༡
བྱུང་རབས་ལྷ་མོ་ཡི་མཛེས་ཉམས་ཆགས་པས་བྲིས་ཤིང།།
དངོས་བྱུང་མིག་མཐོང་གི་གཟུགས་ལ་སྣང་བརྙན་མེད་པའི།།
སྣང་ཡུལ་རབ་རིབ་ཀྱི་ཆར་སྤྲིན་སྨུག་ལོང་འདི་གོ།
བདག་གི་ཡབ་མེས་ཀྱི་ལོ་རྒྱུས་གླེགས་བམ་ཉིད་དོ།།
༢
རང་ལྗིད་རང་ངོ་ལ་མ་ཤར་རྩི་ཤིང་རླུང་ཁྱེར།།
ཆབ་དཔལ་རང་ཚུགས་ཀྱི་གཤོག་ཟུང་རྩད་ནས་གཏུབ་པའི།།
མི་རིགས་འཐབ་རྩོད་ཀྱི་ཚོར་བ་རྫུན་མའི་འོག་ཏུ།།
མདུན་གྱི་འཚོ་གནས་ཀྱང་གཡང་ལ་འཕེན་གྲབས་འདུག་གོ།
༣
མཁས་མཛངས་འཕྲུལ་གསུམ་གྱི་རུས་པ་ཤ་ལ་སྐྱེ་བའི།།
གནམ་འོག་ཟིལ་གནོན་གྱི་ཟླ་མེད་ཤེས་རབ་དེ་ལ།།
གྱ་ཚོམ་བྱིས་བློས་ཀྱང་རྒོལ་བའི་རང་གཟུགས་འདི་གོ།
འཐབ་རྩོད་གས་འཐོར་དུ་འགྲོ་བའི་རྐྱེན་ངན་ཉག་ཅིག།
༤
ཤེས་ནས་སྨྲ་བ་ལ་གདོན་སེམས་འཁྲུལ་གྱིས་ལྟ་ཞིང།།
མི་ཤེས་མ་འཁྱོང་ལ་ཕྲག་དོག་དུག་གིས་གཟིར་བའི།།
རྩ་གཟུགས་ཤེས་རློམ་གྱི་ཁ་དོག་སྣ་དགུའི་ཚོགས་ལ།།
བདེན་པའི་མེ་ཁ་རུ་ཐལ་བའི་ལུས་ལས་མེད་དོ།།
ལེགས་སོ།
ད་ད་རེས་བོད་པ་ངོ་མ་ཞིག་དང་འཕྲད་སོང། ཡག་པོ་བྲིས་འདུག།
རླུང་གི་ཟླ་བོ་འདི་གནམ་ཡིག་འདྲ་ཡིན་ནམ། སུས་བྲིས་པ་རེད། འབྲི་བ་པོའི་མིང་འཇོག་རོགས།
གོང་གི་དེ་གནམ་ཡིག་མ་རེད་གནམ་ཡིག་དངོས་འདི་ན་གསུངས་འདུག་བོད་ཀྱི་བང་ཆེན་ནས་བླང་།
གནམ་ཡིག་གི་ནང་དོན་ལྟར་རིམ་འགྲོ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ནང་ཞིག་ཏུ་མདོ་ཁམས་མི་ཉག་དར་མདོ་རྫོང་ཁོངས་སུ་ཡོད་པའི་གངས་རི། ཤར་སྟོད་བཞག་བྲ་དཀར་པོ་ཞེས་པའི་ཉེ་འདབས་ཤིག་ཏུ་འཕགས་མཆོག་ཐུགས་རྗེ་ཆེན་པོས་བོད་ལ་བསྐུར་བའི་གནམ་ཡིག་ཅེས་པའི་དགེ་བསྐུར་ཡི་གེ་མང་པོ་ཞིག་འཐོར་ཡོད་པ་དང་།
ཡི་གེ་དེའི་ནང་དུ་གཙོ་བོ་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་རིམ་འགྲོ་བྱེད་དགོས་སྐོར་འཁོད་ཡོད་པར་བརྟེན། དེང་སྐབས་མི་ཉག་ཡུལ་གྱི་ས་གནས་རེ་ཟུང་ནང་ཡི་གེ་དེའི་ནང་འཁོད་པ་ལྟར། རིམ་འགྲོ་གསོགས་བསྒྲུབ་བྱེད་བཞིན་ཡོད་པ་རེད་འདུག
