོས་ལས་འགུལ་གསར་པ་ཞིག་སྤེལ་དགོས་པ་ནི། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་སྤ་ལེ་སི་ཐན་གྱིས་ལོ་མང་རིང་དཀའ་ངལ་རྒྱབ་པར་དེར་ད་ཆ་རྒྱལ་ཚོགས་ཀྱི་ཟུར་ཉན་རྒྱལ་ཁབ་ནང་ ཞུགས་ཐུབ་པ་དེ་ཁོང་ཚོའི་དཀའ་ལས་རྒྱབ་པའི་གཟི་བརྗེད་རེད་ལ་ཁོང་ཚོའི་མི་དམངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པ་དེར་ནུས་པ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ལས་འགུལ་ཆུང་ཚགས་ལ་མགོ་འཁོར་ནས་དོན་ཆེན་ཕྱུག་འགྲོ་གི་འདུག་
སྤོབས་པ་འཐའ་ཡས་ལགས་ཀྱིས་རྒྱུ་མཚན་ལྡན་གསུངས་པར་ཡིད་རངས་ཡོད། འགྲུབ་ཡ་མེད་པའི་འུར་སྒྲོགས་ལས་སོ་སོའི་འཇོན་པའི་ལས་ཀ་རེ་བྱོས་དང་དེ་ག་རང་འགྲིག་གི་རེད། དེ་མིན་ཁ་གཡང་ཁོ་ན་སྒྲོག་ན་གང་ཡང་མི་འགྲུབ།
སེམས་ཤུགས་དེ་འདྲ་ཡོད་པ་ཡག་པོ་རེད། བོད་ལ་དགོས་བའི་བོད་མོ་རེད། ཡིན་ན་ཡང་། ལམ་ཁ་དེ་སྔོན་མ་ཞིག་ནས་ཟམ་གདོང་བླ་མ་གཙོ་བྱས་ནས་གཙོག་པ་བཟོས་ཚར་བ་རེད། ད་ལམ་ཁ་དེར་འགྲོ་ནི་ཁག་པོ་ཡིན་ས་ཡོད། དེ་མིན་ཐབས་ཇུས་གཞན་པ་འདྲ་ཨེ་ཡོད་ཀི།
རེད་སོ་སོས་ས་ནས་འཇོན་པ་དེ་ཆོས་ལུགས་ཞེན་ཁོག་གི་མི་མང་མགོ་བོ་རྨོངས་སུ་བཅུག་རྒྱུ་དེ་ཡིན་འགྲོ་དེ་མིན་ད་བར་འཇོན་པའི་རྣམ་གྲངས་བཤད་རྒྱུ་མེད།
ཐོག་མར་དྲ་གྲོགས་ཀློག་པ་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ། སྤོབས་པ་མཐའ་ཡས་ལགས། ད་སྔོན་རང་ཉིད་ནས་སེམས་ཚོར་ཕྱིར་ཐོན་ཏེ། ཁྱེད་རྣམས་སྐུ་ལུས་མེ་ལ་མ་སྒྲོན་རོགས་ཟེར་བ་ཞིག་བྲིས་པ་ཡིན། དེ་དུས་ཁྱེད་རང་གིས་ཨང་དང་པོར་བོད་ནང་གི་བོད་མིས་སྐུ་ལུས་ངེས་མེ་ལ་སྒྲོན་དགོས་པའི་ལྟ་བ་ཞིག་འཛིན་སོང་། ངའི་སེམས་ལ་ད་ཕྱི་ནང་གཉིས་ནས་སྐུ་ལུས་མེ་ལ་སྒྲོན་རིན་ཆོག་པ་ཞིག་གནང་རྩིས་ཡོད་པ་འདྲ་བསམ་བྱུང་། འོན་ཀྱང་ཁྱེད་ནས་གང་ཡང་གནང་མ་སོང་། ད་ལྟ་བཙན་བྱོལ་བས་སྡེབ་ལང་བྱས་ན་སྡེབ་གསོད་བྱེད་ཀྱི་རེད་ཅེས་ཞེད་སྣང་བྱས། ཡང་ན་བོད་ནང་གི་སྤུན་ཟླ་ཚོའི་སྲོག་ལ་རིན་ཐང་མེད་པ་དང་། བཙན་བྱོལ་བའི་ཚེ་སྲོག་ལ་རིན་ཐང་ཡོད་པ་གང་འདྲ་ཡིན་ནམ།
དྲ་གྲོགས་ཀརྡོ་མཆོག། པ་ལགས་ཟེར་བ་མ་གཏོགས་ཕ་ལགས་ཟེར་སྲོལ་མེད་ལགས་སོ། གཞན་རྩོམ་དེ་ལ་རྒྱབ་སྐྱོར་གནང་མཁན་དང་། བོད་ཀྱི་རྩ་དོན་ལ་དོ་འཁུར་གནང་མཁན་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ། གཞན་བོད་མི་ཚང་མས་རང་ཡུལ་ལུང་པར་ལོག་གི་ཡིན་ཟེར་ན། རྒྱ་གར་དང་བལ་ཡུལ་གཞུང་ལ་ཡང་གང་ཟེར་ཡས་ཡོད་མ་རེད། གཙོ་ཆེ་ཤོས་གདོང་ལེན་གནང་ཕྱོགས་ལ་རག་ལུས་ཡོད། གཅིག་ནས་དྲག་གནོན་བྱེད་སྲིད་པ་རེད། གཉིས་ཐད་ནས་བོད་རིགས་སྤུན་ཟླས་ལོག་སླེབས་བྱུང་ཟེར་ནས་མགོ་སྐོར་བསླུ་སྦྲིད་ཀྱང་བྱེད་སྲིད་པ་རེད། གང་ལྟར་གདོང་ལེན་བྱེད་ཐུབ་ན་དེ་དུས་འཛམ་གླིང་གི་ཁ་ང་ཚོར་སློག་གི་རེད།
པ་ལགས། པྰ་ལགས། གཉིས་ཀ་ལྷ་སའི་སྲང་ལམ་གྱི་སྐྱག་སྐད་རེད། ལྷ་སའི་ཞེ་ས་ལ་ཁ་མིག་ཡར་བལྟ་བྱ་དགོས་དགོས་ཀྱང་། དཔེར་ན། ལྷ་ས་པ་འགའ་ཤས་ཀྱིས། ཡིན་ན་ཡང་། ལ། ཡིན་ནའི། ལབ་པ་དང་གཅིག ཐུགས་རྗེ་ཆེ་། ལ། ཐོག་རྗེ་ཆེ། ཡང་། ལ་དོན་གྱི་ཕྲད་ལ་ཡིག་ཐོབ་སར། བྱེད་ལ་འགྲོ། ལ། བྱེད་གག་འགྲོ་སོགས། ནོར་བ་ལ་ནོར་བ་ཤེས་ནས་སྙིགས་དོར་བཅུད་ལེན་མི་དགོས་སམ། བོད་ཀྱི་སྤྱི་འབྱུང་ཁུངས་ནས་བཤད་ན། ཨ། ཨ་ཕ་དང་ཨ་མ། ཨ་ཞང་དང་ཨ་སྲུ། ཨ་ཁུ་དང་ཨ་ནེ། ཨ་ཇོ་དང་ཨ་ཅེ་སོགས་ཡིན་པར་ཤེས་དགོས། ད་དུང་དེང་དུས་བོད་སྐད་ཡར་ཐོན་ཅན་དུ་བཟོ་འདོད་ན། ཨ་ཕ་ལགས་དང་ཨ་མ་ལགས། ཁོ་དང་མོ། ཡི་ཞེ་ས་ལ། ཁོང་ཕོ་དང་ཁོང་མོ་དགོས་ཀྱང་་་་་་་་་ཧཧཧཧཧ། ད་བཞག་ཞོགས། ག ག་དུས། ག་རེད། ག་བ་༼ཝ་༽ ག་དེ། ག་འདྲ་ཟེ། ཡང་ན། གང་འདྲ། གང་དེ། སོགས་སུ་མི་འདུག་གམ། ད་དུང་དཔྱད་པར་འཚལ།
བསམ་གླིང་ཚེ་རིང་ལྷ་མོའི་རྩོམ་ཡིག་ནང་གི་ཡིག་ནོར་ཁག་ངས་མཐོང་མ་ཐག་ཞུ་དག་བྱེད་འདོད་བྱུང་བས། གཤམ་གསལ་ལྟར་སྔ་མ་སྔ་མ་ཡིག་ནོར་དང་ཕྱི་མ་ཕྱི་མ་ནོར་བཅོས་ཡིན། འདི་སྒྲ་ནི་ཉེ་ཚིག་དང་དེ་སྒྲ་ནི་རིང་ཚིག་ཡིན་པས། མི་རིགས་དང་རྒྱལ་ཁབ་དེར་གོད་ཆགས་བྱུང་རྗེས། མི་རིགས་དེས་ཁྲག་དྲོན་དང་ཚེ་སྲོག་གཏོང་ངེས་རེད་ལ་ཟེར་བ་དེའི་མི་རིགས་དང་རྒྱལ་ཁབ་དེར་འདིར་ལ་བཅོས། མི་རིགས་དེས་འདིས་ལ་བཅོས་ན། མི་རིགས་དང་རྒྱལ་ཁབ་འདིར་གོད་ཆགས་བྱུང་རྗེས། མི་རིགས་འདིས་ཁྲག་དྲོན་དང་ཚེ་སྲོག་གཏོང་ངེས་རེད་ཅེས་རང་གི་མི་རིགས་དང་རྒྱལ་ཁབ་ལ་འདི་སྒྲ་སྦྱར་ན་དོན་ལ་གནས་པ་རེད། དྲན་ཞིང་འདུག དྲན་བཞིན་འདུག ཁ་པོས། ཁ་བོས། རང་ཉིད་ནས། རང་ཉིད་ཀྱིས། བོད་མི་མང་པོས་ཕྱི་རྒྱལ་ལ་འགྲོ་བཞིན་འདུག བོད་མི་མང་བོ་ཕྱི་རྒྱལ་ལ་འགྲོ་བཞིན་འདུག རྒྱ་དམར་གྱི་སྔ་ཕྱི་བར་གསུམ་ལ་བརྟེན་ནས་ཟེར་བ་འདིར་གོ་རྒྱུ་ཅང་མི་འདུག ཁོང་རང་ཡང་། མོ་རང་ཡང་། སྙིང་སྟོབས་ཞུམ་པ་མེད་པར་རྐྱང་འཕྱག་ཕུལ་འདོད་ཟེར་བ་འདི་ངས་ཧ་གོ་མ་སོང་། རྫ་དྲག ཛ་དྲག ཉེ་འཆར། ཉེ་ཆར། རྟོགས་པ་སད་ཡོད་ལ། གོ་རྟོགས་སད་ཡོད། བཅུ་པའི། བཅུ་བའི། རྗེས་སུ་དཔག་དཔག་སྦྲུག་སྦྲུག་བྱེད་ས་མེད་པ་ཞིག་བཟོས་ན་ཟེར་བ་འདི་མོའི་ལོག་སྐད་ཅིག་ཡིན་ན་མ་གཏོགས་གོ་རྒྱུ་མི་འདུག ཁྱབ་གྲགས། ཁྱབ་བསྒྲགས། སྡེབ་ལང་། སྡེབ་ལངས། དབང་པོའི། དབང་བོའི། མཚན་མ་འཁྱོལ་བའི། མཚན་མི་འཁྱོལ་བའི། སོགས་སུ་བཅོས་པ་ཡིན།
ཉིས་སྟོང་བརྒྱད་ལོར་ཕྱི་ནས་ངོ་རྒོལ་གང་ལ་གང་ཙམ་བྱས་ཡོད་རེད།ཛ་དྲག་ཉིས་སྟོོང་བརྒྱད་ལོ་ལས་ད་ལྟ་ཆེ་གི་རེད།བོད་མི་རྣམས་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཐུབ་མ་སོང།གལ་སྲིད་ད་ལོ་གསར་འགྱུར་བརྒྱུད་ལམ་ནས་དོ་སྣང་ཆེ་ཙམ་བྱས་ཡོད་ན།ཕྱི་ནས་མང་ཙམ་འགུལ་བསྐྱོད་ཏན་ཏན་བྱེད་ཀྱི་ཡོད་བ་རེད།ངས་ལྟོས་ན་རེ་བ་ཉིས་སྟོང་བརྒྱད་ལོ་ལས་ད་ལྟ་ཆེ་ཙམ་ཡོད་བ་རེད་བསམ་གི མདོར་ན་ཕྱི་ནས་ལས་འགུལ་སྤེལ་མ་སྤེལ་དེའང་གསར་འགྱུར་རྒྱུད་ལམ་དང་འབྲེལ་བ་ཏན་ཏན་ཡོད་ས་རེད།ཨ་རབ་ལས་རོགས་ཞིག་གི་ཟེར་ན།མི་གཅིག་གིས་དེ་ལྟར་ཁ་ཆེ་ལུང་པ་ཡོམ་ཡོམ་དུ་བཏང་པ་དེ།་མི་ཁོ་ནུས་པ་ཆེ་བས་མ་རེད།་མི་དམངས་དེའི་རྒྱབ་རྩར་ལངས་བས་རེད།ཆོས་བྱེད་ས་ལ་ཆོས་དང་།་སྲིད་བྱེད་ས་ལ་སྲིད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་དེ། དེ་བས་གལ་ཆེ་གི་རེད་ཟེར།
ཡིག་ནོར་བཅོས་པར་ཐུགས་རྗེ་ཆེ་ལ་ཡིག་ནོར་བཅོས་མཁན་དེ་ཡང་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད་ཞུ་འདོད་བྱུང་། འོན་ཀྱང་ངས་ད་བར་དྲ་ཐོག་མྱུལ་བ་ནས་མཐོང་བ་ནི། ཁ་ཤས་མི་གཞན་གྱི་ཡིག་ནོར་བཅོས་ཐཱུབ་ཙམ་ལས། སོ་སོ་རང་ཉིད་ཀྱིས་རྩོམ་ཡིག་ཅིག་བྲིས་ཡོང་དུས་ཡིག་ནོར་གྱིས་ཁེངས་བསྡད་ཀྱི་འདུག། འོན་ཀྱང་ངས་ལམ་སང་ར་སྤྲོད་བྱེད་ཀྱི་མེད། མི་ཟེར་བ་དེ་བློ་ཁོག་ཡངས་པ་ཞིག་བྱེད་དགོས་ཀྱི་རེད། སྡེབ་ལངས་དེ་མིང་ཚིག་རེད། མིང་ཚིག་དེ་ད་ལྟ་བས་བཟོ་བ་རེད། པའི་དང་བའི་ལ་ད་ལྟ་ཐག་གཅོད་བྱེད་པའི་དུས་ལ་སླེབས་མི་འདུག། པ་ལགས་དང་ཕ་ལགས་ཀྱང་དེའི་ཁོངས་སུ་བསྡུས། དཔག་དཔག་སྤུག་སྤྲུག་ཟེར་བ་ནི། འཕག་འཚག་བརྒྱབ་པ། ནང་དོན་ནི་སྒུལ་སྐྱོད་མྱུར་པོ་བྱེད་པའི་དོན་ལ་གོ། ཡང་སྒོས་ཁ་སྔོན་དྲ་གྲོགས་ཤིག་གིས་རྩོམ་ཡིག་བྲི་བར་ཡིག་ནོར་མང་དྲགས་ནས་བྲི་ཐུབ་མ་བྱུང་ཟེར། དྲ་གྲོགས་དེར་ཡང་ཡིག་ནོར་མང་ན་དེ་བས་རྩོམ་ཡིག་མང་བ་སྤེལ་རོགས། དྲ་ཐོག་ལ་ལྷག་བསམ་རྣམ་དག་གི་ཡིག་ནོར་བཅོས་མཁན་ཧ་ཅང་མང་བས་རང་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ལགས། དྲ་གྲོགས་བསྟན་འཛིན་ལགས་ཀྱིས་གསུངས་པ་བཞིན་ད་ང་ཚོ་བརྗོད་བྱའི་དོན་ལ་གྲོས་གླེང་གནང་རོགས།
སེམས་ཤུགས་ཧ་ཅང་ཡག་མོ་རེད། རེད་དེའི། སྡེབ་ལངས་བྱས་ན་གྲ་སྒྲིག་དགོས་གི་རེད། གྲ་སྒྲིག་མེད་པར་སྡེབས་ལངས་བྱས་ན་ཕན་པ་ལས་ཕམ་ཁ་ཉོ་གི་རེད། སྡེབ་ལངས་རྒྱག་པ་ཕམ་ཁ་ཉོ་བའི་ཆེད་མིན། ཐོག་དང་པོར་དོན་དག་དེ་ཤེས་དགོས་གི་རེད། གྲ་སྒྲིག་མེད་པར་འཕག་འཚག་བརྒྱབ་ན་ག་བར་ཡང་སླེབས་གི་མ་རེད། ཐོག་མར་གྲ་སྒྲིག་དགོས་གི་རེད་ཟེ་ཡང་བསྐྱར་ཤོད་གི་ཡིན། གྲ་སྒྲིག་གང་ལ་གང་འཚམ་ཞིག་ངེས་པར་དགོས་གི་རེད། གྲ་སྒྲིག་གང་ལ་གང་འཚམ་ཡོད་ན་གྲུབ་འབྲས་གང་ལ་གང་འཚམ་ཐོན་གི་རེད། གོམ་པ་དང་པོ་དེ་གྲ་སྒྲིག་ཡིན། སེམས་ཤུགས་ཅན་དང་བསམ་ཤེས་ཅན་ཁྱེད་ཚོས་ཐོག་མར་འཆར་གཞི་ཞིག་བཏང་། དེ་ནས་འགྲོ་ལམ་ཞིག་བཟོས། འགྲོ་ལམ་དེ་ཡང་གཡང་གཟར་དང་འོ་དུང་ཡོད་ས་ཞིག་མ་ཡིན་པ་ཡིན་དགོས་གི་རེད། འོ་དུང་ཡོད་ས་ཞིག་དང་གཡང་གཟར་གྲོག་རུང་མང་ས་ཞིག་ཡིན་དུ་ང་ཚོའི་ལག་པའི་ནང་མཛུབ་མོ་བཙིར་ནས་གཡང་ལ་སྡེབ་མཆོངས་བརྒྱབས་ན་ང་ཚོ་ཚང་མ་སྡེབ་ཤི་རྒྱག་གི་རེད། ང་ཚོ་སྡེབ་ལངས་བྱེད་ན་སྡེབ་ཤི་རྒྱག་མ་དགོས་པའི་ཐབས་དང་བཀོད་པ་རེ་སྔོན་ལ་འཐེན་དགོས་གི་རེད། དེ་ནས་སྡེབ་ལངས་རྒྱག་རོགས་ཟེར་ན་བརྒྱབ་ཆོག་གི་རེད། དེ་མ་གཏོགས།
བོད་ནང་གི་མི་ཡིན་ན་འདྲ། བོད་ཕྱིའི་མི་ཡིན་ན་འདྲ། བོད་ཕྱི་ནང་གཉིས་ཆར་ལ་མི་གཏོགས་པའི་མི་ཡིན་ན་ཡང་འདྲ། ཚེ་སྲོག་རིན་ཐང་ཆེ་རུང་མ་ཆེ་རུང་ཁྱོད་ཤི་དགོས་ཟེར་ནས་སུ་གཅིག་ལ་ཡང་སྐུལ་འདེད་གཏོང་བའི་ཐོབ་ཐང་མེད་པ་རེད། སྡེབས་ལང་བྱས་ནས་བོད་ལ་ལོག་ཟེར་བ་དེ་སྡེབས་ཤི་རྒྱག་དགོས་ཟེར་བ་དང་ཁྱད་པར་མི་འདུག ཉིན་ཤས་སྔོན་ལ་རྩོམ་པ་པོ་འདིས་བྱེས་ཀྱི་བོད་མི་ཚོ་ལོངས་ཤོག་ཟེར་བའི་རྩོམ་ཞིག་བྲིས་འདུག་དེ་ཡང་རྣ་བར་དེ་ཙམ་སྙན་པ་ཞིག་མ་བྱུང་། བྱེས་ཀྱི་བོད་མི་ལངས་ནས་གང་དུ་རྒྱུག་དགོས་པ་རེད། རྡི་ལི་ནས་མེར་བསྲེགས་བཏང་སོང་ང་། ད་དུང་ཁྱོད་ཚོ་ཡིད་མི་ཚིམ་པ་རེད་དམ།
བསམ་གླིང་ཚེ་རིང་ལྷ་མོས་བཤད་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཁ་ཤས་ཀྱིས་སྙིང་རྗེ་གོ་ལོག་གིས་ཚེ་སྲོག་གཏོང་མི་དགོས་པའི་བོད་ལ་རང་དབང་ཐོབ་འདོད་ནི་རྒྱ་མིའི་གཏམ་དཔེར་གནམ་ནས་བག་ལེབ་ཟག་པའི་རེ་བ་ཟེར་བ་འདི་ངོ་མ་རེད།
ཡང་བསྐྱར་ཚིག་ཁ་ཤས་རེ་སྣོན་འབབ་རྒྱག་འདོད་བྱུང་། ཡུལ་གྱར་གཞུང་འབངས་འདི་སྡེབས་ལངས་ཀྱིས་རང་ཡུལ་དུ་ལོག་འདོད་ཡོད་མེད་ཅི་ཆ་སྟེ། གྲ་སྒྲིག་དེ་ཅིས་ཀྱང་ཡོད་དགོས་བ་ཡོད། མི་ལོ་ལྔ་བཅུའི་རིང་ཕྱི་ལ་གྱར་ནས་འཛམ་གླིང་ཟླུམ་པོ་འདིར་བསྐོར་བ་རྒྱག་དོན་ཡང་། རང་དབང་སླར་གསོ་དང་རང་ས་རང་ཡུལ་ལ་ལོག་རྒྱུ་འདི་བོད་སྤྱི་བའི་རྩ་དོན་ཆགས་ཡོད་བ་རེད། འདི་ལྟར་བལྟས་ཡོང་དུས་རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་བའི་འདོད་ཚུལ་ཁྲོད། གྲ་སྒྲིག་གང་ཡོད་མེད་ཀྱི་དྲི་བ་འདི་མི་མང་དཀྱུས་མ་ལ་འདྲི་ས་ནོར་སོང་བ་རེད། བྱུང་ན་་་་ད་ལྟའི་སྲིད་སྐྱོངས་གཙོ་བྱས་བའི་བཀའ་ཟུར་སྤྱི་ཟུར་དག་ལ་སྐད་ཆ་འདྲི་དགོས་བའམ། ཡུལ་གྱར་གཞུང་འབངས་འདིའི་བྱུང་རབས་ལབ་ནའང་འདྲ་ཡིག་ཚགས་དེ་བསྔོགས་དགོས་བ་རེད། དེར་བརྟེན་གྲ་སྒྲིག་ཅི་ལྟར་བྱེད་དང་ཡོད་མེད་ཀྱི་སྐད་ཆ་མ་ཡིན་པར་རང་ས་རང་ཡུལ་ལ་ལོག་འདོད་ཡོད་མེད་དེ་གནད་ཀྱི་གཙོ་བོ་རེད། ཡུལ་གྱར་གཞུང་འབངས་འདི་སྡེབས་ཀྱིས་རང་ས་རང་ཡུལ་ལ་ལོག་ན་སྡེབས་གསོད་གཏོང་རྒྱུ་རེད་ཟེར། ཅི་འདྲའི་བྱབ་ཆུང་གི་སྐད་ཆ་ཞིག་རེད་ཨང་། པེ་ཅིན་གཞུང་གིས་བོད་མི་ཡོངས་སྡེབས་ཀྱིས་གསོད་འདོད་ཡོད་ཚེ། ང་ཚོས་མགོ་གང་ལ་སྤས་ཀྱང་ཐར་ས་ཞིག་གང་ན་ཡོད་བ་རེད། ཡོད་བ་མ་རེད། འདི་ལྟར་རང་སེམས་རང་གིས་གཅུམས་ཚུལ་འདི་རིགས། དོན་གྱིས་བཟོད་སྒོམ་གྱི་རྫི་བག་གྱོན་པའི་སྡར་མ་དག་མིན་ན་ཅི་ཡིན། གནས་ལུགས་བཤད་སྟངས་འདི་འདྲ་ཞིག་ཡོད་བ་རེད་དམ། མདོར་ན་སྡེབས་ལངས་བྱས་ལབ་ན་སྡེབས་ཤི་རྒྱོབ་ལབ་ཀྱིན་པ་ཟེར།
ནག་ཐར་སྐྱིད། ཁྱོད་ནི་དེ་འདྲ་བཀག་ན་མི་ཁོག་པའི་ངར་མ་ཞིག་ཡིན་ན་ཁེར་ལངས་ཁེར་རྒྱགས་ཤིག་གྱིས་དང་། དེ་ནས་ང་ཚོ་ཡང་རྗེས་དེད་ནས་ཡོང་ཆོག་གི་རེད། ནག་མཐར་སྐྱིད། སྡེབས་ལངས་ག་འདྲ་སེ་བྱེད་དགོས་མིན་གྱི་ཐབས་ཇུས་ཤིག་སྟོན་དང་། དེ་ནས་ང་ཚོ་ཁྱེད་ཀྱི་ཐབས་ཇུས་ལྟར་རྒྱུགས་ཆོག་གི་རེད། ནག་མཐར་སྐྱིད། གུང་ཁྲན་གཞུང་འདི་བ་ཚང་གིས་སྡེབ་གསོད་བྱས་པའི་ལོ་རྒྱུས་ཧ་ཅང་མང་། གྱ་དགུ་ལོའི་སློབ་མའི་ལས་འགུལ་བཞིན་རེད། གཞན་དག་རྣམས་འདིར་ཤོད་དགོས་པ་མི་འདུག གྲ་སྒྲིག་དགོས་མིན་དེ་མི་སྒེར་གཅིག་པུ་ལ་ཤོད་པ་ཞིག་མ་རེད་ལ། ཉན་མཁན་ཡང་མི་རྐང་གཅིག་ཡིན་དགོས་གི་མ་རེད། ཁ་བརྡ་ཀློག་མཁན་ཡོངས་དང་། ཁ་བརྡར་ཞུགས་པ་ཡོངས་ལ་འཁྲི་བའི་འོས་འགན་ཞིག་རེད། གཞུང་དང་སྲིད་སྐྱོང་ཡང་དེའི་ཁུངས་སུ་མ་འདུས་པ་གཅིག་ཀྱང་ཡོད་པ་མ་རེད། དེ་ཚོ་ནི་རང་ཉིད་བ་ན་རོ་བོ་ད་བཞག་བོད་ཞིག་ཡིན་ན་འོས་འགན་དེ་ཡོད་ཡོད་པ་རེད།