དེ་ཡང་འབྲེལ་ཡོད་ཀྱི་བཤད་པ་ལྟར་ན། ཡི་གེ་དེ་གནམ་ཡིག་ཟེར་བ་ཡིན་པ་དང་། གནམ་ཡིག་དེ་འདྲ་སྔར་ནས་ལྷུང་སྲོལ་ཡོད་ལ། གནམ་ཡིག་གི་ནང་དོན་མང་ཆེ་བ་ཡུལ་གྱི་ནད་མུག་འཁྲུག་རྩོད་སོགས་སྔོན་འགོག་བྱ་བའི་ཆོས་ཕྱོགས་ཀྱི་རིམ་འགྲོ་ཡིན་པ་རེད། མི་མང་གིས་གནམ་ཡིག་ཟེར་བ་ནི་གནམ་ནས་ལྷས་གནང་བའི་ལུང་བསྟན་ཡིན་པར་ཡིད་ཆེས་ཀྱིས་རིམ་འགྲོ་སྒྲུབ་མཁན་ཡོད་པ་རེད། ད་ལོ་ཡང་གནམ་ཡིག་འདི་བབ་རྗེས་འདི་ལོའི་བོད་ཟླ་བཞི་པའི་ནང་བོད་ལ་ས་ཡོམ་དང་ཆུ་ལོག་སོགས་འབྱུང་གི་རེད། དེ་ཟློག་པའི་ཆེད་དུ་རིམ་འགྲོ་དེ་དག་སྒྲུབ་དགོས་པ་རེད་ཅེས་མི་ཉག་ཁུལ་གྱི་སྡེ་བ་ལ་ལས་གནམ་ཡིག་འདི་ནང་གི་རིམ་འགྲོ་སྒྲིབ་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་སོང་།
གནམ་ཡིག་གི་ནང་དུ་འདི་ལྟར་འཁོད་འདུག
༁ྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོས་བོད་ལ་བསྐུར་བའི་གནམ་ཡིག
ཧེ་ཧེ༔ ཤར་སྤྲུལ་གྱིས་འཁྱུད་པའི་དུག་སྔོང་༔ ཡུལ་དྲུག་ཏུ་མི་བདེའི་གཞི་མ༔ ལྷོ་གཡུ་འབྲུག་སྤྲིན་ལ་ཞོན་ནས༔ སའི་ཀུ་མིད་སྟོབས་ཀྱིས་འཇོམས་ཚེ༔ སྟོབས་གདོང་ལྔའི་ང་རོས་ཐུལ་དགོས༔ ལྷ་དམར་པོ་ཡིན་ནམ་གོའང་༔ ནུམ་རྨ་བྱའི་གཤོག་དྲུག་ངོམ་ཚེ༔ ཤིང་ལྗོན་པའི་འབྲས་བུ་གཡུར་ཟ༔ དེ་སྒྲ་ལྡན་སྐད་ཀྱིས་འགུགས་པའི༔ དོན་མི་ཤིགས་རྡོ་རྗེའི་མཚོན་བཞེས༔ བྱང་རུས་སྦྲལ་འགྲོས་ལ་དྲངས་ཤིང་༔ སྟེང་ནམ་མཁའི་ཁྲག་ཆར་བབས་ནས༔ འོག་ཀླུ་ཡིས་བང་མཛོད་སྐམ་དུས༔ དཔལ་པདྨ་འཛིན་ལ་སྐྱབས་ཞུ༔ བརྡ་བཞི་པོ་སྙིང་ལ་བཅིངས་ནས༔ དོན་ལག་ལེན་གནད་དུ་ཐེབས་མཛོད༔
ngamyikདེའི་དོན་ཡང་དེང་དུས་བོད་ཁམས་ཀུནཏུ་མི་དགེ་སྣ་ཚོགས་ལ་སྦྱོད་དྲགས་པ་དང་ལྷག་ཏུ་གནས་རི་གང་ཆེ་གཏོར་ཞིང་ཆུ་མཚོ་གང་ཆེ་དཀྲུགས་པས་སའི་བཅུད་དང་གཡང་ཉམས་པས་ཡུལ་ལྷ་རྣམས་ཀྱིས་བཀའ་བགྲོས་ཏེ་མི་འདུག་རི་རབ་ཟོམ་དུ་གཤེགས་འགྲོ་ཟེར༔ དེས་ཚེ་གློ་བུར་ས་ཡོམ་དང་༔ ངེས་མེད་ཡུལ་ནས་ཆུ་ལོག་རྡོལ༔ བཅོས་མེད་ནད་ངན་སྣ་ཚོགས་འཕྱུར༔ གནམ་ནས་ཆར་ཐན་དྲག་ཏུ་འབབ༔ ཐོག་སེར་འཇིགས་པ་མང་དུ་འབྱུང་༔ ང་ཡི་བོད་ཁམས་སྙིང་རེ་རྗེ༔ བཟློག་འདོད་རང་ལ་ཐུག་པ་ཡིན༔ ཏི་སེ་ཡར་ལྷ་འོད་དེ་གོང་༔ ཐང་ལྷ་རྨ་ཆེན་ཁ་བ་དཀར༔ བཞག་བྲ་རྫ་རྒྱལ་འབྲོང་རི་སྨུག༔ གཡུ་རྩེ་རྨུ་རྡོ་ཤར་དུང་རི༔ ཡར་འབྲོག་གཡི་མཚོ་ཁྲི་ཤོང་རྒྱལ༔ ལྷ་མོའི་བླ་མཚོ་ཡིད་ལྷུང་མཚོ༔ ཡོས་ལྷ་དངུལ་ར་ཁྱུང་མགོན་སོགས༔ གངས་ལྗོངས་གཞི་བདག་ཐམས་ཅད་ལ༔ སྤྱི་བསང་གསོལ་མཆོད་འབུལ་རེ་དང་༔ མི་རེས་མ་ཎི་བྱེ་བ་རེ༔ གུ་རུ་སིདྷི་འབུམ་ཐེར་བཟླ༔ སྤྱི་ལ་ཧྱ་གྲི་ཝ་གནད༔ གནས་ལ་བསང་ཁྲུས་གཏེར་ཁ་སྲུངས༔ མཚོ་ཆུ་མི་སྦགས་ཆུ་གནས་སྲུངས༔ ལྗོན་ཤིང་རི་དྭགས་ལ་མི་འཚེ༔ ཁྱད་པར་ཤར་གྱི་རྨ་རྒྱལ་གནས༔ ཕྱག་ན་པདྨོའི་དཀྱིལ་འཁོར་ཡིན༔ ཁ་བ་ཅན་གྱི་བླ་རི་ཡིན༔ གནས་ཆེན་རྣམས་ལ་བརྟན་བཞུགས་འབུལ༔ དཀོན་མཆོག་གསུམ་གྱིས་ནུས་མཐུ་སྩོལ༔ དེ་ལྟར་བསྒྲུབ་ན་བོད་ཁམས་བདེ༔ བསོད་ནམས་སྙན་གྲགས་རླུང་རྟ་དར༔ ཡི་གེ་འདི་ལག་ཏུ་འབྱོར་ནས་སུ་ལའང་མ་བཤད་པར་སྦས་ན་མི་དེལ་གློ་བུར་མགོ་ནད་གཟེར་ཐུང་འབྱུང་ཞིང་། ལྟས་ངན་སྣ་ཚོགས་འོང་ལ་བསམ་དོན་གང་མི་འགྲུབ། འདི་ལ་ལོག་སྟ་སུས་བྱས་མྱུར་ཏུ་འཆི་བ་འོངས༔ མི་བཅུ་ལ་སྤེལ་ན་བར་སེལ༔ མི་བརྒྱ་ལ་སྤེལ་ན་བསམ་དོན་འགྲུབ། མི་སྟོང་ལ་སྤེལ་ན་མ་ཎི་བྱེ་བ་དང་། མི་ཁྲི་ལ་སྤེལ་ན་མ་ཎི་དུང་ཕྱིར་གྱི་ཕན་ཡོན་ཐོབ། དེས་ན་ཀུན་གྱིས་སྤེལ་ལ་རེམ་དང་གངས་ལྗོངས་སུ་སྐྱིད་པའི་ཉི་མ་མྱུར་ཏུ་འཆར་རོ།། །།
མེ་སོར་གསར་འགོད་པས།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༥, ༡༣’ )
ཁ་བརྡ་ཚང་། རྩོམ་འདི་སུས་བྲིས་པ་རེད།
༼ མི་རིགས་འཐབ་རྩོད་ཀྱི་ཚོར་བ་རྫུན་མའི་འོག་ཏུ།།
མདུན་གྱི་འཚོ་གནས་ཀྱང་གཡང་ལ་འཕེན་གྲབས་འདུག་གོ།༽སོགས་མི་བདེན་རྫུན་སྒྲིག་བྱས་ནས། གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་མཚད་སྨད་ཀྱི་ལག་པ་འགུལ་སྟངས་ཤིག་ཏུ་མཐོང། ཕལ་ཆེར་འདི་ཡང་ཤར་ཁུག་གིས་གཞུང་དང་གོང་ས་མཆོག་ལ་རྒོལ་སྟངས་ཤིག་རེད།
རྫོབས་ཚིག་གསང་ཟབ་ཆེ་བ་སྙིང་རུས་ཀྱིས་བསྐྱེད་པ།།སྙན་འཇེབས་རླུང་ལྟར་གཡོ་བ་དབྱངས་མགུར་གྱི་གཤིས་ཀ།རྟིང་འཚོལ་འཚོ་བའི་དཔལ་ཡོན་རི་མོ་རུ་བཏབས་པ།།བློས་བསླངས་རྟོག་པའི་མྱུར་ཞགས་གློག་འོད་ལས་བཟང་གི།
གང་ཉིད་ཕེབས་རྒྱུར་རྣམ་དྲན་མཇལ་དཀའ་བས།།
རྟག་ཏུ་འཚབ་འཚུབ་གནས་འདིར་མི་འགྱུར་རོ།།