དྲ་གྲོགས་ལྷན་རྒྱས་ནས་དཔྱད་གླེང་གང་ལེགས་གནང་བར་དགའ་པོ་བྱུང་། ཐུ་བ་རྒྱ་མཚོ་ལགས་ཁྱེད་རང་ཡང་བོད་ནང་གི་མེར་སྲེག་ལས་འགུལ་ལ་འཚམས་འཇོག་བྱོས་ཟེར་ན་འགྲིག་གི་མ་རེད། ང་ཚོ་བཙན་བྱོལ་བ་ཚོས་སྡེབ་ལང་བརྒྱབ་ན་སྡེབ་གསོད་བྱ་ཉེན་ཡོད་གསུང་གི་ཡོད་པ་འདྲ། མི་སུས་ཀྱང་ཁེར་རྐྱང་ཁེར་རྒྱུགས་བྱེད་ཀྱི་མ་རེད། ད་ལྟ་སྡེབ་ལང་གི་སྐད་ཆ་བཤད་ཀྱི་ཡོད་པ་རེད། བསམ་ཚུལ་གླེང་སློང་བྱེད་དགོས་པ་ང་ཚོའི་འོས་འགན་རེད། སྡེབ་ལང་བྱེད་མི་བྱེད་རྒྱ་ཆེའི་མི་མང་གི་འདོད་པ་རེད། གཙོ་ཆེ་ཤོས་བོད་སྤྱི་པའི་རྩ་དོན་ལ་སོམས། བོད་ནང་གི་མེར་སྲེག་ལས་འགུལ་ལ་སོམས།
ཨ་མ་ལགས་ཀྱི་ལྡོག་ཕྱོགས་ཀྱི་ཚིག་གཅིག་ཉིད་འཐད་པ་འདི་ནི། ཨ་ཕ་ལགས་འདི་ལས་འགྲོ་ས་མེད་པ་ཡང་། བསམ་གླིང་མོ་ཡིས་མཁྱེན་པར་མཛོད།
ཐུ་བ་རྒྱ་མཚོ་འབོད་པ་ལགས། མ་གཞི་ནས་ཁྱོད་ཐོམ་བསྡད་པའི་བཟོ་ཞིག་འདུག གོང་གི་ངའི་བསམ་ཚུལ་དེ་ག་རང་གིས་སྐུ་ཉིད་ཀྱི་དྲི་བ་ལ་ལན་བརྒྱབ་ཚར་བ་འདྲ་བོ་རེད། ཡིན་ནའང་སྐད་ཆ་ཁ་ཤས་ད་རུང་འཕྲི་སྣོན་བྱེད་དགོས་ཀྱང་སྐྱོན་མི་འདུག ཨམ་ཅོག་ཅོར་ནས་ཉོན་ལོ། ༡༽རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་ཡུལ་གྱར་གཞུང་འབངས་ཁྲོད། དཔའ་བོ་ཁེར་རྒྱུགས་དང་ཁེར་ལངས་བྱེད་མཁན་བྱུང་མ་མྱོང་བ་དེ་འདྲ་མ་རེད། བྱུང་མྱོང་བ་རེད། དཔེར་ན། གླིང་ཚ་མ་བུ་གསུམ་ག་ལྟ་བུ་སེམས་ཤུགས་ཅན། སྙིང་སྟོབས་ཅན། གཞུང་དྲང་འདི་འདྲ་བྱུང་མྱོང་བ་རེད་དེ། ཡུལ་གྱར་གཞུང་འབངས་འདིས་ཁ་བཏགས་སྐྱ་ལུ་ཁ་ཤས་ཀྱིས་སྐྱེལ་མ་བྱས་ནས་གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་ལེའུ་དེ་མུ་མཐུད་པ་རེད། དོན་དངོས་ཐོག་གདུང་སེམས་མཉམ་བསྐྱེད་ཞེས་བ་ནི་འཁྲབ་སྟོན་ཁོ་ན་ཤིག་སྟེ། བོད་སྤྱི་བའི་འཐབ་རྩོད་ལ་ཡོལ་ཐབས་ཀྱི་སྐད་ཆ་རང་རེད་མ་གཏོགས། ཁེར་རྒྱུགས་ཀྱི་རྐང་རྗེ་འདེད་མཁན་ཞིག་དང་ཁེར་ལངས་ཀྱི་རྗེས་ལ་གཉིས་ལངས་དེ་མ་བྱུང་བ་རེད། དེར་བརྟེན་སྡེབས་ལངས་ཀྱི་སྐད་འདི་ཡོང་བཞིན་པ་རེད། མདོར་གཏུགས་ན་ཡུལ་གྱར་གཞུང་འབངས་འདིས་གཞེས་ལུས་མི་མང་གི་དཀའ་སྡུག་ལ་ལག་གདེངས་སྤྲེལ་ནས། བོད་སྤྱི་བའི་རྩ་དོན་སྒྲུབ་ཐབས་དེ་ཤེས་བཞིན་དུ་དོ་སྣང་བྱེད་ཀྱིན་ཡོད་བ་མ་རེད། ད་ཤེས་སོང་ངམ། ༢༽རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་བ་རེད་ལབ་ཡོང་དུས། ཐབས་ལམ་སྟོན་ཤོག་ཟེར་ཀྱིན་འདུག་ག གནས་སྟངས་མགོ་མ་ཚོས་བའམ་རང་ས་རང་ཡུལ་ལ་ལོག་འདོད་མེད་སོང་བ་རེད། གང་ལྟར་ཀྱང་རང་ས་རང་ཡུལ་ལ་ལོག་དགོས་ཚུལ་རྒྱུས་མངའ་ཅུང་ཙམ་མེད་ན་སྐད་ཆ་འདི་ཡོང་ས་ཡོད་བ་མ་རེད། དེར་བརྟེན་རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་དོན་ཧ་མི་གོ་ན་དྲི་བ་ཕྲིས། ལན་ག་ལེར་བཏབ་ན་འགྲིག་གི་རེད། སྐབས་ཀྱི་རྩོད་གཞི་དེ་འདི་རེད། ཐབས་ལམ་སྟོན་ཤོག་ཟེར་ན། གནམ་ནས་འཕུར་འགྲོ་ཐུབ་པའི་གསང་སྔགས་ཞིག་བསླབ་རྒྱུ་མེད། ས་འོག་ལ་འཛུལ་ནས་འགྲོ་ལུགས་ཀྱི་མིག་འཕྲུལ་དེ་ཁོ་བོས་ཤེས་ཀྱིན་མེད། གོམ་པ་སྤོས་ནས་འགྲོ་དགོས་བ་དངོས་ཡོད་རེད། འཚེ་མེད་ཞི་བའི་ལམ་ལ་ཡིད་རྟོན་གྱིས་བདེན་པ་ལ་ཨུ་ཚུགས་བྱེད་རྒྱུ་ལས། ཐབས་ལམ་གཞན་ད་སྔ་བྱུང་མ་མྱོང་ལ། སླད་ཀྱང་འབྱུང་མི་སྲིད། ༣༽མ་གཞི་ནས་ཐབས་ལམ་སྟོན་ཤོག་ཟེར་མཁན་འདིར་རིགས་ཀྱིས་བོད་ཀྱི་ལས་དོན་ཞེ་དྲག་མགོ་ཚོས་ཀྱིན་ཡོད་མེད་དོགས་པ་ཡོད། སྔོན་ཆད༧གོང་ས་མཆོག་དབུ་བཞུགས་ཐོག་བོད་གཞུང་འབངས་འདིས་གླེང་སློང་འདི་འདྲ་ཞིག་བྱས་མྱོང་བ་རེད། ང་རང་ཚོ་གྲུབ་འབྲས་ཐོབ་རྒྱུའི་བློ་གདེང་འཁེལ་བ་ཞིག་ཡོད་ན་རྒྱ་གར་གཞུང་གིས་མཚོན་པའི་སུ་ལ་མཛད་དཀའ་ཡོང་གི་ཡོད་ཀྱང་། དགོངས་སེལ་ཞུ་གིན་ཞུ་གིན་གྱི་ཐོག་ནས་ཨུ་ཚུགས་རྒྱག་རྒྱུ་ལས་བྱེད་ཐབས་གཞན་ཡོད་བ་མ་རེད། ཅེས་བ་ལྟར་བཀའ་མོལ་འདི་གསུངས་ནས་མི་ལོ་བཅུ་གྲངས་ལྷག་ཅིག་ཕྱིན་པ་རེད། ཕྲན་གྱི་བསམ་པར་ད་དུས་ལ་བབ་ཡོད་བ་རེད། ལྷག་པར་དུ་ཉིས་སྟོང་བརྒྱད་ལོར། ཟམ་གདོང་བླ་མའི་བསམ་སྤྱོད་དང་འབྲེལ་ནས་བོད་མང་ཚོགས་ཀྱིས་རང་ས་རང་ཡུལ་གྱི་ཁེ་དབང་སྲུང་སྐྱོབས་ཆེད། ཆབས་ཅིག་ཏུ་ཕྱོགས་ཡོངས་ནས་བོད་མི་དག་རང་ས་རང་ཡུལ་ལ་ལོག་དགོས་བའི་དགོངས་ཚུལ་བཟུང་ནས་གྲ་སྒྲིག་བྱས་བ་རེད། ལས་དོན་འདི་རིགས་ཁ་མིག་ཡར་བལྟ་བྱེད་ས་དང་ཐབས་ལམ་དང་འཐབ་རྩོད་གཉིས་ཀ་ཡིན་པ་རེད། ༤༽ པེ་ཅིན་གཞུང་གི་སྔོན་ཆད་སྡེབས་གསོད་བྱས་བ་རེད། ད་རུང་མུ་མཐུད་ནས་སྡེབས་གསོད་བྱེད་རྒྱུ་རེད། ང་ཚོར་འགུལ་བསྐྱོད་བྱེད་རྒྱུ་གང་ཡང་ཡོད་བ་མ་རེད་ཁ་སུམ་མེར་བསྡད་ན་སྲོག་མགོ་ཐོན་འགྲོ་བ་རེད་བསམ་ཀྱིན་ཡོད་ན། དེ་ལྟར་གྱིས་ཁུ་སིམ་མེར་འདུག་རོགས། དོན་མེད་ལ་འུར་བརྒྱབ་ནས་མ་ཡོང་ཞུ་རྒྱུ་ཡིན།

མཆན་བུ་ཨང་༣༠༽ཅན་འདི་ནག་ཐར་སྐྱིད་ལགས་ནས། དོན་ཚན་༤གར་གནད་དུ་ཕོག་པ་ཅིག་གསུངས་འདུག་པས་དེ་དེ་བཞིན་ནོ་ཞེས་མཆན་བུ་ཨང་༣༠༽ཅན་འདི་ལ་རྒྱབ་སྐྱོར་ཆ་ཚང་ཡོད་དོ། གཞན་ཀུན་གྱིས་ཀྱང་། ཚར་གཅིག་ཙམ་ངེས་པར་དུ་ཀློག་རོགས་གནོངས། སྡེབ་ལངས་རྒྱལ་འགྱུར་ཅིག །
རིག་བཟང་མ་ཨ་ཅེ་ཚེ་རིང་ལྷ་མོ་ལགས། ངས་ཁྱེད་ཀྱི་སེམས་ཤུགས་ལ་ཡིད་སྨོན་འཆོར་གྱིན་འདུག ཡག་མོ་རེད་ཟེ་ཞུས་ཡོད། ཡིན་ན་ཡང་རྩ་དོན་བསྒྲུབ་པ་ལ་སེམས་ཤུགས་ཙམ་གྱིས་ཡོང་གི་མེད་པ་དེ་ཁྱེད་ཀྱིས་མཁྱེན་གྱི་མེད་པ་འདྲ། སོང་ཙང་ཁྱེད་ཀྱིས་སེམས་ཤུགས་ཁོ་ནའི་ཙམ་གྱིས་སྐད་ཆ་དེ་སྔོན་ལ་སྒྲོག་པ་རེད། གཞུང་བཟང་མ། ཁྱེད་གོང་གི་མཆན་བུ་ཨང་༢༡ པ་དེ་བཞིན་ལེགས་སྤྱན་གྱིས་ཡག་མོ་ཞིག་གཟིགས་མེད་པ་འདྲ། གཟིགས་ཡོད་ན་༼ བོད་ནང་གི་རང་ལུས་མེར་སྲེག་ལས་འགུལ་མཚམས་འཇོག་བྱོས་ཟེར་ན་འགྲིག་གི་མ་རེད་ ༽ཟེ་ངས་མ་ཤོད་པའི་སྐད་ཆ་ཞིག་འདིར་འབྲི་གི་རེད་བསམ། ཁྱེད་ཀྱིས་གསུང་ཡག་ལ་གཙོ་ཆེ་ཤོས་བོད་སྤྱི་པའི་རྩ་དོན་ལ་སོམས་ཟེར་ནས་གལ་ཆེ་མདོག་ཞེ་བོ་ཅིག་ཡིན་བསམ་ནས་བཤད་འདུག བསམ་བློ་ཞིག་ཐོངས་དང་། བོད་སྤྱི་པའི་རྩ་དོན་ངོ་མ་དེ་ག་རེ་རེད། སྡེབ་ལངས་རྒྱག་རྒྱུ་དེ་རེད་པས། སྡེབ་ལངས་བརྒྱབས་པ་ཙམ་གྱིས་རྩ་དོན་རང་བཞིན་གྱིས་འགྲུབ་འགྲོ་བའི་དོན་དག་ཅིག་རེད་པས། མ་གཞི་མི་སོ་སོའི་བསམ་བློ་མི་གཅིག་པའི་དབང་གིས་རྩ་དོན་ངེས་འཛིན་བྱ་སའི་གནས་ཀྱང་མ་གཅིག་པ་ཡོང་གི་རེད། ཐོག་མར་རྩ་དོན་ངེས་ཟིན་པ་གནང་དགོས་གི་རེད། དེ་ནས་རྩ་དོན་ཤོད་དགོས་གི་རེད། རྩ་དོན་བསྒྲུབ་པའི་སྐབས་རྩ་དོན་ངེས་ཟིན་ཡག་པོ་ཞིག་ཐོབ་རྗེས་ད་གཟོད་ལག་ལེན་ལ་བརྩོན་དགོས་གི་རེད། གལ་སྲིད་ཁྱེད་ནས་སྡེབ་ལངས་རྒྱག་རྒྱུ་དེ་རྩ་དོན་ལ་དགོངས་གི་ཡོད་ན་དེ་ཁྱེད་ཀྱི་བསམ་ཚུལ་ཡིན་པས་མ་རེད་ཟེ་ཞུ་གི་མིན། ཡིན་ན་ཡང་། ངས་ཟེར་ཡས་ལ་སྡེབ་ལངས་རྒྱག་ན་ག་འདྲ་སེ་རྒྱག་དགོས་པ་རེད་ཅེས་པ་དེ་རེད། ལམ་སྟོན་ཞིག་གནང་རོགས་ཟེར་ཤོད་པ་ཡིན། མཆན་བུ་༢༡་པ་ན་ཡང་དེ་ག་རང་ཤོད་ཡོད། དེ་ནས་ཁྱེད་ཀྱིས་བོད་ནང་གི་མེར་སྲེག་ལས་འགུལ་ལ་སོམས་ཟེར་ནས་ངར་ངར་འདྲ་ཞིག་བཤད་འདུག ཡིན་དང་ཡིན། ངས་ཞུས་པ་ཚང་མ་བོད་ནང་གི་ལས་འགུལ་ལ་བསམ་ནས་ཤོད་པའི་སྐད་ཆ་རྐྱང་ཡིན། བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་བྱོས་ཟེར་པའི་དབང་ཆ་ང་ཚོ་ལ་ཡོད་པ་མ་རེད་ལ། མེར་སྲེག་གཏོང་རོགས་ཟེར་པའི་དབང་ཆ་དེ་བས་ཀྱང་ཡོད་མ་རེད། ང་ཚོ་ལ་ཁོང་ཚོའི་ཐོག་བྱ་རྒྱུ་གང་ཡང་ཡོད་མ་རེད། གཅིག་ཡོད་པ་དེ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་འདེབས་ཙམ་རེད།
་་་་་་་ བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་བྱོས་ཟེར་པའི་དབང་ཆ་ང་ཚོ་ལ་ཡོད་པ་མ་རེད་ལ། མེར་སྲེག་གཏོང་རོགས་ཟེར་པའི་དབང་ཆ་དེ་བས་ཀྱང་ཡོད་མ་རེད། ང་ཚོ་ལ་ཁོང་ཚོའི་ཐོག་བྱ་རྒྱུ་གང་ཡང་ཡོད་མ་རེད། གཅིག་ཡོད་པ་དེ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་འདེབས་ཙམ་རེད། ་་་་་་་ཟེར།
ཨ་་་་ནག་ཐར་སྐྱིད། ངས་བལྟས་ན་ཁྱོད་ད་རུང་ནག་ཁུང་ནང་ན་སྟོང་བསམ་ཁོ་ན་བཅིངས་ཏེ་སྐྱིད་མདོག་དྲན་གི་ཡོད་པ་འདྲ་ཞིག མ་ཟད་མུག་བགྲེང་ནས་རང་ཉིད་མ་གཏོགས་བཙན་བྱོལ་གཞུང་མང་ཡོང་རྫོགས་རྩ་དོན་སྒྲུབ་འདོད་མེད་པར་ཤོད་སྟངས་དེ་ནི་རྩ་དོན་ཤོད་སྟངས་ཞིག་རེད་པས། ཁྱེད་དང་འདྲ་བའི་མི་སྐོར་ཅིག་གིས་བཙན་དབང་ནས་མཐར་བའི་བོད་པ་རྣམས་བསླར་ཡང་ལག་སྟོང་མཆན་ལ་བཙུར་ཏེ་རྒྱ་མིའི་བཙན་འོག་ཏུ་བསྐྱར་དུ་འཛུལ་ཐུབ་ན་དེ་ནི་རྩ་དོན་ཡིན་བསམ་པའི་སྟོང་བསམ་དང་འཁྲུལ་སྣང་དེ་ཤར་གི་ཡོད་པ་རེད། ད་སྐབས་རང་དབང་ཡུལ་གྲུ་ཁག་གནས་པའི་བོད་མི་ཚོར་བོད་ནང་གི་བོད་མིའི་རྩ་དོན་སྒྲུབ་རོགས་ལ་ཕན་པའི་ལས་ཀ་གལ་ཆེན་ཧ་ཅང་མང་པོ་ལྷག་བསྡད་ཡོད་པ་རེད། ནག་ཐར་སྐྱིད། རྩ་དོན་ལ་ཕན་པའི་སྐད་ཆ་ཞིག་བཤད་བསམ་ན་ནག་ཁུང་ནང་ནས་ཐར་པ་བྱོས་ཤིག
བཙན་བྱོལ་བོད་མི་སྡེབས་ལངས་ཀྱི་བོད་ལ་ལོག་ཟེར་བ་དེ་འགྲུབ་མི་སྲིད་པའི་སྐད་ཆ་རེད། སྡེབ་ལངས་བྱས་ན་སྡེབ་གསོད་བྱ་རྒྱུ་ཡིན་པ་ད་ལོའི་ཁམས་བྲག་འགོའི་སྡེབས་ལངས་ལ་གང་བྱུང་སོང་བསམ་བློ་ཞིག་ཐོངས་དང་། ངས་ནི་མི་སུ་གཅིག་ལ་ཁྱོད་ཤི་ལམ་ལ་འགྲོ་དགོས་རེད་ཟེར་མི་ཕོད། དེ་ལས་ཁ་བརྒྱག་པ་བཤད་མ་འདུག་པར་རང་རང་གི་ས་ནས་ཅིག་བྱ་ཐུབ་པ་རེ་ཡོད་ན་བྱེད་ན་ཡག་ཤོས་རེད།
དཔག་དཔག་སྤྲུག་སྤྲུག་ཟེར་བ་དེ་ཚོའི་དོན་གོ་མ་སོང་།
བསམ་གླིང་ཚེ་རིང་ལྷ་མོ་འདི་ཡང་སྲོལ་རྒྱུན་སྙན་དངགས་ཤིནད་ཏུ་སྙན་པ་འབྲི་མཁན་ཅིག་ཡོད་པ་ཁྱོད་ཡིན་པ་ཡང་སྲིད་ཀྱང་། འདིར་ཁྱེད་ཀྱིས། ་་་ ཁོང་གི་པ་ལགས་་་་་ ལ། ་་་་ ཁོང་གི་ཕ་ལགས་་་་ཞེས་བྲིས་ན་མི་ལེགས་སམ། ལགས།
རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་ངེས་པར་དུ་དགོས་ཏེ།
༡༽༤༩ སྔོན་ལ་རྒྱ་ནག་ལ་དམར་པོ་བཙུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༢༽ཞེ་དགུར་དམར་དམག་བོད་ནང་འཛུལ་བས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༣༽༥༡ ལོར་དོན་ཚན་བཅུ་བདུན་བཞག་བཅུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༤༽༥༩འི་གསུམ་བཅུར་མི་མངས་སྒེར་ལངས་འུ་ཐུག་པ་བཟོས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༥༽༦༠འི་ནང་རིག་གནས་གསར་བརྗེས་གདུག་རྩུབ་ཀྱིས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༦༽༧༩འི་ལོར་ཏིང་གིས་རང་བཙན་མིན་པའི་ཡོད་ཚད་ཤོད་ཆོག་པར་བཟོས་དུས། ༸གོང་ས་མཆོག་དང་བཙན་བྱོན་མི་མངས་སྲིད་གཞུང་གིས་བོད་རང་བཙན་བློས་བཏང་བྱས་བཅུག་པར། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༨༽༧༩འི་རྗེས་སུ་ཡང་དུས་ད་ལྟའི་བར་ཏྰ་ལའི་ཁ་བྲལ་རིང་ལུགས་ཟེར་ནས་ཁ་བརྡུང་མུ་མཐུད་བྱས་སྟབས། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༩༽པཎ་ཆེན་༸སྐུ་གོང་མའི་རེ་འདུན་ལ་འཁྱོག་བཤད་དང་། ཡང་སྲིད་འཁྲུལ་བྲལ་ངོམ་༸པཎ་ཆེན་༸བསྟན་འཛིན་དགེ་འདུན་མཆོག་བཟང་བཙོན་ས་མཐར་སྤྱུགས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༡༡༽༸པཎ་ཆེན་༡༡པ་བསྟན་འཛིན་དགེ་འདུན་གྱི་ཚབ་ཏུ་སྡིག་པ་མིག་བཙུམ་གྱིས། པཎ་རྫུན་རྒྱལ་ནོར་བཙན་བསྐོས་བྱས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༡༢༽༢༠༠༨ནས་ད་བར་བོད་ཀྱི་སྐད་ཡིག་ལ་བཀག་འགོག ལེགས་གཞུང་ལ་འཕྱ་དམོད། བོད་སར་བོད་མིར་བརྙས་བཅོས་ཚད་ལ་འདས་པ་བྱས་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
༡༣༽ བོད་མིའི་རང་དབང་ཅུང་ཟད་ཅིག་བསྐྱར་གསོའི་ཆེད་དུ་༸གོང་ས་མཆོག་བོད་ནང་ཕེབས་བཅུགས་ན་བསམ་པའི་རེ་འདུན་ལ་བསམ་མེད་རྡོག་རོལ་བཏང་ཙང་། མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་བྱེད་དགོས།
རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་སུས་བཀག་ཐུབ་བམ།
10th Decemberསང་ཉིན་བཅུ་གཉིས་བཅུ་ལ་བོད་རིགས་མི་མངས་སོ་སོ་ཡོད་སའི་རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་དུ་སྐད་འབོད་ལ་ཕེབས་རོགས་ཞུའོ། །རྒྱ་རྫུན་པ་ཕམ་འགྱུར་ནས། བོད་པ་བདེན་ཉིད་རྒྱལ་འགྱུར་ཅིག །བོད་རིགས་རྒྱལ་ལོ། །
སྤྱི་སྟངས་བསམ་ཚུལ་བཤད་ཆོག་རྒྱུ་རེད། ཡིན་ན་ཡང་ནམ་ཞིག་ཡིན་ན་ཁ་རྒྱག་པ་རྐྱང་རྐྱང་ལས་་་་རང་ངོ་ནས་འགོ་བཟུང་ན་ག་འདྲ་འདུག དེ་མིན་དེང་སངས་སྤྱི་ཚོགས་ནང་ལ་བཤད་མཁན་མང་ལ་ལས་མཁན་ཉུང་སོང་བས་དཀའ་ངལ་འདུག སྤྱི་སེམས་ཡོད་མདོག་མདོག་ཚང་མ་གཞུང་གི་འགོ་ལ་གཡོག་ན་ཕན་ཐོགས་ཀྱང་ཡོད་ན་་་་་།
བཙན་བྱོལ་བ་སྡེབས་ལངས་དགོས་ལས་འགུལ་རེ་སྤེལ་ཐུབ་ཀྱང་སྡེབས་ལངས་ཀྱིས་རང་ཡུལ་དུ་ལོག་ཟེར་བ་བཤད་སྒྲོས་ཙམ་ལས་དོན་ངོ་མས་ཡོང་མི་སྲིད་པ་ཞིག་རེད། དེ་ལྟའི་བློ་ཁོག་དང་ཆོད་སེམས་ཡོད་ཀྱང་ས་མཚམས་ཁག་ནས་ཐར་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན། ད་ག་རེ་བྱེད་ཀ
རྩོམ་ཡག་པོ་ཞིག་བྲིས་འདུག དགའ་བཞིན་སྤྲོ་བཞིན་སེམས་ཤུགས་སྤར་དགོས་གསུངས་པ་མི་འདོད།རྒྱབ་སྐྱོར་གང་ཡོང་ཅི་ཡོང་བྱེད་དགོས་ངོས་རེད།
བསམ་གླིང་ཚེ་རིང་ལྷ་མོ་འབོད་པའི་བསམ་ཚུལ་ལ་བདག་གིས་རྒྱབ་སྐྱོར་མཐའ་གཅིག་དུ་བྱེད་རྒྱུ་ཡིན། སྐད་ཆ་འདི་བསམ་བློ་བཏང་ནས་བཤད་ཀྱིན་པའི་བཟོ་ཞིག་དང་། ཛ་དྲགས་སྐབས་འདིར་ལྷག་བསམ་རྨ་མེད་ཀྱི་སྐད་ཆ་རེད་ཞིག་རེད། དེར་བརྟེན་འདིར་འཛོམས་པའི་དྲ་གྲོགས་ཚོ་དཔྱོད་ཤེས་དང་ལྡན་ན། བསམ་གླིང་ཚེ་རིང་ལྷ་མོའི་བརྗོད་གཞི་དང་འབྲེལ་ནས་ང་རྒྱལ་ཕྲག་དོག་གི་སྐད་ཆ་མེད་པར་གནས་ལུགས་རེ་བྱེད་ཐུབ་པའི་རེ་བ་ཡོད།
ལྷག་ཏུ་སྤོབས་པ་མཐའ་ཡས་འབོད་པ་ལགས། སྐུ་ཉིད་ནམ་རྒྱུན་དྲ་ཐོག་འདིར་མཐོང་བསྡད་པའི་དཔྱད་བརྗོད་པ་དང་དཔྱད་མཆན་པ་རྒན་པའི་གྲལ་རེད། དེར་བརྟེན་ཁ་མིག་ཡར་བལྟ་བྱེད་བཞིན་ཡོད་ལ། བོད་སྤྱི་བའི་དོན་དུ་བསམ་ཚུགས་ནས་གཏམ་བཤད་པའི་རེ་བ་ཡང་ཤིན་ཏུ་ནས་ཆེ།
༡༽བསམ་གླིང་ཚེ་རིང་ལྷ་མོ་འབོད་པས་ཡུལ་གྱར་གཞུང་འབངས་འདི་སྡེབས་ལངས་བྱས་ནས་རང་ཡུལ་ལ་ལོག་དགོས་བའི་བསམ་ཚུལ་སྟེང་། སྐུ་ཉིད་ཀྱིས་དེ་འདྲ་ཡོང་སྲིད་པ་མ་རེད། སྡེབས་ལངས་བྱས་ནས་སྡེབས་གསོད་བྱ་རྒྱུ་རེད་ཟེར། གོམ་པ་མ་སྤོས་ནས་སྐད་ཆ་འདི་ཡོང་སྟངས་ལ་བལྟས་ན་ཀུན་མཁྱེན་ཞིག་དང་འདྲ་བར་ལུང་སྟོན་པའི་བཟོ་འདྲ་འདུག ལྷ་བ་མོ་བ་གསོས་ན་འདི་འདྲའི་སྐད་ཆ་རེ་ཡོང་ཀྱིན་པ་རེད། དོན་དངོས་ཐོག་གནས་སྟངས་རང་ལ་གདོང་ཐུག་མ་བརྒྱབ་ན་ཁ་ཚོན་གཅོད་དཀའ་བའི་ལས་དོན་མང་བོ་ཞིག བོད་རང་ཉིད་ཀྱི་འདས་སོང་གི་དུས་ཚོད་ནང་ཕྱོགས་འདྲ་མིན་དང་ནམ་ཆ་མེད་དུ་འབྱུང་བཞིན་པ་རེད། དེར་བརྟེན་ཚོད་དཔག་བྱས་ཀྱང་ཆོག སྡེབས་གསོད་བྱེད་སྲིད་པའི་གནས་ལུགས་དེ་འདྲེན་རོགས།
༢༽གོ་བ་ལོག་སྒྲུབ་མ་བྱེད། སྤྱི་ཆ་ནས་བོད་མི་ཡོད་དོ་ཅོག་སྐུ་ཉིད་ནང་བཞིན་ཤ་ཁྲག་གཅིག་པའི་སྤུན་ཟླ། གངས་ཆུ་འཐུང་ནས་འཚར་ལོངས་བྱུང་། བྱམས་དང་བརྩེ་བའི་བསྐྱངས་ཡོང་མཁན་དག་ཡིན་པའི་ཆ་ནས་སུས་སུ་ལ་ཕུད་བརྒྱབ་ནས་འཆི་ལམ་ལ་འདེད་ཀྱིན་པ་རེད། བསམ་གླིང་ཚེ་རིང་ལྷ་མོ་འབོད་པས་བོད་སྤྱི་དོན་དུ་འཐབ་རྩོད་བྱེད་དགོས་བ་རེད་ལབ་ཀྱིན་པ་མ་གཏོགས། མཐའ་གཅིག་ཏུ་ཤི་ལམ་ལ་འདེད་པ་དེ་འདྲ་རེད་དམ། རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཅིག་རྩོད་བཞིན་པ་ཡོད་ཙང་། ཤི་རྨས་རེ་ཟུང་འབྱུང་སྲིད་པ་རེད་དེ། རྒྱལ་སྤྱིའི་སྒང་གི་གཞུང་དང་མི་མང་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་རྩོད་ཉོག་རེ་རེ་བཞིན་འདི་ལྟར་སེལ་ནས་ཡོང་བ་མ་རེད་དམ།
༣༽ དེ་ན་སྐུ་ཉིད་ཀྱི་འདོད་པ་དེ་གསུང་རོགས། བདེ་བདེ་འཇམ་འཇམ་གྱིས་བོད་སྤྱི་བའི་བདེན་མཐའ་སེལ་ཐབས་གང་ཞིག་ཡོད་བ་རེད། གཞན་ཡང་སྐད་ཆ་ཁ་ཤས་ཡོད་དེ་ག་ལེར་ཞུས་ན་ཆོག ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ལགས་དངོས་གནས་ངས་རྒྱུན་དུ་ཁོང་གི་མཆན་ལ་དོ་སྣང་ཆེ་ཤོས་བྱེད་བཞིན་པ་ཡིན། དེ་རིང་བསམ་གླིང་ཚེ་རིང་ལྷ་མོས་བོད་མི་རིགས་ཀྱི་བདེ་སྡུག་སྐོར་བསམ་ཚུལ་ལྷག་བསམ་རྣམ་དག་གིས་སྤེལ་བ་ལ་དྲང་བདེན་གྱི་དཔྱད་བརྗོད་མེད་པར་ཁ་རྒྱག་པ་མ་བཤད་བྱེད་རྒྱུ་ཡོད་སོ་སོའི་ས་ནས་བྱས་ཆོག་ཟེར་བ་ནི་བཟང་སྤྱོད་དང་འགལ་བར་མཐོང་།
བཙན་བྱོལ་ནང་བཞུགས་མཁན་མང་ཆེ་བས་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་དང་རྒྱབ་སྐྱོར་བྱེད་མཁན་ཚོས་ལྷག་བསམ་རྣམ་དག་གིས་བྱེད་པ་དང། ཁག་ཅིག་གིས་བོད་མིའི་ཚེ་སྲོག་རྩ་ཆེར་འཕྲོག་བརླག་ཏུ་མི་འགྲོ་བར་བསམ་ཏེ་རང་སྲོག་བློས་གཏོང་མ་བྱེད་རོགས་ཟེར་སོ་སོའི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབོད་སྐུལ་ཞུ་གི་ཡོད་པ་རེད། བཙན་བྱོལ་དུ་བཞུགས་མཁན་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཆོས་འབུལ་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་མ་ཡིན་པར་རང་སྲོག་བློས་གཏོང་གནང་མཁན་ཚོའི་
རྩ་ཆེའི་ཚེ་སྲོག་བློས་བཏང་བྱས་པ་ཆུ་བཟོད་དུ་མི་འགྲོ་བ་བྱ་དགོས་པ་ནི་གལ་ཆེན་པོ་མཐོང། ང་ཚོས་ད་བར་མི་ལོ་དྲུག་ཅུ་ཙམ་རིང་ལས་འགུལ་སྤེལ་བ་ཚང་མ་གཅིག་པ་ལས་མི་འདྲ་བ་ཞིག་དང་ནུས་པ་ཐོན་པ་གང་ཡང་མིན་འདུག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་གྲོས་ཚོགས་ཁག་གི་རྒྱབ་སྐྱོར་དང་བོད་དོན་གྲོས་མཆོད་བཞག་རབ་བཤད་དེ། བོད་ནང་གི་བོད་མི་ཚོར་སྐུལ་སློང་སྤེལ་ཐབས་ཤིག་ལས་གང་ཡང་མིན། ང་ཚོས་ལས་འགུལ་གསར་པ་ཞིག་སྤེལ་དགོས་པ་ནི། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་སྤ་ལེ་སི་ཐན་གྱིས་ལོ་མང་རིང་དཀའ་ངལ་རྒྱབ་པར་དེར་ད་ཆ་རྒྱལ་ཚོགས་ཀྱི་ཟུར་ཉན་རྒྱལ་ཁབ་ནང་
ཞུགས་ཐུབ་པ་དེ་ཁོང་ཚོའི་དཀའ་ལས་རྒྱབ་པའི་གཟི་བརྗེད་རེད་ལ་ཁོང་ཚོའི་མི་དམངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པ་དེར་ནུས་པ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ལས་འགུལ་ཆུང་ཚགས་ལ་མགོ་འཁོར་ནས་དོན་ཆེན་ཕྱུག་འགྲོ་གི་འདུག་
སྤོབས་པ་འཐའ་ཡས་ལགས་ཀྱིས་རྒྱུ་མཚན་ལྡན་གསུངས་པར་ཡིད་རངས་ཡོད། འགྲུབ་ཡ་མེད་པའི་འུར་སྒྲོགས་ལས་སོ་སོའི་འཇོན་པའི་ལས་ཀ་རེ་བྱོས་དང་དེ་ག་རང་འགྲིག་གི་རེད། དེ་མིན་ཁ་གཡང་ཁོ་ན་སྒྲོག་ན་གང་ཡང་མི་འགྲུབ།
སེམས་ཤུགས་དེ་འདྲ་ཡོད་པ་ཡག་པོ་རེད། བོད་ལ་དགོས་བའི་བོད་མོ་རེད། ཡིན་ན་ཡང་། ལམ་ཁ་དེ་སྔོན་མ་ཞིག་ནས་ཟམ་གདོང་བླ་མ་གཙོ་བྱས་ནས་གཙོག་པ་བཟོས་ཚར་བ་རེད། ད་ལམ་ཁ་དེར་འགྲོ་ནི་ཁག་པོ་ཡིན་ས་ཡོད། དེ་མིན་ཐབས་ཇུས་གཞན་པ་འདྲ་ཨེ་ཡོད་ཀི།
རེད་སོ་སོས་ས་ནས་འཇོན་པ་དེ་ཆོས་ལུགས་ཞེན་ཁོག་གི་མི་མང་མགོ་བོ་རྨོངས་སུ་བཅུག་རྒྱུ་དེ་ཡིན་འགྲོ་དེ་མིན་ད་བར་འཇོན་པའི་རྣམ་གྲངས་བཤད་རྒྱུ་མེད།
ཐོག་མར་དྲ་གྲོགས་ཀློག་པ་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
སྤོབས་པ་མཐའ་ཡས་ལགས། ད་སྔོན་རང་ཉིད་ནས་སེམས་ཚོར་ཕྱིར་ཐོན་ཏེ། ཁྱེད་རྣམས་སྐུ་ལུས་མེ་ལ་མ་སྒྲོན་རོགས་ཟེར་བ་ཞིག་བྲིས་པ་ཡིན། དེ་དུས་ཁྱེད་རང་གིས་ཨང་དང་པོར་བོད་ནང་གི་བོད་མིས་སྐུ་ལུས་ངེས་མེ་ལ་སྒྲོན་དགོས་པའི་ལྟ་བ་ཞིག་འཛིན་སོང་། ངའི་སེམས་ལ་ད་ཕྱི་ནང་གཉིས་ནས་སྐུ་ལུས་མེ་ལ་སྒྲོན་རིན་ཆོག་པ་ཞིག་གནང་རྩིས་ཡོད་པ་འདྲ་བསམ་བྱུང་། འོན་ཀྱང་ཁྱེད་ནས་གང་ཡང་གནང་མ་སོང་། ད་ལྟ་བཙན་བྱོལ་བས་སྡེབ་ལང་བྱས་ན་སྡེབ་གསོད་བྱེད་ཀྱི་རེད་ཅེས་ཞེད་སྣང་བྱས། ཡང་ན་བོད་ནང་གི་སྤུན་ཟླ་ཚོའི་སྲོག་ལ་རིན་ཐང་མེད་པ་དང་། བཙན་བྱོལ་བའི་ཚེ་སྲོག་ལ་རིན་ཐང་ཡོད་པ་གང་འདྲ་ཡིན་ནམ།
དྲ་གྲོགས་ཀརྡོ་མཆོག། པ་ལགས་ཟེར་བ་མ་གཏོགས་ཕ་ལགས་ཟེར་སྲོལ་མེད་ལགས་སོ། གཞན་རྩོམ་དེ་ལ་རྒྱབ་སྐྱོར་གནང་མཁན་དང་། བོད་ཀྱི་རྩ་དོན་ལ་དོ་འཁུར་གནང་མཁན་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ། གཞན་བོད་མི་ཚང་མས་རང་ཡུལ་ལུང་པར་ལོག་གི་ཡིན་ཟེར་ན། རྒྱ་གར་དང་བལ་ཡུལ་གཞུང་ལ་ཡང་གང་ཟེར་ཡས་ཡོད་མ་རེད། གཙོ་ཆེ་ཤོས་གདོང་ལེན་གནང་ཕྱོགས་ལ་རག་ལུས་ཡོད། གཅིག་ནས་དྲག་གནོན་བྱེད་སྲིད་པ་རེད། གཉིས་ཐད་ནས་བོད་རིགས་སྤུན་ཟླས་ལོག་སླེབས་བྱུང་ཟེར་ནས་མགོ་སྐོར་བསླུ་སྦྲིད་ཀྱང་བྱེད་སྲིད་པ་རེད། གང་ལྟར་གདོང་ལེན་བྱེད་ཐུབ་ན་དེ་དུས་འཛམ་གླིང་གི་ཁ་ང་ཚོར་སློག་གི་རེད།
ཕ་ལགས་ཟེར་སྲོལ་མེད་པ་ད་གང་ཤེས།
པ་ལགས། པྰ་ལགས། གཉིས་ཀ་ལྷ་སའི་སྲང་ལམ་གྱི་སྐྱག་སྐད་རེད། ལྷ་སའི་ཞེ་ས་ལ་ཁ་མིག་ཡར་བལྟ་བྱ་དགོས་དགོས་ཀྱང་། དཔེར་ན། ལྷ་ས་པ་འགའ་ཤས་ཀྱིས། ཡིན་ན་ཡང་། ལ། ཡིན་ནའི། ལབ་པ་དང་གཅིག ཐུགས་རྗེ་ཆེ་། ལ། ཐོག་རྗེ་ཆེ། ཡང་། ལ་དོན་གྱི་ཕྲད་ལ་ཡིག་ཐོབ་སར། བྱེད་ལ་འགྲོ། ལ། བྱེད་གག་འགྲོ་སོགས། ནོར་བ་ལ་ནོར་བ་ཤེས་ནས་སྙིགས་དོར་བཅུད་ལེན་མི་དགོས་སམ།
བོད་ཀྱི་སྤྱི་འབྱུང་ཁུངས་ནས་བཤད་ན།
ཨ།
ཨ་ཕ་དང་ཨ་མ། ཨ་ཞང་དང་ཨ་སྲུ། ཨ་ཁུ་དང་ཨ་ནེ། ཨ་ཇོ་དང་ཨ་ཅེ་སོགས་ཡིན་པར་ཤེས་དགོས། ད་དུང་དེང་དུས་བོད་སྐད་ཡར་ཐོན་ཅན་དུ་བཟོ་འདོད་ན། ཨ་ཕ་ལགས་དང་ཨ་མ་ལགས། ཁོ་དང་མོ། ཡི་ཞེ་ས་ལ། ཁོང་ཕོ་དང་ཁོང་མོ་དགོས་ཀྱང་་་་་་་་་ཧཧཧཧཧ། ད་བཞག་ཞོགས།
ག
ག་དུས། ག་རེད། ག་བ་༼ཝ་༽ ག་དེ། ག་འདྲ་ཟེ། ཡང་ན། གང་འདྲ། གང་དེ། སོགས་སུ་མི་འདུག་གམ། ད་དུང་དཔྱད་པར་འཚལ།
བསམ་གླིང་ཚེ་རིང་ལྷ་མོའི་རྩོམ་ཡིག་ནང་གི་ཡིག་ནོར་ཁག་ངས་མཐོང་མ་ཐག་ཞུ་དག་བྱེད་འདོད་བྱུང་བས། གཤམ་གསལ་ལྟར་སྔ་མ་སྔ་མ་ཡིག་ནོར་དང་ཕྱི་མ་ཕྱི་མ་ནོར་བཅོས་ཡིན། འདི་སྒྲ་ནི་ཉེ་ཚིག་དང་དེ་སྒྲ་ནི་རིང་ཚིག་ཡིན་པས། མི་རིགས་དང་རྒྱལ་ཁབ་དེར་གོད་ཆགས་བྱུང་རྗེས། མི་རིགས་དེས་ཁྲག་དྲོན་དང་ཚེ་སྲོག་གཏོང་ངེས་རེད་ལ་ཟེར་བ་དེའི་མི་རིགས་དང་རྒྱལ་ཁབ་དེར་འདིར་ལ་བཅོས། མི་རིགས་དེས་འདིས་ལ་བཅོས་ན། མི་རིགས་དང་རྒྱལ་ཁབ་འདིར་གོད་ཆགས་བྱུང་རྗེས། མི་རིགས་འདིས་ཁྲག་དྲོན་དང་ཚེ་སྲོག་གཏོང་ངེས་རེད་ཅེས་རང་གི་མི་རིགས་དང་རྒྱལ་ཁབ་ལ་འདི་སྒྲ་སྦྱར་ན་དོན་ལ་གནས་པ་རེད། དྲན་ཞིང་འདུག དྲན་བཞིན་འདུག ཁ་པོས། ཁ་བོས། རང་ཉིད་ནས། རང་ཉིད་ཀྱིས། བོད་མི་མང་པོས་ཕྱི་རྒྱལ་ལ་འགྲོ་བཞིན་འདུག བོད་མི་མང་བོ་ཕྱི་རྒྱལ་ལ་འགྲོ་བཞིན་འདུག རྒྱ་དམར་གྱི་སྔ་ཕྱི་བར་གསུམ་ལ་བརྟེན་ནས་ཟེར་བ་འདིར་གོ་རྒྱུ་ཅང་མི་འདུག ཁོང་རང་ཡང་། མོ་རང་ཡང་། སྙིང་སྟོབས་ཞུམ་པ་མེད་པར་རྐྱང་འཕྱག་ཕུལ་འདོད་ཟེར་བ་འདི་ངས་ཧ་གོ་མ་སོང་། རྫ་དྲག ཛ་དྲག ཉེ་འཆར། ཉེ་ཆར། རྟོགས་པ་སད་ཡོད་ལ། གོ་རྟོགས་སད་ཡོད། བཅུ་པའི། བཅུ་བའི། རྗེས་སུ་དཔག་དཔག་སྦྲུག་སྦྲུག་བྱེད་ས་མེད་པ་ཞིག་བཟོས་ན་ཟེར་བ་འདི་མོའི་ལོག་སྐད་ཅིག་ཡིན་ན་མ་གཏོགས་གོ་རྒྱུ་མི་འདུག ཁྱབ་གྲགས། ཁྱབ་བསྒྲགས། སྡེབ་ལང་། སྡེབ་ལངས། དབང་པོའི། དབང་བོའི། མཚན་མ་འཁྱོལ་བའི། མཚན་མི་འཁྱོལ་བའི། སོགས་སུ་བཅོས་པ་ཡིན།
ཉིས་སྟོང་བརྒྱད་ལོར་ཕྱི་ནས་ངོ་རྒོལ་གང་ལ་གང་ཙམ་བྱས་ཡོད་རེད།ཛ་དྲག་ཉིས་སྟོོང་བརྒྱད་ལོ་ལས་ད་ལྟ་ཆེ་གི་རེད།བོད་མི་རྣམས་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཐུབ་མ་སོང།གལ་སྲིད་ད་ལོ་གསར་འགྱུར་བརྒྱུད་ལམ་ནས་དོ་སྣང་ཆེ་ཙམ་བྱས་ཡོད་ན།ཕྱི་ནས་མང་ཙམ་འགུལ་བསྐྱོད་ཏན་ཏན་བྱེད་ཀྱི་ཡོད་བ་རེད།ངས་ལྟོས་ན་རེ་བ་ཉིས་སྟོང་བརྒྱད་ལོ་ལས་ད་ལྟ་ཆེ་ཙམ་ཡོད་བ་རེད་བསམ་གི མདོར་ན་ཕྱི་ནས་ལས་འགུལ་སྤེལ་མ་སྤེལ་དེའང་གསར་འགྱུར་རྒྱུད་ལམ་དང་འབྲེལ་བ་ཏན་ཏན་ཡོད་ས་རེད།ཨ་རབ་ལས་རོགས་ཞིག་གི་ཟེར་ན།མི་གཅིག་གིས་དེ་ལྟར་ཁ་ཆེ་ལུང་པ་ཡོམ་ཡོམ་དུ་བཏང་པ་དེ།་མི་ཁོ་ནུས་པ་ཆེ་བས་མ་རེད།་མི་དམངས་དེའི་རྒྱབ་རྩར་ལངས་བས་རེད།ཆོས་བྱེད་ས་ལ་ཆོས་དང་།་སྲིད་བྱེད་ས་ལ་སྲིད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་དེ། དེ་བས་གལ་ཆེ་གི་རེད་ཟེར།
ཡིག་ནོར་བཅོས་པར་ཐུགས་རྗེ་ཆེ་ལ་ཡིག་ནོར་བཅོས་མཁན་དེ་ཡང་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད་ཞུ་འདོད་བྱུང་། འོན་ཀྱང་ངས་ད་བར་དྲ་ཐོག་མྱུལ་བ་ནས་མཐོང་བ་ནི། ཁ་ཤས་མི་གཞན་གྱི་ཡིག་ནོར་བཅོས་ཐཱུབ་ཙམ་ལས། སོ་སོ་རང་ཉིད་ཀྱིས་རྩོམ་ཡིག་ཅིག་བྲིས་ཡོང་དུས་ཡིག་ནོར་གྱིས་ཁེངས་བསྡད་ཀྱི་འདུག། འོན་ཀྱང་ངས་ལམ་སང་ར་སྤྲོད་བྱེད་ཀྱི་མེད། མི་ཟེར་བ་དེ་བློ་ཁོག་ཡངས་པ་ཞིག་བྱེད་དགོས་ཀྱི་རེད། སྡེབ་ལངས་དེ་མིང་ཚིག་རེད། མིང་ཚིག་དེ་ད་ལྟ་བས་བཟོ་བ་རེད། པའི་དང་བའི་ལ་ད་ལྟ་ཐག་གཅོད་བྱེད་པའི་དུས་ལ་སླེབས་མི་འདུག། པ་ལགས་དང་ཕ་ལགས་ཀྱང་དེའི་ཁོངས་སུ་བསྡུས། དཔག་དཔག་སྤུག་སྤྲུག་ཟེར་བ་ནི། འཕག་འཚག་བརྒྱབ་པ། ནང་དོན་ནི་སྒུལ་སྐྱོད་མྱུར་པོ་བྱེད་པའི་དོན་ལ་གོ། ཡང་སྒོས་ཁ་སྔོན་དྲ་གྲོགས་ཤིག་གིས་རྩོམ་ཡིག་བྲི་བར་ཡིག་ནོར་མང་དྲགས་ནས་བྲི་ཐུབ་མ་བྱུང་ཟེར། དྲ་གྲོགས་དེར་ཡང་ཡིག་ནོར་མང་ན་དེ་བས་རྩོམ་ཡིག་མང་བ་སྤེལ་རོགས། དྲ་ཐོག་ལ་ལྷག་བསམ་རྣམ་དག་གི་ཡིག་ནོར་བཅོས་མཁན་ཧ་ཅང་མང་བས་རང་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ལགས།
དྲ་གྲོགས་བསྟན་འཛིན་ལགས་ཀྱིས་གསུངས་པ་བཞིན་ད་ང་ཚོ་བརྗོད་བྱའི་དོན་ལ་གྲོས་གླེང་གནང་རོགས།
སེམས་ཤུགས་ཧ་ཅང་ཡག་མོ་རེད།
རེད་དེའི། སྡེབ་ལངས་བྱས་ན་གྲ་སྒྲིག་དགོས་གི་རེད། གྲ་སྒྲིག་མེད་པར་སྡེབས་ལངས་བྱས་ན་ཕན་པ་ལས་ཕམ་ཁ་ཉོ་གི་རེད། སྡེབ་ལངས་རྒྱག་པ་ཕམ་ཁ་ཉོ་བའི་ཆེད་མིན། ཐོག་དང་པོར་དོན་དག་དེ་ཤེས་དགོས་གི་རེད། གྲ་སྒྲིག་མེད་པར་འཕག་འཚག་བརྒྱབ་ན་ག་བར་ཡང་སླེབས་གི་མ་རེད། ཐོག་མར་གྲ་སྒྲིག་དགོས་གི་རེད་ཟེ་ཡང་བསྐྱར་ཤོད་གི་ཡིན། གྲ་སྒྲིག་གང་ལ་གང་འཚམ་ཞིག་ངེས་པར་དགོས་གི་རེད། གྲ་སྒྲིག་གང་ལ་གང་འཚམ་ཡོད་ན་གྲུབ་འབྲས་གང་ལ་གང་འཚམ་ཐོན་གི་རེད། གོམ་པ་དང་པོ་དེ་གྲ་སྒྲིག་ཡིན།
སེམས་ཤུགས་ཅན་དང་བསམ་ཤེས་ཅན་ཁྱེད་ཚོས་ཐོག་མར་འཆར་གཞི་ཞིག་བཏང་། དེ་ནས་འགྲོ་ལམ་ཞིག་བཟོས། འགྲོ་ལམ་དེ་ཡང་གཡང་གཟར་དང་འོ་དུང་ཡོད་ས་ཞིག་མ་ཡིན་པ་ཡིན་དགོས་གི་རེད། འོ་དུང་ཡོད་ས་ཞིག་དང་གཡང་གཟར་གྲོག་རུང་མང་ས་ཞིག་ཡིན་དུ་ང་ཚོའི་ལག་པའི་ནང་མཛུབ་མོ་བཙིར་ནས་གཡང་ལ་སྡེབ་མཆོངས་བརྒྱབས་ན་ང་ཚོ་ཚང་མ་སྡེབ་ཤི་རྒྱག་གི་རེད།
ང་ཚོ་སྡེབ་ལངས་བྱེད་ན་སྡེབ་ཤི་རྒྱག་མ་དགོས་པའི་ཐབས་དང་བཀོད་པ་རེ་སྔོན་ལ་འཐེན་དགོས་གི་རེད། དེ་ནས་སྡེབ་ལངས་རྒྱག་རོགས་ཟེར་ན་བརྒྱབ་ཆོག་གི་རེད།
དེ་མ་གཏོགས།
བོད་ནང་གི་མི་ཡིན་ན་འདྲ། བོད་ཕྱིའི་མི་ཡིན་ན་འདྲ། བོད་ཕྱི་ནང་གཉིས་ཆར་ལ་མི་གཏོགས་པའི་མི་ཡིན་ན་ཡང་འདྲ། ཚེ་སྲོག་རིན་ཐང་ཆེ་རུང་མ་ཆེ་རུང་ཁྱོད་ཤི་དགོས་ཟེར་ནས་སུ་གཅིག་ལ་ཡང་སྐུལ་འདེད་གཏོང་བའི་ཐོབ་ཐང་མེད་པ་རེད། སྡེབས་ལང་བྱས་ནས་བོད་ལ་ལོག་ཟེར་བ་དེ་སྡེབས་ཤི་རྒྱག་དགོས་ཟེར་བ་དང་ཁྱད་པར་མི་འདུག
ཉིན་ཤས་སྔོན་ལ་རྩོམ་པ་པོ་འདིས་བྱེས་ཀྱི་བོད་མི་ཚོ་ལོངས་ཤོག་ཟེར་བའི་རྩོམ་ཞིག་བྲིས་འདུག་དེ་ཡང་རྣ་བར་དེ་ཙམ་སྙན་པ་ཞིག་མ་བྱུང་། བྱེས་ཀྱི་བོད་མི་ལངས་ནས་གང་དུ་རྒྱུག་དགོས་པ་རེད། རྡི་ལི་ནས་མེར་བསྲེགས་བཏང་སོང་ང་། ད་དུང་ཁྱོད་ཚོ་ཡིད་མི་ཚིམ་པ་རེད་དམ།
བསམ་གླིང་ཚེ་རིང་ལྷ་མོས་བཤད་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཁ་ཤས་ཀྱིས་སྙིང་རྗེ་གོ་ལོག་གིས་ཚེ་སྲོག་གཏོང་མི་དགོས་པའི་བོད་ལ་རང་དབང་ཐོབ་འདོད་ནི་རྒྱ་མིའི་གཏམ་དཔེར་གནམ་ནས་བག་ལེབ་ཟག་པའི་རེ་བ་ཟེར་བ་འདི་ངོ་མ་རེད།
ཡང་བསྐྱར་ཚིག་ཁ་ཤས་རེ་སྣོན་འབབ་རྒྱག་འདོད་བྱུང་། ཡུལ་གྱར་གཞུང་འབངས་འདི་སྡེབས་ལངས་ཀྱིས་རང་ཡུལ་དུ་ལོག་འདོད་ཡོད་མེད་ཅི་ཆ་སྟེ། གྲ་སྒྲིག་དེ་ཅིས་ཀྱང་ཡོད་དགོས་བ་ཡོད། མི་ལོ་ལྔ་བཅུའི་རིང་ཕྱི་ལ་གྱར་ནས་འཛམ་གླིང་ཟླུམ་པོ་འདིར་བསྐོར་བ་རྒྱག་དོན་ཡང་། རང་དབང་སླར་གསོ་དང་རང་ས་རང་ཡུལ་ལ་ལོག་རྒྱུ་འདི་བོད་སྤྱི་བའི་རྩ་དོན་ཆགས་ཡོད་བ་རེད། འདི་ལྟར་བལྟས་ཡོང་དུས་རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་བའི་འདོད་ཚུལ་ཁྲོད། གྲ་སྒྲིག་གང་ཡོད་མེད་ཀྱི་དྲི་བ་འདི་མི་མང་དཀྱུས་མ་ལ་འདྲི་ས་ནོར་སོང་བ་རེད། བྱུང་ན་་་་ད་ལྟའི་སྲིད་སྐྱོངས་གཙོ་བྱས་བའི་བཀའ་ཟུར་སྤྱི་ཟུར་དག་ལ་སྐད་ཆ་འདྲི་དགོས་བའམ། ཡུལ་གྱར་གཞུང་འབངས་འདིའི་བྱུང་རབས་ལབ་ནའང་འདྲ་ཡིག་ཚགས་དེ་བསྔོགས་དགོས་བ་རེད། དེར་བརྟེན་གྲ་སྒྲིག་ཅི་ལྟར་བྱེད་དང་ཡོད་མེད་ཀྱི་སྐད་ཆ་མ་ཡིན་པར་རང་ས་རང་ཡུལ་ལ་ལོག་འདོད་ཡོད་མེད་དེ་གནད་ཀྱི་གཙོ་བོ་རེད།
ཡུལ་གྱར་གཞུང་འབངས་འདི་སྡེབས་ཀྱིས་རང་ས་རང་ཡུལ་ལ་ལོག་ན་སྡེབས་གསོད་གཏོང་རྒྱུ་རེད་ཟེར། ཅི་འདྲའི་བྱབ་ཆུང་གི་སྐད་ཆ་ཞིག་རེད་ཨང་། པེ་ཅིན་གཞུང་གིས་བོད་མི་ཡོངས་སྡེབས་ཀྱིས་གསོད་འདོད་ཡོད་ཚེ། ང་ཚོས་མགོ་གང་ལ་སྤས་ཀྱང་ཐར་ས་ཞིག་གང་ན་ཡོད་བ་རེད། ཡོད་བ་མ་རེད། འདི་ལྟར་རང་སེམས་རང་གིས་གཅུམས་ཚུལ་འདི་རིགས། དོན་གྱིས་བཟོད་སྒོམ་གྱི་རྫི་བག་གྱོན་པའི་སྡར་མ་དག་མིན་ན་ཅི་ཡིན། གནས་ལུགས་བཤད་སྟངས་འདི་འདྲ་ཞིག་ཡོད་བ་རེད་དམ། མདོར་ན་སྡེབས་ལངས་བྱས་ལབ་ན་སྡེབས་ཤི་རྒྱོབ་ལབ་ཀྱིན་པ་ཟེར།
གང་ལྟར་ཡང་བརྗོད་བྱར་བལྟས་ཚེ་ལར་ཞེན་གྱིས་མི་བཟོད་པར་སྙན་རྩོམ་སྤེལ་འདུག་པས་ཡིད་རངས་ཞུ་རྒྱུ་ཡིན།
ནག་ཐར་སྐྱིད། ཁྱོད་ནི་དེ་འདྲ་བཀག་ན་མི་ཁོག་པའི་ངར་མ་ཞིག་ཡིན་ན་ཁེར་ལངས་ཁེར་རྒྱགས་ཤིག་གྱིས་དང་། དེ་ནས་ང་ཚོ་ཡང་རྗེས་དེད་ནས་ཡོང་ཆོག་གི་རེད།
ནག་མཐར་སྐྱིད། སྡེབས་ལངས་ག་འདྲ་སེ་བྱེད་དགོས་མིན་གྱི་ཐབས་ཇུས་ཤིག་སྟོན་དང་། དེ་ནས་ང་ཚོ་ཁྱེད་ཀྱི་ཐབས་ཇུས་ལྟར་རྒྱུགས་ཆོག་གི་རེད།
ནག་མཐར་སྐྱིད། གུང་ཁྲན་གཞུང་འདི་བ་ཚང་གིས་སྡེབ་གསོད་བྱས་པའི་ལོ་རྒྱུས་ཧ་ཅང་མང་། གྱ་དགུ་ལོའི་སློབ་མའི་ལས་འགུལ་བཞིན་རེད། གཞན་དག་རྣམས་འདིར་ཤོད་དགོས་པ་མི་འདུག
གྲ་སྒྲིག་དགོས་མིན་དེ་མི་སྒེར་གཅིག་པུ་ལ་ཤོད་པ་ཞིག་མ་རེད་ལ། ཉན་མཁན་ཡང་མི་རྐང་གཅིག་ཡིན་དགོས་གི་མ་རེད། ཁ་བརྡ་ཀློག་མཁན་ཡོངས་དང་། ཁ་བརྡར་ཞུགས་པ་ཡོངས་ལ་འཁྲི་བའི་འོས་འགན་ཞིག་རེད། གཞུང་དང་སྲིད་སྐྱོང་ཡང་དེའི་ཁུངས་སུ་མ་འདུས་པ་གཅིག་ཀྱང་ཡོད་པ་མ་རེད། དེ་ཚོ་ནི་རང་ཉིད་བ་ན་རོ་བོ་ད་བཞག་བོད་ཞིག་ཡིན་ན་འོས་འགན་དེ་ཡོད་ཡོད་པ་རེད།
དྲ་གྲོགས་ལྷན་རྒྱས་ནས་དཔྱད་གླེང་གང་ལེགས་གནང་བར་དགའ་པོ་བྱུང་།
ཐུ་བ་རྒྱ་མཚོ་ལགས་ཁྱེད་རང་ཡང་བོད་ནང་གི་མེར་སྲེག་ལས་འགུལ་ལ་འཚམས་འཇོག་བྱོས་ཟེར་ན་འགྲིག་གི་མ་རེད། ང་ཚོ་བཙན་བྱོལ་བ་ཚོས་སྡེབ་ལང་བརྒྱབ་ན་སྡེབ་གསོད་བྱ་ཉེན་ཡོད་གསུང་གི་ཡོད་པ་འདྲ། མི་སུས་ཀྱང་ཁེར་རྐྱང་ཁེར་རྒྱུགས་བྱེད་ཀྱི་མ་རེད། ད་ལྟ་སྡེབ་ལང་གི་སྐད་ཆ་བཤད་ཀྱི་ཡོད་པ་རེད། བསམ་ཚུལ་གླེང་སློང་བྱེད་དགོས་པ་ང་ཚོའི་འོས་འགན་རེད། སྡེབ་ལང་བྱེད་མི་བྱེད་རྒྱ་ཆེའི་མི་མང་གི་འདོད་པ་རེད།
གཙོ་ཆེ་ཤོས་བོད་སྤྱི་པའི་རྩ་དོན་ལ་སོམས།
བོད་ནང་གི་མེར་སྲེག་ལས་འགུལ་ལ་སོམས།
ཨ་མ་ལགས་ཀྱི་ལྡོག་ཕྱོགས་ཀྱི་ཚིག་གཅིག་ཉིད་འཐད་པ་འདི་ནི། ཨ་ཕ་ལགས་འདི་ལས་འགྲོ་ས་མེད་པ་ཡང་། བསམ་གླིང་མོ་ཡིས་མཁྱེན་པར་མཛོད།
ཐུ་བ་རྒྱ་མཚོ་འབོད་པ་ལགས། མ་གཞི་ནས་ཁྱོད་ཐོམ་བསྡད་པའི་བཟོ་ཞིག་འདུག གོང་གི་ངའི་བསམ་ཚུལ་དེ་ག་རང་གིས་སྐུ་ཉིད་ཀྱི་དྲི་བ་ལ་ལན་བརྒྱབ་ཚར་བ་འདྲ་བོ་རེད། ཡིན་ནའང་སྐད་ཆ་ཁ་ཤས་ད་རུང་འཕྲི་སྣོན་བྱེད་དགོས་ཀྱང་སྐྱོན་མི་འདུག ཨམ་ཅོག་ཅོར་ནས་ཉོན་ལོ།
༡༽རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་ཡུལ་གྱར་གཞུང་འབངས་ཁྲོད། དཔའ་བོ་ཁེར་རྒྱུགས་དང་ཁེར་ལངས་བྱེད་མཁན་བྱུང་མ་མྱོང་བ་དེ་འདྲ་མ་རེད། བྱུང་མྱོང་བ་རེད། དཔེར་ན། གླིང་ཚ་མ་བུ་གསུམ་ག་ལྟ་བུ་སེམས་ཤུགས་ཅན། སྙིང་སྟོབས་ཅན། གཞུང་དྲང་འདི་འདྲ་བྱུང་མྱོང་བ་རེད་དེ། ཡུལ་གྱར་གཞུང་འབངས་འདིས་ཁ་བཏགས་སྐྱ་ལུ་ཁ་ཤས་ཀྱིས་སྐྱེལ་མ་བྱས་ནས་གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་ལེའུ་དེ་མུ་མཐུད་པ་རེད། དོན་དངོས་ཐོག་གདུང་སེམས་མཉམ་བསྐྱེད་ཞེས་བ་ནི་འཁྲབ་སྟོན་ཁོ་ན་ཤིག་སྟེ། བོད་སྤྱི་བའི་འཐབ་རྩོད་ལ་ཡོལ་ཐབས་ཀྱི་སྐད་ཆ་རང་རེད་མ་གཏོགས། ཁེར་རྒྱུགས་ཀྱི་རྐང་རྗེ་འདེད་མཁན་ཞིག་དང་ཁེར་ལངས་ཀྱི་རྗེས་ལ་གཉིས་ལངས་དེ་མ་བྱུང་བ་རེད། དེར་བརྟེན་སྡེབས་ལངས་ཀྱི་སྐད་འདི་ཡོང་བཞིན་པ་རེད། མདོར་གཏུགས་ན་ཡུལ་གྱར་གཞུང་འབངས་འདིས་གཞེས་ལུས་མི་མང་གི་དཀའ་སྡུག་ལ་ལག་གདེངས་སྤྲེལ་ནས། བོད་སྤྱི་བའི་རྩ་དོན་སྒྲུབ་ཐབས་དེ་ཤེས་བཞིན་དུ་དོ་སྣང་བྱེད་ཀྱིན་ཡོད་བ་མ་རེད། ད་ཤེས་སོང་ངམ།
༢༽རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་བ་རེད་ལབ་ཡོང་དུས། ཐབས་ལམ་སྟོན་ཤོག་ཟེར་ཀྱིན་འདུག་ག གནས་སྟངས་མགོ་མ་ཚོས་བའམ་རང་ས་རང་ཡུལ་ལ་ལོག་འདོད་མེད་སོང་བ་རེད། གང་ལྟར་ཀྱང་རང་ས་རང་ཡུལ་ལ་ལོག་དགོས་ཚུལ་རྒྱུས་མངའ་ཅུང་ཙམ་མེད་ན་སྐད་ཆ་འདི་ཡོང་ས་ཡོད་བ་མ་རེད། དེར་བརྟེན་རང་ས་རང་ཡུལ་ལ་སྡེབས་ཀྱིས་ལོག་དགོས་དོན་ཧ་མི་གོ་ན་དྲི་བ་ཕྲིས། ལན་ག་ལེར་བཏབ་ན་འགྲིག་གི་རེད།
སྐབས་ཀྱི་རྩོད་གཞི་དེ་འདི་རེད། ཐབས་ལམ་སྟོན་ཤོག་ཟེར་ན། གནམ་ནས་འཕུར་འགྲོ་ཐུབ་པའི་གསང་སྔགས་ཞིག་བསླབ་རྒྱུ་མེད། ས་འོག་ལ་འཛུལ་ནས་འགྲོ་ལུགས་ཀྱི་མིག་འཕྲུལ་དེ་ཁོ་བོས་ཤེས་ཀྱིན་མེད། གོམ་པ་སྤོས་ནས་འགྲོ་དགོས་བ་དངོས་ཡོད་རེད། འཚེ་མེད་ཞི་བའི་ལམ་ལ་ཡིད་རྟོན་གྱིས་བདེན་པ་ལ་ཨུ་ཚུགས་བྱེད་རྒྱུ་ལས། ཐབས་ལམ་གཞན་ད་སྔ་བྱུང་མ་མྱོང་ལ། སླད་ཀྱང་འབྱུང་མི་སྲིད།
༣༽མ་གཞི་ནས་ཐབས་ལམ་སྟོན་ཤོག་ཟེར་མཁན་འདིར་རིགས་ཀྱིས་བོད་ཀྱི་ལས་དོན་ཞེ་དྲག་མགོ་ཚོས་ཀྱིན་ཡོད་མེད་དོགས་པ་ཡོད། སྔོན་ཆད༧གོང་ས་མཆོག་དབུ་བཞུགས་ཐོག་བོད་གཞུང་འབངས་འདིས་གླེང་སློང་འདི་འདྲ་ཞིག་བྱས་མྱོང་བ་རེད། ང་རང་ཚོ་གྲུབ་འབྲས་ཐོབ་རྒྱུའི་བློ་གདེང་འཁེལ་བ་ཞིག་ཡོད་ན་རྒྱ་གར་གཞུང་གིས་མཚོན་པའི་སུ་ལ་མཛད་དཀའ་ཡོང་གི་ཡོད་ཀྱང་། དགོངས་སེལ་ཞུ་གིན་ཞུ་གིན་གྱི་ཐོག་ནས་ཨུ་ཚུགས་རྒྱག་རྒྱུ་ལས་བྱེད་ཐབས་གཞན་ཡོད་བ་མ་རེད། ཅེས་བ་ལྟར་བཀའ་མོལ་འདི་གསུངས་ནས་མི་ལོ་བཅུ་གྲངས་ལྷག་ཅིག་ཕྱིན་པ་རེད། ཕྲན་གྱི་བསམ་པར་ད་དུས་ལ་བབ་ཡོད་བ་རེད། ལྷག་པར་དུ་ཉིས་སྟོང་བརྒྱད་ལོར། ཟམ་གདོང་བླ་མའི་བསམ་སྤྱོད་དང་འབྲེལ་ནས་བོད་མང་ཚོགས་ཀྱིས་རང་ས་རང་ཡུལ་གྱི་ཁེ་དབང་སྲུང་སྐྱོབས་ཆེད། ཆབས་ཅིག་ཏུ་ཕྱོགས་ཡོངས་ནས་བོད་མི་དག་རང་ས་རང་ཡུལ་ལ་ལོག་དགོས་བའི་དགོངས་ཚུལ་བཟུང་ནས་གྲ་སྒྲིག་བྱས་བ་རེད། ལས་དོན་འདི་རིགས་ཁ་མིག་ཡར་བལྟ་བྱེད་ས་དང་ཐབས་ལམ་དང་འཐབ་རྩོད་གཉིས་ཀ་ཡིན་པ་རེད།
༤༽ པེ་ཅིན་གཞུང་གི་སྔོན་ཆད་སྡེབས་གསོད་བྱས་བ་རེད། ད་རུང་མུ་མཐུད་ནས་སྡེབས་གསོད་བྱེད་རྒྱུ་རེད། ང་ཚོར་འགུལ་བསྐྱོད་བྱེད་རྒྱུ་གང་ཡང་ཡོད་བ་མ་རེད་ཁ་སུམ་མེར་བསྡད་ན་སྲོག་མགོ་ཐོན་འགྲོ་བ་རེད་བསམ་ཀྱིན་ཡོད་ན། དེ་ལྟར་གྱིས་ཁུ་སིམ་མེར་འདུག་རོགས། དོན་མེད་ལ་འུར་བརྒྱབ་ནས་མ་ཡོང་ཞུ་རྒྱུ་ཡིན།

རིག་བཟང་མ་ཨ་ཅེ་ཚེ་རིང་ལྷ་མོ་ལགས།
ངས་ཁྱེད་ཀྱི་སེམས་ཤུགས་ལ་ཡིད་སྨོན་འཆོར་གྱིན་འདུག ཡག་མོ་རེད་ཟེ་ཞུས་ཡོད། ཡིན་ན་ཡང་རྩ་དོན་བསྒྲུབ་པ་ལ་སེམས་ཤུགས་ཙམ་གྱིས་ཡོང་གི་མེད་པ་དེ་ཁྱེད་ཀྱིས་མཁྱེན་གྱི་མེད་པ་འདྲ། སོང་ཙང་ཁྱེད་ཀྱིས་སེམས་ཤུགས་ཁོ་ནའི་ཙམ་གྱིས་སྐད་ཆ་དེ་སྔོན་ལ་སྒྲོག་པ་རེད།
གཞུང་བཟང་མ། ཁྱེད་གོང་གི་མཆན་བུ་ཨང་༢༡ པ་དེ་བཞིན་ལེགས་སྤྱན་གྱིས་ཡག་མོ་ཞིག་གཟིགས་མེད་པ་འདྲ། གཟིགས་ཡོད་ན་༼ བོད་ནང་གི་རང་ལུས་མེར་སྲེག་ལས་འགུལ་མཚམས་འཇོག་བྱོས་ཟེར་ན་འགྲིག་གི་མ་རེད་ ༽ཟེ་ངས་མ་ཤོད་པའི་སྐད་ཆ་ཞིག་འདིར་འབྲི་གི་རེད་བསམ།
ཁྱེད་ཀྱིས་གསུང་ཡག་ལ་གཙོ་ཆེ་ཤོས་བོད་སྤྱི་པའི་རྩ་དོན་ལ་སོམས་ཟེར་ནས་གལ་ཆེ་མདོག་ཞེ་བོ་ཅིག་ཡིན་བསམ་ནས་བཤད་འདུག བསམ་བློ་ཞིག་ཐོངས་དང་། བོད་སྤྱི་པའི་རྩ་དོན་ངོ་མ་དེ་ག་རེ་རེད། སྡེབ་ལངས་རྒྱག་རྒྱུ་དེ་རེད་པས། སྡེབ་ལངས་བརྒྱབས་པ་ཙམ་གྱིས་རྩ་དོན་རང་བཞིན་གྱིས་འགྲུབ་འགྲོ་བའི་དོན་དག་ཅིག་རེད་པས།
མ་གཞི་མི་སོ་སོའི་བསམ་བློ་མི་གཅིག་པའི་དབང་གིས་རྩ་དོན་ངེས་འཛིན་བྱ་སའི་གནས་ཀྱང་མ་གཅིག་པ་ཡོང་གི་རེད། ཐོག་མར་རྩ་དོན་ངེས་ཟིན་པ་གནང་དགོས་གི་རེད། དེ་ནས་རྩ་དོན་ཤོད་དགོས་གི་རེད། རྩ་དོན་བསྒྲུབ་པའི་སྐབས་རྩ་དོན་ངེས་ཟིན་ཡག་པོ་ཞིག་ཐོབ་རྗེས་ད་གཟོད་ལག་ལེན་ལ་བརྩོན་དགོས་གི་རེད། གལ་སྲིད་ཁྱེད་ནས་སྡེབ་ལངས་རྒྱག་རྒྱུ་དེ་རྩ་དོན་ལ་དགོངས་གི་ཡོད་ན་དེ་ཁྱེད་ཀྱི་བསམ་ཚུལ་ཡིན་པས་མ་རེད་ཟེ་ཞུ་གི་མིན། ཡིན་ན་ཡང་། ངས་ཟེར་ཡས་ལ་སྡེབ་ལངས་རྒྱག་ན་ག་འདྲ་སེ་རྒྱག་དགོས་པ་རེད་ཅེས་པ་དེ་རེད། ལམ་སྟོན་ཞིག་གནང་རོགས་ཟེར་ཤོད་པ་ཡིན། མཆན་བུ་༢༡་པ་ན་ཡང་དེ་ག་རང་ཤོད་ཡོད།
དེ་ནས་ཁྱེད་ཀྱིས་བོད་ནང་གི་མེར་སྲེག་ལས་འགུལ་ལ་སོམས་ཟེར་ནས་ངར་ངར་འདྲ་ཞིག་བཤད་འདུག ཡིན་དང་ཡིན། ངས་ཞུས་པ་ཚང་མ་བོད་ནང་གི་ལས་འགུལ་ལ་བསམ་ནས་ཤོད་པའི་སྐད་ཆ་རྐྱང་ཡིན། བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་བྱོས་ཟེར་པའི་དབང་ཆ་ང་ཚོ་ལ་ཡོད་པ་མ་རེད་ལ། མེར་སྲེག་གཏོང་རོགས་ཟེར་པའི་དབང་ཆ་དེ་བས་ཀྱང་ཡོད་མ་རེད། ང་ཚོ་ལ་ཁོང་ཚོའི་ཐོག་བྱ་རྒྱུ་གང་ཡང་ཡོད་མ་རེད། གཅིག་ཡོད་པ་དེ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་འདེབས་ཙམ་རེད།
་་་་་་་ བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་བྱོས་ཟེར་པའི་དབང་ཆ་ང་ཚོ་ལ་ཡོད་པ་མ་རེད་ལ། མེར་སྲེག་གཏོང་རོགས་ཟེར་པའི་དབང་ཆ་དེ་བས་ཀྱང་ཡོད་མ་རེད། ང་ཚོ་ལ་ཁོང་ཚོའི་ཐོག་བྱ་རྒྱུ་གང་ཡང་ཡོད་མ་རེད། གཅིག་ཡོད་པ་དེ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་འདེབས་ཙམ་རེད། ་་་་་་་ཟེར།
ཨ་་་་ནག་ཐར་སྐྱིད། ངས་བལྟས་ན་ཁྱོད་ད་རུང་ནག་ཁུང་ནང་ན་སྟོང་བསམ་ཁོ་ན་བཅིངས་ཏེ་སྐྱིད་མདོག་དྲན་གི་ཡོད་པ་འདྲ་ཞིག མ་ཟད་མུག་བགྲེང་ནས་རང་ཉིད་མ་གཏོགས་བཙན་བྱོལ་གཞུང་མང་ཡོང་རྫོགས་རྩ་དོན་སྒྲུབ་འདོད་མེད་པར་ཤོད་སྟངས་དེ་ནི་རྩ་དོན་ཤོད་སྟངས་ཞིག་རེད་པས།
ཁྱེད་དང་འདྲ་བའི་མི་སྐོར་ཅིག་གིས་བཙན་དབང་ནས་མཐར་བའི་བོད་པ་རྣམས་བསླར་ཡང་ལག་སྟོང་མཆན་ལ་བཙུར་ཏེ་རྒྱ་མིའི་བཙན་འོག་ཏུ་བསྐྱར་དུ་འཛུལ་ཐུབ་ན་དེ་ནི་རྩ་དོན་ཡིན་བསམ་པའི་སྟོང་བསམ་དང་འཁྲུལ་སྣང་དེ་ཤར་གི་ཡོད་པ་རེད། ད་སྐབས་རང་དབང་ཡུལ་གྲུ་ཁག་གནས་པའི་བོད་མི་ཚོར་བོད་ནང་གི་བོད་མིའི་རྩ་དོན་སྒྲུབ་རོགས་ལ་ཕན་པའི་ལས་ཀ་གལ་ཆེན་ཧ་ཅང་མང་པོ་ལྷག་བསྡད་ཡོད་པ་རེད།
ནག་ཐར་སྐྱིད། རྩ་དོན་ལ་ཕན་པའི་སྐད་ཆ་ཞིག་བཤད་བསམ་ན་ནག་ཁུང་ནང་ནས་ཐར་པ་བྱོས་ཤིག